ཨོ་རྒྱན་ཉི་མ།
རང་དོན་མི་དགེ་བཅུ་པོ་བྱེད་ཕོད་ལ། །གཞན་དོན་དགེ་བ་བཅུ་ཡང་མི་ཕོད་ཅིང་། །
སྤྱི་དོན་བསྟན་དོན་ཐུག་དུས་བགས་འཁུམ་པའི། །སྐྱེ་བོ་དེ་ནི་ཁྲེལ་མེད་སྤྱང་གུ་ཞིག །
རང་དོན་ཐུག་ན་མི་ཡང་གསོད་ཕོད་ལ། །གཞན་དོན་ཐུག་དུས་ནུས་མེད་སྡར་མ་འགའ། །
བརྟུལ་ཕོད་ཆེ་བའི་གང་ཟག་མཆོག་རྣམས་ལ། །མི་འདོད་ཚིག་མཚོན་འདེབས་པ་ཉུང་ཉུང་མིན། །
བསྟན་དང་འགྲོ་ལ་ལྷག་བསམ་གཏན་དུ་དབེན། །རང་གི་རིགས་རྒྱུད་འཆོལ་རྙོགས་བྱེད་པོ་དག །
གཏད་མེད་གཏམ་དང་ལོ་རྒྱུས་རྗེས་འབྲངས་ནས། །རིག་གཞུང་རྩ་མེད་གཏོང་ལའང་བགས་ཚ་མེད། །
སྒེར་གྱི་ལྟོ་གོས་འཚོལ་ཕྱིར་མི་རིགས་དང་། །བསྟན་པའི་ལ་རྒྱ་འཇིག་པའི་ཆོམ་རྐུན་དག །
ཡིད་ངོར་དྲན་ཐེངས་རེ་ལ་ཞེ་མེར་ན། །དངོས་སུ་མཐོང་ན་སྐྱུག་པ་ཅིས་མི་ལང་། །
ཚེ་འདི་བློས་ཐོངས་བྱ་བྲལ་སྤྱོད་པ་ཡིས། །མི་མེད་དབེན་པའི་གནས་སུ་དམ་ཆོས་ལ། །
སྙིང་པོ་གཙོ་ཆེར་འཛིན་པའི་རྣལ་འབྱོར་པར། །མཆོག་གི་ཕྱག་རྒྱ་ཁྱེད་ལ་ནམ་ཡང་ཕྱོགས། །
དེ་མིན་འགྲོ་བའི་མོས་ངོར་མཚམས་པ་ཡི། །ཆོས་དང་སྲིད་ཀྱི་ཡང་དག་ལས་ཀྱི་སྣེར། །
དམ་དུ་འཁྱུད་ཅིང་བླངས་དོར་ལེགས་འདོམས་པའི། །གང་ཟག་དེ་ཡང་ཚེ་འདིའི་སྐྱབས་ཀྱི་ཕུལ། །
རང་གིས་མི་འཇོན་གཞན་གྱིས་སྒྲུབ་པ་ལ། །ཕྲག་དོག་འགྲན་སེམས་ཆེ་བའི་གང་ཟག་འགས། །
ཡོད་ཚད་ཐལ་བར་བརླག་པའི་བསམ་ངན་གྱིས། །ཚིག་མཚོན་འདེབས་ལ་དུང་བ་ནམ་ཡང་མེད། །
དེ་ཕྱིར་རང་ཉིད་ལེགས་པར་འདོད་པ་དང་། །གཞན་ལ་སྨན་པའི་ལས་ཤིག་བྱ་འདོད་ན། །
མི་རིགས་རིག་གཞུང་ཉམ་རྒུད་སོང་བ་དང་། །འཇིག་ལ་ཉེ་བར་སེམས་ཁྲལ་དགོས་པར་བསྙམས། །
གང་ཡང་གཏད་སོ་མེད་རིག་གཞུང་ཞིག །མི་རིགས་དེའི་ཁྱད་ཆོས་བྱར་འདོད་ན། །
ལྟ་སྒོམ་སྤྱོད་གསུམ་རྒྱལ་རབས་ལོ་རྒྱུས་སོགས། །ཡོད་ཚད་རང་འདོད་རྗེས་སུ་ཁྲིད་ཅིག་ཀྱེ། །
རང་རྣམ་མིན་པར་ཤོག
བླ་མ་རྫུན་མས་
གྲྭ་བ་རྫུན་མས་
ཇོ་མོ་རྫུན་མས་
བསྟན་པར་གནོད།
སྐུ་ངོ་རྫུན་མས
སློབ་མ་རྫུན་མས་
བཙོན་མ་རྫུན་མས་
སྲིད་ལ་གནོད།
ཚོང་བ་རྫུན་མས་
ཆོས་བ་རྫུན་མས་
སྤྱོད་པ་རྫུན་མས་
ཀུན་ལ་གནོད།
ངས་གོང་གི་སྙན་རྩོམ་ཡག་མོ་འདི་རྟ་ཞིག་གི་མིག་རྡེབ་རིང་ལ་ཤར་གྱིས་བྲིས་བས་ན་ང་ཡང་ཧཧཧཧ།
གནམ་གྱི་དེ་སྙན་ངག་ཡིན་ན། ངའི་གཡག་ཀྱང་སྙན་ངག་མ་རེད་ཟེར་ཐུབ་ས་མ་རེད་ཡ།
མི་
རབ། གཞན་དོན་བྱེད་ཐུབ་པ།
འབྲིང་། རང་དོན་བྱེད་ཐུབ་པ།
ཐ་མ། རང་དོན་ཡང་བྱེད་མི་ཐུབ་པ།
ཨེ་མེ་དཀར་ལགས་ངས་མགྱོགས་པོ་ཞེ་དྲག་བྲིས་ཡོད་ཐལ། མང་པོ་ཞིག་གིསམགྱོགས་པོ་བྲིས་ན་སྙན་ངག་དུ་འདོད་ཡོད་པས་ང་ཡང་འདུག་མ་ཐུབ་པ་རེད། སྙན་ངག་མིན་ན་མིན་བོད་ཡིག་ཞིག་ཡིན་ན་ངའི་འདོད་པ་ཚིམས་པ་ཡིན། རྗེས་མ་སྙན་ངག་ཟེར་ཡ་འདི་འབྲི་འི་མིན་ཐལ།
རང་འཁྱོགས་འཁྱོགས་་གཞུ་འདྲ་བར་གྱུར་ཚར་དུས་མི་ལ་ག་ཚད་བཤད་ཀྱང་གད་མོ་ཤོར་བྱེད་ལས་ཕན་ཐོག་གང་ཡང་མེད། དྲ་བའི་ས་ངོས་བཀག་བྱེད་རང་རེད།
ངའི་རྣམ་ཐར་འདྲ་པོ་འདུག ཧཧཧཧཧཧཧཧཧ
སྐྱེ་བོ་འགའ་ཡིས་དང་པོར་རང་རྒྱུད་བསླབ་སྡོམ་བརླགས།
བར་དུ་གཞན་གྱི་བསྟན་ལ་འཚེ་བ་སྣ་ཚོགས་བྱེད།
ཐ་མར་རང་གཞན་གཉིས་ཕུང་བྱ་བ་དག་ལ་བརྩོན།
དེ་ནི་བསྐལ་པར་དམྱལ་བར་འགྲོ་བའི་ལྟས་སུ་ཁུམས།
ཚེ་འདིར་བཙོན་དུ་སྡོད་ལ་འཇིགས་པ་མེད། །ཕྱི་མར་དམྱལ་མེས་བསྲེག་ཀྱང་ཡ་ང་མེད། །འོན་ཏང་ཕུང་གསུམ་ཐོག་མཐའ་བར་གསུམ་དག །མཐོང་བ་ཉིད་ནས་ཞེ་ན་འཇིགས་སྔངས་ཤིག །
ཆོས༌ཕྱོགས༌ལ༌བཤད༌མཁན༌མང༌པོ༌ཡོད། ཆོས༌ཉམས༌ལེན༌རྒྱུ༌ནོར༌རྗེས༌ལ༌འབྲངས།
གཞི༌ཐེག༌ཆེན༌མིང༌ཆེན༌ཁ༌ནས༌འབོད། བསྒོམས༌ཐིག༌ཆེན༌གོལ༌ལ༌ཐེག༌༌དམན༌བསྒོམས།
གཞི༌བྱམས༌སེམས༌བཤད༌མཁན༌མང༌པོ༌ཡོད། བྱམས༌སྙིང༌རྗེ༌ཁ༌བཤད༌ཁོག༌ནས༌རྡོལ།
ལོ༌རྒྱུས༌ལ༌སྨྲ༌མཁན༌མང༌ལགས༌ཀྱང། ཕྱོགས༌ཞེན༌གྱི༌རང༌བསྟོད༌རང༌བཟོ༌རེད༌།
བླ༌སྤྲུལ༌གྱི༌མིང༌འཛིན༌མང༌ལགས༌ཀྱང། བསྐོར༌རྒྱུ༌ནོར༌འཁོར༌བའི༌ཁ༌གསོ༌རེད།
བོད༌མཐུན༌སྒྲིལ༌ཁ༌ཐོག༌ཡིག༌ཐོག༌རེད། དོན༌ལགས༌ལན༌ཕུ༌དཀྲུག༌མདའ༌བཀྲུག༌རེད།
ཨུ་འཛིན་གྱིས་རང་སྐྱོན་མ་བརྗེད་ཨྰ། སྤྲུལ་སྐུ་ཨོ་རྒྱན་ཉི་མ་སང་གིས་རྒྱལ་དབང་ཀརྨ་པ་དང་། རྡོ་གྲུབ་རིན་པོ་ཆེ་ཡང་ཕུང་གསུམ་གྲལ་དུ་བཞག་པ་ལ་སེམས་ཕམ་ཡོད།
རྗེས་སུ་ཡིད་རིང་ཡོད་ཨོ་རྒྱན་ཉི་མའི་གསུངས་པ་ལ་་་་
ཨོ་རྒྱན་ཉི་མ་དང་
སྤྲུལ་སྐུ་ཨོ་རྒྱན་ཉི་མ་ཟེར་བའི་གཉིས་
མི་གཅིག་རེད་དམ་་་