ཀྱེ་མ་ཧོ། །
དུང་དཀར་པོའི་ཕ་མེས་རྫོང་ཆེན་དུ། །
གསེར་སེར་པོ་ལས་ལྷག་རིན་ཆེན་ལུས། །
མེ་དམར་པོ་ཀློང་དུ་མཆོངས་བ་དེ། །
གནམ་སྔོན་པོས་བཞག་པ་མ་ཡིན་ནམ། །
ལོ་མང་པོར་མྱོང་བའི་སྡུག་བསྔལ་དང་། །
སེམས་འཁྲུལ་བ་འཐུག་པོའི་རེ་སྒུག་གིས། །
དོན་རང་ངོ་མ་ཤེས་འཁྱམས་པ་ལ། །
རྗེ་བླ་མས་སྐྱོབ་ཐབས་ཨེ་ཡོད་དམ། །
ས་གཡོ་འགུལ་ཐེབས་པའི་མྱ་ངན་དང་། །
ཆུ་སེར་བས་གནོད་པའི་ཡུལ་ཕྱོགས་ཀུན། །
རླུང་གློག་འཕྲུལ་ངན་པའི་གད་རྫས་དག །
མེ་འབྱུང་བས་གནོད་བཞིན་ཀྱེ་མ་ཧུད། །
ཕྱི་ཁྲག་མདོག་དམར་པོའི་རུ་དར་འོག །
ནང་ཞི་བདེ་མེད་པའི་གནར་གཅོད་ལས། །
དོན་ཐབས་ཤེས་མེད་པའི་མི་འུ་དག །
ཚེ་དོན་མེད་ཟད་པར་ཀྱེ་མ་ཧུད། །
དུང་དཀར་པོའི་རང་མདངས་སེར་པོ་མཐོང་། །
ནད་མཁྲིས་པའི་མིག་བཞིན་ལོག་པ་ཅན། །
ཆོས་དགེ་བས་གནོད་དོ་ཟེར་བ་ཚོ། །
རྒྱུད་ལོག་ལྟ་མ་ཤེས་ཀྱེ་མ་ཧུད། །
རིགས་གཅིག་པའི་ཕུ་ནུ་སྤུན་ཟླ་དང་། །
རུས་གཅིག་པའི་སྲིན་སྤྲེལ་སྤྲུལ་པ་ཚོས། །
དོན་གཅིག་པའི་དམ་ཆོས་མ་ཤེས་ནས། །
ཕྱོགས་རིས་སུ་ཆད་པར་ཀྱེ་མ་ཧུད། །
སེམས་གསོ་བའི་བཅུ་ཕྲག་རིག་པ་དག །
རིན་ཆེ་བའི་སྙིང་དོན་མ་ཤེས་ན། །
དཔོན་འཁོར་གྱི་འཚོ་སྒྲུབ་བྱེད་པ་ཚོ། །
ལས་སྙིང་པོ་མེད་པར་ཀྱེ་མ་ཧུད། །
ངོམ་ཆོག་པའི་དབྱངས་གསལ་མཛེས་སྡུག་དག །
དགོད་འོས་པའི་སྐད་ཡིག་བགྲོ་གླེང་གིས། །
ཐོབ་དཀའ་བའི་དུས་ཆེན་འཛོམས་པའི་ཚེ། །
རེ་སྒུག་པའི་འོད་ཀློང་འདི་ཀ་ལགས། །
ལུས་འཁྱག་རོམ་བུ་ཡུག་གནོད་ན་ཡང་། །
ངག་དབྱངས་གསལ་སྒྲ་དབྱངས་མ་ཆད་ན། །
སེམས་མེས་པོའི་ཁྲག་རྒྱན་དྲོན་མོ་དག །
ལོ་མང་པོ་སོང་ཡང་འཇིག་པ་མེད། །
ཁྲག་དམར་པོ་དར་ལ་དགའ་ཞེན་བྱས། །
དགྲ་ནག་པོའི་གཏམ་ལ་ཡིད་ཆེས་བྱས། །
གྲོགས་བདེན་པའི་ཚིག་ལ་ཡིད་ཆད་ན། །
ཡུན་མི་རིང་རང་ཡུལ་ཀྱེ་མ་ཧུད། །
རྗེ་དྲིན་ཆེན་བླ་མ་ཨོ་རྒྱན་དང་། །
ལྷ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡིས། །
དུས་ནམ་ཡང་བསླུ་བ་མི་སྲིད་པས། །
ཡིད་དད་གུས་སྣང་བ་མ་བརྗེད་ཨང་། །
སྙིང་སྲོག་གི་དམ་ཚིག་གཅིག་པ་ཚོས། །
ལམ་སྐྱེས་བུ་རབ་འབྲིང་ཐ་མ་ལ། །
འབད་ངེས་པའི་མི་ཚེ་དོན་ལྡན་ཞིག །
མིར་སྐྱེས་པའི་སྙིང་པོ་ལོན་པ་མཛོད། །
ཞེས་པ་འདི་ཡང་རབ་རྒྱན་ཆུ་འབྲུག་ཆུ་སྟོད་ཟླ་ཚེས་ལ་རྨི་ལམ་ངན་པ་ཞིག་གིས་རྐྱེན་ལས་གང་ཤར་དུ་ཨེ་ཝྃ་ཆོས་གླིང་ནས་ཤྲྰིས་སོ། །
བོད་ས་ནི་གངས་རིན་པོ་ཆེ་ལ་འཁོར།
བོད་མི་ནི་གངས་རིན་པོ་ཆེ་དད།
བོད་ཆུ་ནི་གངས་རིན་པོ་ཆེ་ལས་འབྱུང་།
བོད་བདེ་ཡང་གངས་རིན་པོ་ཆེ་ལ་རེ།
གངས་རིན་པོ་ཆེ་ལ་མེ་མཆེད་ཨེ། གངས་དང་ཆུ་ལ་མེ་འབར་ན་གཉེན་པོ་མེད་དོ་སྙམ།
གངས་དཀར་པོར་མེ་ལྕེ་མཆེད་ན་ཡང་།།
གླིང་འཛམ་གླིང་ལིང་ཏོག་གིས་བསྒྲིབས་པས།།
ངེད་གདོང་དམར་བོད་མིའི་དཀའ་སྡུག་རྣམས།།
དུས་སྐད་ཅིག་མི་གཟིགས་དཀོན་མཆོག་མཁྱེན།།
དམར་པོའི་མེ་ལྕེ་གངས་དཀར་ཏི་སེར་འབར།།
དམར་པོའི་ཚ་རླབས་མ་ཕམ་གཡུ་མཚོར་ཁྱབ།།
དམར་པོའི་ཁྲག་རྒྱུན་ཁ་འབབ་བཞི་རྒྱུད་དེ།།
དམར་པོའི་དུག་རླངས་ཀྲུང་གོར་ཟབ་པར་མཛོད།།
གངས་རིའི་ཡུལ་དུ་འཚར་བའི།།
གངས་ཆབ་བསིལ་མས་གསོ་ཕྲུག།
གངས་ཅན་ལྗོངས་ཀྱི་སྤུན་ཟླ།།
གངས་མེ་ཡིས་བཞུ་དུས།།
གངས་ཕྲུག་ཁ་ཁུ་མ་སིམ།།
གངས་རིའིཚེ་སྲོག་བརླག་ན།།
གངས་ཅན་རང་དབང་རྩོད་ཀྱང་།།
གངས་ཕྲུག་བདེ་བས་སྟོང་བས།།
གངས་སྐྱེས་གཉིད་ལས་སངས་དང་།།
གངས་མེ་་་་་་་ཞེས་ཡོད་པའི་རྐང་པ་དེ་གངས་རི་མེ་ཡིས་བཞུ་དུས་ཞེས་པར་སྒྱུར་རོགས།
ཧ ཧ ཡང་་་་་