སོག . སྨོན་ལམ།
ཟུར་མིག་ཅིག་འུ་གཉིས་དབར་ནས་འབར་སོང་།
སྐད་ཆ་ཞིག་མིད་པའི་འགག་ནས་ལུས་སོང་།
རེ་བ་ཞིག་བར་དོའི་འཕྲང་ལ་འཕུར་སོང་།
དྲན་སྣང་ཞིག་ད་དུང་ཡོད་ཡོད་འདྲ་ཨང་།
ཞེ་འདང་ལ་སེར་ག་གས་སོང་མི་ཟེར།
དྲན་སྣང་འདིས་སླར་ཡང་མཇལ་འཛོམས་གནང་སྲིད།
མི་ཚེ་ལ་སྙིང་བོ་མི་འདུག་མི་བསམ།
འཁོར་བ་འདི་ཁབ་ཀྱི་རྩེ་མོ་མ་རེད།
དགུན་ཁ་དེ་གྲང་ངར་ཆུང་བས་མ་རེད།
ཁས་ཆད་ཀྱི་ཉིན་ཞིག་ཡོད་པས་མ་རེད།
ཁོམ་ལོང་གི་དུས་ཚོད་ཡོད་ཚད་ནས་ཡོད་ཚད།
ཁྱེད་རང་ཞིག་མཐོང་བའི་དོན་དུ་རྒྱུག་ཡིན།
མི་ཚོགས་ཀྱི་འདུ་འཛིའི་ཁུགས་སོ་ཞིག་ནས།
ཕྱི་མིག་ཅིག་བདག་གི་སྙིང་ལ་ཕོག་སོང་།
ཕྱིར་དྲན་གྱི་ལོ་དེ་འདས་སོང་མ་ཟེར།
ཉིན་མོ་དེ་ཁྱེད་ཀྱི་སེམས་ན་ལོས་ཡོད།
ཕྱི་མིག་དེ་ཉིན་དང་མཚན་ལ་དྲན་བཞིན།
ཁྱེད་ཉིད་དེ་སྨུག་པའི་གསེང་ནས་བརླགས་སོང་།
འཛུམ་མདངས་དེ་སྙིང་གི་གསེབ་ཏུ་སྐུང་ཡོད།
ཐུག་འཕྲད་ཅིག་ད་དུང་ཡོད་ན་མཁོ་ཨང་།
དུང་སེམས་འདི་ལྷད་མེད་གསེར་ལས་ལྷག་ཡིན།
མནར་གནོད་འདི་བསགས་པའི་ལས་དང་འབྲེལ་ཡོད།
མཐེ་བོང་འདི་གནམ་གྱི་ལྷ་ལ་གཏད་ན།
སྙིང་རྗེ་ཞིག་ཡོད་པའི་རེ་བ་བཟུང་ཡོད།
བརྩེ་བ་འདི་འཁོར་བའི་འཆིང་ཐག་ཡིན་ན།
འཁོར་བ་འདི་འུ་གཉིས་འཛོམས་ས་ཡིན་ན།
རེ་བཞག་འདི་གནམ་གྱི་ལྷ་ཡིས་གསན་ན།
གྲོས་གཞི་འདིར་ཁྱེད་རང་འཐད་པ་བྱུང་ན།
ལས་དབང་གིས་ལམ་ཞིག་བཟོས་བཞག་ཡོད་ན།
ལམ་ཁ་དེ་འུ་གཉིས་གཅིག་པོའི་ཡིན་ན།
ངའི་སེམས་འདི་དམྱལ་བའི་གྲོང་ཁྱེར་ཡིན་ན།
ནམ་ཞིག་ལ་ཐར་བ་འཐོབ་རྒྱུ་ཡོད་ན།
མི་ལུས་འདི་ཐར་བའི་ཐེམ་སྐས་ཡིན་ན།
འུ་གཉིས་ཀ་ཐེམ་པ་གཅིག་ཏུ་ཡོད་ན།
སྐྱེས་པ་ང་ཁྱེད་ཀྱི་གློག་བརྙན་ཡིན་ན།
གློག་བརྙན་འདིར་ཁྱེད་རང་ཧ་ཅང་དགའ་ན།
ཚོར་བ་འདི་ཚེར་མའི་རྩེ་ལས་རྣོ་རེད།
རྣམ་སྨིན་འདི་སྡུག་གི་ཕུང་བོ་གཅིག་རེད།
གཤོག་པ་ཡིས་གནམ་ལ་འཕུར་ནས་འགྲོ་དུས།
ཕྱི་མིག་ཅིག་ངས་ཀྱང་ཁྱེད་ལ་བཞག་ཡོད།
མི་ཚེ་གཅིག་སྙན་དངགས་འབྲི་དགོས་བྱུང་ན། །མི་ཚེ་གཅིག་ཁྱེད་རང་སྒུགས་དགོས་བྱུང་ན། །
མི་ཚེ་གཅིག་ཁ་སྟོང་བཤད་དགོས་བྱུང་ན། །མི་ཚེ་གཅིག་ཁེར་རྐྱང་ལུས་དགོས་བྱུང་། །
ཨ་ཁ་ཁ་ཁྱེད་ཀྱི་མི་ཚེ་་་་་་་་།
དྲན་གདུང་གི་ཆིག་ལབ་གཅིག་ཤོར་དུས།།
མདའ་ཁུར་གྱི་སྙིང་ག་དེ་གས་འདུག།
རེ་སྒུག་གི་ལོ་ཟླ་དེ་འགྲིམ་དུས།།
སྙན་ངག་གིས་སེམས་གསོ་ཞིག་བཏང་འདུག།
གོང་དུ་བཀའ་ཁྲིའི་སྐོར་གྱི་མཆན་འགོད་སར་སྒོ་རྒྱབ་ཟིན་འདུག་པས་དེའི་མཆན་འདིར་བཀོད་པ་ཡིན།
བཀའ་ཁྲི་ཁོང་གིས་ལོ་གཅིག་ནང་ཕྱིའི་ཡུལ་གྲུ་མང་པོར་ཕེབས་ཡོད་ཀྱང་འཐུས་མི་འགའ་དང་ཐུག་འཕྲད་ཙམ་ལས་སྲིད་འཛིན་སྲིད་བློན་སུ་དང་ཡང་ཐུག་འཕྲད་གནང་མ་ཐུབ་པ་དེ་ཁོང་གིས་བོད་ཀྱི་མགོ་གཙོའི་དོན་གོ་ཆོད་མེད་ལ་བོད་མིའི་ཕམ་ཁ་ཆེན་པོ་ཞིག་ཀྱང་རེད། ད་དུང་ཁོང་གིས་ལོ་གཅིག་ནང་འཐུས་ཤོར་དང་ཉམ་ཆགས་ཕྱིན་མེད་ཚུལ་གྱི་མངོན་པའི་ང་རྒྱལ་བྱེད་བཞིན་ཡོད། ཁོང་ལྟ་བུ་བོད་ཀྱི་མགོ་གཙོར་བསྐོས་ན་བོད་ལ་ཆེ་མཐོང་སླེབས་ཐུབ་ཀྱི་མེད་པ་གསལ་པོར་བསྟན་ཡོད། ཁོང་ལ་སྲིད་སྐྱོང་གི་ངོས་འཛིན་བྱེད་མཁན་སུ་ཡང་མ་རག་པ་དེ་ཁོང་ལ་རྒྱལ་སྤྱིའི་ནང་ཆེ་མཐོང་ཞིག་མེད་ཙམ་རེད་མ་གཏོགས་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་དབུ་འཁྲིད་གནང་སྐབས་ཕྱིའི་རྒྱལ་ཁབ་ཁག་གི་དཔོན་པོ་མཐོ་གྲས་ཚང་མར་མཇལ་འཕྲད་བྱུང་ཡོད་པ་རེད། བཀའ་ཁྲིས་དེ་ལྟར་མ་འཇོན་པ་དེ་འཐུས་ཤོར་མིན་ན་གང་རེད་དམ། དེ་དག་གིས་སྒང་འདིའི་སྟེང་བོད་མི་རླབས་ཆེན་ཆེ་མཐོང་ལྡན་པ་ཞིག་ཡོང་བར་ནང་དོན་རིག་པའི་ཐོག་ནས་ཐོན་དགོས་པ་གསལ་བསྟན་བྱས་པ་ཞིག་རེད།
ས་སྒང་འདིའི་ཐོག་རྒྱལ་ཁབ་ཅིག་མང་རུ་གཏོང་རྒྱུ་ང་ཚོའི་དགོས་དམིགས་མ་ཡིན་ལ་སྤྱི་ལ་ཕན་པའི་བོད་ཀྱི་རིག་གནས་འདི་སྲུང་སྐྱོབས་ཀྱི་ཆེ་ཁོ་ན་ཡིན་པས་དེར་ལས་ཀ་བྱེད་མཁན་མགོ་གཙོ་ལ་དེའི་གོ་རྟོགས་མེད་དུས་བྱ་ཐམས་ཅད་མགོ་ནས་འཆུགས་སོང་བ་མ་ཡིན་ནམ། སོམས་ཤིག
ལོག་སྨྲ་ཚར་གཅོད་ཞེས་པའི་མི་ངན་དེའི་ཁ་ལ་རྡོ་རྗེ་རྒྱ་གྲམ་ཞིག་ཞོག་ ཁྱོད་ལྟ་བུའི་ཕྱོགས་རིས་དང་འཐེན་ཁྱེར་བྱེད་ནས་ཁ་ནས་གང་བྱུང་ཤོད་མཁན་དག་ལ་སུས་ཡིད་སྟོན་བྱེད་ཐུབ་ དེ་ལས་ཁ་ཚུམས་ནས་སྡོད་
རེད་སྙན་ངག་རེད། སྙན་ངག་ཡག་པོ་ཞིག་རེད། ཚོར་བ་བརྡར་བའི་སྙན་ངག་རེད། བརྩེ་དུང་འཐབ་པའི་སྙན་ངག་རེད། སེམས་ཁམས་བྲིས་པའི་སྙན་ངག་རེད། རང་གཤིས་དཔར་པའི་སྙན་ངག་རེད། ཟོག་རྫུ་སྤངས་པའི་སྙན་ངག་རེད། བཟང་གི་བཟང་གི། ལྟ་རིན་ཡོད་གི།
དྲ་གྲོགས་ཚོ། ཁྱེད་རྣམ་པས་མཁྱེན་དགོས་པ་ཞིག་ནི་གུས་པ་ནི་རང་དབང་ཨ་རྡུ་མན་དང་མི་འདྲ་བ་༸གོང་ས་མཆོག་དང་ཟམ་གདོང་རྣམ་གཉིས་མགོ་སྤྱི་གཙུག་ཏུ་བཀུར་མཁན་ཞིག་དང་དོལ་རྒྱལ་བར་དགག་པ་རྒྱག་མཁན་གཙོ་བོ་ཞིག་ཡིན། མ་ཟད་བོད་རང་བཙན་ནི་ངའི་ལྟ་བ་དང་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ནི་ངའི་བློ་གཏོད་བཅོལ་ས་བླ་མེད་ཅིག་ཡིན། འོན་ཀྱང་གཞུང་གི་ལས་ཀྱི་སྣེ་མོ་བ་བསྐོས་སྟངས་མ་འགྲིག་པ་དང་བྱེད་སྟངས་མི་འགྲིག་པ། གཞུང་གི་ཆབ་སྲིད་ལང་ཕྱོགས་ཀྱི་ཆ་ནས་མི་འགྲིག་པ་མཐོང་སོང་ན་ཐད་ཀར་བཤད་ཀྱང་བྱེད་མཁན་བྱེད་མཁན་ཞིག་ཀྱང་ཡིན་པས་ཉ་དང་ཉུང་མ་མཉམ་འཇོག་མ་བྱེད་རོགས་ཞུ་རྒྱུ་ཡིན།
སོག སྨོན་ལམ།
བརྩེ་གདུང་གི་ཆང་ཁང་ན་ད་དུང་བཟི་བཞིན་པ་ཚོར་བྱུང།
སྙན་དངགས་ཀྱི་རྐང་ལམ་ན་ད་དུང་འདུར་གྱིན་པ་མཐོང་བྱུང།
སོག སྨོན་ལམ།
མང་པོ་ཞིག་ཡལ་བཞིན་པའི་སྐབས་འདིར་ཁྱོད་གཞི་ནས་སྣང་བྱུང།
ལ་ལ་ཞིག་འགྱུར་བཞིན་པའི་དུས་འདིར་ཁྱོད་སྔར་ལྟར་རྡོ་བ་ཡིན་པའང་ཤེས་བྱུང།
སོག སྨོན་ལམ།
མྱོས་འགྱུར་གང་ཞིག་གིས་བཟི་ཐེངས་རེར་སྙན་དངགས་མ་ལོངས་སུ་སྤྱོད་རྒྱུ་མ་བརྗེད།
གནས་ལུགས་གང་ཞིག་གིས་གནོན་ཐེངས་རེར་བསམ་གཞིགས་ཐན་ཐུན་དེ་འཆི་རུ་མ་འཇུག
ཡ་རྒད་པོ། སྙན་ངག་གི་ཆང་ཁང་ན་བཟི་འདུག བཟི་དགོས་སྙན་ངག་གི་བཟི་དགོས། བཟི་གཏམ་ཤོད།་བཟི་གཏམ་ཕྲིས། བཟི་མུ་མཐུད་དུ་བཟི་རོགས་གནང་། ངའི་སོག་ཚང་། ངའི་གཅེས་ལོ།