མཛད་པ་པོཿ དགེ་བཤེས་ཤེས་རབ་རྒྱ་མཚོས།
མཁོ་འདོན་པཿ མིག་བརྒྱད་པ།
འདིར་བདག་གཞན་དུས་གསུམ་སྐུལ་ཚིག་ལ་ཡི་གེའི་གཟུགས་འགྱུར་ཡོད་མེད་ཀྱི་ཟུར་བཀོལ་གཉིས་ཁོ་བོར་ཞུ་དག་ཏུ་གཞུང་ནས་གནང་བར་རྒྱ་བོད་བརྡ་སྤྲོད་ཆེས་མང་པོའི་སྤྱི་སྲོལ་རང་བློས་གང་དཔོག་ཏུ་བཟུང་སྟེ་དཔྱད་མོད། མཁས་བླུན་སྣ་ཚོགས་པས་མཚོ་ལས་སྐྱོགས་ཀྱིས་བཅུས་པའི་ཚུལ་དུ་སུམ་རྟགས། བརྡ་གསར་རྙིང་། དག་ཡིག་སོགས་ལ་གཞུང་ཆེ་ཆུང་མཐའ་ཡས་པར་སྤེལ་བ་དེ་དག་གི་ནང་ནས་ཚད་མར་བྱ་བའི་འོས་མ་མཆིས་པའང་ཤིན་ཏུ་མང་ཞིང་། གྲགས་ཅན་ཆེན་པོ་དག་གི་ཡང་སྨྲ་སྒོ་མཚོན་ཆའི་དབྱངས་ བདུན་དང་། ངག་གི་སྒྲོན་མེའི་དབྱངས་ལྔ་ལྟ་བུ་རང་རེའི་རྩ་བའི་མཁན་པོ་ཐུ་མི་འཇམ་པའི་དབྱངས་ཀྱིས། ཨཱ་ལི་གསལ་ཨི་སོགས་བཞི། །ཞེས་གསུངས་པ་དང་འགལ་བས་ཁས་བླང་དུ་མི་རུང་། དེའི་ཕྱིར་གང་དང་གང་ལའང་ཐུ་མི་རང་གིས། བོད་ཁ་བ་ཅན་གྱི་ཡུལ་ལྗོངས་འདིར།།མི་མཁས་པ་སླེབས་པའི་སྔོན་མ་ཡིན།།ཞེས་དང་། བོད་ཁ་བ་ཅན་གྱི་མི་རྣམས་ལ།།ང་ཐུ་མི་བཀའ་དྲིན་མི་ཆེའམ།།གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད།།ཅེས་རང་གི་རྣམ་ཐར་མགུར་དུ་བཞེས་པ་ནི། ཕལ་བའི་དྲིན་བགྲང་བ་དང་མི་མཚུངས་པར་བདག་ཅག་རྣམས་ཀྱི་གཙུག་གི་ནོར་བུ་དང་། གདོང་གི་མིག་ལྟ་བུ་ཁོང་ཡིན་པས་དེའི་བཞེད་པ་ལ་ཕྱི་མོའི་དམིགས་གཏད་བྱ་དགོས་སོ།།དེ་ལྟ་ན་ཡང་དེའི་གཞུང་ཚང་བར་མ་བཞུགས་པའི་དབང་གིས་སྔོན་འཇུག་གི་རྟགས་བཞི་དང་། རྗེས་འཇུག་གི་རྟགས་གསུམ་མམ་བརྒྱད་ཀྱི་ངོས་འཛིན་གསལ་བར་མ་བྱུང་། དེ་ལ་བརྟེན་ནས་ཕྲད་དང་རྣམ་དབྱེའི་ཐོབ་ཚུལ་དང་། མིང་མཐའ་འདྲེན་ཚུལ་ལ་ཕྱི་རབས་མཁས་པ་སོ་སོས་རང་རང་གི་རིགས་པས་ཚིག་དོན་གྱི་གཏད་སོ་རེ་བཙལ་ཏེ་སྦྱར་བའི་འདོད་པ་རྟ་མོག་གི་སྤུ་དང་འདྲ་བར་མཆིས། འོན་ཀྱང་སླར་བསྡུའི་སྒྲ་དང་། ལ་དོན་གྱི་སྒྲ་དང་། ཨི་ལྡན་གྱི་སྒྲ་དང་། རྒྱན་སྡུད་ཀྱི་སྒྲ་དང་། མིང་གཞི་རྟགས་ལྔའི་ངང་ཚུལ་ལ་ཞིབ་ཏུ་བརྟགས་ན་རྣམ་པར་དཔྱོད་པའི་སྒོ་མང་པོ་རྙེད་པར་འགྱུར་ཞིང་། ལྷག་པར། རྗེས་འཇུག་ཡི་གེ་བཅུ་པོ་ནི།།ཨི་དང་མཐུན་ལུགས་ཞེས་པ། རྗེས་འཇུག་བཅུ་ཨི་ལྡན་གྱི་རྣམ་དབྱེ་དང་ཐོབ་ཐང་མཐུན་ལུགས་ཞེས་པའི་དོན་ཡིན་པས་དེའི་གནད་དང་། དེ་ཉིད་རང་གི་སྒྲ་མཐུན་པའི།།ཞེས་དང་། ཕོ་ཡིས་ཕོ་ཡིས་མིང་མཐའ་དྲང་།།ཞེས་པ་འདི་དག་དོན་བརྒྱ་འབྱེད་པའི་ལྡེ་མིག་ཏུ་གལ་ཆེའོ། །འདི་ལ་མཁས་པ་དག་གིས་རྟགས་མཚུངས་འདྲེན་པ་དང་། བརྗོད་བདེ་འདྲེན་པའི་སྤྱིར་བཏང་དམིགས་བསལ་གྱི་ཞིབ་ཆ་ཕྱེ་བ་སོམ་ཉིའི་མདུད་པ་འགྲོལ་བའི་མན་ངག་བླ་ན་མེད་པ་ཡིན་མོད། བརྗོད་བདེ་ཡང་ཡང་ཡུལ་སོ་སོའི་སྐད་དང་བསམ་པའི་གཤིས་ཀྱིས་མཐའ་གཅིག་ཏུ་འདི་དང་འདི་ཞེས་ཐག་གཅོད་པར་རྒྱལ་བས་ཀྱང་མི་སྤོབས་པའི་གནས་ཤིག་ཡིན་པ་ལ་ཁ་ཅིག་གིས་རང་འདོད་གྱི་སྐད་འདུམ་བདེ་བ་གཅིག་གི་གོང་བུར་ཐམས་ཅད་སྒྲིལ་བར་སེམས་པ་ནི། བློ་གྲོས་ཀྱི་ཕུ་ཐག་ཧ་ཅང་ཐུང་བ་སྟེ། གཏན་ནས་མི་རིགས་སོ། །རིན་ཆེན་ཕྲེང་བར། སོ་སོ་ཡང་དག་རིག་བློ་བཟང་། ས་དེ་ལེགས་པའི་བློ་གྲོས་ཡིན། །ཞེས་གསུངས་པ་ལྟར་སོར་རིག་བཞི་རྗེས་མཐུན་པ་ཡང་ས་མཐོན་པོའི་གནས་སྐབས་དེ་ལྟ་བུ་ཡིན་ན་ས་གཅིག་དང་། ཡུལ་གཅིག་དང་། མི་རིགས་གཅིག་གི་བརྡ་དང་གྲགས་པས་ཆོག་ཤེས་བགྱིད་པ་ག་ལ་འཐད། དེས་ན་བཀའ་དང་བསྟན་བཅོས། བརྡ་གསར་རྙིང་། མིང་ཚིག་སྣ་ཚོགས། སྔོན་རྗེས་མིང་གསུམ་གྱི་འཇུག་པ་དག་པར་ཐོན་མ་ཐོན། མགོ་གསུམ་འདོགས་བཞིའི་བརྗོད་སྟངས་ཟུར་ཕྱིན་མ ཕྱིན་ལ་མང་ཐོས་ཉམས་མྱོང་རིགས་ལམ་གྱི་སྒྲུབ་བྱེད་དང་ལྡན་པས་ལག་ལེན་མཛད་ན་རང་གི་རྒྱལ་ཁབ་དང་། མི་མང་གི་ཡོན་ཏན་དང་། ཆོས་ལུགས་གསུམ་ག་ལ་ཕན་པ་མངོན་སུམ་མོ། །རང་གིས་མཐོང་བའི་དག་ཡིག་རེ་ལ་མཛུབ་མོ་རི་སྟོན་བྱེད་པ་ལས་རྒྱུ་མཚན་གཞན་མེད་ན་འཐད་པོ་ཞིག་མ་ལགས་ཏེ། གཟུར་གནས་རྣམ་དཔྱོད་ཀྱི་མེ་ལོང་མངའ་བ་ཚོའི་ཐུགས་ལ་སྣོམས། སྐབས་འདིའི་བདག་གཞན་དུས་གསུམ་ཡང་སྤྱིར་གྱི་བདག་གཞན་དུས་གསུམ་ཙམ་མ་ཡིན་པར་གཙོ་བོར་བྱ་བའི་སྒོ་ནས་བཞག་པ་ཡིན་ཅིང་། སྔོན་འཇུག་གི་འཇུག་ཚུལ་བཤད་པ་ཡང་ངེས་བཟུང་མིན་པར་རྟགས་བཞི་རང་རང་གི་འཇུག་ཡུལ་རྒྱུག་ཆེ་བ་དེ་དང་དེའི་དབང་དུ་བྱས་པ་ཡིན་ཏེ། དཔེར་ན་ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།།ཞེས་པ་གཙོ་བོར་བརྩེགས་མའི་དབང་དུ་མཛད་པ་ལྟ་བུ། ཕོ་ཡིག་དུས་གསུམ་གྱི་འདས་པ་དང་། བདག་གཞན་གཉིས་ཀྱི་གཞན་ཁོ་ནར་འཇུག་པ་མ་ཡིན་ཏེ། ད་ལྟ་བ་དང་། མ་འོངས་པ་དང་། བདག་གསུམ་ག་ལ་འཇུག་པའི་ཕྱིར་ཏེ། བགྲོ་བར་བྱེད། བགྲོ་བར་འགྱུར། བགྲོ་བ་པོ་ཞེས་པའི་ཚིག་སྦྱོར་གསུམ་པོ་དེ་རིམ་བཞིན་དེ་དག་གི་དོན་ཅན་ཡིན་པའི་ཕྱིར། རྟགས་སླ། སི་ཏུའི་འགྲེལ་བར། བཏིག་བྱའི་ཐིགས་པ། གཏིག་བྱའི་ཆུ། བཞོག་བྱའི་ཤིང་། གཞོག་བྱའི་ཤིང་ཞེས་དཔེར་བརྗོད་བཀོད་པའི་དང་པོ་ནི། བྱེད་པ་པོ་དང་འབྲེལ་བའི་ཕྱོགས་ནའང་མེད་ལ། བྱ་བའི་སྒྲ་གདངས་ཙམ་དུ་རུང་ཡང་སྐབས་འདིའི་གཞན་དང་བྱ་ཡུལ་དུ་མི་རུང་ངོ་། །བཞོག་བྱའི་ཤིང་དང་བདམ་བྱའི་ནོར་ཞེས་པའང་གཞོག་བྱའི་ཤིང་དང་གདམ་བྱའི་ནོར་ཞེས་པས་བརྗེས་ན་ལེགས་ཀྱི། བ་ག་གཉིས་གཞན་ལ་འཇུག་པ་རྒྱུ་མཚན་དུ་བྱས་ནས་གདམ་ངར་བཀོད་པ་ཡིན་ན་ཤིན་ཏུ་མི་འཐད་དེ། འཕུལ་ལྔ་རང་རང་གི་འཇུག་ཡུལ་གཙོ་ཆེ་ཆུང་དང་ཁྱབ་ཆེ་ཆུང་ལ་ཞིབ་མོར་མ་བརྟགས་པའི་སྐྱོན་གྱིས་གོས་པར་འགྱུར་པའི་ཕྱིར། །དེ་བཞིན་དུ་བཞལ་བྱ་དང་གཞལ་བྱ། བཞག་བྱ་དང་གཞག་བྱ། བསད་བྱ་དང་གསད་བྱ། བཅད་བྱ་དང་གཅད་བྱ། བཏང་བྱ་དང་གཏང་བྱ། བསལ་བྱ་དང་གསལ་བྱ། བཀྲམ་བྱ་དང་དགྲམ་བྱ། བཀྲོལ་བྱ་དང་དགྲོལ་བྱ་སོགས་གཉིས་ཚན་དེ་དག་གི་སྔ་མ་རྣམས་མི་འཐད་པར་སུས་ཀྱང་ཤེས་ཏེ། གཞན་བསྒྲུབ་ཕྱིར་ཞེས་ཚིག་རིས་ཙམ་གྱིས་ཚིམ་པར་བྱས་ན་བཞལ་བྱ་ལ་སོགས་པ་དེ་དག་ཅིའི་ཕྱིར་མི་འཐད། དགག་བྱ་དང་། སྐྱོན་དང་། ནད་དང་། དྲི་མ་དང་། ལོག་རྟོག་དང་། དོགས་པ་དང་། ཐེ་ཚོམ་སོགས་བསལ་བྱ་ལ་བསལ་བྱ་འགྲིག་པར་མ་ཟད་དེས་ཁྱབ་སྟེ། ག་འཕུལ་མ་དག་གོ །དེས་མཚོན་འདི་སྐོར་རྟགས་བཞིའི་འཇུག་ཚུལ་གཞན་དང་གཞན་ལའང་རྒྱ་ཆེར་བསྒྲེས་ཏེ་རྟོགས་པར་དཀའ་བའི་གནད་ཀྱི་འགག་ཆེན་པོ་ཟུངས་ཤིག །བ་ག་ད་གསུམ་ཐུན་མོང་དུ་འཇུག་པའི་ཚེ་ཁ་ལ་གང་འོང་དང་ལག་ལ་ཅི་ཐེབས་མི་བྱར་བར་ཚིག་དོན་གང་ཐད་ནས་དངོས་གཙང་ཞིབ་ཐོན་རྩལ་དུ་འདོན་པ་གཅེས། ཞི་བ་ལྷས། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད།།ཅེས་གསུངས་པ་ལྟར་བརྡ་གསར་རྙིང་དང་དག་ཡིག་རྒྱས་བསྡུས་གང་ཡིན་ཡང་གཞན་ཞིག་ལས་མ་བཏུས་པ་མེད་གཤིས་མཁས་པ་ཞིག་གིས་གསུངས་པ་དང་། གཞུང་ཞིག་ལས་འབྱུང་བ་ཙམ་ཁ་རྦད་ཁ་ལོ་མེད་པའི་རྒྱུ་མཚན་དུ་ཅི་ལ་ཆེ། དེའི་ཕྱིར་བརྡ་སྤྲོད་རང་ལུགས་ཀྱི་ལུང་རིགས་མན་ངག་གསུམ་ལྡན་དང་། རིགས་པ་ཡང་དག་རྟགས་ཆོས་ཀྱི་འབྲེལ་བའི་གནད་ངར་ལྕགས་དང་འདྲ་བ་ཞིག་ལ་ཁུངས་སུ་བྱ་དགོས་པ་ཡིན་ནོ་ཀྱེ།
ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་།།དོན་གྱི་གོ་བས་ཚིག་གི་དག་ཐོན་པ།།སྐྱེས་སྦྱངས་རིག་རྩལ་ལྷ་ཡི་ལུང་འདྲ་བས།།རྩོམ་བསྒྱུར་པདྨའི་དགའ་ཚལ་འཕེལ་གྱུར་ཅིག།
ཨ་ལགས་ཚེ་རྟན་ཚང་གི་ཐོན་མིའི་ཞལ་ལུང་གི་མཇུག་བྱང་དུ། དགེ་བའི་བཤེས་གཉེན་བཤེས་རབ་རྒྱ་མཚོའི་གསུང་སྒྲོས་ལས། སི་ཏུའི་འགྲེལ་བར། བཏིག་བྱའི་ཐིགས་པ། གཏིག་བྱའི་ཆུ། བཞོག་བྱའི་ཤིང་། གཞོག་བྱའི་ཤིང་ཞེས་དཔེར་བརྗོད་བཀོད་པའི་དང་པོ་ནི། བྱེད་པ་པོ་དང་འབྲེལ་བའི་ཕྱོགས་ནའང་མེད་ལ། བྱ་བའི་སྒྲ་གདངས་ཙམ་དུ་རུང་ཡང་སྐབས་འདིའི་གཞན་དང་བྱ་ཡུལ་དུ་མི་རུང་ངོ་། །བཞོག་བྱའི་ཤིང་དང་བདམ་བྱའི་ནོར་ཞེས་པའང་གཞོག་བྱའི་ཤིང་དང་གདམ་བྱའི་ནོར་ཞེས་པས་བརྗེས་ན་ལེགས་ཀྱི། བ་ག་གཉིས་གཞན་ལ་འཇུག་པ་རྒྱུ་མཚན་དུ་བྱས་ནས་གདམ་ངར་བཀོད་པ་ཡིན་ན་ཤིན་ཏུ་མི་འཐད་དེ། འཕུལ་ལྔ་རང་རང་གི་འཇུག་ཡུལ་གཙོ་ཆེ་ཆུང་དང་ཁྱབ་ཆེ་ཆུང་ལ་ཞིབ་མོར་མ་བརྟགས་པའི་སྐྱོན་གྱིས་གོས་པར་འགྱུར་པའི་ཕྱིར། །དེ་བཞིན་དུ་བཞལ་བྱ་དང་གཞལ་བྱ། བཞག་བྱ་དང་གཞག་བྱ། བསད་བྱ་དང་གསད་བྱ། བཅད་བྱ་དང་གཅད་བྱ། བཏང་བྱ་དང་གཏང་བྱ། བསལ་བྱ་དང་གསལ་བྱ། བཀྲམ་བྱ་དང་དགྲམ་བྱ། བཀྲོལ་བྱ་དང་དགྲོལ་བྱ་སོགས་གཉིས་ཚན་དེ་དག་གི་སྔ་མ་རྣམས་མི་འཐད་པར་སུས་ཀྱང་ཤེས་ཏེ། གཞན་བསྒྲུབ་ཕྱིར་ཞེས་ཚིག་རིས་ཙམ་གྱིས་ཚིམ་པར་བྱས་ན་བཞལ་བྱ་ལ་སོགས་པ་དེ་དག་ཅིའི་ཕྱིར་མི་འཐད། དགག་བྱ་དང་། སྐྱོན་དང་། ནད་དང་། དྲི་མ་དང་། ལོག་རྟོག་དང་། དོགས་པ་དང་། ཐེ་ཚོམ་སོགས་བསལ་བྱ་ལ་བསལ་བྱ་འགྲིག་པར་མ་ཟད་དེས་ཁྱབ་སྟེ། ག་འཕུལ་མ་དག་གོ །དེས་མཚོན་འདི་སྐོར་རྟགས་བཞིའི་འཇུག་ཚུལ་གཞན་དང་གཞན་ལའང་རྒྱ་ཆེར་བསྒྲེས་ཏེ་རྟོགས་པར་དཀའ་བའི་གནད་ཀྱི་འགག་ཆེན་པོ་ཟུངས་ཤིག །ཅེས་གསུངས་པ་ནི་རྣག་ཐོག་ཏུ་ཁེལ་བའི་བཙགས་ཀྱི་དཔེར་སོང་འདུག་པས་འདི་དག་ལ་བརྟེན་ནས་བློ་རྒྱ་བསྐྱེད་པའི་ཐབས་ལ་འབད་པར་མཛོད་ཅིག །འོན་ཀྱང་ལུང་དྲངས་བ་དེར། བསལ་བྱ་དང་གསལ་བྱ། ཞེས་དང་། དེ་དག་གི་སྔ་མ་རྣམས་མི་འཐད། ཅེས་པ་ལ་གོ་རིམ་ལྡོག་དགོས་པའི་ཚིག་གི་ཞིབ་ཆ་འབྱེད་དགོས་སོ། །ཞེས་གསུངས་སྟེ་སྔ་མ་རྣམས་མི་འཐད་ཅེས་པ་བསལ་བྱ་དང་བཞལ་བྱ་ལྟ་བུ་མི་འཐད་གསུངས་པ་མིན་པར་གོ་རིམ་ལྡོག་པའི་གོ་བ་ལོན་དགོས་པ་རེད།
དེ་དེ་བཞིན་ནོ།
དགེ་བཤེས་ཤེས་རབ་རྒྱ་མཚོས།
ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་།།
དོན་གྱི་གོ་བས་ཚིག་གི་དག་ཐོན་པ།།
སྐྱེས་སྦྱངས་རིག་རྩལ་ལྷ་ཡི་ལུང་འདྲ་བས།།
རྩོམ་བསྒྱུར་པདྨའི་དགའ་ཚལ་འཕེལ་གྱུར་ཅིག།
བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་གི་དཀའ་གནད་ལས་འཕྲོས་ཏེ་གླེང་སློང་བར་ཤུན་ཏུ་ལེགས། བརྡ་སྤྲོད་རིག་པའི་གཞུང་ལ་སྨྲ་བའི་ཁྱུ་མཆོག་༼པྲ་ཏི་རིན་ཆེན་དོན་འགྲུབ་༽དང་༼སུ་ཏུ་པན་ཆེན་༽རྣམ་གཉིས་ཀྱིས་མཁས་མཆོག་ཐོན་མིའི་མཛད་པའི་རྟགས་ཀྱི་འཇུག་པའི་རྩ་གཞུང་ཅིའི་ཕྱི་འཇུག་པར་བསྟན་བྱེད་ཀྱི་གཞུང་༼མོ་ནི་བདག”དང”མ་འོངས་ཕྱིར༽ ཡང་༼མོ་ནི་བདག”ད”མ་འོངས་ཕྱིར་ཅེས་རིམ་པ་བཞིན་འགྲེལ་བ་འདིའི་གནད་གཙོ་བོ་གང་ལ་ཐུག་ཡོད་དམ། སུམ་རྟགས་རྩ་གཞུང་གཉིས་ཕྱིས་ཀྱི་འགྲེལ་བྱེད་རྣམས་ཀྱི་རང་གི་འདོད་ཕྱོགས་དང་མཐུན་མིན་གྱི་རྩ་གཞུང་རང་ལ་བཟོ་བཅོས་མངས་པའི་སྐྱོན་ཡང་མཐའ་ཡས་སོ་སྙམ།།
ངག་དབང་སྟོབས་ལྡན་ལགས། ཐོན་མིའི་གཞུང་གཞན་ཚང་བར་མ་བཞུགས་པའི་དབང་གིས་སྔོན་བྱོན་མཁས་པ་རྣམས་འདི་འདྲའི་ལས་ཚེགས་དབུ་ལ་བབས་པར་སྣང་ངོ་མཁས་པས་བཤད་པ་ལྟར། མུ་ཏིག་ཕྲེང་མཛེས་ལས་བརྡ་སྤྲོད་པའི་སྐབས་འདིར་དངོས་བསྟན་དང་ཤུགས་བསྟན་གྱི་ཁྱད་པར་མ་ཕྱེ་བའི་དབང་གིས་རྩ་བའི་ཚིག་ལ་བཟོ་བཅོས་བརྒྱབ་དགོས་བྱུང་བ་དང་དོན་ལ་འགལ་བ་མེད་ཀྱང་རྩ་བར་བཟོ་བཅོས་བརྒྱབ་པ་ལ་མཁས་པ་མང་པོས་མི་བཞེད་པ་དང་ཡང་འཇུག་གི་སྐབས་གསལ་ཁ་མ་བྱུང་བར་བརྟེན་ཁམས་ཀྱི་བླ་མ་ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་སི་ཏུའི་རྗེས་སུ་འབྲངས་ནས་ས་ཡང་འཇུག་ཏུ་འདོད་པ་བཀག་པ་ལ་བརྟེན་ནས་འཇུ་མི་ཕམ་རིན་པོ་ཆེས་ས་མཐའ་མེད་སྨྲ་དགག་པ་ལེགས་བཤད་རིན་པོ་ཆེའི་གཏེར་ཞེས་གནང་དགོས་བྱུང་བ་རེད།
དང་པོ་ཚིག་དང་བརྗོད་པ་བྱུང་། དེ་དག་གཞིར་བཟུང་སྟེ། བརྡ་སྤྲོད་ཀྱི་བསྟན་བཅོས་བརྩམས། དེ་མ་ཡིན་པར་དང་པོ་བརྡ་སྤྲོད་བྱུང་། དེ་ནས་བསྟན་བཅོས་བརྩམ་པར་འདོད་པ་ནི་། འཐད་ལྡན་དུ་མ་ཡིན་པས། མཁས་པ་རྣམས་ཀྱིས་བཀག ད་ལྟ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ། བོད་བཟང་པོས་བརྩམས་པར་གྲགས་པ་དེ། བསྟན་པ་སྔ་དར་སྐབས་སུ་གཏན་ནས་མེད་པའམ་ཡོངས་གྲགས་མིན་པས། དེ་དག་ལ་འཆད་ཉན་མེད་ཀྱང་། བོད་སྤྱིའི་སྐད་དེ་བརྗོད་བདེ་ཞིང་གོ་སླ་བ་བྱུང་། སུམ་རྟགས་གཉིས་ཡོངས་གྲགས་ཆགས་ཏེ། དེ་དག་ལ་འཆད་ཉན་དར་སྲོལ་ཆེས་ཀྱང་། བོད་སྤྱིའི་སྐད་དེ་ཇེ་སྡུག་ཏུ་གྱུར།
རྒྱུ་མཚན་འདི་ཁོ་ནས། བོད་ཀྱི་འཇམ་དབྱངས་རྣམ་གསུམ་དུ་གྲགས་པའི་ནང་གི་ཀློང་ཆེན་རབ་འབྱམས་པས་བསྟན་པ་སྔ་དར་སྐབས་ཀྱི་སྒྲ་སྒྱུར་པ་ཀུན་འཕགས་པའི་སྐྱེ་བོ་ཡིན་པས་དེ་དག་གི་བསྒྱུར་གོ་སླ་བ་དང་། ཕྱིས་ཀྱི་སྒྲ་སྒྱུར་པ་ཀུན་སོ་སོའི་སྐྱེ་བོ་ཡིན་པས། དེ་དག་གིབསྒྱུར་གོ་དཀའ་བ་བྱུང་། ཞེས་གསུངས་པ་མཐོང་།
དེ་ལྟར་བྱུང་བ་ལ་ཁོ་བོས་རྒྱུ་མཚན་འདི་མཐོང་སྟེ། སྔར་གྱི་འགྱུར་རྣམས་སུ་ཚིག་སྡུད་མེད་པ་དང་། ཕྱིས་སུ་ཚིག་སྡུད་མང་བས་གོ་དཀའ་བ་ནི། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་རྒྱུད་བླ་མའི་འགྲེལ་པ་ན་ཚིག་སྡུན་ཉུང་བས་གོ་སླ་བ་དང་། ཕྱིས་ཀྱི་རྙིང་མའི་གཞུང་རྨད་དུ་བྱུང་བ་མང་པོ་རྩོམ་པར་མཛད་པ་པོ་མི་ཕམ་རིན་པོ་ཆེའི་རྒྱུད་བླ་མའི་འགྲེལ་པ་ན་ཚིག་སྡུད་མང་བས་གོ་དཀའ་བར་མཐོང་།
དིང་སང་སྔ་འགྱུར་གཞུང་དཔེ་རྣམས་ལ་ལྟ་རྟོག་གིས་ཀློག་མཁན་ཉུང་། སྔ་འགྱུར་གཞུང་དཔེ་ལ་རྒྱུས་མེད་པར་ལུང་པ་སོ་སོའི་ཁ་སྐད་བཀོལ་ནས་འབྲི་མཁན་མང་། འདི་ཡིས་བོད་སྤྱིའི་སྐད་ལ་གནོད། རྒྱུ་མཚན་འདི་ཉིད་གཟིགས་ཏེ། བདག་ཅག་གི་རྣམ་འདྲེན་བླ་མ་མཆོག་གིས་ཡི་གེ་ཚད་ལྡན་ཡོད་དགོས། དེ་མིན་མ་འབྲི་ན་ལེགས་ཞེས་གསུངས་པ་ཚད་མའི་སྐྱེས་བུ་ལས་ཐོས།
མདོར་ན། གོང་གསལ་དགེ་བཤེས་ཤེས་རབ་རྒྱ་མཚོའི་བྲིས་རྩོམ། སློབ་དཔོན་མིག་བརྒྱད་པས་དྲ་རྒྱར་བཀོད་པ་འདི། བོད་སྔ་འགྱུར་གྱི་སྐད་དང་། མཉམ་བསྡུར་བྱས་ཏེ་ཐོས་བསམ་བྱེད་དགོས་པར་སྣང་ངོ་།།
དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གི་རྣམ་དཔྱོད་གཞན་འདྲིང་དུ་འཇོག་མི་ཐུབ་པ་ཞིག་ཡོད་པ་གསལ་པོ་འདུག རྒྱུ་མཚན་དང་རྟགས་ཡང་དག་པ་བཀོད་འདུག དེ་བཞིན་ང་ཚོས་སྐད་ཡིག་གི་གནས་ཚུལ་ལ་དཔྱོད་པ་བྱེད་པའི་སྐབས། ང་ཚོར་དྲན་སྐུལ་ཆེན་པོ་གཅིག་བྱེད་དགོས་པ་ནི་འདི་ལྟར་ཏེ། དང་པོ་སྐད་སྔོན་ལ་བྱུང་བ་དང་ཡི་གེ་རྗེས་ལ་ཡིན་པ་འདི་ཕལ་ཆེ་བའི་བདེན་པ་ཡིན་སྟབས། སྐད་ལ་བརྟེན་ནས་ཡི་གེ་བཟོ་བ་ལས། ཡི་གེ་ལ་བརྟེན་ནས་སྐད་བཟོ་བ་འདི་མ་རེད། དེར་བརྟེན། དམངས་ཀྱི་སྐད་གྱི་འཕེལ་རིམ་ལ་བལྟོས་ནས་ཡི་གེ་བཟོས་ན། ཡི་གེ་དེ་ཡང་རྣལ་མ་ཞིག་ཡོང་བར་གོར་མི་ཆགས། དེ་མིན་ཡི་གེ་འདི་རྟགས་འགྲིགས་མ་འགྲིག་ཞིག་གི་ངོ་བོར་དབྱེ་ནས། ཕོ་ཡིས་ཕོ་ཡི་མིང་མཐའ་འདྲེན་ཟེར་ནས། ལྐུགས་པ་ཨུ་ཚུགས་བྱས་ནས། ཡི་གེ་དེ་དང་སྐད་གཉིས་ཐག་ཇེ་རིང་ཇེ་རིང་སོང་ནས། གཉིས་ཀ་བརླག་པར་འགྱུར། བོད་བྱིངས་ཀྱི་སྐད་ལ་སྟོང་པ་ཟེར་བ་ལས་སྟོང་མ་ཟེར་སྲོལ་མེད།དེ་ཡིན་བཞིན་དུ། བཙན་དབང་བྱས་ནས། རྟགས་མཚུངས་འདྲེན་དགོས་ན། བཀའ་བསྟན་འགྱུར་ནང་གི་སྟོང་པ་ཉིད་ཚང་མ་སྟོང་མ་ཉིད་བཟོ་མཁན་ཡིན་ནམ། ཚེ་བརྟན་ཞབས་དྲུང་སྨྱོ་རྟགས་སྟོན་པ་མ་ཡིན་ནམ། དེའི་རྗེས་ལ་ཀླད་མེད་ལྷོད་རྒྱུག་པ་ཚོ་སྐབས་དེ་དུས་ཀླད་པའི་ནང་ག་རེ་འཁོར་གྱི་ཡོད་དམ།
དེ་བཞིན་བོད་བྱིངས་ཀྱི་སྐད་ལ། བོད་མི་ལོ་སྟོང་ཕྲག་རིང་ལ་རྒྱལ་པོ་ཟེར་མ་བ་གཏོགས་རྒྱལ་བོ་ཟེར་བ་མིན་འདུག ད་ཁྱོད་ཚོའི་ཤོད་སྟངས་ལྟར་བྱས་ན། རྒྱལ་པོ་ཚང་མ་རྒྱལ་པོར་འགྱུར་དགོས་སམ། བཙན་འཛུལ་དང་བཙན་གཤེད་འདི་ཨ་མདོའི་ངོ་ཁ་སྲུང་རྒྱུའི་ཆེད་དུ་ལས་གཞན་དགོས་པ་མིན་འདུག
བཙན་པོ་ཟེར་བ་འདི་བཙན་བོ་ལ་འགྱུར་དགོས་སམ། གླེན་རྟགས་ཚ་པོ།
བོད་པའི་མཁས་པ་འགར་ཀླེན་རྟགས་གཅིག་ཡོད་པ་ནི། རིགས་བཞེན་དང་ཡུལ་བཞེན་གྱི་མིག་གྲིབ་ཕུད་མ་ཐུབ་པ་དེ་རེད། ཡུལ་ནག་གི་རིས་མེད་པ་འདི་དག་ངོ་མ་མཁས་པ་ཆེན་པོའི་རྟགས་རང་བཞིན་ལ་ཡོང་། དཔེར་ན་དགེ་འདུན་ཆོས་འཕེལ་དང་། རྒྱལ་བ་བསྟན་འཛིན་རྒྱ་མཚོ། དེ་བཞིན་ཙོང་ཁ་པ་ཆེན་པོ་སོགས་རེད། ཁོང་ཚོ་གསུམ་ལ་ཁྱད་ཆོས་གཅིག་ཐུན་མོང་ལ་ཡོད་པ་ནི། ཡུལ་ལུང་གི་བཞེན་ཁོག་གཏི་མུག་དེ་ནས་ཐར་བ་རེད། བྱས་ཙང་རང་བཞིན་གྱིས་མཁས་པའི་སྒོ་ལ་ངང་གིས་འཇུག་ཐུབ་པ་དེ་རེད། ཁོང་ཚོ་གསུམ་་ལ་རྟགས་འདྲེན་ཚུལ་འདི་ལ་རྙོག་འདྲ་མེད། ད་རྙོག་འདྲ་འདི་སུ་ལ་ཡོང་གི་འདུག་ཟེར་ན། སྤྱི་སྐད་ཡག་པོ་མ་ཤེས་མཁན། རང་ཡུལ་ཆུང་ཆུང་དེ་ནས་ཐོན་མ་མྱོང་མཁན་གྱི་ཁྲོན་པའི་ནང་གི་སྦལ་པ་དེ་ཚོར་བདག་སྒྲ་འདི་ལ་དཀའ་ངལ་འཕྲད་ཀྱི་འདུག ངོ་མ་རེད། ལྟོས་དང་།
རྒན་ལ་དྭགས་པས་གསུངས་པ་ལྟར་སྔོན་བྱོན་མཁས་པ་དག་གི་གསུང་ནི་ང་ཚོའི་མིག་དཔེ་བལྟ་ས་གཅིག་བུ་དེ་རེད། བླ་བྲང་བཀྲ་ཤིས་འཁྱིལ་དུ་མཁས་དབང་དམུ་དགེ་བསམ་གཏན་ཚང་གིས་པྲ་ཏིའི་ཀུན་བཟང་དགོངས་རྒྱན་འཆད་ཁྲིད་གནང་པའི་སྐབས་སུ། ཁོང་གིས་དགེ་བཤེས་ཤེར་རྒྱམ་ལགས་ཀྱིས་སྤྱིར་སི་ཏུའི་མུ་ཏིག་ཕྲེང་མཛེས་ཚད་མར་འཛིན་ཅིང་རང་ལུགས་སུ་མཛད་པར་གསུངས་ལ་མུ་ཏིག་ཕྲེང་མཛེས་ལ་ཁོང་དགུང་ལོ་མཐོ་བའི་སྐབས་སུ་ཡང་གཟིགས་རྟོག་ཡང་ཡང་གནང་གི་ཡོད་པ་རེད་ཅེས་གསུངས་སོང་། ཨ་ལགས་ཚེ་རྟན་ཚང་གིས་ཀྱང་ཐོན་མིའི་ཞལ་ལུང་ལས་སུམ་ཅུ་བའི་སྐབས་འདིར་པྲ་ཏིའི་ལུགས་ལྟར་མཛད་ཅིང་རྟགས་འཇུག་སི་ཏུའི་ལུགས་ལྟར་མཛད་པ་ཡོངས་གྲགས་རེད། སྐབས་སྐབས་སུ་མཁས་པ་སོ་སོའི་འདོད་པ་བཀོད་ནས་མཐའ་དཔྱོད་པའི་སྒོ་ནས་བོད་ཀྱི་བརྡ་སྤྲོད་རིག་གནས་ལ་འཕེལ་རྒྱས་ཀྱི་ནུས་པ་ཆེན་པོ་བཞག་ཡོད་པ་མིག་མཐོང་ལག་ཟིན་རེད། ཞིང་གཤེགས་མཁས་དབང་གར་ཞ་དངོས་གྲུབ་ལགས་ཀྱིས་ངེད་ཅག་ལ་སི་ཏུའི་མུ་ཏིག་ཕྲེང་མཛེས་སློབ་ཁྲིད་གནང་པའི་སྐབས་སུ་གསུངས་གསལ་ལ། སུམ་རྟགས་སྐོར་ལ་མཁས་དབང་སོ་སོའི་འདོད་པ་བཀོད་ནས་ཞིབ་དཔྱོད་མཐའ་ཆོད་པ་གནང་མཁན་ཐོན་མིའི་ཞལ་ལུང་ལས་ད་སྔ་བོད་ལ་མ་བྱུང་བ་འདྲ་ཞེས་དང་། སི་ཏུའི་ཕྱག་དཔེ་རྙིང་པ་ཞིག་དང་ཐོན་མིའི་ཞལ་ལུང་གཉིས་ཡང་ཡང་ཀློག་གི་ཡོད་ཁྱོད་ཚོས་ཐོན་མིའི་ཞལ་ལུང་ཡང་ཡང་ཀློགས་དང་ག་འདྲ་སྙན་པོ་འདུག །ཅེས་དང་། རིགས་པས་མཐའ་ཆོད་པ་ཞིག་ཁྱེད་ཅག་གདན་ཁག་གི་རིགས་པ་སྨྲ་བ་ཚོས་ལོས་ཤེས་ཞེས་གསུངས་བྱུང་ལ་། །རྣམ་གླིང་པཎ་ཆེན་གྱི་སུམ་འགྲེལ་ཕྱག་དཔེ་སྣ་རིང་རྙིང་པ་ཞིག་མིག་སྟོན་གནང་ནས་ཕྱག་དཔེ་འདི་གར་ཞ་ལ་ག་འདྲ་སེ་བསླེབས་པ་ཡིན་ན་གསུངས་ནས་སི་ཏུའི་མུ་ཏིག་ཕྲེང་མཛེས་ཀྱི་ཕྱོགས་སྔ་རྣམ་གླིང་པས་སྔགས་དང་སྦྱར་ནས་བཤད་པ་བརྡ་སྤྲོད་པའི་སྐབས་འདིར་དེ་ལྟར་ཁས་ལེན་མི་རུང་བ་དང་། ཡང་ཁོང་གིས། མུ་ཏིག་ཕྲེང་ལས་པྲ་ཎ་མྱཾ་སོགས་ཀྲྀ་ཏ་རྐྱེན་གཞན་གྱིས་བསྒྲུབས་པ་དང་ཞེས་པ་མིང་གི་མཐའ་ཅན་དང་། ན་མཱ་མི་སོགས་སོགས་ཏིང་མཐའ་རྣམས་དང་ཞེས་པའི་ཏིང་མཐའ་ཞེས་པ་མིང་མཐའ་ཞེས་ཟེར་དགོས་པ་དང་བོད་ཡིག་ལའང་བྱིངས་དང་རྐྱེན་གཉིས་ཡོད་པར་གསུངས།
སྤྱིའི་ཆ་ནས་ང་ཚོའི་ཐོན་མིའི་གཞུང་ལུགས་རྣམས་དང༌། དེའི་འགྲེལ་བྱེད་པྲ་ཏི་དང༌། སི་ཏུ་སོགས་སྔོན་བྱོན་གྱི་མཁས་པ་རྣམས་ཀྱི་གསུང་ལ་ཁུངས་གཏུགས་དགོས་ཀྱང༌། བྱེ་བྲག་ཏུ་ཁོང་རྣམ་པས་ཡུལ་དུས་དེ་དང་དེར་འཚམ་པའི་བསྟན་བཅོས་ཤིག་ཡིན་པར་བརྟེན། དབྱིན་ཡིག་དང༌། རྒྱ་ཡིག་ལ་སོགས་པ་ལྟར། རང་ཅག་གི་སུམ་རྟགས་དག་གསུམ་སོགས་ལ་ཡང༌། དུས་རབས་དང་བསྟུན་ཏེ། ཡོངས་གྲགས་ཀྱི་ལེགས་བཅོས་བྱེད་དགོས་པ་གལ་གནད་དུ་མཐོང་ལ། རྒྱལ་སྤྱིའི་སྤྱི་ཚོགས་དང་མཐུན་པའི་བཅོས་བསྒྱུར་དུས་མཚམས་སུ་བྱེད་མ་ཐུབ་པའི་རྐྱེན་ལ་བརྟེན་ནས། སུམ་རྟགས་ཀྱི་ཡི་གེའི་འཇུག་ཚུལ་སོགས་དང༌། དག་ཡིག་ནང་མིང་ཚིག་སྣེ་མང་རྣམས་དེང་དུས་དང་མཐུན་པའི་རྗེས་ལུས་མ་འདང་བའི་འཐུས་ཤོར་དེ་རྣམས་བྱུང་བར་སྙམ།།
འདྲེ་ནག་མགོ་དགུ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༨ གི་ཆུ་ཚོད་ ༡༠ སྐར་མ་ ༠༨
ད་བོད་ནང་གི་གནས་ཚུལ་རྐྱེན་པས་འདིར་ཡོང་ལོང་མ་བྱུང་། རྒན་ལ་དྭགས་པ་ནི་དག་ཡིག་གི་པཎྚིཏ་ཞིག་རེད། ཨ་ལེ་སྐུ་རྩེད་ཞུས་པ་ཡིན་ད། ལ་དྭགས་པ་ལགས། ལ་དྭགས་ཅེས་པའི་སྒྲ་བཤད་གང་ཡིན་ནམ། ལ་དྭགས་རྒྱལ་རབས་ནང་དུ་ལ་དྭགས་ཀྱི་རྒྱལ་པོ་དང་པོ་རིག་པ་མགོན་གྱིས་ནུབ་ཁ་ཆེའི་ལ་རྩ་ཚུན་ཆད་དབང་
དུ་བསྡུས་སྐད་འདུག་ན་ལ་རྩ་དེ་གང་ལ་ངོས་བཟུང་དགོས་སམ།
བླ་མ་དྲུང་པ་རྒྱལ་ཚབ་པ་བློ་བཟང་བརྩོན་འགྲུས་རྒྱལ་མཚན། བཟང་ལ་རྒྱལ་པོའི་སྲས་སུ་འཁྲུངས། པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱི་སློབ་མ་མངའ། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་མཛད་པའི་ལམ་རིམ་བླ་བརྒྱུད་རྣམ་ཐར་པད་འཕྲེང་། བོད་དཔེ་ཤོག་༥༦བ་ནས་༥༨བ་བར་ན། བླ་མ་དྲུང་འདི་ཉིད་རྣམ་ཐར་མདོར་བསྡུས་བཞུགས། དེ་ན་ལ་དྭགས་ཞེས་པའི་ཚབ་ཏུ། ལ་ཐགས། ཞེས་པ་ཡོད་པས། འདི་ཉིད་དག་པར་སེམས། ལ་ཐགས་ཞེས་པ་ལ་ཞིག་གི་མིང་། མར་ཡུལ་ཡོངས་ལ་བཏགས། ཟངས་དཀར་དང་། གནུབས་རྭ་སོགས་ལ་ཐགས་ཁོངས་མ་ཡིན་ཀྱང་། ༡༩༤༩ རྗེས་སུ། རྒྱ་གར་གྱི་ལུང་ཚན་བཟོ་བ་ན། ཟངས་དཀར། གནུབས་རྭ། ལ་ཐགས་སོགས་བསྡོམས་ནས་རྒྱ་གར་གྱི་ལུང་ཚན་མངའ་སྡེ་ཞིག་བཟོས་ཏེ། ལ་ཐགས་ཞེས་དགོས་ཀྱང་། བཀའ་འགྱུར་ན། ཚིག་བླ་དྭགས་སོ། ཞེས་པ་ཁ་རུ་ཁེར་ནས་ལ་དྭགས་ཞེས་ཆགས་སོ།།
ལ་དྭགས་དང་ཁ་ཆེའི་ཡུལ་བར་ན། དུས་བཞི་ལ་ཞེས་པའི་ལ་ཁ་བ་མང་པོ་བབས་ན་དགུན་དུས་ལམ་འགགས། ལ་དེའི་ཚུར་ཕྱོགས་ན་རྩམ་ཟན་པ་སྔར་ཡོད་ཀྱང་། དིང་སང་དཀར་འཁྱིལ་ལུང་པར་མུ་སུལ་མན་མི་མངས་པས། དཀར་འཁྱིལ་ནས་སོང་སྟེ། དུས་བཞིའི་ལའི་ཕར་ཕྱོགས་ཁ་ཆེའི་ངོས་ན་ཡང་རྩམ་ཟན་པ་རྒན་རྒོན་འདྲ་ཡོད་ངེས། གཞོན་པ་ཀུན་རྩམ་པ་ལ་མི་དགའ་བ་བོད་ཕྲུག་བཞིན་ནོ།།
མར་ཡུལ་དེ་རྒྱ་ཆེ་ལོས་བྱུང་ཡོད་དམ། མར་ཡུལ་ནང་ལ་ཀུ་ལུ་མ་ནྰ་ལི་ཚུད་ཡོད་དམ་མེད།
སྐད་ལ་བརྟེན་ས་སུམ་རྟགས་དག་གསུམ་བཟོས་ན་ཡང་། ཡུལ་སྐད་ཕེ་ལ་ཕྱེ་དང་། ཕིན་ལ་ཕྱིན་ཞེས་བཀས་བཀོད་བཏང་དགོས་པ་ཡང་བྱུང་ཡོད་ཚོད་མི་འདུག་གམ།
རྟགས་མཚུངས་འདྲེན་པ་མང་དྲགས་ན་སྐྱོན་ཤིན་ཏུ་ཆེ་བ་དང་པོ། གཉིས་པ། རྒྱལ་པོ་སོགས་སྔར་བྲིས་འཐད་དགོས་པ་ཙམ་མ་ཟད།
ཕྲད་གཞན་དབང་ཅན་མིན་བཞིན་དུ་དིང་སང་བཀོལ་བཞིན་པ་ངས་བྱེད་ཀྱིན་ཡོད། ཁོས་ཡི་གེ་སྦྱོང་གིན་འདུག་སོགས་ནི། བློ་གྲོས་གུ་དོག་པའི་སྐྱོན་མི་འདུག་གམ།
ཀྱིན་ གིན་ གྱིན་སོགས་ལ་བགྱིན་གཅིག་གིས་མི་འཐུས་པ་མེད། བོད་ཡིག་ལ་ཕྲད་གཞན་དབང་ཅན་མང་དྲགས་པས་སྐྱོན་འདུག སྐྱོན་དེས་བོད་ཡིག་དང་བོད་སྐད་ཉམས་པའི་རྐྱེན་ངན་དུ་འགྱུར་མི་སྲིད་པ་མིན།
རྣམ་དཔྱོད་ཤེས་རབ་རིངས་པའི་གློག་ཞགས་ཀྱིས། །
མདོ་སྔགས་རིག་གནས་སྤྲིན་གྱི་རྒྱ་མཚོའི་གོས། །
ཀུན་ནས་མཛེས་མོད་ཅང་མའོ་གཡོ་སྒྱུའི་འོག །
ཚུད་པའི་རྣམ་ཐར་ཁྲུང་ཁྲུང་མཇུག་ནག་བཞིན། །
རིངས་པའི་ཞེས་པ་རིགས་པའི་ཞེས་པར་བཅོས།
ཡུལ་སྐད་ཕེ་ལ་ཕྱེ་དང་། ཕིན་ལ་ཕྱིན་ཞེས་བཀས་བཀོད་བཏང་དགོས་པ་ཡང་བྱུང་ཡོད་ཚོད་མི་འདུག་གམ།
ཕྱེ་དང་ ་ཕྱིན། ཆེ་ དང་ ཆིན་ ཞེས་པ་མ་ཡིན་པར་། དེ་དག་ཏུ་ཡ་ཡིག་ཤོར་ན། ཡ་ཡིག་ཀྱང་འཐོན་པར་བྱས་ཏེ། འདོན་པ་དང་འབྲི་མི་དགོས་སམ།
ད་འདི་ཚང་མས་ཉོག་བཤད་རྐྱང་རྐྱང་རྒྱག་གི་འདུག
གོང་གི་མི་དེ་ལ།
སྟོང་པ་ལ་སྟོང་བ་ཟེར་བ་ལས་སྟོང་མ་ཟེར་གི་མ་རེད།
གོང་མ་ཟེར་བ་ལས་གོང་བ་མི་ཟེར་བ་གཞིན་ནོ།།
དང་བ་ལ་དང་བ་འབྲི་ནའང་སྟོང་བ་ལ་སྟོང་པ་དང་རྒྱལ་བ་ལ་རྒྱལ་བ་འབྲི་ནའང་རྒྱལ་བོ་ལ་རྒྱལ་པོ་སོགས་འབྲི་བ་ནི་སྔོན་གྱི་མཁས་པས་ལོ་ཙཱ་བའི་ཡུལ་སྐད་ཀྱི་དབང་དུ་ཤོར་བའོ་ཞེས་པ་ལྟར་དབུས་གཙང་གི་ཡུལ་སྐད་ཀྱི་དབང་དུ་ཤོར་བའོ།།
དབུས་གཙང་བའི་ཁ་ལ་པ་ཞིག་དང་ན་རོ་ཞིག་རང་བཞིན་འབྱར་ནས་ཡོང་བ་དེང་སང་ཡང་ཧ་ཅང་མངོན་སུམ་ཡིན་པ་སྟེ། ཨ་མདོ་རྔ་བ་ལ་རྔ་པ་དང་རོང་བོ་དགོན་ཆེན་ལ་རོང་པོ་ཟེར་བ་ལྟ་བུས་རྒྱུ་མཚན་ཅི་ཡང་མེད་པར་ཡུལ་སྐད་ཀྱི་ཤན་ཞུགས་ཀྱིན་པ་ཧ་ཅང་གསལ་ལོ།།
ཡུལ་སྐད་དུ། གཅིག་དང་ཕྱེད་ཀ་ལ། ཕེད་རང་གཉིས་སམ། ཕེད་དང་གཉིས་ཞེས་ཟེར་སྲོལ་ཡང་འདུག
རྗེ་ཤེས་རབ་རྒྱ་མཚོ་མཆོག་ནི་ངེས་པ་དོན་གྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་བསམ་གྱིས་མི་ཁྱབ་པ་
ཞིག་ཡིན་པར་ངོས་འཛིན་ལོས་ཞུ་མོད། འོན་ཀྱང་ཆབ་སྲིད་མ་མཁྱེན་པའི་དབང་གིས་ཅང་ཅེ་ཧྲིའི་ལག་འོག་
ཏུ་ཚུད་དེ་བོད་སོག་ལས་ཁུངས་ཀྱི་འགོ་འཛིན་གནང་རབས་འདུག་ལ། ཕྱིས་སུ་མའོ་ཡི་གཡོ་སྒྱུའི་འོག་ཏུ་ཚུད་
ནས་སྤྱི་ཚོགས་རིང་ལུགས་དང་མའོ་དང་གུང་ཕྲན་ཏང་ལ་བསྟོད་བསྔགས་གནང་བ་ནི་དབུ་རུལ་བ་རྣ་བས་
མ་ཚོར་བ་རང་བྱུང་འདུག པཎ་ཆེན་ནང་མ་སྒང་མའི་ཅིན་འཇིགས་མེད་དང་། འབའ་བ་ཕུན་དབང་སོགས་
མཉམ་དུ་བོད་བཅིང་འགྲོལ་གཏོང་དགོས་པའི་རེ་བ་འདོན་མཁན་གྲས་སུ་ཡོད་སྣང་ངོ་། །
ད་ནི་བདག་གིས་རྗེ་ཤེས་རབ་རྒྱ་མཚོ་ཚང་གི་གསུང་ལ་བརྟེན་ནས་བསམ་ཚུལ་ཞུ་རྒྱུ་འདི་ཡོད་དེ། ང་ཚོས་ཡོངས་གྲགས་སུ་ལས་ཚིག་བྱ་ཚིག་ལ་བྱ་བྱེད་ཐ་དད་པ་དང་ཐ་མི་དད་གཉིས་སུ་དབྱེ་བ་བྱས་ཤིང་། དེ་ཡང་
འགྲེལ་བ་མང་བོར་བྱེད་པ་བོ་དང་བྱ་བ་ངོ་བོ་ཐ་དད་ཡིན་མིན་གྱིས་འབྱེད་པར་བཤད་ཀྱང་། བྱ་བྱེད་ཐ་དད་
པའི་བྱེད་པ་བོ་ལ་ཡོད་པའི་ལས་ཀྱང་བྱ་བ་ཡིན་ཞིང་། དེ་བྱེད་པ་བོ་དང་ངོ་བོ་ཐ་དད་དུ་འཇོག་དཀའ་ལ།
དེས་ན་བྱེད་པ་བོ་དང་བྱ་ཡུལ་གཉིས་ངོ་བོ་ཐ་དད་ཡིན་མིན་ལ་བྱེད་དགོས་པར་སྣང་ཞིང་། དེ་ལྟར་ན་བྱ་བྱེད་
ཐ་དད་པའི་ལས་ཚིག་ལ་དོགས་པ་འདི་ཡོད་དེ། རྣམ་མཁྱེན་གྱིས་རྣམ་མཁྱེན་རྟོགས། ལྟ་བུ་ལ་རྣམ་མཁྱེན་རྣམ་
མཁྱེན་དང་ངོ་བོ་ཐ་དད་ཡིན་པར་ཐལ་བ་དང་། ངས་ང་ཤེས། རང་གིས་རང་བསད། རང་གིས་རང་སྲེག
རང་གིས་རང་གཡང་ལ་གཡུགས། ལྟ་བུ་མང་དུ་ཡོད་པ་དག་ལ་བྱ་བྱེད་ཐ་དད་པ་ཇི་ལྟར་འཇོག་གམ།
ཡང་དངོས་པོ་བདག་གཞན་གྱི་སྐབས་སུ་ཤིང་གཅོད་པར་བྱེད། གཅོད་དོ་ལྟ་བུ་བྱེད་པ་བོ་ལ་ཡོད་པའི་ལས་
ཡིན་ཞིང་། གཅད་པར་བྱ་དང་གཅད་དོ་ལྟ་བུ་བྱ་བའི་ཡུལ་ལ་ཡོད་པའི་ལས་སུ་བཞག་ཡོད། དེས་ན་བྱ་བ་གང་ཞིག་བྱེད་པ་བོ་དང་བྱ་ཡུལ་གང་རུང་མ་འབྲེལ་བའི་བྱ་བ་ཞིག་གཞག་ཏུ་མེད་པས། བཅད་ལྟ་བུ་འདས་
ཚིག་རྣམས་གང་ཞིག་གི་སྟེང་དུ་འཇོག་དགོས་སམ།
པྲ་ཏི་རིན་ཆེན་དོན་འགྲུབ་མཆོག་གིས་རྟགས་འཇུག་དགོང་འགྲེལ་བཤད་སྦྱར་ཚིག་གཅད་མ་རྗེས་འཇུག་རྟགས་ཀྱི་དབྱེ་བ་བཤད་པའི་སྐབས། རྗེས་འཇུག་བཅུ་བོ་དེ་ཕོ་མོ་མ་ནིང་གསུམ་དུ་དབྱེ་ཚུལ་འདི་ལྟར་གསུང་སྟེ། ས་བ་ད་གསུམ་ཕོ་ཡིན་ཏེ།། ག་ང་ན་མ་ལ་དང་ར།། དྲུག་པོ་མོ་ཡི་ཡི་གེ་དྲན།། འ་ཡི་ཡི་གེ་མ་ནིང་ངོ་།། ཞེས་ཕོ་གསུམ་དང་མོ་དྲུག་མ་ནིང་གཅིག་བཅས་གསུངས་ཀྱང་། ཡང་པྲ་ཏི་རང་གིས་མཛད་པའི་བཤད་སྦྱར་ཚིག་གཅད་མ་ཕྱི་མའི་སྐབས། ས་ད་བ་ཕོ་འ་ནི་མོ།། ག་ར་ལ་གསུམ་མ་ནིང་སྟེ།། ང་ན་མ་གསུམ་ཤིན་ཏུ་མོ།། ཞེས་ཕོ་གསུམ་དང་མོ་གཅིག་མ་ནིང་གསུམ་ཤིན་ཏུ་མོ་གསུམ་བཅས་དབྱེ་ཚུལ་སྔ་ཕྱི་མི་མཐུན་པ་ཆེན་ཡོད་ན་རང་ཅག་རྣམས་སྔ་ཕྱི་གང་ལ་གཙོ་བོ་འཛིན་དགོས་སམ། ཡང་ན་དེ་ལྟར་བྱུང་བ་དེ་དགོས་པ་དང་རྒྱུ་མཚན་ཡང་དག་གཞན་གང་བོད་ཀྱི་སྐད་ཡིག་ལ་དུང་བ་ཟབ་པའི་དྲྭ་གྲོགས་རྣམས་ཀྱི་དཔྱད་གླེང་ཞིབ་ཕྲ་གནང་རོགས། བོད་ཀྱི་སྐད་ཡིག་རྒྱལ་གྱུར་ཅིག །
གནས་སྟངས་གཞན་ཞིག་གི་ངོས་ནས་བལྟས་ན་བོད་མི་ལ་ལས། པཎ་ཆེན་རིན་པོ་ཆེར་ཚོང་པ་རྒྱགས་པ་དང་དགེ་བཤེས་རིན་པོ་ཆེར་ཏང་གི་རྒྱུག་ཁྱི་སོགས་ཁ་སྨོས་ཕོག་ཡོད་པ་རེད། གདེངས་འཇོག་མཐོ་བའི་བསམ་བློ་བ་ཞིག་གིས་བལྟས་ན་ཁོང་ཚོ་དགོས་རྒྱུ་ནི་སྲིད་གཞུང་གི་གོ་གནས་མ་རེད་ལ།་མིང་སྙན་གྲགས་དེ་བས་ཀྱང་མ་རེད། ཕྱོགས་གཅིག་ནས་བལྟས་ན་དགེ་བཤེས་རིན་པོ་ཆེས་ཏང་གི་མགོ་ཁྲིད་མང་པོ་ལ་བསྟོད་པ་ཡང་མཛད་ཡོད་པ་རེད། དཔེར་ན། ༼མོ་རྩེ་ཏུང་ཞེས་གྲགས་པའི་སྤྲིན་ཆེན་པོ།།ནམ་མཁའི་མཐོངས་ན་གདུགས་ལྟར་གཡོ་བའི་རླབས།།སུས་ཀྱང་མ་ནོན་ཚངས་པའི་འཇིག་རྟེན་ན།།མེས་པོ་རྣ་བ་བརྒྱད་པའི་རོལ་མོ་བྱེད།།༽ཞེས་མོའུ་ནི་ཚ་སྡུག་སྐྱོབ་པའི་སྤྲིན་དང་སུས་ཀྱང་ནོན་མ་ཐུབ་པའི་ལྷ་ཆེན་ཚངས་པ་ལྟ་བུར་བསྟོད་བསྔགས་མཛད་ཀྱང་། སྐབས་དེ་དུས་ནི་སྲིད་ཀྱི་ཁ་ལོ་བས་སངས་རྒྱས་ཀྱི་བསྟན་པ་དང་བོད་ཀྱི་ཚེ་སྲོག་ལ་གནོད་འཚེ་ཏིལ་ཙམ་ཡང་མི་རྩོམ་པའི་ཁས་ལེན་བྱས་པ་དང་ཚིག་རྗེས་དོན་གྱི་གཏིང་གནོན་དུ་དགོན་པ་ཉམས་གསོ་དང་གྲྭ་བའི་མཚོ་རྐྱེན་གང་མང་ཞིག་རོགས་རམ་སྟར་བཞིན་པའི་སྒང་ཡིན་སྟབས། དགེ་བཤེས་རིན་པོ་ཆེས། ༼མོ་ཙེ་ཏུང་གི་དགོངས་དབྱིངས་ནམ་མཁའི་མཐོངས།།སྤྱི་ཚོགས་གཞན་ཕན་བདུད་རྩིའི་རྒྱ་མཚོ་ཆེ།།སྲས་གཙང་སྲས་ཀྱི་ལུང་རྟོགས་ཉི་ཟླའི་འོད།།འཛིན་མའི་ཁྱོན་ན་དགེ་བར་ཁོ་བས་འཁུམས།།༽
ཞེས་གསུངས་པ་ནི། སྐབས་དེ་དུས་ཀྱི་གནས་སྟངས་ནི་ཛ་དྲག་དང་ཆོས་སྲིད་ཀྱི་འབྲེལ་བ་ནི་གལ་ཆེ་བར་བསམ་ཡོད་པ་གསལ་བོ་རེད། མོའུ་ཡི་མགོ་སྐོར་འོག་ཚུད་ཡོད་མེད་ལོ་རྒྱུས་གང་ན་ཡང་མེད་ལ་དོན་དངོས་ཐོག་བྱེད་སྟངས་དེ་ཚོ་ལ་བསྔགས་བརྗོད་གནང་བ་ནི་ད་ལྟ་བསམ་ན་གད་མོ་ཤོར་དགོས་པ་ལྟ་བུར་འདུག་མོད། སྐབས་དེའི་གནས་སྟངས་སུ་གང་གིས་བློ་ཡུལ་དུ་མི་ཤོང་བ་ཞིག་རེད། བོད་གངས་ཅན་ཆོས་ལྡན་གྱི་ཞིང་འདིར་ཕྱོགས་གང་ས་ནས་ལྷ་མེད་རིང་ལུགས་པས་ལྷ་ཡོད་རིང་ལུགས་པར་རྒོལ་བའི་དཔུང་ངར་ཤུགས་ཆེར་དར་བའི་སྐབས་ཡིན་པ་ཡང་ཁོང་གིས་མཁྱེན་ཡོད་པ་རེད། ཕྱོགས་གཅིག་ནས་གུང་དམག་གི་དབང་ཆ་གཅིག་སྡུད་ཀྱི་འདོད་བློ་མེ་ལྟར་འབར་བ། མི་གསོད་ཁྲག་སྦྱོར་གྱི་ཆགས་འཇིག་ཡ་ང་བའི་གནས་སྟངས་དེ་འདྲའི་འོག་ལ་སངས་རྒྱས་ཀྱི་བསྟན་པ་ཉེན་ཁའི་མཚམས་སུ་བསླེབས་དུས་དེའི་རྒྱུ་རྐྱེན་གང་མང་ཞིག་ལ་ཐུག་ཡོད་པ་ཁོང་གིས་བྲིས་པའི་རྩོམ་ཡིག་དེ་ཚོ་བཀླགས་ན་ཝ་ལེར་འཆར་ཐུབ། བཀའ་རྩོམ་ལས། ༼རང་གི་ཆོས་ལུགས་རྩ་ལྟར་འདོར་བའི་བློ།།རང་གཤེད་གཟུགས་མེད་མི་དགེའི་མགོ་དགུ་པ།།རང་སྐྱོང་ཞིབ་མོའི་རིག་པས་གཟིར་བའི་མུར།།རང་དང་གུང་ཁྲན་རྡོ་རྗེ་སྤུན་དུ་བསྡེབས།།ཞེས་པ་འདི་ལྷ་སའི་སྐུ་དྲག་ཚོ་ལ་གནང་བ་མིན་ནམ་བསམ་སོང་། དགེ་བཤེས་ཚང་ཞི་བའི་དོན་ཚན་བཅུ་བདུན་ལ་ས་རྟགས་འགོད་མཁན་གྲས་སུ་ཚུད་མི་འདུག །ཞི་བའི་འཆིང་གྲོལ་དོན་ཚན་བཅུ་བདུན་ལ་མོས་མཐུན་ས་རྟགས་འགོད་མཁན་བོད་ཀྱི་སྐུ་ཚབ་ང་ཕོད་ཀྱིས་དབུ་ཁྲིད་པའི་ཚོགས་ཤིག་ནན་ཅིན་གྲོང་ཁྱེར་དུ་འབྱོར་སྐབས། གསོལ་ཚིགས་ཤིག་གི་སྐབས་དགེ་བཤེས་ལགས་ཀྱིས་སྐུ་ཚབ་ཚོ་ལ་ཁ་བརྡུང་དྲག་པོ་བཏང་སོང་ཞེས་འབའ་བ་ཕུན་ཚོགས་ཀྱི་ལོ་རྒྱུས་སུ་བཀོད་འདུག ། ཁ་བརྡུང་དགོས་དོན་ཞེ་འཁོན་ཡིན་ས་རེད་ཅེས་ཕུན་ཚོགས་ཀྱིས་བཤད་མོད། དེ་འདྲས་བྱབ་ཆུང་ཞིག་ཨེ་བསམ། གང་ལྟར་དུས་རབས་ཀྱི་རྦ་རླབས་གཡོ་བ་མེད་པའི་བོད་སྤྱི་ཡོངས་ཀྱི་ལས་དབང་ཞིག་ལ་ཐུག་པ་ལས་རྒྱ་མི་བོད་ལ་ཡོང་འདོད་མེད་ན་མི་རེ་གཉིས་ཀྱིས་གདན་འདེན་ཞུས་ཀྱང་ག་བར་ཡོང་བར་ཡོང་གི་རེད། གནས་སྟངས་དེ་འདྲའི་འོག་མ་འོངས་པའི་བྱ་བ་ཐིག་ཚོད་དཀའ་བས། གོ་སྐབས་དེར་ག་ལེར་ཁ་བཤད་དང་ལག་ལེན་མི་མཚུངས་པའི་སྲིད་དོན་པའི་སྡེར་མོ་ཤ་གསེང་ནས་ཐོན་པ་ལྟར་བོད་ཀྱི་རིག་གཞུང་དང་བཅས་པ་རྩ་སྟོར་གཏོང་འཆར་གྱི་ཚོགས་ཆེན་ཞིག་གི་སྟེང་དུ་དགེ་བཤེས་རིན་པོ་ཆེས་མངོན་སུམ་འཛེམས་མེད་ཀྱིས་མོའུ་ལ་སྐྱོན་བརྗོད་དང་ཁ་བརྡུང་དྲག་པོ་བཏང་། གནས་ཚུལ་འདི་དག་གསུང་བསྒྱུར་པ་འཇམ་དཔལ་རྒྱ་མཚོས་བྲིས་པའི་སློབ་དཔོན་ཆེན་པོ་པཎ་ཆེན་རིན་པོ་ཆེ་ཞེས་པའི་ལོ་རྒྱུས་ན་གསལ་བོ་རེད། མོའུ་ལ་མཛུབ་མོ་བཙུགས་ནས་ཁ་བརྡུང་གཏོང་ནུས་མཁན་དགེ་བཤེས་ཤེས་རྒྱམ་ཁོང་ནི་ཇོ་བོ་བཀའ་གདམས་པས།
དགེ་བའི་བཤེས་གཉེན་གྱི་མཆོག་མཚང་ལ་རྒོལ་བ་ཡིན།
བཙུན་པའི་མཆོག་སེམས་རྒྱུད་ཐུལ་བ་ཡིན།
གདམས་ངག་གི་མཆོག་རྟག་ཏུ་རང་སེམས་ལ་བལྟ་བ་ཡིན། ཞེས་པའི་དོན་ཚང་འདུག་པར་བརྟེན་དགེ་བཤེས་ཤེར་རྒྱམ་ལ་ལྷ་སའི་སྐུ་དྲག་དང་མོའུ་གཉིས་ཀས་མནར་གཅོད་ཕོག་པ་རེད། ཁོང་གི་སློབ་མ་མཁས་དབང་དགེ་འདུན་ཆོས་འཕེལ་ཚང་ལ་ཡང་དེ་དེ་བཞིན་དུ་བཀའ་གདམས་པའི་དོན་དེ་ཚང་བར་འདུག་པས་ཀ་ཤོད་པ་སོགས་སྐུ་དྲག་རྣམས་ཀྱིས་མནར་གཅོད་ཕོག་པ་རེད། རྒྱ་མིའི་སོ་པའི་ཉེས་མིང་བཏགས་པ་རེད། བདེན་མི་བདེན་དཔྱད་པར་འཚལ།
འོ་དགེ་བཤེས་རིན་པོ་ཆེ་༧གོང་ས་མཆོག་པེ་ཅིན་དུ་ཕེབས་སྐབས་དགེ་བཤེས་རིན་པོ་ཆེས་མཇལ་ཁར་བཅར་ཡོད་མེད་སྐོར་གསལ་བོ་ཞིག་དྲན་གྱིན་མི་འདུག དེའི་སྐོར་གསལ་ཀ་འདྲ་ཡོད་ན་གསུངས་རོགས།
རིགས་པ་སྨྲ་བ་འདྲེ་ནག་མགོ་དགུ་པ་ལགས། བྱེད་ཐ་མི་དད་པ་དང་བྱ་བྱེད་ཐ་དད་པ་དངོས་པོ་ཀུན་ལ་རྒྱུག་ཆེ་བས། ང་འགྲོ་ཞེས་པ་ལྟ་བུ་བྱེད་པ་པོ་དང་བྱ་བའི་ཡུལ་སོ་སོ་ནས་ངོས་འཛིན་རྒྱུ་ཡོད་པ་རེད་དམ། སྐུ་ཉིད་ལ་དྲི་བ་ཕུལ་བ་ལགས།
དགོངས་དག། བྱ་བྱེད་ཐ་མི་དད་པ་དང་བྱ་བྱེད་ཐ་དད་པ་དངོས་པོ་ཀུན་ལ་རྒྱུག་ཆེ་བས།
ད་འདི་ཚང་མས་ཉོག་བཤད་རྐྱང་རྐྱང་རྒྱག་གི་འདུག
གོང་གི་མི་དེ་ལ།
སྟོང་པ་ལ་སྟོང་བ་ཟེར་བ་ལས་སྟོང་མ་ཟེར་གི་མ་རེད།
གོང་མ་ཟེར་བ་ལས་གོང་བ་མི་ཟེར་བ་གཞིན་ནོ།།
དང་བ་ལ་དང་བ་འབྲི་ནའང་སྟོང་བ་ལ་སྟོང་པ་དང་རྒྱལ་བ་ལ་རྒྱལ་བ་འབྲི་ནའང་རྒྱལ་བོ་ལ་རྒྱལ་པོ་སོགས་འབྲི་བ་ནི་སྔོན་གྱི་མཁས་པས་ལོ་ཙཱ་བའི་ཡུལ་སྐད་ཀྱི་དབང་དུ་ཤོར་བའོ་ཞེས་པ་ལྟར་དབུས་གཙང་གི་ཡུལ་སྐད་ཀྱི་དབང་དུ་ཤོར་བའོ།།
དབུས་གཙང་བའི་ཁ་ལ་པ་ཞིག་དང་ན་རོ་ཞིག་རང་བཞིན་འབྱར་ནས་ཡོང་བ་དེང་སང་ཡང་ཧ་ཅང་མངོན་སུམ་ཡིན་པ་སྟེ། ཨ་མདོ་རྔ་བ་ལ་རྔ་པ་དང་རོང་བོ་དགོན་ཆེན་ལ་རོང་པོ་ཟེར་བ་ལྟ་བུས་རྒྱུ་མཚན་ཅི་ཡང་མེད་པར་ཡུལ་སྐད་ཀྱི་ཤན་ཞུགས་ཀྱིན་པ་ཧ་ཅང་གསལ་ལོ།།
མཁྱེན་སྤྱན་ཡངས་པ་མིག་བརྒྱད་པ་ལགས་དང་སེར་བྱེས་ངག་སྟོབས་ལགས་རྣམ་གཉིས་ལཕྲན་གྱི་བསམ་ཚུལ་
ཞུ་རྒྱུར། འགྲོ་ལྟ་བུའི་ལས་ཚིག་འདི་རིགས་ལ་དངུལ་ཆུ་བའི་དཀའ་མེར། བདག་དོན་ཕལ་བ་ཡིན་པར་གསུངས་ལ། འོན་ཀྱང་བདག་དོན་ཕལ་བ་ཡིན་ན་དངོས་པོ་བདག་དངོས་ཡིན་དགོས་པས། ཁོང་གི་དགོངས་པ་
གཞིར་བཞག་ན་འགྲོ་བ་བོ་དང་འགྲོ་བར་བྱེད་ལྟ་བུ་བདག་དོན་བཏགས་པ་བའི་དོན་ཡིན་ནམ་སྙམ་སྟེ།
དངོས་པོ་བདག་དངོས་ཡིན་ན་དེའི་ཁ་གཏད་དུ་དེ་དང་ངོ་བོ་ཐ་དད་པའི་དངོས་པོ་གཞན་ཡོད་དགོས་པ་ནི་
བདག་གཞན་གཉིས་བར་གྱི་རྟེན་འབྲེལ་གྱི་རིགས་པས་གྲུབ་པ་ཡིན། དེས་ན་ཕྲན་གྱིས་་འགྲོ་ཞེས་པའི་ལས་
ཚིག་འདི་ལྟ་བུ་ལ་རྣམ་དཔྱེ་གསུམ་པ་དངོས་མི་ཐོབ་པས་དངོས་པོ་བདག་གཞན་གྱི་དབྱེ་བ་མེད་པར་འདོད།
ངག་སྟོབས་ལགས་ནས་བཀོད་པའི་པྲ་ཏི་རིན་པོ་ཆེའི་གསུང་སྔ་ཕྱི་གཉིས་ལས་རང་ལུགས་ནི་སྔ་མ་ཉིད་ཡིན་
པར་དབྱངས་ཅན་དགའ་བློའི་འགྲེལ་བ་དང་། དམུ་དགེ་བསམ་གཏན་རིན་པོ་ཆེའི་བརྡ་སྤྲོད་འགྲེལ་བ་རྣམས་དུ་གསལ་ལ། ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི་ཁྲིད་རྒྱུན་དུ་ཡང་སྔ་མ་ཁོ་ན་རང་ལུགས་སུ་མཛད་དོ། །
འོན་ཀྱང་འདི་སྐོར་ལ་ཐོན་མིའི་ཞལ་ལུང་ལྟར་སི་ཏུའི་འགྲེལ་ཆེན་ལ་རྒྱུ་མཚན་ཆེ་བར་མཐོང་སྟེ་རེ་ཞིག་
གཞག་པར་བྱའོ། །
་
བ་པོ་དང། མ་མོ་བདག་སྒྲར་བཙན་བཀོལ་མི་དགོས་ཏེ།
ཨང་དང་པོ།གཉིས་པ། གསུམ་པ། བཞི་པ། དགུ་པ། བཅུ་པ། གཟུགས་སྟོང་པ་ཉིད། རྒྱལ་པོ། རྔ་པའི་ཡུལ་གྱི་མི་ལྔ་པ། མཐོ་སའི་འབྲོག་པ་དང་དམའ་སི་རོང་པ། རྟ་པ། གྲྭ་པ། ཇ་པ། ཆང་པ། ལོ་ཙ་པ། བྱེད་པ་པོ། མདོ་སྒྱུར་པ་པོ། བྱང་པ། ཤར་པ། ལྷ་ས་པ། གཞིས་ཀ་རྩེ་པ། བོད་པ། རྒྱ་གར་པ། རྒྱ་ནག་པ། ཉི་ཧོང་པ། ཨ་རི་པ། ཡུ་རོབ་པ། སོགས་ནི་དག་པའོ། །
བདག་སྒྲ་ཡར་འགྱུར་བ་དང་ནི། །གསུང་མཁན་དང་། རང་མིང་ཚེ་བརྟན་ལ་ཚེ་ཏན་འབྲི་མཁན་སོགས་ལུགས་ནི། སློབ་དཔོན་ཐོན་མིའི་སུམ་རྟགས་དང་མི་མཐུན་པར་འབྲི་སྲོལ་གསར་པ་དག་དགག་པར་བྱ་བའི་གནས་སུ་མཐོང་ངོ་། །
ཡང་། ཅན་དང་ལྡན། བདག་སྒྲར་བཞག་ནས་གསེར་ཅན་། སེམས་ལྡན་ཞེ་བཀོད་ན་ཡང་མི་འཐད་དེ། གསེར་ཅན་ནི་སེམས་མེད་བེན་པོ་ཡང་འཇུག་པ་ཡོད་པས། གསེར་ཅན་པ། སེམས་ལྡན་པ་ཞེས་འབྲི་དགོད་པ་དང་།
དེང་སང་ཡར་ཐོན་སྤྱི་སྐད་དུ་ལྟ་བཔོ་ལ་ལྟ་མཁན་དང་། ཟེར་མཁན། ལབ་མཁན་། ཤོད་མཁན། འབྲི་མཁན། མཐོང་མཁན། སྦྱོང་མཁན། མོ་ཊ་གཏོང་མཁན་། དམག་རྒྱག་མཁན། ཆོས་ཤོད་མཁན་དང་སྡོད་མཁན་སོགས་ནི་ཐོན་མི་བདག་སྒྲ་པ་དང་པོ་གཉིས་ཀའི་ཚབ་ཏུ་དེང་དུས་སུ་བཀོལ་ན་མི་རིགས་པ་མེད་དོ། །བོད་རིགས་སྤྱི་སྐད་རྒྱལ་འགྱུར་ཅིག །
འོ་རེད་་་་་དེང་གི་སུམ་རྟགས་གསར་པ་ཞིག་བཟོ་ཐུབ་ན་ཡག་པོ་འདུག །དཔེར་ན་་་་་ཤ་བག་ལེབ། ཟེར་ཡག་བཅོས་ནས་
ཤ་ཝ་ལེབ་དང་། བོད་ཀྱི་བུ་མོ་དེ་བཅོས་ནས་་་་་ཝ་ཀྱི་ཝ་མོ་་་་་ཟེར་དགོས་ཡག་ཀྱི་བཟོ་རོགས་གནོང་།
རང་དབང་ཨ་རྡུ་མན། ཧ་ཧ། དགོད་བྲོ་བ་རང་རེད། དེ་འདྲ་ཨེ་ཡིན།
སུམ་རྟགས་གསར་པ་ནི་མི་ཤེས་ཀྱང་འབྲི་སྟངས་གསར་ཡོང་དགོས།
དཔེར་ན། ཡིག་སྐད་དུ་འབོད་བྱ་དང་། བཤད་བྱ། དེ་ཁ་ནས་མིང་གཞི་བ་བཞག་ནས་འབོད་ཡ་དང་བཤད་ཡ་ཞེས་ཡ་བཏགས་ཀྱི་ཡ་ཙམ་བེ་སྤྱད་ནས་ཁུངས་དང་ལྡན་པའི་སྒོ་གསར་ཐོན་བྱུང་བ་དེ་ཚོའི་རིགས་ཁས་བླངས་ན་ཕན་ཐོགས་ཆེ།
འོནད་ཀྱང་། བོད་ཀྱི་བུ་མོ་དེ། ཝོད་ཀྱི་ཝུ་མོ་ཞེས་ཨམ་སྐད་དག་པ་ཅིག་ཡོང་ཆེད་དུ་བྲིས་ན་སྔར་ལ་དྭགས་སུ། མེ་ལོང་ཞེས་པ་ལ་དྭགས་པའི་ཁ་སྐད་དུ་བྲིས་པའི་ཚགས་སྤར་ཁུང་མ་འཁྱོལ་ནས་ད་ལྟ་དེ་མེད་པར་ཆགས་པ་དེ་དང་མཚུངས་པ་ཞིག་འོང་བར་ངེས་སྙམ།་
ཡིག་སྐད་དུ། གཅོད་བྱེད་གྲི་དང་། གཅད་བྱའི་ཤིང་དེ། ཁ་སྐད་དུ། གཅོད་ཡེ་གྲི་དང་། གཅད་ཡ་ཤིང་། ཞེས་བྱེད་པ་པོ་ལ་ཨི་ལྡན་དང་། བྱ་བའི་ཡུལ་ལ་་ཨ་དབྱངས་ཅན་དུ་འབྲི་དགོས་པ་དང་ཀུན་གྱི་གཅིག་མཚུངས་ལབ་ན་ཁུངས་ལྡན་དུ་འགྱུར་རོ། །
སྐད་ཡིག་མང་བོ་ཞིག་ལ་ཁ་སྐད་དང་ཡིག་སྐད་གཉིས་ཀྱི་བར་ལ་སྟབས་བདེ་ལོད་ཀྱི་ཁྱད་པར་ཡོད་པ་རེད།
ཁ་སྐད་ནི་བྱིས་པའི་གནས་སྐབས་ནས་ཕ་མ་སོགས་ལ་ལད་ཟློས་བྱས་ཏེ་བྱུང་བ་དང་། བྱིས་པ་ནང་ཕན་ཚུན་ལ་
ཡང་སྟབས་བདེའི་རང་བཞིན་གྱིས་སྐད་ཆ་ཤོད་རེས་བྱེད་པ་དང་། ཕ་མ་སོགས་ལ་ཡང་ཤེས་ཡོན་ངེས་ཅན་
ཞིག་མེད་པའི་དབང་གིས་སྐད་ཀྱི་ཆོས་ཉིད་ལ་བརྟག་དཔྱད་མེད་པར་ཕ་རོལ་པོས་གོ་ཐུབ་པ་ཙམ་གཙོ་བོར་
དམིགས་པས་སྟབས་བདེའི་རང་བཞིན་ཅན་ཞིག་བྱུང་བ་ཡིན་ལ། ཡིག་སྐད་ནི་ཐོག་མར་མི་རིགས་དེའི་སྐད་
ཀྱི་ཆོས་ཉིད་ལ་ཞིབ་འཇུག་གིས་ལེགས་པར་གཏན་ལ་ཕབ་ཅིང་། ཕྱིས་སུ་དགོས་པ་ཆེན་པོ་ཞིག་མེད་པར་གང་
བྱུང་དུ་སྒྱུར་བཅོས་གཏོང་མི་རུང་བརྟེན་འགྱུར་བ་ལ་ཚད་བཀག་ཅིག་བཟོས་ཡོད་པ་རེད། དེར་བརྟེན་ཁ་སྐད་
ནང་ལ་དབུས་པས་ཡ་བཏགས་གཅིག་པུ་འབོད་པ་དཔེར་ན་བྱ་་ལ་ཡ་དང་བྱེད་་ལ་ཡེ་ལྟ་བུ་འབོད་ཅིང་།ཡང་
མཚམས་རེར་སྤྲེལུ་ལ་སྤེའུ་དང་ཕྱིན་པ་ལ་ཕིན་པ་དང་། ཕྱི་དྲོ་ལ་ཕི་དྲོ་ཟརེ་བ་ལྟ་བུ་ཤིན་ཏུ་མང་། ཨ་མདོ་བའི་ཡུལ་སྐད་འགའ་ཞིག་གི་ནང་ལ་་སྤྲུལ་ལ་རུལ་་ལྟ་བུ་རེད། གཞན་ཡང་ཨ་མདོ་བའི་དབྱངས་བཞི་འི་ཀློག་
སྟངས་ནི་གི་གུ་དང་ཞབས་ཀྱུ་གཉིས་ཀྱི་གདངས་ལ་ཁྱད་པར་མེད་པ་སོགས་སྐྱོན་མང་བོ་ཡོདཔ་་དག་ཤེས་དགོས་པ་ཡིན།
ང་ནོར་མེད་ན་མིག་བརྒྱད་པ་ལགས་ཀྱིས། སི་ཏུས་སུམ་རྟགས་ལ་དངོས་བསྟན་དང་ཤུགས་བསྟན་གཉིས་ཡོད་པར་མི་བཞེད་ཚུལ་གསུངས་འདུག། ཤུགས་བསྟན་མི་བཞེད་ན་སླར་བསྡུའི་ཕྲད་བཅུ་གཅིག་མི་བཞེད་ཅེས་འདོད་དགོས་པར་མི་འགྱུར་རམ། འོན་ཀྱང་དེ་ལས་ལྡོག་སྟེ་སླར་བསྡུའི་ཕྲད་ཏོ་དང་། ལ་དོན་གྱི་ཕྲད་ཏུ། ལྷག་བཅས་ཀྱི་ཕྲད་ཏེ་རྣམས་ཤུགས་ཀྱིས་བསྟན་པ་ཡིན་པར་མུ་ཏིག་ཕྲེང་མཛེས་སུ་དངོས་སུ་གསལ་པོར་གསུངས་འདུག་ལ་དངོས་བསྟན་དང་ཤུགས་བསྟན་གྱི་ཁྱད་པར་ཡང་རྗེས་འཇུག་གི་ཡི་གེའི་སྒྲ་གཙོ་བོར་གྱུར་པ་རྣམས་དངོས་སུ་བསྟན་ཞིང་དེ་ལས་ལྡོག་སྟེ་མིང་གཞིའི་ཡི་གེའི་སྒྲ་གཙོ་བོར་གྱུར་པ་བདག་སྒྲ་འབའ་ཞིག་མ་གཏོགས་ཤུགས་ཀྱིས་བསྟན་པ་ཡིན་པར་གསུངས་འདུག་སྙམ།
འདྲེ་ནག་མགོ་དགུ་པ་ལགས། དུས་རབས་ཀྱི་ཉག་ཕྲ་བ་དེར་དགེ་བཤེས་ཤེར་རྒྱམ་དང་མཁས་དབང་དུང་དཀར། མཁས་དབང་གསུང་རབ་རྒྱ་མཚོ། མཁས་དབང་དམུ་དགེ་བསམ་གཏན། མཁས་དབང་ཚེ་རྟན་ཞབས་དྲུང་སོགས་ཀྱིས་དཀའ་བ་ཁྱད་དུ་བསད་ནས་ལོ་རྒྱུས་རང་བཞིན་གྱི་བོད་ཀྱི་བརྡ་སྤྲོད་རིག་གནས་ལ་ཚེ་སྲོག་གསར་བ་ཞིག་བསྐྲུན་གནང་མཛད་པར་བརྟེན་ནས་བོད་ཕྱི་རབས་པའི་རིག་གནས་ཀྱི་ཤེས་ཡོན་པ་མང་པོ་ཞིག་སྐྱེད་སྲིང་ཐུབ་པ་བྱུང་ཡོད་པ་རེད། འདི་ང་ཚོས་ཤེས་དགོས་པའི་གནད་གཅིག་རེད། ང་དགུ་ལོའི་སྔོན་ཙམ་ལ་སེ་འབྲས་དགའ་གསུམ་སོགས་ནས་མདོ་སྟོད་སྨད་ཀྱི་མཁས་དབང་མང་པོ་བྱུང་ཡོད་ཅིང་དགེ་བཤེས་ལྷ་རམས་པའི་མཚན་རྟགས་སྤྲོད་པ་སོགས་ལྷ་སའི་བོད་གཞུང་དང་འབྲེལ་བ་ཏན་ཏན་ཡོད་ཀྱང་ཆབ་སྲིད་ཀྱི་ཐད་ནས་བོད་ཆོལ་ཁ་གསུམ་ལ་གཅིག་གྱུར་བྱུང་མེད་པར་བརྟེན་དེའི་ཐད་ཁོང་ཚོ་ལ་དབུ་ཚེགས་ཤིག་ཏན་ཏན་བྱུང་ཡོད་ངེས་རེད། ཐོག་མར་ཅང་ཅེ་ཧྲིས་རྒྱ་ནག་ལ་ཕེབས་ན་དགོས་དོན་ཆེ་བའི་ཞུ་ཡིག་ཞིག་རྒྱ་གཞུང་སྐུ་ཚབ་ཅང་ཚན་ཡེ་བརྒྱུད་ནས་འབྱོར་བ་དེ་བོད་གཞུང་དགའ་ལྡན་ཕོ་བྲང་གིས་མ་ཤེས་པ་ཡིན་སྲིད་ཀྱི་མ་རེད། པེ་ཅིན་དུ་གོང་ས་མཆོག་དང་མཇལ་ཕྲད་གནང་པའི་དུས་ཚོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚུགས་ནས་ལོ་ལྔ་ཙམ་སོང་བ་ན། རྒྱལ་དབང་ཐམས་ཅད་མཁྱེན་པ་དང་པཎ་ཆེན་རིན་པོ་ཆེ་སོགས་བོད་ཀྱི་བླ་དཔོན་ཆེ་རིགས་ཡོད་རྒུ་པེ་ཅིན་དུ་འཛོམས་པའི་སྐབས། དགེ་བཤེས་དགུང་ལོ་དོན་གཅིག་གི་ཚེ་གོང་ས་མཆོག་ལ་མཇལ་བཅར་དུ་ཕེབས་ནས། གོང་ས་མཆོག་གི་མདུན་ནས་དུས་ཚོད་གཉིས་ཙམ་ལ་ལྷན་བཞུགས་གནང་། དགུང་ལོ་གཞོན་པ་གོང་ས་མཆོག་གིས་ཕྱག་འཚལ་དུ་མི་འཇུག་པ་སོགས་ཁེངས་སྐྱུང་གིས་ཕྱག་འོས་མིན་པ་ལྟ་བུར་མཛད་ཅིང་། དགེ་བཤེས་ལགས་ཀྱིས་བདག་སྔོན་ལྷ་སར་ཡོད་སྐབས་ས་སྟང་གི་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྡོམ་བརྩོན་ཆོས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་ཐུབ་བསྟན་རྒྱ་མཚོའི་ཕོ་བྲང་ནོར་བུ་གླིང་གར་ལོ་བཅུ་གསུམ་ཙམ་ལ་དཀྱིལ་འཁོར་གཅིག་གི་ལྷ་ཚོགས་ལྟར་མཉམ་བཞུགས་ཀྱི་སྒོ་ནས་ཅི་གསུང་བཀའ་བཞིན་ལྷག་བསམ་ཟོལ་མེད་ཀྱིས་ཡང་དག་པར་བསྒྲུབས་ཡོད་ཅེས་ཞུས་བར། གོང་ས་མཆོག་ཐུགས་དགྱེས་ཉམས་ཆེན་པོས་རྗེས་འཛིན་མི་ཉམས་པའི་གསུང་གི་མེ་ཏོག་ཡང་ཡང་འཐོར་བ་སོགས་སྔོན་གནས་རྗེས་དྲན་གྱི་ཚུལ་དུ་ཐུགས་བརྩེ་བ་ཆེན་པོས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཞལ་གསུང་བདུད་རྩིའི་རང་བཞིན་ཡིད་ཆེས་ཡང་དག་འགྱུར་མེད་ཀྱི་དད་པའི་རྒྱུ་མཚན་ཅན་གྱི་ཞལ་གསུང་མང་དུ་གནང་། ཐམས་ཅད་མཁྱེན་པ་ཕྱིར་ཕེབས་སྐབས་པེ་ཅིན་མེ་འཁོར་ས་ཚིགས་སུ་དགེ་བཤེས་རིན་པོ་ཆེས་ཕེབས་སྐྱེལ་ཞུས་ཏེ་མཇལ་དར་ཞིག་ཕུལ་བ་ན། རྒྱལ་བས་དབུ་ཞྭ་བསིལ་ནས་མཇལ་དར་ཕྱག་གིས་བཞེས་ནས་བཀྲ་ཤིས་བདེ་ལེགས་ཀྱི་ཞལ་གཡང་མཛད། ཅེས་ཁོང་གི་སྐུ་མདུན་པ་ལྷ་རམས་པ་སྐལ་བཟང་རྒྱ་མཚོས་བྲིས་པའི་ལོ་རྒྱུས་སུ་གསལ་ལོ། །
མར་ཡུལ་ཟེར་བ་ནི་མང་ཡུལ་ལ་གོ་བ་ཡིན། འདི་ནི་དེང་སང་སྟོད་མངའ་རིས་སྐོར་གསུམ་གྱི་ནང་ཚན་རྫོང་དགའ་དང་སྐྱིད་རོང་ཁུལ་ལ་གོ་གིན་ཡོད། སྟོད་མངའ་རིས་སྐོར་གསུམ་འདྲེན་པ་ན། མང་ཡུལ་མཚོ་ཡིས་སྐོར། སྤུ་ཧྲེངས་གངས་ཀྱིས་སྐོར། གུ་གེ་གཡའ་ཡིས་སྐོར་ཟེར་བ་རེད།
དཀའ་གནད་གསལ་མེར། དེས་ན་དུས་གསུམ་དུ་དབྱེ་བ། །བདག་གཞན་དབྱེ་བས་མ་ཁྱབ་པ། །བསྡུ་བའི་དོན་དུ་ཤེས་དགོས་པར། །གསུངས་ཀྱང་སྔོན་འཇུག་འ་ཡིག་སྐབས། །བྱེད་ལས་ཙམ་དང་འབྲེལ་བ་ཡི། །དངོས་པོ་བདག་ལའང་འཇུག་པ་མཐོང་། །ཟེར་བ་དེ་གོ་ཐུབ་མ་སོང་། སུ་ལ་ཁོམས་པ་བྱུང་ཡང་དེའི་སྐོར་གྱི་འགྲེལ་བཤད་ཅིག་སྐྱབས་འཇུག་ཞུ།
ནོར་བཅོས།
༡ མངའ་རིས་སྐོར་གསུམ་དང་བསྐོར་གསུམ་ལ་ཁྱད་པར་ཡོད་པ་རེད། དང་པོ་དེ་ཁ་སྐད་ལྟར་གོ་བདེར་བཤད་ན་སྐོར་ཁག་དང་སྐོར་མགོ་གསུམ་གྱི་དོན་ཡིན་པས་མངའ་རིས་སྐོར་གསུམ་གྲངས་འདྲེན་བྱེད་སྐབས་དང་པོ་ལྟར་འབྲི། འདིའི་སྐབས་ཀྱི་སྐོར་ནི་བྱ་ཚིག་མིན་པ་རེད།
བསྐོར་ནི་བྱ་ཚིག་ཡིན་པ་དང་མཐའ་ནས་བསྐོར་པའི་དོན་ནོ། མང་ཡུལ་མཚོ་ཡིས་བསྐོར། པུ་ཧྲེངས་གངས་ཀྱིས་བསྐོར། གུ་གེ་གཡའ་ཡིས་བསྐོར་ཅེས་འབྲི་དགོས་པ་རེད།
༢ དགེ་བསྙེན་རྡོ་རྗེའི་མཆན༢༨ལྟར། ལོ་ཙ་པ་ཟེར་བའི་འབྲི་རྒྱུན་གསར་པ་འདི་ནོར་བ་འདྲ། ད་སྔ་བར་འདི་ལྟར་འབྲི་མཁན་གྱི་མཁས་པ་སུ་གཅིག་ཀྱང་བྱུང་མི་འདུག དགེ་ཆོས་ཀྱི་དེབ་ནང་སྔ་ཕྱིར་ལོ་ཙྰ་བའི་མིང་ཐེངས་འགའ་ཡར་སླེབས་འདུག་པ་ཚང་མར་ལོ་ཙྰ་བ་ཞེས་བྲིས་འདུག ལོ་ཙ་ཞེས་སྲོག་མེད་བྲིས་པ་ཐེངས་གཅིག་མ་གཏོགས་མཐོང་མ་སོང་ན་གཅིག་པོ་དེ་ཡིག་ནོར་ཡིན་པ་འདྲ། སྔོན་བྱོན་གྱི་མཁས་དབང་ཚང་མ་ཞལ་གཅིག་མཐུན་དུ་ལོ་ཙྰ་བ་ཞེས་བྲིས་འདུག་ན་འདི་ཁོ་ན་དག་པར་སེམས། བཀའ་ཆེམས་ཀ་ཁོལ་མ། སྦ་བཞེད་དང་དབའ་བཞེད་སོགས་དཔེ་རྙིང་རེ་འགར་ལོ་ཙྪ་བ་ཞེས་བྲིས་པ་དེ་འདྲ་འདུག མིང་མཐའ་ཡང་ཚང་མ་གཅིག་མཐུན་གྱིས་བ་བྲིས་ཡོད་པ་ལས་པ་བྲིས་མི་འདུག ཀ་ཁོལ་མར་ཐེངས་གཅིག་ལ་ལོ་ཙྪ་པ་ཞེས་མིང་མཐའ་པ་བྲིས་འདུག
༣ ཨ་མདོ་བས་བོད་ཀྱི་བུ་མོ་ཟེར་ནས་བོད་སྐད་དག་མ་ཞིག་འབྲི་ནའང་། བོད་ཀྱི་བུ་མོ་ཟེར་ནས་འབྲི་གི་རེད། ཝོད་ཀྱི་ཝུ་མོ་ཟེར་ནས་བྲིས་ན་རྦད་དེ་མ་དག་པ་དང་སྒྲ་ལོགས་སུ་རེད། བོད་དེ་ཀློག་ནའང་wod རེད་ལ་བྲིས་ནའང་wodརེད།
འདིར་མར་ཡུལ་དང་མང་ཡུལ་གཅིག་པར་ངོས་འཛིན་ན་མི་འགྲིག མང་ཡུལ་རྫོང་ཁ་ན་ཡོད་པ་བདེན། མང་པོས་ནོར་ནས་མར་ཡུལ་ལ་མང་ཡུལ་བྲིས་པ་མང་། རྒྱ་ནག་ཐོང་ཟན་བླ་མ་སྤྱི་ལོ་བརྒྱ་རབས་དྲུག་པའི་ནང་རྒྱ་གར་དུ་ཡུལ་བསྐོར་མཛད་པ་ན། ཡུལ་ཀུ་ལུ་ལ་བྱོན་སྐབས། འདི་ནས་བྱང་དུ་འགྲོ་ན། མར་པོའི་ཡུལ་དུ་སླེབས། ལམ་ཤིན་ཏུ་རྩུབ་པོ་ཡོད་པ་བྲིས་པ་ཐོས། ཨིན་དེབ་ན་ཡང་དེ་འདྲ་ཞིག་མཆིས་སོ།།
གཞན་ཡང་། མར་ཡུལ་དང་། མང་ཡུལ་སོ་སོ་ཡིན་པ། ཐང་ཐོང་རྒྱལ་པོའི་རྣམ་ཐར་ན་གསལ་བར་བཤད།
མིག་བརྒྱད་པ་ལགས། ཁྱེད་ཀྱིས་གསུངས་པ་དེ་ཤིན་ཏུ་བདེན། སྐབས་དེར་ཁོང་རྣམ་པས་ནོར་འཁྲུལ་དེ་འདྲ་
ཞིག་ཤོར་ཡོང་སྙམ་པ་ཐུགས་དྲན་ཡོད་མ་རེད། དེ་ནི་ཁོང་རྣམ་པས་འཛམ་གླིང་གི་ཆབ་སྲིད་འཕོ་འགྱུར་ལ་
ཐུགས་སྣང་གཏན་ནས་གནང་མེད་པའི་རྟགས་རེད། སྐབས་དེར་གཞན་ལ་དཔེ་ལྟ་དགོས་ཀྱི་མ་རེད། ཨུ་རུ་སུ་གཅིག་པུར་དཔེ་བལྟས་ཀྱང་མཁྱེན་ཐུབ་པ་ཞིག་རེད་ལ། ༧གོང་ས་བཅུ་གསུམ་པ་ཆེན་པོའི་གསུང་ལས་ཀྱང་མཁྱེན་ཐུབ་པ་རེད། དེར་བརྟེན་ཁོང་རྣམ་པས་ཆབ་སྲིད་མི་མཁྱེན་བཞིན་དུ་དེའི་ནང་ཞུགས་ཙ་ན་ནོར་འཁྲུལ་ལྷགས་པ་རེད། དེས་བླ་མ་དགེ་བཤེས་ཚོས་ཆབ་སྲིད་མི་མཁྱེན་བཞིན་དུ་དེའི་ནང་ཞུགས་ཁུལ་གནང་ན་འགྱོད་པ་རྟས་མི་ཟིན་ཟེར་བ་དེ་ཡོང་ངེས་ཡིན་པ་མཁྱེན་དགོས།
གཡུ་འབྲུག་དཀར་བོ་ལགས། ཕྲན་གྱིས་དྲན་ཚོད་ལྟར་བྱས་ན། དུས་གསུམ་དུ་དབྱེ་བ་ནི་བདག་གཞན་གྱི་
དབྱེ་བས་མ་ཁྱབ་པའི་མེ་འབར་དང་ཆུ་འབབ། མཚོ་འཁྱིལ་དང་གདུགས་འཁྱིར་ལྟ་བུ་བྱེད་མེད་ལས་ཚིག་ཏུ་
གྲགས་པ་ལ་སོགས་པ་བསྡུ་བའི་དོན་དུ་ཡིན་པར་གསུངས་ཀྱང་སྟེ། རྗེ་སི་ཏུ་དང་དངུལ་ཆུ་ཆོས་བཟང་གིས་
གསུངས་ཀྱང་། སྡོན་འཇུག་འ་ཡིག་སྐབས་འདིར་བྱེད་ལས་ཙམ་དང་འབྲེལ་བ་སྟེ་མགོ་འཁོར་བ་བོ་དང་འགྲོ་བ་བོ་ལྟ་བུ་རང་གི་ཁ་གཏད་དངོས་པོ་གཞན་མེད་པས་ན། བྱེད་པ་བོ་ལ་ཡོད་པའི་ལས་ཙམ་དང་འབྲེལ་བའི་
དངོས་པོ་བདག་དོན་ཕལ་བ་ལ་འཇུག་པར་མཐོང་ངོ་། །ཞེས་པ་མིན་ནམ་སྙམ་པ་ཞིག་དྲན། འདིའི་བདག་དོན་ཕལ་བ་ནི་དངོས་པོ་བདག་དོན་བཏགས་པ་བ་ལ་བྱས་ན་ཟིན་མཚམས་བདེའོ། །ཐུན་མོང་རིག་གནས་གང་ལ་ཡང་སྣང་ཆུང་མི་བྱ་བར་ཁྲིད་རྒྱུན་འཐོབ་པར་བྱ་རྒྱུ་ནི་ཅི་བས་གལ་ཆེའོ་ཞེས་ཀྱང་ཞར་བྱུང་དུ་ཐལ་ལོ། །
མཁྱེན་ཡངས་གཡུ་འབྲུག་དཀར་པོ་ལགས། མུ་ཏིག་ཕྲེང་མཛེས་ལས། དེའང་གཞུང་འདིའི་དངོས་བསྟན་གྱི་དབང་དུ་བྱས་ན། གོ་ངོ་བོ་མོ་དོ་ནོ་འོ་རོ་ལོ་སོ་སྟེ་བཅུ་པོ་ཉིད་ཡིན་ཞིང་། དྲ་དྲག་མཐར་ཏོ་ཐོབ་པས་བཅུ་གཅིག་ཏུ་འགྱུར་རོ། །ཞེས་དང་། ལྷག་བཅས་ཀྱི་སྐབས་སུ་ཡང་། གཞུང་འདིའི་དངོས་བསྟན་ལ་སྟེ་སྒྲ་གཅིག་བུ་ལས་མི་འབྱུང་ཡང་། ཞེས་པ་ཙམ་ལས་དེ་དང་ཏེ་སོགས་ལ་ཤུགས་བསྟན་གྱི་སྐད་ཆ་མི་འདུག །བརྗོད་བདེ་མི་བདེ་དང་ཡི་གེ་རྣམས་ཀྱི་ཟུར་ཕྱིན་པར་ཀློག་པའི་དབང་དུ་བྱས་ནས་དེ་དང་ཏེ་སོགས་སྦྱོར་དགོས་པར་གསུངས་འདུག །དཔེར་ན། ཤེས་སྟེ་ལྟ་བུ་ཤེསྟེ་ལ་འདྲེས་ཉེན་ཡོད་པ་དང་མི་བདེ་བས་ཤེས་ཏེ་ལྟ་བུ་སྦྱར་བར་གསུང་གི་ཡོད་པ་འདྲ། ཡང་འཇུག་གི་སྐོར་གསལ་ཁ་མེད་པས་སི་ཏུས་ད་ས་གཉིས་ཡང་འཇུག་ཏུ་འདོད་མི་འདོད་དཔྱད་པར་བྱའོ།།
རེད་རེད། འདྲེ་ནག་མགོ་དགུ་པ། རྒྱ་ནག་གིས་བོད་ཀྱི་བླ་ཆེན་ཚང་མ་ལ་ཆབ་སྲིད་པའི་གོ་གནས་རེ་མ་སྤྲད་པ་ཡོད་ས་མ་རེད། བོད་ས་ཡོངས་རྫོགས་ཁྱུར་མིད་བྱེད་པའི་ཆེད་མིན་ན་ཅི་ཟིག་ཡིན།
དེང་སང་མཇལ་རྒྱུ་མ་བྱུང་ཡང་སི་ཏུའི་འགྲེལ་ཆེན་གྱི་ཁྲིད་རྒྱུན་སྙིགས་དུས་ཀྱི་མཧཱ་པཎྚིཏཨ་ལགས་ཚེ་ཏན་
ཞབས་དྲུང་རིན་པོ་ཆེ་ནས་བརྒྱུད་པའི་ཐོག་ནས་ཐོབ་ཅིང་། ཀརྨ་བཀའ་བརྒྱུད་མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོ་ནས་བརྒྱུད་པའི་ཁྲིད་རྒྱུན་ཡང་ཐོབ་ལ། ཁྲིད་རྒྱུན་སྔ་མ་ལ་འགྲེལ་ཆེན་དུ་དོན་གྱིས་ཐོབ་ཚུལ་གསུངས་པ་
རྣམས་ནི་གསུངས་ཚུལ་ཙམ་ལས་དོན་ལ་ཤུགས་བསྟན་གྱི་དོན་ཡིན་གསུངས། ཁྲིད་རྒྱུན་ཕྱི་མ་ལ་སྐབས་འདིཏ་
དངོས་ཤུགས་གང་ལ་ཡང་མ་བསྟན་ཀྱང་སྤྱིར་དེ་ལྟར་ཐོབ་པའི་དོན་ཏེ། སློབ་དཔོན་ཨ་ནུའི་བརྡ་སྤྲོད་པའི་
གཞུང་གཞན་དུ་བསྟན་ཆོག་པས། ཕྲད་ཡིན་ཚད་འདིར་བསྟན་མི་དགོས་གསུང་ངོ་། །ཁྲིད་རྒྱུན་སྔ་མ་ནི་་རྗེ་
དངུལ་ཆུ་ཡབ་སྲས་ཀྱི་གསུང་དང་མཐུན་ནོ། །
རྒན་སྤྱན་བརྒྱད་པ་ལགས། ཁྱེད་ཀྱིས་གཟིགས་པའི་མུ་ཏིག་ཕྲེང་མཛེས་དང་ངས་མཐོང་བའི་མུ་ཏིག་ཕྲེང་མཛེས་མི་འདྲ་བ་ཡིན་ནམ་ཅི་ཡིན་ཆ་མ་འཚལ། ངའི་འདི་ལ་ནི་གོང་དུ་བཀོད་པ་ལྟར་གསལ་པོར་འདུག། ཡང་བསྐྱར་གཅིག་འདིར་བཀོད་ཀྱི་གཟིགས་མཛོད། བོད་གཞུང་ཤེས་རིག་དཔར་ཁང་གིས་སྤྱི་ལོ་༡༩༩༦ ལོ་དཔར་བའི་མུ་ཏིག་ཕྲེང་མཛེས་ཤོག་གྲངས་༥༧-༥༨ ལ་ “དེའང་གཞུང་འདིའི་དངོས་བསྟན་གྱི་དབང་དུ་བྱས་ན། གོ་ངོ་བོ་མོ་དོ་ནོ་འོ་རོ་ལོ་སོ་སྟེ་བཅུ་པོ་ཉིད་ཡིན་ཡང་། ད་དྲག་མཐར་ཏོ་ཐོབ་པས་བཅུ་གཅིག་ཏུ་འགྱུར་རོ། །འོ་ན་འདིར་ཏོའི་སགྲ་མི་བསྟན་པ་ཅི་ཞེ་ན། གཞུང་འདིའི་གཤམ་དུ། རྗེས་འཇུག་བཅུ་ཡི་དོན་ཤེས་ན། ཞེས་དང་། རྗེས་འཇུག་སྦྱོར་བ་མཁས་པ་ན། ཞེས་སོགས་ཀྱི་སྐབས་སུ་འཆར་པར་འགྱུར་བ་བཞིན་གཞུང་འདིས་གཙོ་བོར་རྗེས་འཇུག་གི་བྱ་བ་འཆད་པ་ཡིན་པའི་ཕྱིར། མིང་གཞི་རྐྱང་པའི་སྒྲ་གཙོ་བོར་གྱུར་པའི་ཕྲད་བདག་སྒྲ་ཙམ་ལས་གཞན་འདིར་མ་གསུངས་པ་ཡིན་ནོ། །རྒྱུ་མཚན་དེས་སྐབས་འདིའི་ཏོའི་སྒྲ་གཅིག་པུ་མ་ཟད། ལྷག་བཅས་ཀྱི་ཏེ་དང་། ཨི་ལྡན་གྱི་ཡི་ཡིས། རྒྱན་སྡུད་ཀྱི་ཡང་། འབྱེད་སྡུད་ཀྱི་ཏམ། ལ་དོན་གྱི་ཏུ། རྣམས་ཀྱང་འདིར་མ་བསྟན་པའི་གནྡ་ཀ་ཤེས་པར་བྱ་ཞིང་། ཀྱི་ཀྱིས་ཀྱང་སྟེ་རྣམས་ནི་འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཙོ་བོར་གྱུར་པའི་ཕྱིར་འདི་ཡང་གསུངས་པ་ཉིད་དོ། །”
འོན་ཀྱང་ལུང་དེས་ང་ལ་དོགས་པ་ཞིག་སྟེར་བ་ནི། ༼ཀྱིས་ཀྱང་སྟེ་༽རྣམས་འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཙོ་བོར་གྱུར་པས་འདིར་དངོས་སུ་བསྟན་པ་ཡིན་དུ་ཆུག་མོད། ༼ཀྱི་༽འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཙོ་བོར་གྱུར་ཚུལ་ཇི་ལྟར་ཡིན། དེ་བཞིན་ལྷག་བཅས་ཀྱི་ཕྲད་༼དེ་༽རྗེས་འཇུག་བཅུའི་གྲལ་ལས་བྱུང་ཡང་འདིར་དངོས་སུ་མ་བསྟན་པ་དང་། རྣམ་དབྱེ་བརྒྱད་པ་འབོད་སྒྲ་༼ཀྱེ་༽རྗེས་འཇུག་གི་གྲལ་ནས་བྱུང་བ་མིན་རུང་འདིར་དངོས་སུ་བསྟན་པས་མིང་གཞིའི་རྐྱང་པའི་སྒྲ་གཙོ་བོར་གྱུར་པའི་ཕྲད་བདག་སྒྲ་ཙམ་ལས་མ་བསྟན་ཞེས་པ་དང་འགལ་བར་གྱུར་པ་རྣམས་ལ་འགལ་སྤོང་ཇི་ལྟར་བགྱིད་རྒྱུ་ཡིན་ནམ་དཔྱད་དགོས་པ་མི་གདའ་འམ།
གང་ལྟར་སྐུ་ཉིད་ཀྱིས་སི་ཏུས་སླར་བསྡུའི་ཕྲད་ཏོ་ཤུགས་ལ་བསྟན་པ་འདོད་ན་སི་ཏུས་སུམ་ཅུ་པར་དངོས་ཤུགས་གཉིས་ཞལ་གྱིས་བཞེས་པར་འདོད་པར་སྣང་ལ། དེ་ལྟར་ན་ཚོགས་ཤུལ་རིན་པོ་ཆེས་སི་ཏུའི་རྗེས་སུ་འབྲངས་ནས་ས་ཡང་འཇུག་མ་བཞེད་ཅེས་པའི་དོན་གང་ཡིན་གསལ་ཁ་ཞིག་གཏོང་ན་ཨེ་ཡོང་། ངའི་བསམ་པ་ལ་ཉིད་ཀྱིས་སི་ཏུས་སུམ་ཅུ་པར་ཤུགས་བསྟན་མ་བཞེད་པའི་རྒྱུ་མཚན་གྱིས་ཚོགས་ཤུལ་གྱིས་དེའི་རྗེས་སུ་འབྲངས་ནས་ཡང་འཇུག་མ་བཞེད་ཅེས་གསུངས་ཀྱི་འདུག་བསམ་བྱུང་། ཕལ་ཆེར་ངས་གོ་ནོར་ཐེབས་པ་ཡིན་པ་འདྲ།
རྒན་སྤྱན་བརྒྱད་པ་ལགས། ཁྱེད་ཀྱིས་གཟིགས་པའི་མུ་ཏིག་ཕྲེང་མཛེས་དང་ངས་མཐོང་བའི་མུ་ཏིག་ཕྲེང་མཛེས་གཉིས་མི་འདྲ་བ་ཡིན་ནམ་ཅི་ཡིན་ཆ་མ་འཚལ། ངའི་འདི་ལ་ནི་གོང་དུ་བཀོད་པ་ལྟར་གསལ་པོར་འདུག། ཡང་བསྐྱར་གཅིག་འདིར་བཀོད་ཀྱི་གཟིགས་མཛོད། བོད་གཞུང་ཤེས་རིག་དཔར་ཁང་གིས་སྤྱི་ལོ་༡༩༩༦ ལོ་དཔར་བའི་མུ་ཏིག་ཕྲེང་མཛེས་ཤོག་གྲངས་༥༧-༥༨ ལ་ “དེའང་གཞུང་འདིའི་དངོས་བསྟན་གྱི་དབང་དུ་བྱས་ན། གོ་ངོ་བོ་མོ་དོ་ནོ་འོ་རོ་ལོ་སོ་སྟེ་བཅུ་པོ་ཉིད་ཡིན་ཡང་། ད་དྲག་མཐར་ཏོ་ཐོབ་པས་བཅུ་གཅིག་ཏུ་འགྱུར་རོ། །འོ་ན་འདིར་ཏོའི་སྒྲ་མི་བསྟན་པ་ཅི་ཞེ་ན། གཞུང་འདིའི་གཤམ་དུ། རྗེས་འཇུག་བཅུ་ཡི་དོན་ཤེས་ན། ཞེས་དང་། རྗེས་འཇུག་སྦྱོར་བ་མཁས་པ་ན། ཞེས་སོགས་ཀྱི་སྐབས་སུ་འཆད་པར་འགྱུར་བ་བཞིན་གཞུང་འདིས་གཙོ་བོར་རྗེས་འཇུག་གི་བྱ་བ་འཆད་པ་ཡིན་པའི་ཕྱིར། མིང་གཞི་རྐྱང་པའི་སྒྲ་གཙོ་བོར་གྱུར་པའི་ཕྲད་བདག་སྒྲ་ཙམ་ལས་གཞན་འདིར་མ་གསུངས་པ་ཡིན་ནོ། །རྒྱུ་མཚན་དེས་སྐབས་འདིའི་ཏོའི་སྒྲ་གཅིག་པུ་མ་ཟད། ལྷག་བཅས་ཀྱི་ཏེ་དང་། ཨི་ལྡན་གྱི་ཡི་ཡིས། རྒྱན་སྡུད་ཀྱི་ཡང་། འབྱེད་སྡུད་ཀྱི་ཏམ། ལ་དོན་གྱི་ཏུ། རྣམས་ཀྱང་འདིར་མ་བསྟན་པའི་གནད་ཀ་ཤེས་པར་བྱ་ཞིང་། ཀྱི་ཀྱིས་ཀྱང་སྟེ་རྣམས་ནི་འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཙོ་བོར་གྱུར་པའི་ཕྱིར་འདི་ཡང་གསུངས་པ་ཉིད་དོ། །”
འོན་ཀྱང་ལུང་དེས་ང་ལ་དོགས་པ་ཞིག་སྟེར་བ་ནི། ༼ཀྱིས་ཀྱང་སྟེ་༽རྣམས་འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཙོ་བོར་གྱུར་པས་འདིར་དངོས་སུ་བསྟན་པ་ཡིན་དུ་ཆུག་མོད། ༼ཀྱི་༽འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཙོ་བོར་གྱུར་ཚུལ་ཇི་ལྟར་ཡིན། དེ་བཞིན་ལྷག་བཅས་ཀྱི་ཕྲད་༼དེ་༽རྗེས་འཇུག་བཅུའི་གྲལ་ལས་བྱུང་ཡང་འདིར་དངོས་སུ་མ་བསྟན་པ་དང་། རྣམ་དབྱེ་བརྒྱད་པ་འབོད་སྒྲ་༼ཀྱེ་༽རྗེས་འཇུག་གི་གྲལ་ནས་བྱུང་བ་མིན་རུང་འདིར་དངོས་སུ་བསྟན་པས་མིང་གཞིའི་རྐྱང་པའི་སྒྲ་གཙོ་བོར་གྱུར་པའི་ཕྲད་བདག་སྒྲ་ཙམ་ལས་མ་བསྟན་ཞེས་པ་དང་འགལ་བར་གྱུར་པ་རྣམས་ལ་འགལ་སྤོང་ཇི་ལྟར་བགྱིད་རྒྱུ་ཡིན་ནམ་དཔྱད་དགོས་པ་མི་གདའ་འམ།
གང་ལྟར་སྐུ་ཉིད་ཀྱིས་སི་ཏུས་སླར་བསྡུའི་ཕྲད་ཏོ་ཤུགས་ལ་བསྟན་པར་འདོད་ན་སི་ཏུས་སུམ་ཅུ་པར་དངོས་ཤུགས་གཉིས་ཞལ་གྱིས་བཞེས་པར་འདོད་པར་སྣང་ལ། དེ་ལྟར་ན་ཚོགས་ཤུལ་རིན་པོ་ཆེས་སི་ཏུའི་རྗེས་སུ་འབྲངས་ནས་ས་ཡང་འཇུག་མ་བཞེད་ཅེས་པའི་དོན་གང་ཡིན་གསལ་ཁ་ཞིག་གཏོང་ན་ཨེ་ཡོང་། ངའི་བསམ་པ་ལ་ཉིད་ཀྱིས་སི་ཏུས་སུམ་ཅུ་པར་ཤུགས་བསྟན་མ་བཞེད་པའི་རྒྱུ་མཚན་གྱིས་ཚོགས་ཤུལ་གྱིས་དེའི་རྗེས་སུ་འབྲངས་ནས་ཡང་འཇུག་མ་བཞེད་ཅེས་གསུངས་ཀྱི་འདུག་བསམ་བྱུང་། ཕལ་ཆེར་ངས་གོ་ནོར་ཐེབས་པ་ཡིན་པ་འདྲ།
གོང་དུ་ཡིག་ནོར་འགའ་ཤོར་འདུག་པས་འདིར་བཅོས་ཁུལ་གྱིས་སླར་ཡང་བསྐྱར་འགོད་ཞུས་པ་ཡིན།
རེད་རེད། གཡུ་འབྲུག་དཀར་པོ་ལགས། ང་མགོ་འཐོམས་ས་དེ་ཡིན། སི་ཏུས་དཔེར་ན་སྟེ་སྒྲ་དངོས་བསྟན་དུ་གསུངས་ཡང་དེ་དང་ཏེ་སོགས་ཤུགས་ལ་བསྟན་ཞེས་མ་གསུངས་པར་བརྗོད་བདེ་མི་བདེ་དང་ཡི་གེ་རྣམས་ཀྱི་ཟུར་ཕྱིན་པར་ཀློག་པའི་དབང་དུ་བྱས་ནས་དེ་དང་ཏེ་སོགས་སྦྱར་དགོས་པར་གསུངས་འདུག་པས་དོན་གྱིས་ཤུགས་བསྟན་ཡིན་པར་གྲུབ་ཀྱང་དེ་ལྟར་མ་གསུངས་པ་རྒྱུ་མཚན་ཞིག་ཡོད་ངེས་ཏེ། དེ་དང་ཏེ། ཏོ་སོགས་རྩ་བས་བསྟན་མ་བསྟན། བསྟན་ན་ཤུགས་ལ་བསྟན་པ་ཡིན་ནམ་དངོས་སུ་བསྟན་པ་ཡིན་ཞེས་དྲིས་ན་དངོས་ཤུགས་གང་ལའང་མ་བསྟན་ཀྱང་བསྟན་པ་ཡིན་ཟེར་དགོས་བ་ཡིན་ནམ།
མར་ཡུལ་ཟེར་བ་དེ་ཅི་སྟེ་མང་ཡུལ་ལ་མི་གོ་ན། ད་འོ་ན་མར་ཡུལ་ཞེས་པའི་ས་ཆ་དེ་ད་ལྟ་གང་ཞིག་ལ་གོ་དགོས་སམ། སྟོད་མང་ཡུལ་གུང་ཐང་ (རྫོང་དགའ་) ཟེར་བ་དེ་རྗེ་མི་ལའི་འཁྲུངས་ཡུལ་དེ་ཡིན། འོན་ཀྱང་མར་ཡུལ་ཟེར་བ་དེ་ཚིག་མཛོད་སོགས་གང་དུ་བཙལ་ཀྱང་རྙེད་རྒྱུ་མིན་འདུག །
ངས་སྔོན་མ་ནས་མང་ཡུལ་ཞེས་པ་གངས་རི་ཆེན་པོ་ཏི་སེའི་ཤར་ཕྱོགས་དང་། མར་ཡུལ་ཞེས་པ་དེའི་ནུབ་ཕྱོགས་ལ་ཡོད་ཅེས་བྲིས། བུ་སྟོན་ཆོས་འབྱུང་ཡི་གེ་དག་པ་ན། མར་ཡུལ། ཞེས་གསལ་ཡོད། མར་ཡུལ་ལ་ད་ལྟ་ལ་དྭགས་ཟེར། རྫོང་ཁ་དང་ལ་དྭགས་ཡུལ་གཉིས་བར་ལ་དཔག་ཚད་བརྒྱ་ཕྲག་མང་པོ་ཡོད། ང་མར་ཡུལ་དུ་སྐྱེས་ཀྱང་། རྫོང་ཁ་ཡོད་པའི་མང་ཡུལ་དུ་འགྲོ་མ་མྱོང་ངོ་། །
ལ་དྭགས་ལ་མར་ཡུལ་ཟེར་བའི་ཁུངས་སྐྱེལ་གང་ན་ཡོད། འདི་ནི་བློ་སྐྱེད་ཀྱི་གཞི་ཡིན།
དེ་ནས་གཞན་ཡང་། ཁྱེད་ཀྱིས་རྫོང་ཁ་ཞེས་བྲིས་པ་དེ། ད་ཆ་གངས་ཏི་སེའི་རྒྱུད་དུ་ཆགས་པའི་ས་ཁུལ་དེ་ལ་ཟེར་ཀྱི་ཡོད་ན། འདི་ལ་དེབ་གསར་རྙིང་གང་ན་ཡང་། རྫོང་དགའ་འམ། རྫོང་དཀར་ཞེས་བྲིས་སྣང་བ་ལས། རྫོང་ཁ་ཞེས་པ་མ་མཐོང་། རྫོང་ཁ་ཞེས་པ་ནི། འབྲུག་ཡུལ་གྱི་ཡི་གེ་ལ་ཟེར་བ་རེད། འདི་གཉིས་འཁྲུགས་པ་མ་རེད་དམ།
ལ་དགས་པ་ཁྱེད་ཀྱིས་རྫོང་དགའ་ལ་གོ་བ་གང་འདྲ་ཞིག་རྒྱག་གམ།
བཙན་བྱོལ་བ་ཁྱེད་ལ་གོང་དུ་དྲངས་པའི་བོད་དཔེ་རྣམས་ཀློག་པ་འི་ལོང་མེད་ན། ཇར་མན་པ། ཞས་ཀེ་ཞེས་པའི་ཚིག་མཛོད་མཆོག་ཏུ་གྱུར་པ་ན་མར་ཡུལ་ཞེས་པ་ལ་དྭགས་ཞེས་གསལ།
རྫོང་ཁ། ཞེས་པ་གཞོན་དུས་རྣ་བའི་དབང་པོ་གསལ་དུས་སུ་ཐོས་པ་ལབྱུང་བ་ཡིན་ནོ།།
བཙན་བྱོལ་བ་ཁྱེད་ལ་གོང་དུ་དྲངས་པའི་བོད་དཔེ་རྣམས་ཀློག་པའི་དུས་མེད་ན། ཇར་མན་པ། ཞས་ཀེ་མཆོག་གིས་མཛད་པའི་བོད་ཨིན་ཚིག་མཛོད་མཆོག་ཏུ་གྱུར་པ་ན། མར་ཡུལ་ཞེས་པ་ལ་དྭགས་ཞེས་གསལ་བར་བྲིས། རྫོང་ཁ། ཞེས་པ་ཡང་ཁོ་བོ་བོད་དུ་ཡོད་སྐབས་རྣ་བའི་དབང་པོ་གསལ་བའི་དུས་སུ་ཐོས་པ་ལས་བྱུང་བ་ཡིན་ནོ།།
རྩོམ་འདིའི་འགོ་བརྗོད་ལ། དུས་གསུམ་གྱི་རྣམ་བཞག་ཅེས་བཀོད་པ་འདུག་པ་ལ་འདི་ལྟར་དོགས་ཏེ། རྣམ་བཞག་ཅེས་པ་དེ་མིང་ཚིག་ཡིན་པས། དེས་ན་རྣམ་གཞག་ཅེས་འབྲི་དགོས་པར་སེམས། མཐའ་གཅིག་ཏུ་འདས་ཚིག་འབྲི་མི་རུང་བར་ངེས་ཟེར་མི་སྤོབས་ཀྱང་། བཀའ་བསྟན་ཡོངས་རྫོགས་ན། མཉམ་གཞག་དང་། དྲན་པ་ཉེར་གཞག་སོགས་གསལ་འདུག་པས། རྣམ་གཞག་ལ་ཡང་དེ་ལྟར་དུ་འབྲི་དགོས་པར་སེམས། མཐའ་གཅིག་ཏུ་མིང་ཚིག་འདས་ཚིག་ཡོང་མི་ཆོག་པ་མིན་ཏེ། དཔེར་ན། གསལ་བསྒྲགས་ལྟ་བུའོ། །
བཙན་བྱོལ་བ་ལགས། སྐུ་ཉིད་ཀྱིས་གསུངས་པ་དེ་ག་རང་བདེན། དུས་གསུམ་གྱི་རྣམ་གཞག་རེད། ཐུགས་རྗེ་ཆེ།
གསལ་བསྒྲགས་འདི་ཡང་། གསལ་སྒྲག་ཅེ་འབྲི་མི་འོས་པའོ་རྒྱུ་མཚན་ཅི་ཡོད་དམ།
གསལ་སྒྲག་ཅེས་པའི་འབྲི་སྲོལ་ཞིག་མེད་པས་སོ། །
མང་ཡུལ་གྱི་སྐོར་དམ་པའི་རྣམ་ཐར་ཤོག་གྲངས་༤༢་དང་༤༣ལས།
་་་་་། དེར་བལ་བོ་ན་བླ་མ་སྨར་སེར་བོ་ཅན་བྱ་བ་མི་ཆོས་དབུས་ཀྱི་ཡར་ཀླུང་བ་ཡིན་པ་གཅིག་རྒྱ་གར་དུ་ཕྱིན་ནས་ལོག་པ་དང་། བོད་བཙུན་དགེ་བཤེས་དངོས་གྲུབ་སྙིང་པོ་རྒྱ་གར་དང་བལ་པོར་རྫུ་འཕྲུལ་སློབ་པ་དང་། མང་ཡུལ་དུ་ལོ་ཙྪ་བའི་དྲུང་དུ་ཆོས་དྲུག་ཉན་ཟེར་བ་ཆུ་ཤིང་གི་འཁར་བ་ལ་སེམས་ཅན་མང་བོའི་གཟུགས་སྣ་ཚོགས་བཀོད་ནས་བཟུང་བ་གཅིག་དང་འགྲོགས་ནས་བྱོན་ཏེ། དགུན་བལ་བོར་ཟླ་བ་གཉིས་ཙམ་བཞུགས། ་་་་་་
དག་ཆ་ཇི་མ་ཇི་བཞིན་འབྲི་ཁུལ་བྱས།
གསལ་སྒྲག་ལ་གསལ་བསྒྲགས་འབྲི་ཚུལ་འདི་མ་དག་རྒྱུན་འཇགས་ཡིན་པར་ངེས་སྙམ་མོ།
རྫོང་དཀར་ཆོས་སྡེ།
རྩོམ་སྒྲིག་པ། རྫོང་ཆོས་སློབ་དཔོན་ལས་ཟུར་དགེ་སློང་ཐུབ་བསྟན་འཇམ་དབྱངས་ཀྱིས།
དེབ་མིང་། རྫོང་ཆོས་ཆོས་འབྱུང་བདུད་རྩིའི་ཟིལ་མངར།
མང་ཡུལ་གུང་ཐང་རྗོང་དཀར་ཆོས་སྡེ་དང་། སྐྱིད་གྲོང་འཕགས་པ་ཝ་ཏི་བཟང་པོ། རྫོང་དཀར་ཡུལ་ལུང་བཅས་ཀྱི་ཆོས་འབྱུང་བདུད་རྩིའི་ཟིལ་མངར་ཞེས་བྱ་བ་བཞུགས་སོ། ། ཞེས་དང་།
༸གོང་ས་མཆོག་གིས་ཀྱང་།
་་་་་་རང་རང་གི་ལོ་རྒྱུས་ཡིག་ཐོག་འགོད་གལ་སློབ་སྟོན་རིམ་བགྱིས་བཞིན། ད་ལམ་རྫོང་དཀར་ཆོས་སྡེ་དང་། སྐྱིད་གྲོང་འཕགས་པ་རིན་པོ་ཆེའི་ལོ་རྒྱུས་ཕྱོགས་སྒྲིག་བགྱིས་པ་ལེགས། ་་་་་་
ཁ་སྐད་དུ་རྫོང་དགའ་དང་ཡིད་ཐོག་ཏུ་རྫོང་དཀར་འཁོད་འདུག་གོ །
དགེ་བསྙེན་རྡོ་རྗེས་གསུངས་པ་བདེན། ཤར་ཁུམ་བུ་སོགས་བབས་པའི་ཁང་ཚན་དེ་ལ་རྫོང་དགའ་ཞེས་པ་བདག་གིས་ལེགས་པར་མ་མཉན་པའི་སྐྱོན་དུ་མཐོང་། རྫོང་དགའ་དང་རྫོང་ཁ་ནོར་བའི་ཉེན་ཀ་འདུག ནོར་བ་ལ་བཟོད་གསོལ་ཞུའོ།།
ལ་དྭགས་པ་ཁྱོད་ལ་སྔོན་ནས་འཁྲུགས་འདུག་ཟེར་ན་ཡང་ཁས་མི་ལེན་གདའ།
དགེ་བསྙེན་གྱིས་ཟེར་ན། གསལ་སྒྲག་ཟེར་བ་དེ་འཐད་པ་ལས་གསལ་བསྒྲགས་ཟེར་བ་དེ་མི་འཐད་རབས་བཤད། ད་འོ་ན། ཕྱོགས་བསྒྲིགས་དང་ཕྱོགས་སྒྲིག་གཉིས་ལས་གང་འཐད། དྲང་པོར་བཤད་ན། མཐའ་གཅིག་ཏུ་འདི་འཐད་དང་འདི་མི་འཐད་ཀྱི་སྒྲིག་ཁྲིམས་ཞིག་མ་མཐོང་། ཁྱོད་ལ་རྒྱུ་མཚན་ཡང་དག་གཅིག་བཤད་རྒྱུ་ཡོད་ན་ངས་ཁས་ལེན།
བཙན་བྱོལ་བ་ལེགས། དགོངས་དག བསྒྲག་པར་བྱ་བ་ཡིན་པས། གསལ་བསྒྲག ཅེ་བཀོད་ན། སྐྱོན་ཅི་ཡོད་དམ། ཁ་ནས་མི་འཐོན་བཞིན་དུ། སའི་ཡང་འཇུག་ཡོད་པ། གསལ་བསྒྲགས། ཞེས་པ་གྲགས་པའི་དབང་གིས་མ་ཡིན་ནམ། དོན་ལ་གསལ་སྒྲོགས། ཞེས་པ་མ་གོམས་པས་མང་པོའི་རྣ་བར་མི་འགྲོའོ།།
ལ་དྭགས་པ་ལགས། ཁྱེད་ཀྱིས་དོན་ལ་གསལ་སྒྲོགས་ཡིན་གསུངས་པ་དེ་ལྟར་ཡིན་པའི་རྒྱུ་མཚན་ཅི་ཡོད། གསལ་སྒྲོགས་མིན་པར་གསལ་སྒྲོག་མིན་ནམ། དེ་ལྟར་ན་ཡང་མིང་ལ་འདས་མ་འོངས་ད་ལྟ་དུས་གསུམ་ཀས་གྲུབ་པ་གང་མང་ཞིག་ཡོད་པས་དོན་ལ་གསལ་སྒྲོག་ཡིན་པར་འགྲུབ་མི་ཐུབ། དགེ་བསྙེན་ལགས་ཀྱིས་གསལ་སྒྲག་ཡིན་ལ་གསལ་བསྒྲགས་མ་དག་རྒྱུན་འབྱམས་སུ་གསུངས། གསལ་སྒྲག་ནི་འདས་མ་འོངས་ད་ལྟ་དུས་གསུམ་གང་དུ་ཡང་མ་འདུས་པའི་ཚིག་ཅིག་ཏུ་མཐོང་། ཁྱེད་ཀྱིས་སྩལ་ལས་རྟ་དྲངས་པ་ཡིན་ན་སྩལ་འབྲི་བ་མ་དག་རྒྱུན་འབྱམས་མིན་པའི་རྒྱུ་མཚན་ཅི་ཞིག་ཡོད།
ད་དུང་ལ་དྭགས་པས་གསུངས་པ་ལྟར་བསྒྲག་པར་བྱ་བ་ཡིན་པས་གསལ་བསྒྲག་ཅེས་འབྲི་ན་བསྒྲགས་ཟིན་པའི་གསལ་བསྒྲགས་ཀྱི་སྐོར་འབྲི་དུས་བསྒྲགས་འབྲི་དགོས་པ་དང་། སྒྲོག་བཞིན་པའི་སྐབས་ཀྱི་སྐོར་འབྲི་དུས་གསལ་སྒྲོག་འབྲི་དགོས་པར་མི་འགྱུར་རམ། དེ་ལྟར་ན་ད་དུང་མིང་གཅིག་ལ་ཡི་གེའི་དག་ཆ་འདྲ་མི་འདྲ་མང་པོ་འབྲི་དགོས་པར་འགྱུར་བས་དེ་བས་ཡོངས་སུ་གྲགས་ཟིན་པའི་གསལ་བསྒྲགས་ལ་མོས་མཐུན་བྱེད་ན་དགེ་མཚན་ཆེ་བར་འཁུམས་སོ། །
སྤྱིར་མིང་ཚིག་ལ་ད་ལྟ་ཁྱབ་ཆེ་ཀྱང་། དེ་ཡིན་པས་མ་ཁྱབ་པར་མཐོང་། འདས་པ་དང་མ་འོངས་པ་ཡང་མཐོང་བའི་ཕྱིར།
གོང་ནས་རྣམ་པ་ཚོས་གསུངས་པ་ལྟར་ངའི་བསམ་ཚུལ་ལ། གསལ་སྒྲོགས་དང། གསལ་སྒྲོག །གསལ་བསྒྲག །གསལ་བསྒྲགས། གང་ཡིན་དུས་གསུམ་གྱི་ཁྱད་ཡིན་པས་ལས་ཁུངས་ནས་གནས་ཚུལ་སྤེལ་པ་ལ་གསལ་བསྒྲགས་ཞེས་འབྲི་བ་ནི་བྱ་བ་དེ་འདས་ཟིན་པས་དོན་དུ་གཉེར་བ་པོའི་ཆེད་དུ་ཁྱབ་བསྒྲགས་སམ་གསལ་བསྒྲགས་ཞེས་འབྲི་ན་བདེ་བར་སེམས། དེ་མིན་གསལ་བསྒྲག་ཅེས་བྲིས་ན་བསྒྲག་བྱ་བསྒྲགས་མ་ཟིན་པར་གོ་བས་དོན་དུ་གཉེར་བ་པོ་ལ་འཕྱང་མོ་ཉུག་ཏུ་འགྱུར་རོ། །
གཡུ་འབྲུག་དཀར་པོ་ལེགས།
བཀའ་བསྟན་གྱི་སྒྲ་རྣམས་སྔར་གྱི་མཁས་པ་རྣམས་ཀྱིས་བསྐྲུན་པ་དེ་དག་བོད་པས་བདག་པོ་མི་རྒྱབ་པ་ལྟ་བུར་མཐོང་ནས། བོད་སྐད་དེ་མ་ནུབ་གོང་ནས། བཀའ་བསྟན་རྣམས་ཨིན་སྐད་སོགས་སུ་སྒྱུར་བར་མགོ་བརྩམས་འདུག དེས་ན། བདག་གིས་ཀྱིས་ཀྱང་ཨིན་སྐད་དུ་སྒྱུར་བར་གྲོགས་བྱེད་པར་བཀའ་བསྟན་་དཔེ་ཆ་རྣམས་ཀློག་དགོས་པས། བཀའ་བསྟན་གྱི་དག་ཆ་རྣམས་མཐོང་བ་བཞིན་དུ་སྒྲོགས་དང་། སྒྲོག་གཉིས་ལ་དོན་མི་འདྲ་བ་མཐོང་། ཕལ་ཆེར་བོད་ཀྱི་ཆོས་ལུགས་ཡོངས་ཀྱིས་འཇམ་དབྱང་གང་བློ་མ་བློ་འཛིན་མཛད་ངེས། དེ་ན་འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་ལས་ཀྱི་ལྕགས་སྒྲོག་སྒྲོལ་མཛད། ཅེས་དང་། བཀའ་བསྟན་དག་ཆ་ལ་གཞིར་བཟུང་སྟེ། དག་ཡིག་ཟ་མ་ཏོག་སོགས་སུ་ཡང་སྒྲོགས་དང་སྒྲོག་གི་གོ་དོན་གསལ་བར་གསུངས་པ་དང་། མོད་པོ་ཡོད་པའི་དོན་ལ་ལྡང་ཞེས་བཀའ་བསྟན་ན་ཡོད་པར་མ་ཟད་ཟ་མ་ཏོག་དང་། ངག་སྒྲོན་གཉིས་ཀ་ན་ཡོད་པ་ལྟར་། འདང་མ་ཡིན་ལྡང་ཞེས་དགོས་ལན་མང་བྲིས་ཀྱང་། བོད་ཀྱི་འབྲི་བ་པོ་དག་གི་རྣ་བར་མི་འགྲོའོ།།
རྒན་ལ་དྭགས་པ་ལགས། ཐུགས་རྗེ་ཆེ།
དགེ་བཤེས་ལགས་ཀྱིས་སྨྲ་སྒོ་མཚོན་ཆའི་དབྱངས་བདུན་དང་། ངག་གི་སྒྲོན་མེའི་དབྱངས་ལྔ་ལྟ་བུ་རང་རེའི་རྩ་བའི་མཁན་པོ་ཐུ་མི་འཇམ་པའི་དབྱངས་ཀྱིས། ཨཱ་ལི་གསལ་ཨི་སོགས་བཞི། །ཞེས་གསུངས་པ་དང་འགལ་བས་ཁས་བླང་དུ་མི་རུང་། ཞེས་གསུངས་པ་ནི་སི་ཏུའི་ལུགས་ལྟར་མུ་ཏིག་ཕྲེང་མཛེས་ལས། ཡི་གེ་མཐའ་དག་བསྡུས་པའི་ཕྱིར་ཨཱ་ལི་སྟེ་ཨ་ཕྲེང་དང་ཀཱ་ལི་སྟེ་ཀ་ཕྲེང་གཉིས་སུ་དབྱེའོ། །དེ་ལས་གངས་རིའི་ཁྲོད་འདིར་འཇེབས་པར་བརྩི་བའི་སྐད་ལ་ཡོངས་སུ་གྲགས་ཤིང་ཉེ་བར་མཁོ་བ་ནི་ཨཱ་ལིའི་བྱ་བ་གསལ་བར་སྟོན་མཚོན་པར་བྱེད་པའི་ཡི་གེ་ཨི་ཨུ་ཨེ་ཨོ་བཞི་དང་། ཀཱ་ལི་མཚོན་པར་བྱེད་པ། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ་སྟེ་སུམ་ཅུ་ཐམ་པ་ཡོད་དོ། །འདི་སྐབས་འགྲེལ་བྱེད་སྔ་མ་ཁ་ཅིག་གིས། ཨ་ཡིག་ཨཱ་ལིར་བགྲངས་པའི་ཨཱ་ལི་ལྔ་དང་ཀཱ་ལི་ཉེར་དགུར་འདོད་པ་བྱུང་མོད་ཀྱི་མཁན་པོའི་དགོངས་པ་མ་རྟོགས་པར་གཟུ་ལུམ་བྱས་པར་སྣང་སྟེ་རྩ་བ་ལས་དངོས་འགལ་དུ་སྨོས་པའི་ཕྱིར། ཞེས་པ་ལྟར་བོད་ལ་ཡི་གེ་སྲོག་ཅན་སྲོག་མེད་ཀྱི་རྣམ་དབྱེ་མི་མཛད་ཀྱང་ཀཱ་ལི་དེ་དག་ལ་གི་གུ་དང་རྣ་རུ་སོགས་སྦྱར་བས་དབྱངས་ཀྱི་བྱ་བའི་གོ་ཆོད་པ་དང་། པྲ་ཏིའི་ཀུན་བཟང་དགོངས་རྒྱན་དུ། ཨཱ་ལི་གསལ་བྱེད་ཅེས་པའི་གསལ་བྱེད། རྣམ་གླིང་པ་སོགས་མཁས་པ་སྔ་མ་དུ་མས་གཞན་དུ་བཤད་པ་མང་ཡང་། གོང་དུ་བཤད་པ་ལྟར་ཞ་ལུ་ལོ་ཆེན་གྱིས་ཀྱང་བཞེད་ཅིང་དེ་ཉིད་འཐད་པར་ངེས་ཏེ། ཞེས་དང་། རྣམ་གླིང་པས། ཨཱ་ལི་ཤེས་རབ་ཀྱི་ཆ་དང་། ཀཱ་ལི་ཐབས་ཀྱི་རང་བཞིན་ཞེས་བཤད་པ་ཡང་། ཐུན་མོང་བའི་རིག་གནས་ཀྱི་སྐབས་སུ་གསང་སྔགས་ཀྱི་མཚོན་དོན་འཆད་པ་སྐབས་སུ་མ་བབ་ཅིང་། གཞུང་དོན་རྟོགས་པ་ལ་ཅུང་ཟད་ཀྱང་མི་མཁོའོ། །ཞེས་གསུངས། ཨ་ལགས་ཚེ་རྟན་གྱི་ཐོན་མིའི་ཞལ་ལུང་ལས། ས་པཎ་གྱིས་མཛད་པའི་མཁས་པའི་ཁ་རྒྱན་ལས། བོད་ཀྱི་དབང་དུ་མཛད་དེ་དབྱངས་རྣམས་ལྔའོ། །གསལ་བྱེད་རྣམས་ནི་ཉི་ཤུ་རྩ་དགུའོ། །ཞེས་དང་། དེའི་རྗེས་སུ་འབྲངས་ནས་དཔལ་ཁང་ལོ་ཙཱ་པའི་དག་ཡིག་ངག་སྒྲོན་དང་། ས་སྐྱ་ཨ་མྱེས་ཀྱི་མིག་དབང་རབ་གསལ་རྣམས་སུ་ཡང་། དབྱངས་ལྔ་ཡ་ར་ལ་ཝའི་འདོགས། ཞེས་པའི་བརྡ་ཆད་འདོད་མཁན་ཡོད་ནའང། འདིར་སུམ་ཅུ་པའི་གཞུང་དང་བསྟུན་ན་དབྱངས་བཞི་དང་གསལ་བྱེད་སུམ་ཅུར་ངེས་པས་ན་བརྡ་ཆད་དེ་དག་ཁས་བླང་བར་མི་བྱའོ། །ཞེས་ལོ་ཙཱ་བ་སོགས་བཀག་པ་ནི་དོན་ལ་གནས་པ་ཡིན་ནོ། །ཞེས་དང་། དེ་དག་ལ་ཞིབ་མོར་དཔྱད་ན། ལེགས་སྦྱར་གྱི་སྒྲ་རིག་པའི་གཞུང་ཡོད་ཚད་དུ་ཨ་ཡིག་དབྱངས་ཀྱི་གྲས་སུ་ཡོད་པ་ལས་གསལ་བྱེད་ཀྱི་གྲས་སུ་བཞག་པ་གཅིག་ཀྱང་མེད་ལ། ཨ་ཡིག་གསལ་བྱེད་ཀྱི་གྲས་སུ་བཞག་པ་ནི་བོད་ཡིག་གི་རྣམ་བཞག་ཁོ་ན་ལས་མི་འབྱུང་བས་དེ་ལ་དགོས་པ་ལྷག་པོ་ཅི་ཡོད་ཅེ་ན། ཞེས་དོགས་པ་ཁོངས་སློང་བཀོད་ནས། ལེགས་སྦྱར་གྱི་ཡི་གེ་ལ་སྲོག་ཅན་དང་སྲོག་མེད་ཀྱི་རྣམ་གཞག་ཡོད་པས་སྲོག་ཅན་གྱི་ཡི་གེ་ཡིན་ཚེ་དབྱངས་ཨ་ལ་སོགས་པ་གང་རུང་ཞུགས་པ་ཞིག་ཡིན་དགོས། དེ་ཡང་། ཀ་མ་ལ་༼ ཆུ་སྐྱེས ༽ཞེས་པ་ལ་དབྱངས་ཨ་ཐུང་ཞུགས་པ་དང་། ཞེས་སོགས་རྒྱས་པར་གསུངས་འདུག་པས་དཔྱད་པར་བྱ།
གང་ལྟར་ཡང་། གསལ་བྱེད་སུམ་ཅུ་ཐམ་པ་བཟོ་བར་དབྱངས་ཡིག་ཨ་ལ་གསལ་བྱེད་ཅེས་བཏགས་པ་ཡིན། དངོས་མ་མ་ཡིན། དེས་ན། བདག་གིས་བརྡ་སྤྲོད་དུ། དབྱངས་མཐའ་ཅན་ལྔ་ཡོད་པ་ངོས་འཛིན་ཏེ། དཔེར་ན། ས། རི། ཆུ། མེ། ཞོ། (sa, ri, chu, me, zho) སྒྲ་ལྔ་པོ་འདི་དག་རིམ་པ་བཞིན། ཨ། ཨི། ཨུ། ཨེ། ཨོ། ཞེས་དབྱངས་ལྔ་གསལ་ལྔའི་མཐའ་ན་ཡོད་པས་གྲུབ་སྟེ། སྤྱིར་ན་དབྱངས་མོ་གསལ་བྱེད་ཕོ། ཞེས་གསུངས་པ་ལྟར་ཕོ་མོའི་ཡི་གེའི་སྦྱོར་བ་ལས་དོན་སྟོན་པའི་སྒྲ་གྲུབ་བོ།།
ཡི་གེ་ཐམས་ཅད་ཀྱི་རྩ་བ་ཨ་ཡིག་ཡིན་པ་ནི། མཚན་བརྗོད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཞེས་གསུངས་པ་དང་། ས་སྐྱ་བསོད་ནམས་རྩེ་མོའི་བྱིས་པ་བདེ་བླག་ཏུ་འཇུག་པ་ཞེས་པ་ལས། ཨ་ཉིད་མ་ཡི་ཡི་གེར་བརྗོད། ཞེས་པ་ལྟར་སྲོག་གི་ཡི་གེ་གཅིག །རྐྱེན་གྱི་ཡི་གེ་གཉིས། ཡན་ལག་གི་ཡི་གེ་བཞི་སྟེ་ཡི་གེ་བདུན་པོ་དེ་ཨ་ཡིག་གི་ཁོངས་སུ་འདུ་བར་བཤད་དེ། ཡི་གེ་སོ་སོའི་བར་ཚེག་སྲོག་གི་ཨ་དང་། གླང་ཆེན་གྱི་སྣ་ལྟ་བུའི་དང་ཀྱོག་གི་ཨ་སྟེ་དབུ་ཁྱུད། མཐའ་མར་འཇུག་པ་གཅོད་པ་རྣམ་པར་གཅོད་པ་ཤད་ཀྱི་ཨ་སྟེ་བརྗོད་དུ་མེད་པའི་ཨ། ཨི་ཨུ་ཨེ་ཨོ་བཞི་ཡན་ལག་གི་ཨ་སྟེ་རྩ་བའི་རྩ་བའི་དབྱེ་གཞི་ཨ་དང་བཅས་ན་ཨ་ཡིག་གི་དབྱེ་བ་བརྒྱད་ཡོད་པར་ས་སྐྱ་པཎ་ཊི་ཏས་དེའི་འགྲེལ་བར་གསུངས་ཞེས་ཐོན་མིའི་ཞལ་ལུང་དུའོ། །རྩ་བར། རྗེས་འཇུག་བཅུ་བོ་མ་ཞུགས་ན།།མིང་གཞན་སྦྱོར་བ་ཡོད་མི་སྲིད།།ཞེས་གསུངས་པ་ལྟར་རྗེས་འཇུག་བཅུ་བོ་གང་རུང་མ་ཞུགས་པར་མིང་དང་དོན་གཞན་སྦྱོར་བ་མི་སྲིད་པས་དབྱངས་ཡིག་སྲོག་ཞུགས་ཀྱི་ཐ་སྙད་མི་འདོད་ཀྱང་རྗེས་འཇུག་ཞུགས་པས་གོ་ཆོད་པའི་ཕྱིར། ཀ་བ་ཞེས་པའི་ཀའི་རྗེས་སུ་རྗེས་འཇུག་འ་ཞུགས་པས་མིང་མཐའ་མིང་གཞིའི་མོ་ཡིག་བ་དྲངས་བ་ཡིན། རྟགས་འཇུག་ལས། མོ་ཡིས་མོ་ཡི་མིང་མཐའ་དྲངས། ཞེས་པ་དང་མཐུན། གལཏེ་ཨ་ཡིག་ཞུགས་པའི་དབང་དུ་བཏང་ན་ནི་མིང་མཐའ་འདྲེན་ཚུལ་དཀའ་བས་ཨ་ཡིག་ནི་ཕོ་མོ་མ་ནིང་གང་དུ་ཡང་མ་བཤད་པས་མཚན་མེད་ཀྱི་ཡི་གེ་ཞེས་པ་མིན་ནམ་སྙམ་ཡང་དཔྱད་པར་བྱ།
བོད་ཕྱི་ནང་གི་མཁས་པ་རྣམ་པས་བོད་ཀྱི་བརྡ་སྤྲོད་སྐོར་འགྲེལ་བ་མང་དག་ཅིག་གནང་ཡོད་མོད། འོན་ཀྱང་དེ་དག་གང་ལ་ལྟས་ཀྱང་སྔོན་འཇུག་དགོས་པ་ཅིའི་ཕྱིར་འཇུག་པའི་ཐད་འགྲེལ་བཤད་ཇི་ཙམ་ཡོད་པ་རྣམས་སློབ་གསར་བ་རྣམས་ལ་མགོ་རྨོངས་ཆེ་རུ་ཕྱིན་པ་ལས་གོ་བདེ་རུ་སོང་བ་ཞིག་ད་དུང་ཉིན་མོའི་སྐར་མ་ལྟ་བུར་གྱུར་ཡོད། དཔེར་ན། རྩ་བར་ཕོ་ནི་འདས་དང་གཞན་སྒྲུབ་ཕྱིར་ཞེས་སོགས་གསུངས་པའང་ཁྱབ་པ་མེད་པའི་གཏམ་ཞིག་ཏུ་གྱུར་ཡོད། བོད་ཀྱི་སྐད་ཡིག་ལ་དོན་གཉེར་ཡོད་པ་རྣམས་ཀྱིས་དམིགས་སུ་བཀར་དགོས་པ་ཞིག་ནི་དུས་གསུམ་གྱི་བྱ་ཚིག་ལ་སྔོན་རྗེས་གང་ཐོབ་ཙམ་མིན་པར་བྱ་ཚིག་གང་ཞིག་དུས་གསུམ་གང་ཡིན་དང་དེ་ཅིའི་ཕྱིར་ཡིན་པའི་གསལ་ཀ་འདོན་ཐུབ་པ་དགོས་འདུག དཔེར་ན། ཆུ་སོགས་དགང་བྱ། འགེང་བྱེད། བཀང་ལྟ་བུ་ལ་མཚོན་ན། བ་འོག་ཀང་ང་བཀང་འདི་འདས་པའི་བྱ་ཚིག་ཡིན་པའི་རྟགས་གང་ཞིག་ཡིན། སྔོན་འཇུག་ཕོ་བ་ཡོད་པས་ཡིན་ནམ། དེ་ལ་ཁྱབ་པ་ཡོད་དམ། མེད་ན་འདི་ལ་དེ་ལྟར་ཡིན་དགོས་པའི་རྒྱུ་མཚན་གང་ཞེས་པ་འདི་ལྟ་བུའི་ལན་ཚད་ལྡན་ཞིག་བཙལ་ཐུབ་ན་ཀུན་ལ་ཕན་ངེས་ཡིན་པར་ཐེ་ཚོམ་མེད་དོ།།
བདག་གཞན་དུས་གསུམ་སྐོར་ལ་ཨེ། ཡང་དམག་འཁྲུགས་ཅིག་ལངས་ངེས་་་་་་་་་་་་་་་