རྩོམ་པ་པོ། ཕོལ་རྦི་རན་ཌིས་རོ་ཞེན་རྦུའུ་ཞི།
བསྒྱུར་མཁན། རྩིས་ཆེ་ལེགས་མཐོང་།
ཐོག་མར་ལྟ་སྐབས། རྒྱལ་དབང་ཀརྨ་པ་བཅུ་བདུན་པ་འདི་ནི་ལྟ་མི་ཕོད་པ་ཞིག་ཏུ་འདུག །ཁོང་ནི་སྐྱེས་སྟོབས་ཀྱི་དཔལ་འབར་ལ། ལྷན་སྐྱེས་ཀྱི་གདེང་སྤོབས་ཆེ་བ། ལྟ་བཟོ་དོད་པ་ཞིག་དང་། ཁོང་ཕར་ཚུར་ཕེབས་པའི་སྐབས་སུ་ཡང་བོད་ཀྱི་ནང་པའི་དབུ་ཁྲིད་ཆེན་པོ་ཞིག་དང་མི་འདྲ་བར་གཟུགས་སྟོབས་འབྲིང་བའི་ཁུ་ཚུར་རྩེད་འགྲན་པ་ཞིག་དང་མཚུངས།
དགུང་ལོ་ཉེར་དྲུག་ཏུ་སོན་པ་འདི་ཉིད་ཁང་པའི་ནང་དུ་ཕར་ཚུར་ཕེབས་སྐབས་མཚམས་མཚམས་སྐད་སྒྱུར་བའི་ལྷན་དུ་སྐུ་རྩེད་ཆུང་ཙག་རིགས་གནང་བ། གད་མོ་སློང་བ་སོགས་བྱེད་པ་དང་། གཞན་གྱིས་འཚེར་སྣང་དང་བཅས་ཏེ་སྡེར་མའི་ནང་ཕྱི་རྒྱལ་གྱི་བག་ལེབ་འབུལ་སྐབས་མིག་ཅུང་ཟད་བརྫིས་ཏེ་ལྟ་བ་སོགས་བྱེད། ཕྱིས་སུ་ཁོང་གིས་སྒེར་པའི་ཆོས་ཀྱི་བྱ་བ་དང་འཛམ་གླིང་སྤྱི་ཡི་གནད་དོན་ཐད་གཏམ་བཤད་གནང་སྐབས་ཁོང་གི་རང་བཞིན་དངོས་ཏེ། སྐྱེས་སྟོབས་ཀྱི་རྩལ་ཡོངས་སུ་རྫོགས་ལ། མགྱོགས་མྱུར་འཛམ་གླིང་གི་ཆོས་ལུགས་ཀྱི་དབུ་ཁྲིད་ཆེན་མོ་ཞིག་ཏུ་འགྱུར་བའི་རང་བཞིན་དེ་གསལ་པོར་མངོན་དུ་གྱུར་པ་མཐོང་གི་འདུག
དཔལ་རྒྱལ་དབང་ཀརྨ་པ་མཆོག་ནི་ཕལ་ཆེར་མི་ལོ་དགུ་བརྒྱའི་གོང་ཙམ་དུ་དར་བའི་བོད་ཀྱི་ཀརྨ་བཀའ་བརྒྱུད་པའི་ཆོས་བརྒྱུད་ཀྱི་དབུ་ཁྲིད་སྤྲུལ་པའི་སྐུ་ཞིག་རེད། ཀརྨ་བཀའ་བརྒྱུད་ནི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་ནང་ནས་གཅིག་ཡིན་པ་དང་། མི་འབོར་གྱི་ཆ་ནས་བོད་མིའི་ནང་པ་རྣམས་ལས་བརྒྱ་ཆ་ཉི་ཤུ་ཙམ་ཟིན་ཅིང་། འཛམ་བུའི་གླིང་གི་ཕྱོགས་གང་སར་དགོན་པ་དང་ཆོས་ཚོགས་ཁག་བརྒྱ་ཕྲག་མང་པོ་ཡོད་པ་ཞིག་རེད། ཉེ་ཆར་རྒྱལ་ས་ཝ་ཤིང་ཊོན་གྱི་འཛམ་གླིང་ཞི་བདེར་དམིགས་པའི་དུས་འཁོར་དབང་ཆེན་ལ་ཀརྨ་པ་ལྷན་ཞུགས་བྱས་ཤིང་། སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་ནི་བོད་ཀྱི་ཆོས་བརྒྱུད་བཞི་གས་ཆོས་ལུགས་སྤྱིའི་དབུ་ཁྲིད་དུ་ངོས་འཛིན་ཞུ། ཀརྨ་པས་བཀའ་མོལ་ག་དུས་གནང་ནའང་ཁོང་ཉིད་རྗེས་མ་ཏཱ་ལའི་བླ་མར་འགྱུར་བའི་གླེང་སློང་ཐད་ཧ་ཅང་སུན་པའི་རྣམ་འགྱུར་བཅས་གསུང་དོན། “ ང་རྗེས་མ་རྒྱལ་བ་རིན་པོ་ཆེ་ཆགས་ཀྱི་མ་རེད། དེ་མི་སྲིད་པའི་སྐད་ཆ་རེད།” དེ་འདྲ་ཁོ་ན་གསུངས་ཀྱི་འདུག
ཁོང་ཉིད་རྗེས་མ་རྒྱལ་བ་རིན་པོ་ཆེར་མི་འགྱུར་བ་དེ་ཆོས་བརྒྱུད་ཀྱི་ཆ་ནས་གསལ་པོ་ཡིན་ཀྱང་། ཁོང་ལ་དབུ་ཁྲིད་དེ་འདྲ་བྱེད་པར་ཆོས་ཀྱི་མཁྱེན་དཔྱོད་དང་ཆབ་སྲིད་ཀྱི་རླབས་སོགས་གང་ཅིའི་ཐད་ནས་རྩལ་རྫོགས་བཞིན་པ་རེད་འདུག འབྱུང་འགྱུར་གྱི་ལོ་ཡི་ནང་དུ་ཕལ་ཆེར་རྒྱ་བོད་ཀྱི་གནད་དོན་གཙོ་བོའི་ཐད་ལ་ཡང་ཀརྨ་པས་ཕྱག་ལས་གལ་ཆེན་གནང་ས་རེད། རྒྱ་ནག་གཞུང་གིས་ཀརྨ་པའི་ཐོབ་དབང་ཐད་ངོས་ལེན་བྱས་ཡོད་པ་དེའི་རྒྱུ་མཚན་གྱིས་ད་ལྟ་མུ་མཐུད་འགྲོ་བཞིན་པའི་འཐབ་རྩོད་འདིའི་ཐད་ལ་ཁོང་ནི་རླབས་ཤུགས་ཆེ་བའི་གྲོས་མོལ་བ་ཞིག་ཏུ་འགྱུར་བའི་རེ་བ་འདུག
ཀརྨ་པས་གནད་དོན་འདི་ནི་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་གི་སྒྲོམ་གཞིར་འཛུལ་གྱི་འདུག །ཁོང་གིས་གསུངས་དོན། “ རྒྱ་ནག་གཞུང་གིས་ངོས་འཛིན་མ་ཐུབ་པའི་གནད་དོན་རྣམས་ལས་གཙོ་བོ་ནི་བོད་མི་ཚོས་འབོད་སྐུལ་བྱེད་བཞིན་པ་ནི་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་བཅས་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་ཐོབ་ཐང་དེ་དགོས་ཞེས་བརྗོད་ཀྱི་ཡོད་པ་རེད། རྒྱ་ནག་གིས་དེ་ཉིད་ཆབ་སྲིད་ཀྱི་སྒྲོམ་གཞི་ཞིག་ཏུ་ངོས་འཛིན་གྱི་འདུག །ཡིན་ན་ཡང་བོད་མི་རྣམས་ཆབ་སྲིད་པ་ཞིག་མ་རེད།” ཅེས་གསུངས།
དཔལ་ཀརྨ་པས་ལས་སླ་པོའི་ཐོག་ནས་གསལ་བཤད་གནང་དོན། “ ང་ནི་རྒྱ་ནག་གི་ངོ་རྒོལ་བ་ཞིག་མིན། ང་རང་ཆོས་ལུགས་ཀྱི་བླ་མ་ཞིག་ཡིན་པའི་ཆ་ནས་སེམས་ཅན་ཐམས་ཅད་ཀྱི་བདེ་དོན་ལ་འབད་བརྩོན་བྱེད་ཀྱི་ཡོད། དེར་བརྟེན་ང་ནི་རྒྱ་ནག་གིས་མཚོན་པའི་སུ་དང་གང་གི་ཡང་ངོ་རྒོལ་བ་ཞིག་མིན། འོན་ཀྱང་ངས་དྲང་བདེན་གྱི་དོན་དུ་འཐབ་རྩོད་བྱེད་ཀྱི་ཡིན་ལ་དྲང་བདེན་དེ་སུས་ཀྱང་ཤེས་པ་ཞིག་དགོས། “ ཞེས་གསུངས།
ཀརྨ་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐུགས་བསམ་བཞེས་རྒྱུ་འདི་ནི་བོད་མི་རྣམས་ཀྱི་ཕ་ཡུལ་གྱི་གནད་དོན་གྱི་ཆེད་ལས་ཀྱང་ཚད་གཞི་མཐོ་བ་ཞིག་རེད། ཁོང་གིས་ད་བར་ཕོ་མོའི་ཐོབ་ཐང་འདྲ་མཉམ་དགོས་པའི་སྐོར་བོད་དང་ནང་པའི་སྤྱི་ཚོགས་ཀྱི་ཁྲོད་གསུང་བཤད་སྤེལ་ཡོད་ཅིང་། ནང་ཆོས་དང་ཚན་རིག་གི་ལྟ་གྲུབ་ཀྱི་འབྲེལ་བའི་སྐོར་ལ་བགྲོ་གླེང་གནང་ཡོད། འོན་ཀྱང་ཁོང་གིས་ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་ཤུགས་ཆེན་ཡོད་པ་དེ་ལས་ལྷག་པ་ཞིག་གཞན་གང་གིས་ཀྱང་ཕལ་ཆེར་ཁོང་གི་ཁྱད་ཆོས་དེ་གསལ་པོ་སྟོན་ཐུབ་མེད། ནེའུ་ཡོག་ཏུ་བོད་མི་སྟོང་ཕྲག་གཉིས་ལྷག་འཛོམས་པ་དེར་ཁོང་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ལས་འཕྲོས་ཏེ་གསུངས་བཤད་གནང་སྐབས་དེར་ཡོད་ཀྱི་མི་ཐམས་ཅད་ཧོན་འཐོར་དགོས་པ་བྱུང་ཡོད་ཅིང་། འགའ་ཤས་ཀྱིས་ཁོང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་སངས་རྒྱས་ [Green Buddha] ཞེས་མཚན་འདོགས་ཀྱང་བྱས་ཡོད། ༢༠༠༩ ལོར་རྒྱལ་དབང་ཀརྨ་པས་བཀའ་བརྒྱུད་པའི་གྲྭ་བཙུན་རྣམས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱེད་ཚུལ་ཐད་ཚོགས་འདུ་ཐེངས་གཉིས་སྐོང་ཚོགས་བྱས་ཤིང་། དེའི་གྲུབ་འབྲས་སུ་གྲྭ་བཙུན་གྱི་དགོན་སྡེ་བཞི་བཅུ་ལྷག་གིས་ཤིང་སྣ་འདེབས་འཛུགས། རི་དྭགས་སྲུང་སྐྱོབ། འཐུང་ཆུ་བསྲི་ཚགས། ཆུད་ཟོས་དོ་དམ། བསྐྱར་གསོའི་ཐོན་ཁུངས་རང་བཞིན་གྱི་དངོས་རྫས་རྣམས་བེད་སྤྱོད་གཏོང་བ་སོགས་ཀྱི་སྒོ་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གཏན་འབེབས་བྱུང་ཡོད།
ཁྱེད་ལ་ནང་ཆོས་ནང་གི་བསླབ་བྱ་གང་ཞིག་གིས་དམིགས་བསལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ལ་སེམས་འགུལ་ཐེབས་ཀྱི་འདུག་གམ་ཞེས་དྲིས་པ་ན། ཀརྨ་པས་དྲི་བ་འདི་ལས་སླ་པོ་རེད་གསུང་དོན། “ ནང་ཆོས་ཀྱི་ནང་དུ་ང་ཚོས་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་ཐབས་བྱེད་དགོས་ཞེས་བཤད་ཡོད། གལ་སྲིད་ང་ཚོར་སེམས་ཅན་གཞན་པར་བདེ་སྐྱིད་དང་ཕན་འདོགས་ཐུབ་པའི་གོ་སྐབས་བྱུང་བ་ཡིན་ན། ང་ཚོའི་ངོས་ནས་དེ་ལ་སྤྲོ་སྣང་དང་ལྷག་བསམ་རྣམ་དག་གི་ཐོག་ནས་བརྩོན་དགོས་ཀྱི་ཡོད། ཁོར་ཡུག་ནི་འགྲོ་བ་མིའི་རིགས་ཙམ་མིན་པར་འཛམ་བུའི་གླིང་འདིར་ཡོད་པའི་སེམས་ཅན་སྤྱིའི་འཚོ་རྟེན་རེད། དེར་བརྟེན་གལ་སྲིད་ང་ཚོས་ཁོར་ཡུག་གི་གནད་དོན་ལ་གུས་བརྩི་དང་སྲུང་སྐྱོབ་བྱེད་ཐུབ་པ་ཡིན་ན། ང་ཚོས་སེམས་ཅན་གྲངས་མེད་པ་ལ་ཕན་འདོགས་ཐུབ་ཅིང་། དེ་ལ་ང་ཚོའི་ནང་ཆོས་ཀྱི་ནང་དུ་ཐབས་མཁས་པའི་ཉམས་ལེན་ཟེར། ང་ཚོས་སྤྱིར་བཏང་མི་ཞིག་ལ་དགོས་པའི་དུས་སུ་ཞལ་འདེབས་འདྲ་སྤྲོད་ཐུབ་མོད། དེ་ནི་ཚད་ངེས་ཅན་ཡོད་པའི་གཞན་ཕན་ཞིག་རེད། འོན་ཏེ་གལ་སྲིད་ང་ཚོས་ཧི་མ་ལ་ཡའི་གངས་རི་རྣམས་དང་ས་ཆ་དེ་དག་ནས་འབབ་པའི་ཆུ་བོ་རྣམས་སྲུང་སྐྱོབ་བྱེད་ཐུབ་པ་ཡིན་ན། ང་ཚོས་ཉ་ཡི་རིགས་དང་། མིའི་རིགས་དང་། སེམས་ཅན་གཞན་གྲངས་མེད་པ་ཞིག་ལ་འཚོ་གནས་སྦྱིན་ཐུབ་ཀྱི་ཡོད། དེའི་ཕྱིར་ནང་པ་ཞིག་གི་ངོས་ནས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་སེམས་ཅན་རྣམས་ལ་ཕན་འདོགས་པར་གོ་སྐབས་ངོ་མཚར་བ་ཞིག་རེད། བྱ་བ་ཆུང་ངུ་ཞིག་གིས་སེམས་ཅན་མང་པོ་ལ་ཕན་འདོགས་ཐུབ་པ་མ་ཟད། དེ་ནི་ང་ཚོ་ཐེག་པ་ཆེན་པོའི་ཆོས་ལུགས་ནང་འབྱུང་བའི་སྙིང་རྗེའི་ཉམས་ལེན་གྱི་སྙིང་པོ་ཡང་རེད། “ ཅེས་གསུངས།
ནུབ་ཕྱོགས་ཀྱི་ལུང་པ་འདིར་ནང་ཆོས་ཀྱི་མན་ངག་དང་ནང་ཆོས་ཀྱི་ཉམས་ལེན་ལ་དོ་སྣང་བྱེད་མཁན་གྱི་གྲངས་འབོར་འཕར་ཚད་མཐོ་བ་འདིའི་ཁྲོད་དུ་མི་མང་པོས་ཀརྨ་པ་ཉིད་ཆོས་ཀྱི་དབུ་ཁྲིད་ཞིག་ཡིན་པའི་གནད་དོན་འདིའི་ཐད་དམིགས་བསལ་གྱི་དོ་སྣང་སྤྲོད་པ་རེད། མི་འབོར་མང་ཆེ་བའི་སེམས་ལ་དྲི་བ་གལ་ཆེ་ཤོས་ཤིག་ཡོད་པ་ནི་བོད་ཀྱི་མཐོ་སྒང་དུ་གཞི་རྩ་ཧ་ཅང་ཟབ་མོ་ཚུགས་པའི་ནང་ཆོས་ཀྱི་སྲོལ་རྒྱུན་འདི་ཉིད་མ་ནོར་བ་དང་མ་འཁྲུགས་པར་ནུབ་ཕྱོགས་ཀྱི་མི་རྣམས་ཀྱིས་ཇི་ལྟར་བྱས་ནས་གོ་རྟོགས་ཡོང་བ་དང་ཇི་ལྟར་བྱས་ནས་ཉམས་སུ་ལེན་དགོས་སམ་ཞེས་པ་དེ་རེད། དཀའ་ངལ་འདི་ཉིད་ལ་ཀརྨ་པས་ཐབས་མཁས་པོས་གཡོལ་ཐབས་བྱེད་ཀྱི་མི་འདུག
ཁོང་གིས་གསུང་དོན། “ནང་པའི་བསྟན་པ་འདི་ཉིད་བོད་དུ་རང་རྐང་ཚུགས་པ་དང་། བར་ཆད་མེད་པ། ཕལ་ཆེར་ལོ་ཆིག་སྟོང་ཙམ་གྱི་ཡུན་དུ་གསང་བའི་ཐོག་ནས་དར་བ་དེས་བོད་འདིར་ནང་ཆོས་ཀྱི་གཞི་རྩ་ཚུགས་ཐུབ་པ་ཞིག་བྱུང་ཡོད། ཕྱི་རོལ་གྱི་བྲེལ་ཟིང་སོགས་ཀྱི་འགལ་རྐྱེན་མེད་པར་བརྟེན་བོད་མི་རྣམས་ཀྱིས་ནང་ཆོས་ལ་གཏིང་ཟབ་མོར་ཞུགས་ཐུབ་པ་དང་། ཉམས་ལེན་གྱི་གོམས་འདྲིས་ཧ་ཅང་ཟབ་མོ་འཇོག་ཐུབ་པ་བྱུང་བ་རེད། བོད་ཡུལ་ལ་ཡོད་པའི་རྒྱ་ཆེ་བ་དང་གུ་ཡངས་པའི་གནས་སྟངས་དེ་ཉིད་ཀྱིས་བོད་མི་རྣམས་ལ་ནང་ཆོས་ཀྱི་ཉམས་ལེན་ལ་རྩེ་གཅིག་ཏུ་འབད་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད། ཡིན་ན་ཡང་ནུབ་ཕྱོགས་ཀྱི་ལུང་པ་ནི་དེ་དང་མི་འདྲ་བར། རྣམ་གཡེང་དང་འཚང་ཁ་ཆེ་བའི་གྲོང་ཁྱེར་འདི་དག་གི་ཁྲོད་དུ་ཆོས་ཀྱི་ཉམས་ལེན་བྱེད་པར་དུས་ཚོད་དེ་ཙམ་མེད། དེར་བརྟེན་ཡུལ་ལུང་འདི་ཚོར་ནང་ཆོས་ཀྱི་གཞི་རྩ་ཡག་པོ་ཞིག་ཚུགས་པར་ཕལ་ཆེར་དཀའ་ལས་ཏོག་ཙམ་ཞིག་ཡོད་པ་འདྲ།” ཞེས་གསུངས།
སེམས་ཤུགས་གཅོག་པའི་གནད་དོན་འདི་ཉིད་གསུངས་རྗེས་ཡང་ཁོང་གིས་མུ་མཐུད་དུ་གསུང་དོན། “ འོན་ཏེ་ཕྱོགས་གཞན་ཞིག་ནས་བལྟས་ན། གཅིག་བྱས་ན་ང་ཚོས་བྲེལ་ཟིང་གི་གནས་སྟངས་འདི་ཉིད་ཐབས་མཁས་པོའི་ཐོག་ནས་ང་རང་ཚོས་ཆོས་ཀྱི་ཉམས་ལེན་ཡག་པོ་བྱེད་ཐུབ་པའི་མཐུན་རྐྱེན་དུ་བསྒྱུར་ཐུབ་པ་ཞིག་རེད། ནང་ཆོས་ཀྱི་ནང་དུ་ཕྱི་རོལ་སྣང་བའི་བཤེས་གཉེན་ཞེས་པ་ཞིག་བཤད་ཡོད། དེའི་དོན་ནི་ང་ཚོའི་ཉིན་རེའི་མི་ཚེའི་ནང་སྣང་མྱོང་བྱུང་བའི་ཆོས་གང་ཡིན་ཀྱང་། དེ་དག་གིས་ང་ཚོར་ཆོས་རྣམས་ཀྱི་རང་བཞིན་དང་། ཆོས་དག་ཕན་ཚུན་རྟེན་འབྲེལ་ཡིན་པའི་ཐད་གོ་རྟོགས་ཟབ་མོ་ཞིག་སྤྲོད་ཀྱི་ཡོད། ཅེས་པའི་དོན་རེད། དེས་ན་བོད་ཀྱི་ནང་ཆོས་ནི་དད་པ་ལ་གཙོར་འདོན་བྱེད་པའི་ཆོས་ལུགས་ཤིག་དང་། དེ་ཡང་ཆོས་དང་མཐུན་པའི་དད་པ་ལ་འབད་བརྩོན་བྱས་པ་དེ་ཉིད་ཀྱིས་གྲུབ་འབྲས་རྒྱ་ཆེན་པོ་ཞིག་ཐོབ་པ་ཡིན་ཅིང་། ཕལ་ཆེར་དེང་དུས་དང་ནུབ་ཕྱོགས་ཀྱི་ནང་ཆོས་ནི་བརྟག་དཔྱད་དང་བློ་གྲོས་ཀྱི་ནུས་པ་འདོན་པའི་སྒོ་ནས་ཕན་ཐོགས་ཆེན་པོ་འབྱུང་བའི་ནང་ཆོས་ཤིག་ཏུ་འགྱུར་གྱི་རེད། དེར་བརྟེན་ཕལ་ཆེར་ང་ཚོས་དད་པ་ལས་ཀྱང་བློ་གྲོས་ལ་བརྟེན་པ་ཡིན་ན་ཕན་ཐོགས་ཤུགས་ཆེ་བ་འབྱུང་ས་རེད། གལ་སྲིད་ང་ཚོས་དེ་ལྟར་བྱས་པ་ཡིན་ན། ངའི་བསམ་པར་ནང་ཆོས་འདི་ཉིད་དེང་དུས་དང་ནུབ་ཕྱོགས་ཀྱི་འཛམ་གླིང་འདིར་གཞི་རྩ་བརྟན་པོ་ཞིག་ཚུགས་པའི་རེ་བ་ཆེན་པོ་མཐོང་གི་འདུག” ཅེས་གསུངས།
མ་རྩོམ་ཡོང་ཁུངས།
www.huffingtonepost.com
བཟུར་གནས་དྲངས་པོས་ཞུས་ན། ཁོང་ནི་དངོས་གནས་མ་འདྲ་བའི་སྐྱེས་ཆེན་ཞིག་ཏུ་མངོན། ཀླད་ཁྲེགས་དག་གི་སྙིང་དཀྱིལ་དུ་ཤོང་དཀའ་བའི་གནས་ཚུལ་དེ་མི་ཡོངས་པའི་ངེས་པ་མི་འདུག་ལ། ཁོང་ནི་གོང༧་ས་མཆོག་གཉིས་པར་འགྱུར་པའི་སྨོན་འདུན་ཞུ་བཞིན་མཆིས།
དེ་སྔ་ཏཱ་ལའི་བླ་མ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་དུས་ཀརྨ་པའི་རྗེས་འཇུག་པ་ཚོས་ཏཱ་ལའི་བླ་མའི་རྗེས་སུ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བདག་པོ་ཀརྨ་པ་ཡིན་རབས་ཀྱི་གཏམ་འཆལ་རབས་དང་རིམ་པ་བསྒྲགས་པ་རེད། ཏཱ་ལའི་བླ་མས་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་རྩིས་སྤྲོད་གཙང་མ་བྱས་རྗེས་ཀརྨ་པའི་རྗེས་འཇུག་ཚོས་གོ་གནས་དེའི་ཕྱོགས་ནས་རེ་བ་མེད་པ་ཤེས་ནས། སླར་ཡང་ཏཱ་ལའི་བླ་མའི་རྗེས་སུ་ཀརྨ་པ་མཆོག་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་ཆགས་ངེས་ཡིན་པའི་འཆལ་གཏམ་སྤེལ་གྱི་ཡོད་པ་རེད། ཀརྨ་པའི་རྗེས་འཇུག་ཚོས་ཅིའི་ཕྱིར་ཀརྨ་པ་དང་ཏཱ་ལའི་བླ་མ་གཉིས་མཚུངས་བསྡུར་བྱེད་ཀྱི་ཡོད་པ་རེད། དཔེར་ན། བོད་པ་ཚོས་ཏཱ་ལའི་བླ་མར་༧གོང་ས་མཆོག་དང་། རྒྱལ་བ་རིན་པོ་ཆེ། སྐུ་མདུན། སྐྱབས་མགོན་རིན་པོ་ཆེ་སོགས་ཡོངས་གྲགས་ཀྱི་མིང་ཁ་ཤས་ཀྱིས་འབོད་པ་དེ་བོད་མི་ཀུན་གྱི་སེམས་ངོར་ཡང་མིང་དེའི་འཇུག་ས་ཏཱ་ལའི་བླ་མ་ཡིན་པར་འཇགས་ཡོད་པ་ལྟར། ཀརྨ་པའི་རྗེས་འཇུག་རྣམས་ཀྱིས་ཀྱང་ཀརྨ་པ་ལ་༧གོང་ས་མཆོག་དང་། རྒྱལ་བ་རིན་པོ་ཆེ། སྐུ་མདུན། སྐྱབས་མགོན་རིན་པོ་ཆེ་སོགས་ཀྱིས་འབོད་ཀྱི་འདུག ཁོང་ཚོས་ཅིའི་ཕྱིར་ཏཱ་ལའི་བླ་མ་དང་ཀརྨ་པ་གཉིས་བསྡུར་མཚུངས་བྱེད་ཀྱི་ཡོད་པ་རེད། རྒྱལ་བ་ཀརྨ་པ་མཆོག་ལ་མ་གུས་པ་མིན་ཡང་ཁོང་གི་གཤམ་འོག་གི་ལས་བྱེད་ཕལ་མོ་ཆེ་ཞིག་གིས་ཀརྨ་པ་ལག་ཆར་འཁྱེར་ནས་ཏཱ་ལའི་བླ་མ་ལ་འགྲན་བསྡུར་དང་། ཏཱ་ལའི་བླ་ལའི་གོ་གནས་ལ་ཧམ་སེམས་བཅངས་པ་ནི་ཆེས་ཐ་ཤལ་གྱི་བྱ་སྤྱོད་ཅིག་རེད། ཅིས་ཀྱང་གཟབ་པར་འཚལ་ལོ།
ངས་གོང་དུ་ཀླད་ཁྲེགས་དག་གི་བློ་ཡུལ་དུ་ཤོངས་དཀའ་བ་ཞིག་མི་ཡོངས་པའི་ངེས་པ་མི་འདུག་ཞུས་པ་ལྟར། ཀླད་ཁྲེགས་རང་གིས་མིང་ལ་མ་གཟིགས་ནས་དོན་ལ་གཟིགས་དང་གནས་ཚུལ་མཁྱེན་པར་འགྱུར་། སྐྱོན་ཀུན་བྲལ་ཡོན་ཏན་ཀུན་ལྡན་ཞིག་ཡིན་ན། བདུད་རྒན་གྱི་མིང་ལྡན་ཞིག་ཡིན་ནའང་སྤྱི་བོར་བཀུར་འོས་ལ། དེ་ལས་ཟློགས་པ་ཞིག་ལ་སངས་རྒྱས་ཀྱི་མཚན་གནས་ཡོད་ནའང་སྟོང་སྙོམས་སུ་བཞག་པར་འོས། མཚན་སྨས་མ་ཞུས་ན་བཟང་། ཕྲག་དོགས་སོགས་ཉོན་མོངས་ཀྱི་དགྲ་བོས་དབང་དུ་བསྒྱུར་ན་རང་གཞན་སུ་ལའང་བདེ་བའི་ལམ་བཟང་མི་བརྙེད་དོ།
མཚན་གང་ཞིག་གསོལ་ནའི་ཁྱད་པར་དེ་ཙམ་མཐོང་གི་མི་འདུག རང་རང་དད་པ་གནང་སའི་ཡུལ་དེར་ཆེ་བསྟོད་གནང་བ་ལས་༧གོང་ས་༧སྐྱབས་མགོན་ཆེན་པོར་འགྲན་བསྡུར་གནང་བ་ཞིག་མ་རེད་བསམ། དེང་སྐབས་བཙན་བྱོལ་ནང་དམངས་གཙོའི་ལམ་ནས་འོས་བསྡུ་གནང་གི་ཡོད་སྟབས་མཐའ་མའི་ཐག་གཅོད་དེ་འོས་བསྡུའི་ལམ་ནས་སྲིད་སྐྱོང་འདེམ་རྒྱུར་སོང་དེ་སྔའི་ལམ་ལུགས་མང་དག་ཞིག་ཡོང་མི་སྲིད་པ་རེད། ང་ཚོས་ཆོས་ལུགས་དང་། ལུང་ཚན། རིགས་རུས། གསར་རྙིང་གི་དབྱེ་བ་མ་ཕྱེ་བར་མཐུན་ལམ་དང་། རོགས་རེས། མཉམ་གནས། རྒྱལ་སྐྱོང་བཅས་པ་གནང་རྒྱུ་གལ་ཆེན་པོ་ཡིན། ད་ལྟ་བཙན་བྱོལ་བ་ཡིན་སྟབས་
སྟོང་འཛིང་རྒྱབ་ན་སྙིང་པོ་མེད།
༧ཀརྨ་པའི་རྗེས་འཇུག་ཚོས་འཆལ་གཏམ་སྤེལ་བ་ག་ལ་ཡིན་༧རྒྱལ་བ་རིན་པོ་ཆེ་རང་གིས་ངའི་མཇུག་སྐྱོང་མཁན་ཀརྨ་པ་ཡིན་་་ཐེངས་མང་གསུངས་ཡོད་པ་རེད།
ངའི་མཇུག་སྐྱོང་པ་ཁྱེད་རང་ཡིན་ད་ཚར་མང་པོ་གསུང་པ་ཉི་མ་བརྒྱ་གས་ལྟར་རེད་། བྱས་ཙམ་ཧ་གོ་བར་གྱིས་།
ཀརྨ་པས་ཁོར་ཡུག་སྲུང་སྐྱོབས་ལ་དོ་སྣང་བྱས་པ་ཡག་པོ་རེད། ཡིན་ཡང་དེ་ནི་དེ་ཙམ་གྱིས་བཀད་ཁག་པོ་ཞིག་ཀྱང་མ་རེད། ཀརྨ་མ་པས་འཇོན་ན་ཁོར་ཡུག་ལ་མ་གནོད་པའི་ཐོག་དཔལ་འབྱོར་དང་བཟོ་ལས་ཡར་རྒྱུས་གཏོང་ཐབས་ཤིག་གསལ་སྟོན་བྱེད་དགོས་པ་རེད། དཔེར་ན་སྣུམ་མ་དགོས་པའི་མོ་ཏྲ་དང་གནམ་གྲུ་བཟོ་སྟབས་གསར་བ་ཞིག་རྙེད་དགོས་པ་རེད།
མདོ་དོན་ཀརྨ་པས་ཁོར་ཡུག་ལ་མི་གནོད་པའི་བཟོ་ལས་དང་དཔལ་འབྱོར་དར་རྒྱས་གཏོང་ཐབས་ཤིག་རྙེད་དགོས་པ་རེད། དེ་མ་བྱེད་འདི་མ་བྱེད་ལབ་བསྡད་གཅིག་པོ་མ་ཡིན་པས། དེའི་ཚབ་ལ་འདི་བྱོས། འདི་ཚབ་ལ་དེ་བྱས་ཤོས་ཤེས་ཐབས་ལམ་གསར་བ་གསར་བསྟོད་བྱེད་དགོས་པ་ལས། མ་བྱེད་མ་བྱེད་ལབ་བསྡད་པ་ལས་ཧ་ལས་རྒྱུ་མི་འདུག
དཔལ་རྒྱལ་དབང་ཀརྨ་པ་མཆོག་ཆོས་བརྒྱུད་སྤྱིའི་དབུ་ཁྲིད་བྱེད་ཐུབ་མིན། དང་པོ་འབྲི་གུང་དང་འབྲུག་པ་གཉིས་ལ་བྲིས་ན་གསལ་པོ་ཤེས་རྒྱུ་རེད་འདོད་གི།
རྒྱལ་བ་རིན་པོ་ཆེ་རྗེས་ལ་མཇུག་སྐྱོང་མཁན་དཔལ་རྒྱལ་དབང་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་མ་གཏོགས་གཞན་སུ་གང་ཡང་ཡོད་མ་རེད།་ཁོང་ནི་མ་འོངས་པ་བོད་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ཆགས་ངེས་རེད་། ༄༅། །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ། དུས་གསུམ་རྒྱལ་བ་ཀུན་གྱི་འཕྲིན་ལས་པ། ། ་ ཀརྨ་པ་ཡིས་རྟག་ཏུ་རྗེས་བཟུང་ནས། ། བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱོད་པར་ཤོག ། ་ ཀརྨ་པ་མཁྱེན་ནོ། །
ཁ་ཤས་དགེ་ཕྱོགས་ལ་གཡོན་དྲག་ནས་ཀརྨ་པའི་རྗེས་འཇུག་ཚོར་མ་ཉེས་ཁག་གཡོག་བྱེད་ཀྱི་འདུག ཡང་ཁ་ཤས་ཀར་ཕྱོགས་ལ་གཡོན་དྲག་ནས་༧ཏཱ་ལའི་བླ་མས་ཀརྨ་པ་ཁོང་གི་རྗེས་སྐྱོང་བར་གསུངས་རབ་སྒྲོག་འདུག་མོད།ཕྱོགས་གཉིས་ཀར་དྲི་བ་རེ་རེ་འདོན་འདོད་པ་ནི།དང་པོ།ཀརྨ་པའི་གཤམ་འོག་ལས་བྱེད་སུས་༧རྒྱལ་བ་རིན་པོ་ཆེར་གོ་གནས་རྩད་དེ་རྙོག་བྲ་བཟོས་མྱོང་ཡོད་དམ།གཉིས།༧རྒྱལ་བ་རིན་པོ་ཆེས་ག་དུས་ཀརྨ་པ་ཁོང་གི་ཆོས་སྲིད་ཀྱི་རྗེས་སྐྱོང་ཡིན་པ་གསུངས་སོང་ངམ།ངས་ད་ལྟ་བར་གསར་ལམ་ཁག་ཏུ་གོ་བ་གཅིག་རང་ནི་བར་ལམ་ཐེ་ཝན་གྱི་རྒྱ་རིགས་ཁག་ཅིག་གིས་༧རྒྱལ་དབང་རིན་པོ་ཆེར་བཀའ་འདྲི་ཞུས་པ་བོད་མིའི་རང་དབང་གསར་ཤོག་ཏུ་བཀོད་པ་ཅིག་ནང་།འབྱུང་འགྱུར་བོད་མིའི་ཆོས་སྲིད་ཀྱི་དབུ་ཁྲིད་༧ཀརྨ་པ་ཆགས་ཀྱི་རེད་དམ་ཅེས་པར།༧གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་ནི་མང་གཙོའི་ལམ་དུ་ཕྱིན་ཏེ་བཀའ་བློན་ཁྲི་པ་ཆབ་སྲིད་ཀྱི་འགོ་ཁྲིད་མི་མང་གིས་ཐད་ཀར་འོས་འདེམས་གནང་གི་ཡོད་ཅིང་།ཆོས་བརྒྱུད་ཁག་གི་ནང་དུའང་༧ས་སྐྱའི་གདུང་སྲས་ཁག་དང་༧ཀརྨ་པ་ལྟ་བུ་གཞོན་སྐྱེས་ཤེས་འཇོན་ལྡན་པ་མང་པོ་ཡོད་པས།སོ་སོའི་ཤེས་འཇོན་ལ་དཔག་སྟེ་སུའང་བོད་མིའི་ཆོས་སྲིད་ཀྱི་འགོ་ཁྲིད་ཆགས་སྲིད་པ་རེད་ཅེས་གསུངས་འདུག་ཅིང་།
ཡང་རྗེས་སྐྱོང་བ་ཟེར་པ་དེ་སྤྱན་རིས་གཟིགས་ཟེར་བའི་གློག་བརྙན་ནང་སེམས་དང་སྲོག་གི་ཚན་རིག་དང་ནང་བའི་བགྲོ་གླེང་གི་བར་གླགས་ཤིག་ཏུ་༧གོང་ས་མཆོག་གིས་གླིང་སྤྲུལ་རིན་པོ་ཆེ་དང་༧ཀརྨ་པ་གཉིས་ལ་ཁོང་གིས་ཚན་རིག་པ་དང་ནང་པའི་བར་བསམ་བློ་བརྗེ་རེས་ཀྱི་རྨང་གཞི་ངེས་ཅན་ཅིག་བཙུགས་བཞག་པ་དེ་ཁྱེད་གཞོན་སྐྱེས་སྤྲུལ་སྐུ་ཚོས་བརྒྱུད་འཛིན་ཡར་རྒྱས་གཏོང་དགོས་པ་གསུངས་སོང་མ་གཏོགས།ཆབ་སྲིད་དང་ཆོས་ལུགས་དབུ་ཁྲིད་ཐད་ནས་ད་ལྟའི་བར་༧གོང་ས་མཆོག་གིས་སུ་གང་ངའི་རྗེས་སྐྱོང་ཡིན་ལུགས་གསུངས་པ་གོ་མྱོང་མེད།
བོད་ཀྱི་དབུ་ཁྲིད་ཀྱི་གནད་དོན་དེ་མང་མོས་འོས་ཤོག་གི་ལམ་ནས་ཐག་ཆོད་ཀྱི་རང་བཞིན་ལས་གཞན་གང་གི་ཡང་ཐག་གཅོད་མི་ནུས་པའི་དུས་སྐབས་འདིར་ཆོ་མེད་ཀྱི་སྐད་ཆ་བཤད་ནས་དགོས་པ་གང་ཡང་མི་མཐོང་།
སྐྱག་པ་ཟོ་ཟེར་རྒྱུ་ཡིན།
མེ་དཀར་ཁྱོད་ཟེར་རྒྱུས་ཕོངས་པ་ཙམ་རེད་ལོ།།
རྒྱལ་བ་ཀརྨ་པ་མཁྱེན་ནོ། དེ་དེ་བཞིན་ནོ། རྒྱལ་བསྟན་ཕྱི་ནང་བོན་དང་བཅས་པའི་བདག་པོ་ཡིན་པ་ལ་ཐེ་ཚོམས་མི་འདུག
བོད་ཀྱི་ཡོད་ཚད་མི་གཅིག་དང་ཡང་ན་བླ་མ་གཅིག་ལ་བདག་མི་འགྲོ་བའི་རེ་བ་ཡོད། ཡང་ན་བོད་ཀྱི་བདག་པོ་བོད་མི་ཡིན་པ་ལས། བོད་ཀྱི་བདག་པོ་བླ་མ་གཅིག་མི་ཆགས་པའི་རེ་བ་ཡོད།
ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
ཧ་དང་ཧ་ཡིས་བཀང་ནས་ཡོད།།
དེ་ཡི་གོ་བ་ལོན་པར་གྱིས།།
བཀྲ་མི་ཤེས་པའི་མི་ངན་རྩིས་ཆེན་ལེགས་མཐོང་ཟེར་བར་བརྗོད་དོན་ ལྟས་ངན་ཁྱོད་ཀྱི་གནས་དུས་ཚོད་བརྩིས་ཀྱིས་ཆེས་ཧ་ཅང་གི་དུས་བབས་གཉན་འཕྲང་འདིར་བོད་འབངས་ས་ཡ་དྲུག་གི་སྙིང་དབུས་ཀྱི་རེ་བ་ཉག་ཅིག་པུ་༧གོང་ས་ཆེན་པོ་སྐུ་ཚེ་ཞབས་པད་བརྟན་པ་དང་གཞིས་བྱེས་ལྷན་འཛོམས་སླད་དཀའ་བ་བརྒྱ་ཕྲག་དྭངས་དུ་ལེན་མུས་སུ་ ཁྱེད་བོད་རིགས་ཤིག་གི་རྩོམ་འཆལ་འདི་རིགས་བསྒྱུར་བར་ནམ་ཡང་བཟོད་མི་སྲིད། གལ་སྲིད་ཁྱེད་ཉིད་རྒྱ་ཁྱི་རྒྱ་འདྲེ་ཡིན་ན་ནི་སྙིང་བརྗེ་བ་ལས་གཞན་ཅི་བྱ་ རྒྱུ་མཚན་ཡང་ཁྱེད་ཅག་གི་རིང་ནས་སྙིང་གི་རེ་འབྲས་ནམ་ཡང་མི་འགྲུབ་སྟེ་ ༧གོང་ས་ཆེན་པོ་མ་མཐར་ཡང་དགུང་གྲངས་༡༡༣བར་བཞུགས་རྒྱུར་སྔར་ནས་ཐམས་ཅད་མཁྱེན་པས་ལན་མང་གསུངས་ཟིན་པའི་ཕྱིར་དང་། ཕྱིས་སུ་ཡང་༧ སྐྱབས་རྗེ་འཕྲུལ་ཞིག་ཚང་གི་དགོངས་གཞི་ལྟར་གྲུབ་ཆེན་ཐང་སྟོང་གི་དགུང་གྲངས་དང་མཉམ་པ་བཞུགས་རྒྱུ་ཞལ་བཞེས་གནང་ཟིན་པའི་ཡང་ཕྱིར་དང་། ངེད་ཅག་ཆོལ་གསུམ་བོད་འབངས་ཡོངས་ཀྱི་མགོན་སྐྱབས་ཉག་ཅིག་ཏུ་རྡོ་རྗེའི་སྐུ་ལ་སྐྱེ་འཆི་མི་མངའ་བ་སོགས་ཀྱི་ཕྱིར་རོ་
ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡ་དེ་ལས་སླ་བོ་ཞིག་ཡིན་ཚོད་མི་འདུག་་་དཔེར་ན་༧གོང་ས་མཆོག་གིས་མ་ཆོག་པའི་ཚོད་མི་འདུག་གམ། སྤྱི་བཏང་༧ཀརྨ་པ་ཟེར་དུས་གོ་ས་མང་པོ་མི་འདུག་གམ། སྤྱི་དབུ་ཁྲིད་ཟེར་དུས་ཆ་རྐྱེན་ག་ཚད་དགོས་རེད། ཆོས་ཀྱི་དབུ་ཁྲིད་ལ་ཆ་རྐྱེན་དང་སྲིད་ཀྱི་དབུ་ཁྲིད་ལ་ཆ་རྐྱེན་དགོས་རེད་ལགས། གུས་པས་ཨོ་རྒྱན་འཕྲིན་ལས་ཀྱིས་མི་འཇོན་དུས་ནམ་ཡང་ཞུས་མེད། ནོར་འཁྲུལ་འདྲ་བྱུང་འདུག་ན་དགོངས་ཡངས་ཞུ།།
ཡ་ད་འདིར་ཡང་བོད་ཆིག་སྒྲིལ་གཏོར་གཤིག་གཏོང་བའི་རྩོམ་ཆུང་ཞིག་དང་། སྦོམ་དང་དྲ་བའི་རང་གཞན་སེམས་པ་འགས་གཏོར་བྱེད་པའི་མཆན་མི་ཉུང་བ་ཞིག་འདུག་པས། དང་པོ། ང་ཚོ་ཚང་མ་བོད་པ་ཞིག་ཡིན་པ་དང་། རྒྱལ་བ་རིན་པོ་ཆེ་ཨ་མདོ་བ་ཞིག་རེད། རྒྱལ་བ་ཀརྨ་པ་ཁམས་པ་ཞིག་རེད། བྱས་ཙང་ཁོང་གཉིས་བོད་པ་འཁྲུལ་མེད་ཞིག་ཡིན་སྟབས། སུས་བོད་དོན་སྒྲུབ་ཀྱང་ཁྱད་པར་མེད། དེ་ལ་རྩོད་པ་སྤོངས། གཉིས་པ། རྒྱལ་བ་རིན་པོ་ཆེ་ཡང་ནང་པ་རེད། རྒྱལ་བ་ཀརྨ་པ་ཡང་ནང་པ་རེད། ཁོང་གཉིས་སུས་ནང་པའི་དབུ་ཁྲིད་བྱས་ཀྱང་ཁྱད་པར་མེད། དེ་ལ་རྩོད་པ་སྤོངས། གསུམ་པ། རྒྱལ་བ་རིན་པོ་ཆེ་བོད་མི་དམངས་བརྒྱ་ཆ་མང་ཆེ་བའི་ཆོས་ཀྱི་དབུ་ཁྲིད་ཡིན་པ་དང་། ཁོང་གི་བཀའ་དྲིན་ལས། བོད་མིའི་ནང་ཁུལ་ཆོས་ལུགས་དང་ཆོལ་ཁའི་ཆིག་སྒྲིལ་ཟབ་ཏུ་ཕྱིན་ནས། ལུང་པ་མི་ལ་ཤོར་ཡང་། སེམས་པ་གཅིག་ལ་སྒྲིལ་ཐུབ་ཡོད། དེ་ཁོང་གི་བྱས་རྗེས་གཙོ་བོ་ཞིག་རེད། དེ་ནས། ཁོང་ཁ་ཞེ་གཉིས་མེད་ཀྱི་མི་ཤེལ་དཀརརིལ་བུ་་བཞིན་ཕྱི་མཐོང་ནང་མཐོང་ཞིག་ཡིན་སྟབས། ཆོས་ཁས་མི་ལེན་མཁན་གྱི་མི་དང་ཁ་ཆེ་ལ་སོགས་པའི་ཕྱི་པའི་ཆོས་ལུགས་པ་ཚོས་ཀྱང་། རྒྱལ་བ་རིན་པོ་ཆེ་ལ་དགའ་བཞེན་དང་ཉེ་པོ་བྱེད་ཀྱི་འདུག། ཐུན་མོང་མ་ཡིན་པའི་རང་བཞིན་དྲང་ལ། བྱམས་པས་བཀང་བའི་མི་ཞིག་ཡིན་པ་གསལ་པོ་འདུག། དེ་དག་ལ་བརྟེན་ནས། ཁོང་རང་བཞིན་གྱི་མི་མང་པོའི་མིག་ལྟོས་འཇོག་སར་གྱུར་འདུག། དེ་ཁོང་རྒྱལ་བ་རི་པོ་ཆེ་ཡིན་སྟབས་བྱུང་བ་དང་། དགེ་འདུན་གྲུབ་པའི་ཡང་སྲིད་དམ། དེ་བཞིན་ཙོང་ཁ་པའི་སློབ་མ་ཡིན་ཙང་བྱུང་བ་མ་རེད། རང་བཞིན་གྱིས་ཁོང་ལ་སེམས་ཀྱི་ཡོན་ཏན་མང་པོ་ཡོད་པ་དེ་དག་ལ་བརྟེན་ནས་བྱུང་སྟབས། དེ་གདམས་ཀ་བརྒྱབ་ནས་བདམས་པ་མ་རེད།
ད་རྒྱལ་བ་ཀརྨ་པ་ཡང་མུ་མཐུད་སེམས་སྦྱོང་བ་དང་། ཡོན་ཏན་སློབ་པ། བདག་པས་གཞན་གཅེས་པའི་བསམ་པར་བློ་སྦྱོང་བ། ལྷག་པར་བཀའ་བརྒྱུད་དང་དེ་བཞིན་ཆོས་ལུགས་གཞན་པ་རྣམས་ལ་དད་པ་གཅིག་པུ་མིན་པར་སློབ་སྦྱོང་བྱས་ནས། ཆོས་ལུགས་དེ་དག་གི་བླ་མ་དང་མཁས་པ་ཚོས་ཁས་ལེན་བྱེད་ཐུབ་པའི་ཆོས་པ་ཞིག་གི་གོ་ས་ལེན་ཐུབ་ན། ད་གཟོད་གཞི་ནས་སྤྱིས་ཁས་ལེན་བྱེད་ཐུབ་པའི་བླ་མ་ཞིག་ཡོང་སྲིད།
དཔེར་ན། རྒྱལ་བ་རིན་པོ་ཆེ་རྙིང་མའི་བླ་མ་དང་སློབ་མ་མང་པོས་ཁོང་ལ་དད་གུས་ཞུ་བཞིན་ཡོད་པ་མ་ཟད། རྙིང་མའི་བླ་མ་མང་པོས་ཁོང་གི་དྲུང་ནས་ཆོས་གསན་གྱི་འདུག། ད་རྒྱལ་བ་ཀརྨ་པ་སྐུ་མདུན་ལ་རྙིང་མའི་བླ་མ་ཆེན་མོ་དེ་ཚོས་ད་ལྟ་བཀའ་ཆོས་གསན་མི་སྲིད་པ་རེད། ཁོང་ཡོན་ཏན་སྦྱོང་བཞིན་པའི་སྒང་ཡིན་པས་སོ། དེར་བརྟེན། དང་པོ་ཁོང་ཐོས་པ་བསྒྲུབ་དགོས། གཉིས་པ། རྒྱལ་བ་རིན་པོ་ཆེས་ས་སྐྱའི་སྐྱེ་ཆེན་མང་པོའི་དྲུང་ནས་ས་སྐྱའི་གཞུང་ལ་གསན་པ་དང་ཉམས་བཞེས་གནང་ནས། མཁས་པའི་གྲས་སུ་འཇོག་གི་འདུག། རྒྱལ་བ་ཀརྨ་པ་ས་སྐྱའི་རྗེས་འཇུག་པ་ཚོས་འདི་ལྟ་བུའི་མཐོང་ཡོང་མི་སྲིད། བྱས་ཙང་དང་པོ་ས་སྐྱའི་གཞུང་ལ་གསན་པ་གནང་དགོས་ཀྱི་འདུག། དེ་བཞིཨན་ཁོང་དགེ་ལུགས་པའི་གཞུང་དང་ཆོས་ཕྱོགས་ཀྱི་ཕྱག་ལེན་ཁག་ལ་ཡང་གསན་བཞེས་གནང་དགོས། དེ་ལྟར་མ་ཡིན་པར། ཆོས་ཕྱོགས་ཀྱི་དབུ་ཁྲིད་ཟེར་ན། མིང་སྟོང་པ་ཞིག་ཡིན་སྟབས། གོང་གི་གནད་འགག་ཆེ་བའི་གནད་དོན་དེ་ཚོར་བསམ་གཞིགས་གནང་དགོས་སོ།
འདི་བློ་གཟུ་བོར་གནས་ནས་དངོས་དོན་ལ་མཆོངས་པའི་བསམ་ཚུལ་ཡིན་པ་ལས། ལེགས་ཉེས་ཀྱི་དབྱེ་བ་བརྗོད་ཀྱི་མེད། ལྷག་དོན་བོད་པ་ང་ཚོ་ཤ་གཅིག་གི་ཏིལ་ཁ་༼འདིའི་དག་ཆ་ཤེས་ཀྱི་མིན་འདུག༽། དང་ཆུ་གཅིག་གི་ཆུ་ཐིག་ཡིན་སྟབས། ནང་ཁུལ་དབྱེ་འབྱེད་མེད་ལ་དགའ། དོན་རྡོག་རྡོག་རྒྱལ་བ་ཀརྨ་པས་རིས་མེད་ཀྱི་ཆོས་བརྒྱུད་ཀྱི་གཞུང་དེ་དག་ལ་བློ་རྒྱ་ཆེན་པོས་གཟིགས་སྦྱོང་གནང་དགོས་ཀྱི་འདུག། ལྷག་པར་དགེ་ལུགས་ཀྱི་གདན་ས་ཁག་ལ་ཕེབས་ནས་གྲ་སྐོར་དང་རྟགས་བསལ་སོགས་བཏང་ནས། ཆོས་ཕྱོགས་ཀྱི་རྩོད་པར་ཕེབས་ན། ལམ་གསར་པ་ཞིག་སྒོ་ཕྱེ་སྟབས། གལ་ཆེན་པོ་རེད།
གཟུར་གནས་ལགས། ཏིག་ཀ་ཅེས་བྲིས་ཡོད་པ་ཞིག་མཐོང་སོང་། ཀུན་བཟང་བླ་མའི་ཞལ་ལུང་དུ་ཡང་དེ་ལྟར་བྲིས་འདུག
ཀརྨ་པ་མཆོག་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་རྗེས་མ་ཆགས་ཐུབ་བམ་ཞེས་པའི་དྲི་བ་འདི་ནི་དྲི་བ་རྒྱ་ཆེན་པོ་ཞིག་དང་ཕྱོགས་མང་པོ་ཞིག་ལ་བལྟས་ཏེ་བཤད་དགོས་པ་ཞིག་རེད། ཡིན་ནའང་། རྩོམ་འདི་ནི་ཕྱོགས་མང་པོ་ཞིག་ནས་བལྟས་ཏེ་བྲིས་པ་ཞིག་མིན་པར་ཀརྨ་པ་སྐུ་སྒེར་གྱི་རྣམ་དཔྱོད་དང་དགོངས་པ་བཞེས་ཕྱོགས་ཁོ་ན་ལ་བལྟས་ཏེ་བཤད་བཞག་པའི་སྐད་ཆ་ཞིག་རེད། ཀརྨ་པ་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་ཆགས་དགོས་ན།
དང་པོ། ཀརྨ་བཀའ་བརྒྱུད་པ་ཡོངས་ཀྱིས་རྩོད་མེད་ངོས་ལེན་ཐོབ་དགོས་པ་དེ་རེད། ད་ལྟའི་ཆར་ཀརྨ་པ་གཉིས་ཡོད་པ་རེད། ཀརྨ་བཀའ་བརྒྱུད་པ་ཡོངས་ཀྱིས་ངོས་ལེན་ཡོད་པ་མ་རེད།
གཉིས་པ། དེ་ནས་བཀའ་བརྒྱུད་པ་ཡོངས་ཀྱིས་རྩོད་མེད་ངོས་ལེན་ཐོབ་དགོས་པ་རེད། ཀརྨ་པ་བཀའ་བརྒྱུད་པའི་དབུ་ཁྲིད་ཡིན་ཟེར་ན་བཀའ་བརྒྱུད་པའི་གྲུབ་མཐའ་གཞན་པ་འབྲི་གུང་། འབྲུག་པ་སོགས་ཀྱིས་ངོས་ལེན་བྱེད་གི་རེད་དམ། ཁོང་འདྲ་བའི་རྣམ་དཔྱོད་ཅན་གཞན་བཀའ་བརྒྱུད་ཀྱི་དབུ་ཁྲིད་ནང་མེད་སོང་བ་རེད་དམ།
གསུམ་པ། དེ་ནས་བོད་ཀྱི་ཆོས་བརྒྱུད་མི་མཐུན་པ་ཡོངས་ཀྱིས་གཅིག་མཐུན་གོང་དུ་བཀུར་བའི་ཚད་ལ་སླེབས་དགོས་པ་རེད། ཆོས་བརྒྱུད་རེ་རེ་དང་། དེའི་ནང་ཚན་རེ་རེ་བཞིན་དུ་རེ་བ་ཆེ་ཞིང་རླབས་ཆེན་གྱི་སྐྱེས་ཆེན་དམ་པ་མང་པོ་བཞུགས་ཡོད་པ་དེ་དག་ལས་གཙུག་ཏུ་སླེབས་པ་ཞིག་དགོས་པ་རེད། དེ་འདྲའི་ཆ་རྐྱེན་ཀརྨ་པ་ཚང་ལ་ལྡན་ནམ།
བཞི་པ། ༧རྒྱལ་བ་རིན་པོ་ཆེ་བཞིན་ཁ་མིན་དོན་གྱིས་ཆོས་ལུགས་རིས་སུ་མ་ཆད་ཅིང་ཆོས་བརྒྱུད་ཚང་མའི་བླ་མ་བསྟེན་ཞིང་གྲུབ་མཐའ་ཚང་མ་ཉམས་བཞེས་གནང་མཁན་ཞིག་དགོས་པ་རེད། ད་བར་ཀརྨ་པས་ཆོས་བརྒྱུད་གཞན་གྱི་བླ་མ་བསྟེན་ཞིང་དེ་དང་དེའི་ཆོས་ཉམས་སུ་བླངས་པའི་དཔེ་མཚོན་ག་ཚོད་ཅིག་བགྲང་དུ་ཡོད།
ལྔ་པ། བོད་ཀྱི་ལུང་ཚན་ཡོངས་སུ་ཆོས་བརྒྱུད་གཞན་པ་ཁག་གི་རྗེས་འཇུག་དད་ལྡན་མི་མང་གིས་རང་རང་གི་གྲུབ་མཐའི་སྐྱེས་ཆེན་དམ་པ་དག་དང་རང་རང་གི་ལུང་ཚན་ཁག་གི་༧སྐྱབས་མགོན་མཚན་ཅན་དག་ལས་ལྷག་པའི་གུས་བརྩི་སླེབས་དགོས་པ་རེད། དེ་འདྲ་འབྱུང་གི་རེད་དམ།
མཐའ་མཇུག གོང་གསལ་ཆ་རྐྱེན་ཚང་མ་ལྡན་པར་གྱུར་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དབུ་ཁྲིད་དམ་པའི་ཁྲི་ལ་འཁོད་པར་ཤོག
རྒྱལ་བ་རིན་པོ་ཆེ་དང་ཀརྨ་པས་གནང་ཐུབ་པ་གཅིག་ཡོད་པ་ནི་སྤྲུལ་སྐུ་ཟེར་བའི་ལམ་ལུགས་དེ་རྗེས་ལུས་དང་དོན་མེད་ཀྱི་གླེང་རྙོག་ཡོང་གཞི་ཙམ་དུ་མ་ཟད་དགེ་འདུན་གྱི་སྡེའི་མང་གཙོའི་འཕེལ་རིམ་གྱི་འགག་རྡོ་ཡིན་པ་ལ་ཡིན་པར་གཟིགས་ནས་དུས་དང་མཚམས་པའི་འགྱུར་བ་སྟངས་ནས་མཐར་བཀྲ་ཤིས་ལོ་ལེགས་ཀྱི་འཇུག་སྒྲིལ་ཡག་པོ་ཞིག་གནང་ཐུབ་རྒྱུ་དེ་རེད།།
གལ་སྲིད་ཀརྨ་པ་བོད་བརྒྱུད་ནང་བསྟན་དབུ་ཁྲིད་ཅིག་ཆགས་དགོས་ན། ཀརྨ་པ་ཨོ་རྒྱན་མཐའ་ཡས་རྡོ་རྗེ་ཆགས་ན་མ་གཏོགས་གཞན་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཁག་པོ་རེད་བསམ་འདུག གང་ཡིན་ཟེར་ན། འཕྲིན་ལས་རྡོ་རྗེ་ཆབ་སྲིད་པ་ཞིག་ནང་པའི་དབུ་ཁྲིད་ཆགས་སྲིད་མ་རེད། ནང་པའི་དབུ་ཁྲིད་ཆགས་དགོས་ན་ནང་པའི་ཆོས་ལ་གོམས་གཤིས་ཅན་ཞིག་དགོས་རེད། ཀརྨ་པ་ཨོ་རྒྱན་མཐའ་ཡས་རྡོ་རྗེ་ས་དགེ་བཀའ་རྙིང་སྐྱེས་ཆེན་དུ་མའི་མདུན་ནས་དབང་ལུང་ཞུས་པའི་བརྙན་རིས་དྲ་ལམ་དུ་མཇལ་ཡ་ཡོད་པས། ཀརྨ་པ་ཨོ་རྒྱན་མཐའ་ཡས་རྡོ་རྗེ་རྗེས་སུ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེས་ས་སྐྱ་གོང་མའི་མདུན་ནས་དབང་ལུང་ཞུས་པའི་བརྙན་རིས་གཅིག་མཐོང་ཡ་འདུག ཁྱོད་རང་ཚོ་བཀའ་བརྒྱུད་པ་རྣམས་མཐུན་སྒྲིལ་ཡོད་ན་གཞིས་ནས་དབུ་ཁྲིད་ཅེས་པའི་མིང་ཞིག་ལ་རེ་བ་བྱེད་ཆོག ཡང་སྒོས་ཀརྨ་པ་རྣམ་གཉིས་དབུ་ཁྲིད་སུ་ཆགས་ཀྱི་ཡོད་མེད་བཤད་དཀའ་བ་ཞིག་རེད། ཀརྨ་པ་རྣམ་གཉིས་ཀརྨ་པ་དངོས་ནས་སུ་ཡིན་མིན་བཤད་དཀའ་བའི་འཕྲང་ལམ་དུ་གྱུར་བའི་བོད་བརྒྱུད་ནང་དབུ་ཁྲིད་ཆགས་ཡ་རེ་བ་བྱེད་པ་དེ་ནི་ཆབ་སྲིད་པའི་ལྟ་བ་ལས་ནང་པའི་ཆོས་ལ་གོམས་འདྲིས་ཡོད་པའི་སྐྱེས་ཆེན་ཞིག་མིན་པ་ཐག་ཡོད་ཚར་རེད། ཀརྨ་པ་ཡིན་ན་བཤད་སྒྲུབ་གཉིས་ལ་ཉམས་ལེན་དགོས་རེད་མ་གཏོགས་ཆབ་སྲིད་དང་ཐོབ་དང་གོ་ས་ལ་རེ་བ་བྱེད་མཁན་ཀརྨ་པ་ཞིག་ད་བར་གོ་མྱོང་མེད། སྔ་ཆོད་ཀརྨ་པས་ཆབ་སྲིད་ལྟ་བ་ཁུར་མྱོང་མ་རེད། ད་ལྟར་ཡང་ཁུར་གྱི་མ་རེད། མ་འོངས་པ་ཡང་ཁུར་སྲིད་མ་རེད། ཆབ་སྲིད་དང་སྲིད་བྱུས་ཀྱིས་མི་དམངས་བསླུ་ཐུབ་ནི་ཞིག་རེད། གལ་སྲིད་ཆབ་སྲིད་དང་སྲིད་བྱུས་ལམ་ལུགས་བསྐྱོད་ན་དེ་ནི་ཀརྨ་པ་སྐུ་ཕྲེང་རྣམས་ལ་ཞབས་འདྲེན་ཆགས་ཉེན་ཡོད་པས་གཟབ་རོགས་གནང་།
མོ་ཙེ་ཏུང་ནང་ཆོས་ལ་ཧ་ཅང་མཁས་པ་ཡོད་རེད་ཟེར་ནས་ཐོས་མྱོང་ཡོད། ཁོས་ཟེར་ཡག་ལ་ནང་ཆོས་ནང་གི་ལས་འབྲས་ཟེར་པ་དེ་དང་དངོས་ཐོག་བདེན་འཚོལ་ཞེས་པ་གཉིས་དོན་དག་གཅིག་ལ་འགྲེལ་བཤད་རྒྱབས་འདུག། བསམ་བློ་ཅིག་བཏང་ན་ཁོའི་སྐད་ཆ་དེ་ཚོ་མ་རེད་ཟེར་ཡག་མི་འདུག
ཁོས་ཤོད་ཡག་ལ་འཇིག་རྟེན་ཐོག་གི་ཡོང་ཡས་མེད་པའི་བྱ་བ་ཅིག་ཡིན་ན་ཨུ་ཚུགས་མ་རྒྱགས་དཔེར་ན་ཕྱེ་མ་བརྫིས་ནས་བརླངས་བཙས་བཏང་ཡང་མོག་མོག་ལ་འགྱུར་གི་མ་རེད་ཟེར་བཤད་པ་རེད་ཟེར།
ཡིན་ན་ཡང་ནང་ཆོས་སྦྱངས་པའི་བོད་མི་མང་པོ་ཞིག་གིས་ལས་འབྲས་དང་ལས་འབྲས་ཟེར་ཁ་ན་ན་བར་དུ་་ཤོད་པ་མ་གཏོགས་ལག་ལེན་ཐོག་ལས་འབྲས་དང་རྒྱང་ཐག་ཤིན་ཏུ་རིང་བའི་སྟོང་བསམ་ཁོ་ན་བཅིངས་བཞིན་འདུག་ག
མཆན་ཨང་༢ འདེབས་མཁན་འཇམ་དབྱངས་ཟེར་པ་དེས་དངོས་ཡོད་ཀྱི་སྐད་ཆ་དྲང་མོ་བཤད་འདུག སྐད་ཆ་དེར་ཉན་ཤེས་ན་གོ་རྒྱུ་འདུག མང་པོ་བཤད་ནས་ཕན་པ་མེད།
སྐུ་འགྱུར་བ་མེད་པ་བླ་མའི་སྐུ།
གསུང་འགག་པ་མེད་པ་བླ་མའི་གསུང་།
ཐུགས་འཁྲུལ་པ་མེད་པ་བླ་མའིཐུགས།
བླ་མའི་སྐུ་གསུང་ཐུགས་ཀྱིས་བོད་རྒྱལ་ཅིག།
ཧ་ཧ་ཧ་ཧ་བཞིས་དགའ་བ་བཞི་མཚོན། དེ་ལས་ཀྱང་དགའ་བ་མང་པོ་འབྲི་བ་པོ་ལ་ཡོད་པར་མངོན་ནོ།།
རྒྱལ་བ་ཀུན་གྱི་ཕྲིན་ལས་ཀརྨ་པ། །
མཐའ་ཡས་རྡོ་རྗེར་གསོལ་བ་སྙིང་ནས་འདེབས། །
མགོན་མེད་གངས་ཅན་ཡོངས་རྫོགས་རྒྱལ་བསྟན་གྱི། །
འགྱུར་མེད་ཁྲི་ལ་༧ཞབས་བརྟན་བྱིན་རླབས་སྩོལ། །
ཀརྨ་པ་མཐའ་་ཡས་རྡོ་རྗེའི་ཡོངས་འཛིན་ནི་དགེ་ལུགས་པའི་སྤོ་ལགས་སེམས་དཔའ་་རྡོ་རྗེ་རེད། སློ་ལགས་ཁོ་
པེ་ཤག་ལ་མཉེས་པོ་སོང་ཙང་ཞྭ་དམར་བས་ཉོས་པ་རེད། ཁོ་ལ་ཀརྨ་བཀའ་བརྒྱུད་ཀྱི་མན་ངག་ནི་མེད་པ་
ཐག་ཆོད། ཡོངས་འཛིན་རིན་པོ་ཆེ་ལ་གསང་ཡུམ་ག་ཚོད་ཡོད་རེད། སྲས་སྲས་མོ་ག་ཚོད་ཡོད་རེད། ཀརྨ་ཨོ་
རྒྱན་འཕྲིན་ལས་རྡོ་རྗེ་སྲིད་ཀྱི་དབུ་ཁྲིད་བྱེད་རོགས་ལབ་ན་ཡང་བྱེད་ཀྱི་མ་རེད། ཆོས་ཀྱི་དབུ་ཁྲིད་ལ་ཆགས་
མ་ཆགས་དེ་བོད་མི་མང་གི་དད་པ་ལ་རག་ལས་པ་རེད། དེ་ཡང་ཁོང་གིས་མཛད་པ་སྐྱོང་སྟངས་ལ་རག་ལས་
པ་རེད།
བོད་ནང་ལ། ཀརྨ་པ་ཨུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ལ་གཞོན་སྐྱེས་ཚོས་ཤིན་དུ་དགའ་པོ་བྱེད་ཀྱི་ཡོད་ཚོད། དེར་བརྟེན། ཁོང་ནས་མུ་མཐུད་དེང་དུས་བོད་ཀྱི་འཚོ་བ་དང་ཕུགས་བསམ་དང་འབྲེལ་བ་ཡོད་པའི་ཕྱག་ལས་བཟང་པོ་རེ་གནང་ཐུབ་ན། ཁོང་ཚོར་ཕན་པ་དང་མིག་ལྟོས་ཡོང་ཐུབ།
དེ་མིན་ཕྱི་ལ་བཞུགས་པའི་ཆོས་ལུགས་མི་འདྲ་བ་ཁག་གི་བླ་མ་དེ་ཚོས་བོད་ཀྱི་དངོས་ཡོད་གནས་ཚུལ་དང་ཉིན་རེའི་ཐབ་རྩོད་དང་འབྲེལ་བ་གཏུགས་པའི་སྐད་ཆ་དང་ཤ་ཚ་ཡོད་པའི་རྣམ་འགྱུར་བསྟན་པ་མཐོང་མ་སོང་། ང་ནོར་སྲིད།
བོད་ནང་ལ་ད་ལྟ་མཁན་པོ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་མཆོག་དང་ལས་དེ་མིན་གྱི་བླ་མ་ཡོངས་གྲགས་ལ་ཤེས་མཁན་གོ་མ་མྱོང་། ང་ནོར་སྲིད།
རྒྱ་མིས་མ་ཚོར་ངང་ནས། །
འཁོར་བཅས་བྲོས་པ་མཁྱེན་ནོ། །
བློ་བུར་རྡ་སར་འབྱོར་བའི། །
སིཏུའི་ཀརྨ་མཁྱེན་ནོ། །
དད་པའི་ཕུལ་བའི་དངོས་རྫས། །
ལུགས་འགལ་གཉེར་བ་མཁྱེན་ནོ། །
ཉིན་བཅུའི་མགོ་སྤུ་བྲེགས་པའི། །
དགེ་སློང་འདུས་དཔོན་མཁྱེན་ནོ། །
བཙན་པོ་དབང་ཡོད་བྱས་ཏེ། །
ཕྱག་མཁན་བསྐྲད་མཁན་མཁྱེན་ནོ། །
གོང་མའི་ཕྱག་ལེན་ཉམས་པའི། །
སི་ཏུའི་ཀརྨ་མཁྱེན་ནོ། །
ལུས་གསར་རྐྱང་རྐྱང་བཟོ་བའི། །
མཁས་པ་ཀརྨ་མཁྱེན་ནོ། །
མར་མིའི་རིང་ལུགས་མིན་པའི། །
བཀའ་བརྒྱུད་པ་ཁྱོད་མཁྱེན་ནོ།།
༧གོང་ས་མཆོག་གི་གསེར་ཁྲི། །
ཐུགས་ལ་བརྣག་པ་མཁྱེན་ནོ། །
ཀམ་ཚང་འབ་སུ་མ་བསྡུས། །
བོད་ཆོས་དབུ་ཁྲིད་མཁྱེན་ནོ། །
འབྲི་གུང་འབྲུག་པའི་དྲུང་ན། །
སྲིན་འབུ་མེ་འཁྱེར་མཁྱེན་ནོ། །
ཞ་དམར་ཤར་པ་སི་ཏུ། །
འཕྲུན་ཐག་མ་ཆད་མཁྱེན་ནོ། །
གཉིད་ལམ་སྐྱིད་པོ་གཏོང་བའི། །
སི་ཏུའི་ཀརྨ་མཁྱེན་ནོ། །
བོད་པ་གད་མོ་ཤོར་བའི། །
ལས་ཀ་བྱེད་ཁྱོད་མཁྱེན་ནོ།།
ཧ་ཧ་ཧ་ངའི་གྲོགས་པོ་མེ་ཏོག་དཀར་པོ་ཕེབས་འདུག བཀྲིས་བདེ་ལེགས།
ད་ཡང་བླ་མ་རྩོད་ས་རེད། དངོས་གནས་བླ་མ་ཡག་པོ་དགོས་ན་དགེ་ལུགས་བླ་མ་ཚོ་ལས་ཡག་ག་སུ་ཡོད་རེད།
ཕྱི་འདུལ་ཁྲིམས། ནང་བྱང་སེམས། གསང་བ་སྔགས་ཀྱི་ཡོན་ཏན་གྱི་ཁོར་ལག་རྫོགས་ཤིང་། ད་དུང་རང་ལུགས་
ཀྱི་ལྟ་གྲུབ་གཞི་བཟུང་བའི་ཐོག་ནས་ཉེ་རིང་ཆགས་སྡང་མེད་པར་ཆོས་ལུགས་ཀུན་ལ་ནི་མཁས་པར་སྦྱངས།
དབུ་ཚད་ཚན་གསུམ་གྱི་རིགས་པའིལམ་ལ་ནི་བྱང་ཞིང་ཐོགས་པ་མེད། གྲུབ་པའི་གོ་འཕང་མཐོན་པོར་མ་
སོན་པ་ནི་གཅིག་ཀྱང་མེད། ཕྱོགས་ཀྱི་སྐད་ཆ་ནི་འཇའ་ལྟར་ཡལ་བ་སོགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་
མངའ་བ་འབའ་ཞིག་ཡིན་ནོ། །
ཕྱོགས་རིས་ལ་བཅོས།
བོད་ལ་བདེ་སྐྱིད་ཡོད་ན། རྒྱལ་པོ་ཨ་ནེ་བྱས་ན་རུང་། ད་དུང་ཡང་རྙིང་ནད་མ་གསང་པ་དང་། ཆུ་རྙོག་གཏིང་ནས་དཀྲུགས་ཏེ་ཆོས་ལུགས་འཐེན་ཁྱེར་དང་གོ་ས་རྩོད་པའི་དུས་ག་ནས་ཡིན། འདི་འདྲའི་ཐ་ཤལ་གྱི་རྩོད་པར་ཆགས་ནས་བསྡད་རིན་འདུག་གམ དགོངས་པ་བཞེས་དང་། བསྟན་དགྲ་རྒྱ་དམར་ནས་གུ་བཤངས་བྱས་ན་ཁོང་ཚོ་མཉམ་དུ་མཛའ་མཐུན་ཞོད་འཇགས་སུ་གནས་རྒྱུའི་བསམ་ཚུལ་ཡང་ཡོད་ན་ང་ཚོ། ལྟ་སྤྱོད་མཚུངས་ཞིང་། སྟོན་པ་གཅིག་གི་རྗེས་འཇུག མི་རིགས་གཅིག་ལ་སྐྱིད་སྡུག་མཉམ་མྱོང་། ༥༩ ལོར་རྡོག་ཐོན་ཡོང་མཁན་ཤ་ཟད་རུས་ཐུག་གི་མནར་གཅོད་མཉམ་མྱོང་གངས་ཅན་པ་ཚོ་ད་འདི་འདྲའི་ཐབས་སྐྱོའི་ལས་ལ་དབུ་འཁོར་ནས་བཞུགས་ཡས་ལ་མཚམས་ཡོད་ཀྱི་རེད་ད། ཆོས་མེད་དམར་པོ་དང་མི་ཕལ་པ་ཚོ་ཡང་རང་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་ཐིག་དུས་རྡོག་རྩ་འདྲིལ་པོ་ག་འདྲ་འདུག ང་ཚོ་འཚེ་བ་མེད་པའི་ཆོས་ཚུལ་ཟབ་མོ་ལས་བསྟན་རྒྱུ་གཞན་ལ་མེད་པ་ལྷག་དོན་གང་ཡོད། དེ་འདྲའི་ཉམས་ལེན་པ་ཚོས་ཕན་ཚུན་དག་སྣང་དང་ཕྱོགས་རིས་མེད་པར་སེམས་ཕུགས་ལ་ཞེ་སྡང་གི་དགྲ་བོའི་མཁར་རྫོང་དེ་བཤིག་རན་འདུག དེ་མིན་དམར་པོའི་ཕྱོགས་སུ་བློ་གཏད་ན་འོས་འཚམས་དང་ཆོས་མེད་པར་ཁས་ཆེ་ན་ཡག་ཤོས་རེད། ༧གོང་ས་མཆོག་གི་འཛམ་གླིང་ཆོས་ལུགས་མཐུན་འབྲེལ་དང་། ཆོས་ཀྱི་བླ་མའི་ཀུན་སྤྱོད། གོ་ལ་འདི་ཁྱིམ་ཚང་གཅིག་པའི་དགོངས་ཚུལ་ལ་གཟེངས་བསྟོད་བསྔགས་པ་ཞུ་བའི་སྐབས་སུ་ང་ཚོ་དང་ཁོང་ཚོའི་འཛིན་སྡང་གི་འོག་དཀའ་ངལ་འདི་གས་མི་ཆོག་པར་རྙོག་ཟིང་སྣོན་མ་བཟོ་མཚམས་དངོས་གནས་འཇོག་རྒྱུ་ཕྱི་མ་དྲག་པ་གནང་དགོས།
ད་བར་དུ་ང་ཚོའི་མི་རིགས་འདི་བླ་མའི་རིང་ལུགས་ལ་མགོ་བོ་གདུགས་ལྟར་འཁོར་ཞིང་། རིང་ལུགས་པ་དེ་ཚོས་མི་ཆོས་བླ་མའི་རྫུན་ཆེན་ས་ལ་མི་ཤོང་བ་སྣ་ཚོགས་ཀྱིས། ང་ཚོའི་མི་རིགས་འདི་རྗེས་ལུས་ནང་གི་ཡང་ལུས་བཟོས་འདུག་པར་ང་ཚོས་ངེས་པར་དུ་ལེ་ལན་ཐམས་ཅད་ཁོ་ཚོ་ལ་བཟླ་ཞིང་། འཁོན་འཛིན་གྱི་མདའ་མོ་ཁོ་ཚོ་ལ་འཕེན་དགོས་པ་ལས། ད་དུང་ཁྱོད་ནི་སྐྱབས། ཁྱོད་ནི་མགོན་ཁོ་ན་ལབ་བཞིན། ཁོ་ཚོའི་དྲུང་དུ་མགོ་བསྒུར་བསྒུར་དང་ལྕེ་ནར་ནར་གྱིས་རང་ཉིད་མི་བུ་ཡིན་པའི་འདུ་ཤེས་མཐའ་དག་བོར་ཏེ། བཟང་ཕྱོགས་རེ་བ་མཐའ་དག་ཁོ་ཚོ་ལ་བཅོལ་ཞིང་། ངན་ཕྱོགས་ལེ་ལན་ཚང་མ་རང་ཉིད་ལ་བཀལ་ན་མི་འགྲིགས་པ་ཤེས་དགོས་སོ།།
བོད་ལ་ཆོས་ཀྱི་དབུ་ཁྲིད་དགོས་ན། ཆོས་བརྒྱུད་བཞི་སོ་སོས་དང་པོ་ཆོས་བརྒྱུད་ཀྱི་དབུ་ཁྲིད་འདེམས། དེ་ལ་ཡག་ཤོས་དགེ་ལུགས་པ་རེད། དགའ་ལྡན་ཁྲི་པ་རེད། ད་ལྟའི་ཆར་ས་སྐྱའི་སྒྲོལ་མ་ཕོ་བྲང་། རྙིང་མའི་སྟག་ལུང་རྩེ་སྤྲུལ་རེད། སྡུག་བཀའ་བརྒྱུད་པ་རེད། ཆོས་བརྒྱུད་འདིའི་དབུ་ཁྲིད་མིན་འདུག་པ། ད་ཤུགས་རྒྱག་ནས་རྒྱལ་དབང་ཀརྨ་པ་མཐའ་ཡས་རྡོ་རྗེ་དང་འབྲི་གུང་དང་འབྲུག་པ་གང་རུང་འདེམས། དེ་འདྲ་བྱུང་ན་དབུ་ཁྲིད་བཞི་པོ་ལམ་མི་འདྲ་བ་གང་མང་ཞིག་བརྒྱུད་ནས་གོ་རིམ་བཟོས། ཨེ་ནི་ལོ་གསུམ་རེ་དབུ་ཁྲིད་བྱེད་ན་སུས་ཀྱང་ཁས་ལེན་ལ། སུས་ཀྱང་འདོད་པ་ཚིམས་པ་་ཞིག་རེད། དེ་མིན་སིཏུའི་ཀརྨ་ཆོས་ཀྱི་དབུ་ཁྲིད་ཟེར་ན་རྐུབ་མས་གད་མོ་ཤོར་ཡ་རང་རེད།
འདྲེ་ནག་གིས་ང་ལ་གྲོགས་པོ་གསུངས་སོང་། དགའ་པོ་བྱུང་།
ghghh
བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་ཟེར་ན་་་་ག་རེ་ཟེར་གྱི་ཡོ་རེད། ད་བར་དབུ་ཁྲིད་དེ་སུ་རེད་་་་་་སུས་བསྐོས་བཞག་གནང་པ་རེད་་་་
ཁུངས་མེད་ལུང་མེད་ཀྱི་སྐད་ཆ་རྐྱང་བཤད་མ་སྡོད་་་་དེ་ལས་མ་ཎི་འདྲ་བསགས་ན་ཡག་ཤོས་རེད། རྒྱལ་བ་རིན་པོ་ཆེ་ནས་ད་བར་་་
ང་རང་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་ཡིན་ཞེས་པའི་བཀའ་སློབ་ག་དུས་གནང་སོང་། ཡོད་མ་རེད་་་་་རྩ་བ་ནས་ཡོད་མ་རེད།
གོང་ས་མཆོག་ནུ་་་བོད་མི་མང་ཆེ་བའི་བླ་མ་ཡིན་པ་དེ་བདེན་པ་རེད་་་་་གསུང་ཆོས་མང་པོ་གནང་ཡོད་རེད།
ན་ལོ་བར་དུ་སྲིད་ཀྱི་དབུ་ཁྲིད་ཀྱང་བསྐྱངས་པ་རེད་དེ་ཡང་བདེན་པ་རེད། གཞན་ཆོས་ཀྱི་དབུ་ཁྲིད་ཟེར་ཡག་དེ་གཞི་མེད་པའི་སྟོང་གཏམ་གྱི་རང་བཞིན་ནོ། དེང་སང་་་་་ཀརྨ་པ་མཆོག་བོད་ཀྱི་ནང་ཆོས་ཀྱི་དབུ་ཁྲིད་ཆགས་མེད་སྐོར་དེ་བོད་པའི་དགོན་སྡེ་ཆེ་ཆུང་ཚང་མ་ལྷན་འཛོམས་ཐོག་མོས་མཐུན་ཡོང་ན་་་་དེ་ག་རང་འགྲིག་པ་རེད། རང་དབང་ཨ་རྡུ་མན་ནས་ཀརྨ་པ་མཆོག་་་
ཆོས་ཀྱི་དབུ་ཁྲིད་འོས་ཤོག་འཕེན་གྱི་ཡིན། ཀརྨ་པ་རྒྱལ་ལོ། །
ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ལ་ཡག་རྩོག་གི་རྩོད་པ་གང་ཡང་གནང་དགོས་མི་འདུག་་་་་་་གསེར་ས་འོག་ན་ཡོད་ཀྱང་འོད་ནམ་མཁའ་ཞེས་པ་ལྟར་རང་གཞན་ཀུན་གྱི་མཐོང་ཆོས་སུ་ཡོད་པ་རྒྱ་བོད་ཧོར་གསུམ་ཚང་མས་དད་པའི་གནད་གཅིག་པོར་བསྐུར་བ་ཁོང་རང་ཡིན་པ་ཀུན་གསལ་རེད་ན་་་་་ཕྲག་དོག་གི་སྐད་ཆ་རྣོན་པོ་ག་ཚོད་བཤད་ཀྱང་ངལ་བའི་རྒྱུ་ལས་ཟུར་གནས་བློ་ལྡན་རྣམ་སྤྱོད་དང་ལྡན་པ་རྣམས་ཀྱི་སྤྱན་ལམ་དུ་མེ་ཏོག་དཀར་པོའི་སྐད་ཆ་ནམ་བཤད་ཚང་མ་གད་སྙིགས་རང་དུ་མཐོང་བས་དུས་ནམ་ཡང་སྐྱག་དོང་ནང་དུ་རང་བཞིན་གྱི་ལྷུང་བཞིན་ཡོད།་
༧གོང་ས་མཆོག་གི་བཀའ་དྲིན་དང་གཟི་བརྗིད་ནི་བསམ་ཡུལ་ལས་འདས་པ་རེད། དེ་རྗེས་བོད་བརྒྱུད་ནང་བསྟན་ཡོངས་ལ་ལྷག་བསམ་ཅན་གྱི་དབུ་ཁྲིད་ཞིག་དགོས་ན། མཁན་ཚུལ་བློ་ལས་ལྷག་ཅིག་མི་འདུག་འདོད་གི ངས་ཁོང་ལ་འོས་ཤོག་འཕེན་གི་ཡིན།
སྐྱག་པ་དེ་མེ་ཏོག་དཀར་པོའི་མིང་བརྫུས་ཁྱོད་ཀྱིས་ཟོ ལྷག་མ་དེ་ཁྱོད་ཀྱི་ཕ་མ་གཉིས་དང་ནང་མི་ཚོ་ལ་ཐོངས། དཀྲུགས་གཞིའི་ལོང་གཏམ་མ་བཤད། ཆོས་བརྒྱུད་ཚང་མ་ལ་དབུ་ཁྲིད་བསྐོ་དགོས་པ་སུ་ཡི་བཀའ་རེད། སངས་རྒྱས་བསྟན་པ་སུ་ཡིས་འཛིན་ན་དེ་ནི་ནང་པ་སངས་རྒྱས་པའི་དབུ་ཁྲིད་ཆགས་པ་རེད། དྲ་འབུ་ཁྱེད་ཚོའི་སྣང་བ་ལ་ཆོས་སྲིད་ལུགས་ཀྱི་བདག་པོ་ཁྱེད་རྣམས་ཡིན་པ་ཚོར་གྱི་ཡོད་པ་འདྲ། ཅི་ཡང་མི་ཤེས་པའི་བླུན་རྒན་ཁག་ཅིག རྩོད་གཞི་མེད་ས་ཨུ་ཚུགས་མ་བྱེད། གལ་སྲིད་རང་དབང་ཡིན་ཟེར་ན་ཁྱེད་ཚོའི་ཁ་ལ་སྐྱག་པ་ཟོ།
སྲིད་ཀྱི་དབུ་ཁྲིད་བླ་མས་བྱེད་རྒྱུ་སྔ་ལོ་ནས་འཇུག་སྒྲིལ་ཚར་བ་རེད། ཆོས་ཀྱི་དབུ་ཁྲིད་ནི་མི་གཞི་དང་ཤེས་ཡོན་རྣམ་དཔྱོད་སོགས་ཕྱོགས་གང་ནས་བལྟས་ཀྱང་། བོད་པའི་ན་གཞོན་བླ་ཆེན་གྱི་ཁྲོད་ནས་ཀརྨ་པ་ཁོང་རེ་བ་ཆེ་ཤོས་ཡིན།
བུ་གླན་པས་ཕ་ཡི་ཀླད་པ་བཅོམ་ཟེར་བ་དེ་ངོ་མ་བདེན། རྒྱ་ཡི་བོད་ཐོག་འཛིན་པའི་སྲིད་བྱུས་དེ་གཡོན་ཐལ་ཆེ་དྲག་ཡོད་ན། ཁྱོད་ཆོས་པར་ཁས་ཆེས་པ་ཚོས་ཁྱོད་རང་ཚོར་བདེན་ཁ་སྦྱིན་སྟངས་དེ་གཡས་ཐལ་ཆེ་དྲག་འདུག འདྲ་འདྲ་རེད་ཡག་བཙོག་མ་ཤོད་ཨ།།
བོད་གངས་ཅན་མགོན་པོ་་་་བླ་མ་ཀརྨ་པ་མཁྱེན་ནོ།།
དེང་སང་་་་དགེ་ལུགས་པ་ཚོས་་་་་དམིགས་རྩེ་་མ་བགྲངས་ཡག་མ་གཏོགས་ལྷག་མ་སོང་། དེ་ནི་ལས་གྱི་རྣམ་སྨིན་རང་དུ་མངོན་ནོ།
རྩིས་ཆེ་ལེགས་མཐོང་ཟེར་བ་དེས་རྒྱལ་དབང་ཀརྨ་པའི་སྐོར་གཞན་གྱི་བསམ་ཚུལ་སྒྱུར་རྩོམ་ཞིག་ཁ་བརྡའི་གད་སྙིགས་ཁྲོད་དོར་ནས་ཁོ་རང་འདི་ནས་བྲོས་ཚར་ཞག་མཐོང་རྒྱུ་མིན་འདུག གད་སྙིགས་བདག་པོ་རྒྱག་མཁན་མང་པོ་སླེབས་ནས་དག་སྣང་གི་མིག་ལྡོངས་ཤིང་ཕྱོགས་རིས་ཀྱིས་མིག་དབང་གསོ་བར་དཀའ་བའི་ནད་གཞི་འཇིགས་སུ་རུང་བས་མནར་ནས་ཡོད་པ། མང་དག་ཅིག་གིས་རྒྱལ་དབང་མཆོག་ལ་དགོས་མེད་ཀྱི་བཀུར་འདེབས་བྱེད་བཞིན་ལེགས་མཐོང་ཁྱོད་ཀྱི་མི་མཐོང་ངམ། དོན་མེད་བྱེད་རྒྱུ་དང་བཤད་རྒྱུ་མང་དྲག་ན་རྒྱལ་དབང་མཆོག་གི་ཞབས་འདྲེན་ཡོང་། སྒྱུར་རྩོམ་འདི་མི་གཞན་ཞིག་གི་བསམ་ཚུལ་ཙམ་ལས་རྒྱལ་དབང་ཆོག་ལ་འབྲེལ་བ་མེད་ཀྱང་ཅོལ་ཆུང་མང་པོ་ཞིག་གིས་གོ་སྐབས་བསྟུན་ནས་གང་བཤད་བཞིན་འདུག ལེགས་མཐོང་མིང་ཅན་ཁྱོད་ཀྱི་འགན་ཁྱེར་མི་དགོས་སམ།
སྤྱིར་ཆོས་ཉམས་སུ་བླང་མཁན་ཞིག་ཡིན་ཕྱིན་དད་པ་གུས་བཀུར་ཞུ་བར་འོས་མོད། དེང་གི་དུས་ཀྱི་བླ་སྤྲུལ་ཕལ་ཆེར་གྱི་དགོས་རྒྱུའི་མཚམས་བསྙེན་བསྒྲུབ་དང་། སྤོང་ཀློག་གི་བྱ་བར་མི་བརྩོན་པར་འཁོར་ཡུག་གཙང་བཟོ་དང་། སྨན་ཁང་དང་སློབ་གྲྭ་སོགས་གང་མང་བརྒྱབ་ནས་མིང་གྲགས་གམ་སྐད་གྲགས། ཆོ་ལོ་དང་མཚན་གནས་འདྲ་མིན་སྣ་ཚོགས་བླངས་ནས་བླ་སྤྲུལ་ལམ་ལུགས་ཀྱིས་མི་དམངས་མགོ་རྨོངས་སུ་འཇུག་པའི་ལས་དོན་གཏིང་ཟབ་ཏུ་གཏོང་བཞིན་པ་ནི་ཆེས་མི་འོས་པ་ཞིག་རེད། དུས་རབས་ཉེར་གཅིག་པའི་ནང་དུ་འཚར་ལོང་བྱུང་བའི་བླ་སྤྲུལ་གྱི་མཚན་འཆང་བ་དག་གི་འཁྲོད་དུ་དངོས་གནས་རྟོགས་པའི་བདག་རྒྱུད་གྲོལ་ཞིང་། ཐུགས་རྗེས་གཞན་རྒྱུད་གྲོལ་ནུས་པ་ཧ་ཅང་དཀོན་པོ་རེད། དེ་ལས་ཀྱང་ཆོས་དང་སྲིད་སྣེ་མོར་འགྱིངས་ཤིང་སྐད་གྲགས་དང་མཚན་གནས་ཁོ་ནའི་ཆེད་དུ་འབད་འབུང་བྱེད་པ་དག་ནི་འདི་ཕྱི་སྐྱབས་གནས་སུ་མི་འོས། དེས་ན་དད་ལྡན་སེར་སྐྱ་ཚོས་ཆོས་པ་རྣམ་དག་རེ་ལ་སྐྱབས་དང་རེ་ལྟོས་བྱེད་རྒྱུ་གལ་ཆེ་བར་མངོན།
I know i am embarrassing myself, and sorry to say that but these religious fanatics with the low IQ f**ks kind of bother me. Why some people are so religious and so ignorant, and why both?
མཐའ་ཡས་རྡོ་རྗེས་བཀའ་བརྒྱུད་སྐྱོབ་ཏུ་གསོལ། །
རྒྱལ་བསྟན་དབུ་ཁྲིད་ཁྲི་ལ་བཞུགས་སུ་གསོལ། །
མར་མིའི་རིང་ལུགས་འཛིན་སྐྱོང་སྤེལ་དུ་གསོལ། །
མགོན་མེད་བོད་འབངས་མགོན་དུ་བརྟན་བཞུགས་གསོལ། །
ཤར་ཕྱོགས་ཁུག་རྟའི་སྐྱག་པ་རོ་ཙམ་བཏང་། །
སྐྱག་པ་ཟ་མཁན་སྐྱག་འབུ་ལིང་སེ་ལིང་། །
དེ་ཡི་ནང་ན་མེ་ཏོག་དཀར་པོ་ཡང་། །
མཆུ་ཏོ་སྐྱག་པས་བརླན་ཞིང་ལྡིང་བར་སྣང་། །
Why is my tibetan font not working? I feel like shooting the maytok karpo impersonator in the ass.
First, be little creative and at least get a f**kin screen name for goodness sake.
ལས་ཀ་མེད་པའི་རྩོམ་ཡིག་མཁྱེན་ནོ། །
ངོ་མ་ཡ་མཚན་རེད། དཔའ་བོ་དཔའ་མོ་ཚོར་མཆན་བུ་འགའ་ལས་མི་འདུག་ལ་དོན་སྙིང་མེད་པའི་ཕྱོཊ་རིས་དང་གཞན་གྱི་་ཨོང་མགོ་ལྡག་ས་ན་འདི་འདྲའི་འུར་ཞིག་ཆེ་བ་ལ། འཁྲབ་སྟོན་བྱེད་མཁན་འདི་ཚོ་རྒྱ་ནག་གིས་བཏང་བའི་འཁྲབ་སྟོན་པ་ཡིན་པ་ཚང་མས་སྔ་ས་ནས་ཤེས་ཟིན། འཁྲབ་སྟོན་འདི་རྒྱ་ནག་ལ་ཆེས་ཆ་རྒྱུས་ཡོད་པའི་འཁྲབ་སྟོན་ཞིག་རེད།དཔེར་ན་རྒྱ་ནག་གི་དྲ་བ་ཕལ་ཆེ་བའི་མཆན་བུ་འགོད་མཁན་ནི་ཆེད་དུ་བཀོད་བསྒྲིག་བྱས་བའི་དམར་ཕྱོཊ་ཁོ་ན་ཡིན་པ་ལྟ་བུ་རེད།ད་བར་ང་ཚོ་བོད་ནང་གི་གྲོཊ་པོ་མང་བོས་ལྟ་ཚུལ་ལ་༼ཁ་བརྡ༽དྲ་བ་འདི་ཡང་རྒྱ་ནག་གི་༼ཆོ་འཕྲུལ༽་ཅིག་ཟེར་བཞིན་འདུག རྒྱུ་མཚན་ཕྱི་ནང་གཉིས་ན་འདི་ལས་ལྷག་པའི་ནང་འཁྲུགས་རྒྱག་ས་ཡག་པོ་ཞིག་མེད་པས་རེད།
ཤེས་དགའ་ཁྱོད་སྐྱག་པ་བྲོ་གི་འདུག་གེ
མ་གཞི་བདག་ཅག་རྣམས་ཀྱི་མིག་གཅིག༧བསྟན་འཛིན་རྒྱ་མཚོ་རྗེས་དབུ་ཁྲིད་ཡིན་ཟེར་མཁན་གཅིག་སྡུད་རིང་ལུགས་དང་རིང་ལུགས་པ་གཏན་ནས་མི་དགོས། སྐྱག་ཟན་འདི་ཚོ་དུས་ནམ་ཡང་རང་དང་དགའ་ཉེ་ཙམ་ལས་མཐའ་ཡས་པའི་སེམས་ཅན་དང་། བོད་མི་རིགས་ལ་ཕན་མི་ཐོག་ཐག་ཆོད་རེད། ཁྱོད་ཚོས་ལྟོས་དང་། བླ་རྒན་བྲོད་ལུག་འདི་ཚོ་སྒེར་ལ་སྒོར་འབུམ་ཕྲག་ལྔ་བཅུ་ཡས་མས་ཀྱི་མོ་ཀྲ་གཏོང་རྒྱུ་ཡོད་ལ། ཁོ་རང་ལ་རེ་ལྟོས་འཆའ་མཁན་གྱི་གྲྭ་ཆུང་ཚོའི་རྐང་པར་སྒོར་ ༥༠ ཅ་པ་ལི་ཡག་པོ་མེད་མཁན་གང་མང་རེད། ད་ནི་གཉའ་གནོན་བཤུ་གཞོག་མི་དགོས། རང་དབང་དགོས།
ཕྱི་མར་དགོས་པའི་དམ་ཆོས་སྟོན་མི་ནུས། །
འདི་ནང་དགོས་པའི་ཡོན་ཏན་སྦྱིན་སྟོབས་བྲལ། །
མགོ་སྐོར་ངང་ནས་མི་ཚེ་སྟོང་ཟད་གཏོང་། །
བླ་རྒན་འདི་ཚོར་གཏིང་ནས་ཡི་ག་ལོག །
གོང་དུ་ལུང་རྟོགས་ཀྱིས་ན་གཞོན་ཡིན་ན་ཅིག་བཤད་འདུག ན་ཉིན་བཀའ་ཁྲིའི་འོས་བསྡུ་སྐབས་ལའང་ན་གཞོན་ཡིན་ན་ཅིག་བཤད་གི་འདུག ག་རེ་བཀའ་ཁྲི་དང་ཆོས་ཀྱི་དབུ་ཁྲིད་ཟེར་རྒྱུ་འདི་ཚོ་ཨོ་ལིམ་ལིཀ་ལ་རྒྱུགས་རྩལ་འགྲན་དུ་འགྲོ་རྒྱུ་རེད་དམ། ཁྱད་མཚར་དེ་འདྲ་མ་ཤོད་ཨོ་ཀོ
༼༧རྒྱལ་བ་ཀརྨ་བོད་རྒྱུད་ནང་བསྟན་གྱི་དབུ་ཁྲིད་རྗེས་མ་ཡི་ནམ༽ཞེས་བ་ནི་བསམ་གཟས་ནས་ཁྱི་ཚོཊ་བར་་ལ་ཤ་རྡོག་ཅིག་འཕངས་བ་རེད། ཁྱེད་ཚོ་ད་རུང་མ་བྲེལ། ང་ཚོས་ད་དུང་ག་ལེར་ལྟ་དགོས་ཀི་འདུག རྗེས་ནས་སུས་ནུས་བ་ཐོན་ན་དེ་འཇོག་རྒྱུ་ཞིག་དང་ཡང་མིན་ན་ཆོས་རིག་སྡེ་ཁག་གིས་ཐད་ཀར་བཀོད་འདོམས་བྱེད་དགོས་འདུག དཔེར་ན་དེའི་ཕྱོཊ་ནས་རྒྱ་ནག་ནང་བཞིན་བྱེད་ཆོག་གི་རེད། དེ་མིན་ན་འདི་ཟོག་རྫི་ཚོས་རྩྭ་ས་རྩོད་པ་ནང་བཞིན་རེད།
ངས་གོང་དུ་དགེ་ལུགས་བླ་མ་ལས་ལྷག་མེད་ཚུལ་བཤད་པ་ནི་དྲ་འབུ་འདི་ཚོས་ཆོ་མེད་ཀྱི་སྐད་ཆ་རྐྱང་བཤད་་
ཙང་བཀྱག་བཀྱག་བྱས་པ་ཡིན་ལ། དོན་ལ་བོད་མི་མང་གཞིས་བྱེས་གཉིས་ཀའི་མི་མང་གི་བརྒྱ་ཆ་དགུ་བཅུ་གོ་
དགུས་༧གོང་ས་མཆོག་རང་ལ་ཆོས་ཀྱི་དབུ་ཁྲིད་ངོས་འཛིན་ལས་། དེ་མིན་རང་རང་གི་ས་ན་རང་རང་གི་བླ་
མ་ལོས་རྩི་མོད། བོད་བརྒྱུད་ནང་བསྟན་ཡོངས་རྫོགས་ཀྱི་དབུ་ཁྲིད་ལ་ངོས་འཛིན་བྱེད་ཀྱི་མ་རེད། ད་མ་འོངས་སྔོན་བསུའི་སྒྲུང་གཏམ་ལྟ་བུ་དེ་གཡུགས་ཤག་ན་དགའ་ཡི་མ་རེད་དམ།
ངས་ལོ་ཁ་ཤས་སྔོན་ལ་འབྲི་གུང་བཀའ་བརྒྱུད་དང་འབྲུག་པ་བཀའ་བརྒྱུད། སྟག་ལུང་བཀའ་བརྒྱུད་བཅས་
བླ་རྒན་ཁ་ཤས་ལ་སྐད་ཆ་དྲིས་པ་ཡིན། ཁོང་ཚོས་ཀརྨ་པ་ཀམ་ཚང་མ་གཏོགས་ཁོང་ཚོས་སོ་སོའི་བླ་མ་ལས་
ཀརྨ་པ་བརྩི་རྒྱུ་མ་རེད། ཡིད་མ་ཆེས་ན་ཁོང་ཚོར་དྲིས་ཤིག
མེ་ཏོག་དཀར་པོ་སྙིང་མ་རྗེ་ཕྱོགས་རིས་ཆགས་སྡང་གིས་སྨྱོ་གྲབ་འདྲ་བྱེད་ཀྱི་འདུག ཨ་རོག་་་བསམ་བློ་ཏོག་ཙམ་ཐོངས་མ་བཏོགས་སྨྱོ་ཡོང་། ཧཧཧ
༧རྒྱལ་བ་ཀརྨ་བོད་རྒྱུད་ནང་བསྟན་གྱི་དབུ་ཁྲིད་རྗེས་མ་ཡི་ནམ་ཟེར་བའི་དྲི་བ་འདི་ཡི་ཤུ་ཆོས་ལུགས་ཀྱི་འགྲོ་སྟངས་ལྟར་འབྲེལ་བ་ཡོད་ནིའི་དྲི་བ་ཞིག་ཡིན་པ་ལས་བོད་ལ་དྲི་བ་འདི་འདྲ་དྲིས་ན་བོད་ངོ་མ་ཤེས་པའི་སྟོང་ཆ་གསལ་སྟོན་བྱས་ཙམ་ལས་འདི་ནམ་ཡང་ཡོང་མི་སྲིད་པ་ཞིག་རེད། བོད་ལ་འདི་འདྲའི་བླ་མ་ཡི་དགོས་བ་ཡང་ཡོད་པ་མ་རེད་ལ་འགྲོ་སྟངས་ཡང་ཡོད་པ་མ་རེད།། རྩོད་པ་མ་བྱེད། རང་གི་བླ་མ་བཀུར། གཞན་གྱི་བླ་མ་རྩིས།
གོང་དུ་ཟུར་གནས་ནས་གསུངས་པ་ནང་བཞིན། བོད་བརྒྱུད་ནང་བསྟན་ཡོངས་ཀྱི་དབཡ་ཁྲིད་ཅིག་ལ་ངོས་
འཛིན་བྱེད་དགོས་ཀྱིཡོད་ན། འབྲོམ་སྟོན་པས་བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་ངའི་བླ་མ། །
ཞེས་གསུངས་པ་ལྟར། བོད་བརྒྱུད་ནང་བསྟན་ཡོངས་རྫོགས་ལ་ཕྱོགས་རེ་ཙམ་རགས་པ་མ་ཡིན་པར་ཀུན་ལ་གསན་བསམ་གནང་དགོས་པ་རེད། ཆོས་བརྒྱུད་སོ་སོའི་དབང་ལུང་ཁྲིད་གསུམ་མན་ངག་མཐའ་དག་གི་རྒྱུན་
རྣམས་ཐོབ་པར་མཛད་དེ་ཉམས་བཞེས་གནང་དགོས། དེ་ནས་ངེས་པ་དོན་གྱི་རིས་མེད་གནང་ན་གཞི་ནས་
ཁྱེད་ཅག་གི་བསམ་དོན་འགྲུབ་སྲིད་པ་ཞིག་རེད། དེ་ནས་ཨ་སྡུག་ནངཡང་སྡུག་དམན་ཁོས་༧རའཛམ་གླིང་ཞི་བདེའི་དེད་དཔོན་ཁོང་ལ་ཟུར་ཟ་བྱེད་ཁུལ་བྱས་འདུག་པས་སྐྱག་པ་ཟོ། ཟེར་རྒྱུ་ཡིན།
ལུང་རྟོགས་ལགས་ཀྱིས་ང་ལ་ཧ་ཧ་དང་འབྲེལ་ཕྱོགས་རིས་ཡིན་ན་ཅིག་བཤད་མོད། དོན་ལ་འདི་ནང་ལ་ཕྱོགས་རིས་མེད་མཁན་མི་རྡོག་གཅིག་ཡོད་ན་ངའི་འབུ་ལི་དེ་བཏུབ་ནས་ཆུ་ནང་བསྐྱུར་རྒྱུ་ཡིན།
ངས་ཡང་སྐྱར་བཤད་འདོད་པ་དེ། ༧གོང་ས་མཆོག་གི་སྐུ་ཚབ་བམ་ཁོང་གི་རྗེས་ལ་ཆོས་ཀྱི་དབུ་ཁྲིད་ངེས་པར་དགོས་སམ། ད་ལྟའི་བར་དེ་ལ་ཤུགས་རྒྱག་མཁན་དེ་ཀམ་ཚང་ཕྱེད་ཀ་རྡ་ས་བ་དེ་ཚོ་རེད། ཆེས་མི་འོས་ཤིང་། སྟག་ལུང་རྩེ་སྤྲུལ། སྒྲོལ་མ་ཕོ་བྲང་། དགའ་ལྡན་ཁྲི་པ་སོགས་ཆོས་བརྒྱུད་ཡ་གྱལ་གྱི་དབུ་ཁྲིད། རྟོགས་པས་བདག་རྒྱུད་གྲོལ་ཞིང་ཐུགས་རྗེས་གཞན་རྒྱུད་སྨིན་ཐུབ་མཁན་སྐྱེས་བུ་དམ་པ་དེ་དག་ལ་མཐོང་ཆུང་ཁྱད་སོད་དུ་དོན་གྱིས་སོང་ཞིང་། རྒྱལ་བ་འབྲི་གུང་ཆེ་ཆུང་། འབྲུག་ཆེན། ཀརྨ་པ་མཐའ་ཡས་རྡོ་རྗེ་སོགས་ལ་དམིགས་སུ་བཀར་ནས་སྡིག་པ་མིག་བཙུམ་དང་། ཧམ་ཤད་ཁོ་ནས་རྡོག་རྫིས་བཏང་བ་མངོན་སུམ་པ་འདི་རེད།
ངས་སིཏུའི་ཀརྨ་ལ་ཤེས་ཡོན་སོགས་ཀྱི་ཆ་ཁ་ཤས་ནས་ཡི་རངས་ཡོད་མོད། ཁོང་གི་རྗེས་འཇུག་འགའ་ཤས་ཀྱི་བྱེད་སྟངས་སྐྱུག་བྲོ་བ་དེ་འདྲས་ཁོང་ཡང་ག་འདྲ་ཡིན་ནམ་བསམ་པ་ཡོང་གི་འདུག སངས་རྒྱས་ལྗང་ཁུ་རྩི་ཤིང་མེ་ཏོག་འདྲ་བཏབ་ནས་བོད་ལྗོངས་རྒྱལ་བསྟན་གྱི་མངའ་བདག་ཏུ་འོས་སྐད་ཀྱིས་ཅ་ཅོ་སྒྲོགས་པ་འདི་ཀྱེ་མ་ཀྱེ་ཧུད་སྙམ་ལ། ལྷོ་བྲག་མར་པ་བཞུགས་ཡོད་ན་བཀའ་སྐྱོན་དྲག་པོ་དང་ཕྱག་འབེབས་གནང་ཁོ་ཐག་དང་། གུང་ཐང་མི་ལ་རས་པ་ཡོད་ན་མགུར་གླུ་མིག་ཆུ་འཆོར་འགྲོ་བ་བླངས་ནས་ག་ཤེད་ཅིག་ལ་ཕེབས་འགྲོ་རྒྱུ་ཉག་ཅིག་རེད། ཀྱེ་མ་སངས་རྒྱས་ལྗང་གུ་སི་ཏུའི་ཀརྨས་ཁ་བརྡ་འདི་གཟིགས་གི་ཡོད་ན་རང་གི་རྗེས་འཇུག་ལ་ཉིད་དང་༧གོང་ས་མཆོག་འགྲན་བསྡུར་གྱི་རྣམ་པ་འདི་ཕྱིན་ཆད་གཏན་ནས་མི་ཆོག་པའི་རྒྱས་ཐོབས་ཤིག །
ཀརྨ་པ་ཁོང་གི་མཛད་པ་ལ་ཡི་རང་ཡོད་མོད་་་་་་འོན་ཀྱང་དེའི་རྗེས་འབྲང་བ་དེ་ཚོ་ལ་མི་བྱེད་དགུ་བྱེད་བྱེད་མཁན་ཤ་སྟག་རེད་་་་་་་་་་་་་་་་་་་་་་་་་དང་པོ་རྒྱལ་བ་བཀའ་རྒྱུད་པའི་བསྟན་པ་དེ་དུམ་བུ་གཉིས་སུ་བཏང་་་་་་་་་་་་་་་་་་་་་་་་བར་དུ་ནང་བསྟན་ལ་རྨ་ཁ་བཟོས་་་་་་་་་་་་་་་་་་་་་ཐ་མ་གཞན་བྱེད་ཡ་མ་རག་ནས་གོང་ས་མཆོག་གི་སྐུ་དབང་ལ་ཡང་འགྲན་པའི་ཟླ་བྱེད་པ་འདི་ནི་ཤ་ཚ་་་་་་་་་དང་པོ་སོ་སོའི་ངོ་གདོང་དང་གནས་སྟང་ལ་གཟིགས་རོགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
སྤྲུལ་སྐུ་ཟེར་བའི་མི་དབང་གྱུར་བྱེད་ཀྱི་ལག་ཆ་དེ་ཀརྨ་པས་འགོ་བཙུགས་པ་ཞིག་རེད། རྙོག་དྲ་འདི་འཇུག་ཡང་ཁོ་རང་གིས་བསྐྱལ་དགོས་ཀྱི་རེད། རྒྱལ་བ་རིན་པོ་ཆེས་དགོངས་པ་ཆེ་བཞེས་འོག་སྲིད་ཀྱི་ཐུགས་འགན་རྩིས་སྤྲོད་གནང་དེས་བོད་མང་གཙོ་ཅན་དུ་ཁ་བསྒྱུར་བ་ཙམ་མ་ཡིན་པར་བོད་ལ་རྒྱལ་པོའི་ལམ་ལུགས་འཇུག་སྒྲིལ་གནང་བ་རེད། ད་སྤྲུལ་སྐུའི་ལམ་ལུགས་འཇུགས་སྒྲིལ་ནས་དགའ་ལྡན་ཁྲི་པ་ནང་བཞིན་གྲྭ་པ་ཚོར་མང་གཙོ་སྤྲད་པའི་དུས་ལ་བབས་ཞག སྔོན་མ་སྤྲུལ་སྐུ་དེ་ཚོ་ལ་དད་པ་ཡོད། རྗེས་སུ་ལོག་ལྟ་སྐྱེས། འོན་ཀྱང་ད་ལྟ་སྙིང་རྗེ་གི་འདུག ལམ་ལུགས་འདིས་ཁོ་ཚོ་ལའང་དཀའ་སྡུག་ཚད་མེད་མྱོང་དགོས་བྱུང་བ་ཡོད། མི་བྱེད་དགུ་བྱེད་བྱེད་མཁན་ཞབས་ཕྱི་ཡིན་དང་ཕྱག་མཛོད་ཡིན་དང་མགྲོན་གཉེར་ཡིན་ཟེར་མཁན་འདི་ཚོ་རེད། མདའ་དཀྲུགས་ཕུགས་དཀྲུགས་བྱེད་མཁན་མགོ་བདེ་དྲན་འཕྲུལ་དེ་ཚོ་འཇོན་པོ་འདུག་ཟེར་ནས་གཅིག་ལས་གཅིག་སྡུག་པ་ཤ་སྟག་ཅིག་བླ་བྲང་ནང་ལ་ཡོད་རེད། ཡོན་ཏན་མེད་མཁན་ཁྱི་རྒན་དེ་ཚོ་དང་པོ་བླ་བྲང་ནས་ཕྱིར་འབུད་བཏང་དགོས་རེད་དེ་ནས་ག་ལེ་ག་ལེར་འགྱུར་བ་བཏང་དགོས་རེད།
བླ་མའི་མཛད་པ་ཡོད་ན་བོད་ནང་གི་གཞིས་ལུད་སྤུན་ཟླ་ཚོར་ད་ཆ་མགོན་མེད་སྐྱབས་མེད་ལུད་འདུག་ན་དེ་གར་ཕེབས་ནས་དེ་ཚོའི་བདེ་སྡུག་ཉན་ཤེས་དཀའ་སེལ་ཐུབ་ན་མཛད་འཕྲིན་དང་། འགྲོ་དོན་བདེ་ལྷག་ད་ཆ་བོད་པའི་བླ་ཆེན་ཚོར་གནང་རྒྱུ་མེད། རྩ་བཟང་ཆུ་བཟང་ལ་འབྱོར་ལྡན་པར་གསུངས་ཆོས་བཀའ་སློབ་གནང་རྒྱུར་དེ་ཙམ་ཕན་ཡོན་ཡོད་དམ།
མདོར་ན་ཀརྨ་པ་གཉིས་ཟེར་བའི་རྩོད་རྙོད་ཆོ་མེད་དེ་དང་པོ་ཞྭ་དམར་དང་སི་ཏུའི་ཕྱོགས་གཏོགས་ཡིན་ཟེར་མཁན་དེ་ཚོས་སྐབས་རེ་བླ་མའི་ཁོག་པ་ལ་ཞུགས་སྐབས་རེ་སློབ་མའི་ཁོག་པ་ལ་ཞུགས་ནས་འདའ་དཀྲུགས་ཕུགས་དཀྲུགས་བྱས་བྱས་ནས་བྱུང་བའི་ཉེར་འབྲས་ཡིན་པ་ཁྱི་རྒན་འདི་ཚོས་འདིར་བྱ་སྤྱོད་ཅི་བྱས་ནས་གསལ་པོ་མཐོང་ཐུབ་པ་དེ་རེད། ཡིད་མ་ཆེས་ན་གོང་གི་མཆན་འདེབས་པ་པོ་འདི་ཚོ་ག་ནས་ཡིན་གཅིག་ལྟོས་དང་། བླ་མ་གང་ཞིག་གི་ཞབས་ཕྱག་གང་རུང་ངམ་དེའི་རྒྱུག་ཁྱི་ཡང་ན་དེ་ཚོས་ཁོག་པ་རྒྱང་བཞག་པ་ཞིག་ཡིན་པ་བརྒྱ་ཆ་བརྒྱ་རེད།
དྲི་བ་དེ་ལ་ལན་ལས་སླའོ་རེད་འདུག བོད་བརྒྱུད་ནང་བསྟན་བདག་པོ་སོ་སོའི་སེམས་འདུལ་བ་དེ་རེད། དེ་མིན་མགོ་གཙོ་དམིགས་བསལ་བ་གང་ཡང་དགོས་མ་རེད། དགོས་ན་སངས་རྒྱས་རྗེས་སུ་དྲན་དེ་རེད། དེ་མིན་ལས་ངན་གྱིས་རྒྱུ་བྱས། །རྐྱེན་ངན་གྱིས་གྱིས་སྣ་འདྲེན་པའི་དམ་ཉམས་རུ་ཁག་ཚོ་བསྟན་པའི་བདག་པོ་ཡིན་ན་ལབ་ན་སངས་རྒྱས་བསྟན་པའི་མཐའ་ལ་ཐུག་པ་མ་རེད་དམ།
ཧ་ཧ་ཧ་ཧ་་་་་་་་་་་་་་་་་་་་་་་དངོས་གནས་རེད་་་་་་་་་་་་་ཡག་པོ་གསུངས་ཤག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ན་ནིང་རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་བཀའ་བློན་ཁྲི་བ་ལ་གནང་བ་ནི་ལོ་རྒྱུས་ཀྱི་ལེའུ་གསར་བ་ཞིག་རེད་་་་་་་་་་་་་་་་་་་་་་་་་དེ་བཞིན་དུ་སྤྲུལ་སྐུའི་ལམ་ལུགས་མི་དགོས་ཟེར་ནས་མི་མང་ཡོངས་སུ་རྫོགས་པས་འབོད་ཚིག་གཅིག་གྱུར་འདིའི་དགོས་འདུན་དེ་་་་་་་་་་་དང་ཐོག་ཀརྨ་པ་ནས་འགོ་བཙུགས་དགོས
སྐབས་རེ་ནི་སྟོང་བ་ཉིད་བཤད་ཀི སྐབས་རེ་ནི་ཐོབ་དང་གོ་སར་རྩོད་པ་བྱས་ནི་སྟོང་ཉིད་བརྗེད་འགྲོ་ནི་འདི་ཡ་མཚན་རེད།
ཟམ་གདོང་མེད་ན་རྒྱལ་བའི་ཞབས་ཕྱི་སུ།།
རྩ་ཁྲིམས་འགྱུར་བ་བཏང་ནས་བཀའ་ཁྲིར་དགོས།།
ཀརྨ་པ་མིན་རྒྱལ་བའི་འཇུག་སྐྱོང་སུ།།
ནང་པ་ཡོངས་ཀྱི་དབུ་ཁྲིད་བསྐོ་དགོས་ཟེར།།
འོ་ན་བོད་མི་ས་ཡ་དྲུག་པོ་སུ།།
ཅིག་འབུམ་ཉིས་ཁྲི་བཙན་བྱོལ་བ་ཚོ་སུ།།
ཟ་འདྲེ་ལག་པའི་ཁྱོག་ཚད་རྐྱང་རེད་པས།།
མ་འཇོན་མི་ཐུབ་སྐྱག་པའི་འབུ་རེད་པས།།
ཆོས་ལ་དད་པ་ཡོད་མདོག་མ་བྱེད་ཨ།།
བོད་ལ་ལར་ཞན་ཡོད་མདོག་མ་སྟོན་ཨ།།
བོད་པའི་སེམས་ཤུགས་ནུས་པ་མ་བཅོག་ཨ།།
མགོ་བོ་འགྱེ་འགྱེ་བྱས་ནས་ད་འགྲོ་བཅུག།
བོད་ཀྱི་ཆེད་དུ་རང་ལུས་མེ་ལ་སྤར།།
བོད་ཀྱི་ཆེད་དུ་བཀའ་སྡུག་ད་བར་མྱང་།།
བོད་ཀྱི་རིག་གཞུང་བོད་ཀྱི་སྐད་ཡིག་བསླབ།།
བོད་ཀྱི་མང་ཚོགས་སྐྱག་འབུ་རེད་འདུག་གམ།།
བསམ་ནས་མཐོང་ཆུང་བྱས་པ་མིན་ཡང་སྲིད།།
ཡང་ཅིག་མིན་ན་སེམས་ཤུགས་ཡིན་ཡང་སྲིད།།
གང་ལྟར་བོད་པའི་ལས་དོན་བོད་པའི་འགན།།
མང་གཙོའི་ལམ་ལ་སྐུ་མཁྱེན་འགྲོ་བཅུག་རོགས།།
ཡང་བསྐྱར་མི་གཅིག་མགོ་ལ་མ་གཡུག་དང་།།
དེ་ལས་ལྷག་པའི་ནོར་འཁྲུལ་གང་ཡང་མེད།།
འགོ་ཁྲིད་དེ་ཚོས་འགོ་ནས་འགན་ཞིག་ཁུར།།
ཆབ་འབངས་ང་ཚོས་འོག་ནས་འགན་ཞིག་བསྒྲུབས།།
ཆོས་ནས་བཤད་ན་བདག་ཉིད་བདག་གི་མགོན།།
སྲིད་ནས་བཤད་ན་མང་གཙོའི་ལམ་ལུགས་ཟེར།།
ཆོས་སྲིད་ཟུང་འབྲེལ་ཟུང་དུ་མ་འབྲེལ་རུང་།།
འདི་འདྲ་བྱུང་ན་ཁྱད་པར་དེ་ཙམ་མེད།།
གོང་མར་སྐྱོན་བརྗོད་བྱས་པ་མིན་ན་ཡང་།།
མགོ་འབུལ་ལུས་འབུལ་ཞུ་དགོས་རང་མ་མཐོང་།།
གོང་མས་འོག་མར་འོག་མས་གོང་མར་བཀུར།།
གོང་འོག་གཉིས་ཀས་ཆ་དྲུ་མཉམ་འདེགས་དགོས།།
གུ་དོག་བསམ་པ་ཡང་དུ་གཏོང་དགོས་འདུག།
ཆོས་དང་འཇིག་རྟེན་གཉིས་ཀའི་ཐོག་ནས་ཐོངས་།།
ཆོས་ལ་དད་པ་ཡོད་མེད་སྒེར་དོན་རེད།།
སྤྱི་དོན་བསྒྲུབ་སར་སྐུ་མཁྱེན་ཁྱེར་མ་ཡོང་།།
ཧ་ཧ་ཧ ད་ཤེས་དགའ་དང་གླིང་དཀར་ལྷ་རྗེ་སོགས་ངའི་འདོད་པ་དེའི་སྒང་ལ་ཏག་ཏག་བབ་འདུག ད
ད་དུང་ཞེ་མེར་བ་ཞིག་ལ་ཀརྨ་ཟེར་མཁན་མཆན་བུ་ཞིག་གིས་ཀརྨ་པའི་མིང་སྔོན་ལ་བྱས། ༧གོང་ས་མཆོག་གི་མཚན་རྗེས་ལ་བཀོད་ནས་ཁྲེལ་དང་ངོ་ཚ་མེད་པ་ཁ་བརྡའི་བྲིས་ཡོང་གི་རེད། འདི་ཁོ་སྔོན་དུ་ཐོན་ནས་ཚོད་ལྟ་བྱས་ཏེ་བོད་པ་ཚོས་ག་རེ་ལབ་གི་ལྟ་ཙམ་བྱས་པ་རེད། ཡིན་རྒྱུ་སི་ཏུ་ཀརྨའི་ཞེ་འདོད་ངོ་མ་དེ་རེད་ལ། ཁོའི་རྗེས་འབྲང་པ་དེ་ཚོའི་མཐར་ཐུག་གི་འཐོབ་བྱའང་རེད། དེ་འདྲ་བྱས་དུས་ཁ་བཙུམ་ནས་སྡོད་ན་ག་ནས་འགྲིག་སྙམ་པ་ཤར་གི
མེ་ཏོག་དཀར་བོ་ལགས། སྤྱིར་ཀམ་ཚང་ཁུལ་མི་མཐུན་པ་དེ་འདིའི་ནང་འཁྱེར་མ་ཡོང་རོགས། ང་ཚོ་ཚང་མ་བཀའ་བརྒྱུད་པ་མ་རེད་ལ། ལྷག་པར་དུ་ཀམ་ཚང་དེ་བས་མ་རེད། ཞྭ་དམར་ཡང་བོད་ནང་ཁུལ་འཁྲུགས་ན་
སེམས་དགའ་མཁན་ཡིན་ན་གང་ཤེས་མ་གཏོགས། དེ་མིན་འདི་ལྟ་བུ་སྐད་ཆ་བཤད་ན་ཐུགས་མཉེས་ཨེ་ཡོང་།
མ་གཞི་ནས་བླ་མ་ཟེར་བ་དེ་དགེ་རྒན་གྱི་དོན་ཙམ་ལས་རིགས་རུས་བརྩིས་པ་ནང་བཞིན་རང་གི་རྐུབ་ཀྱི་སྐྱག་
པ་ཡང་འཕྱི་མི་ཤེས་ཞིག་ལ་སྤྲུལ་སྐུ་ཡིན་ན་ཅི་ཡིན་ཟེར་ནས། མགོ་ལ་འཁུར་བ་འདི་ནང་པའི་ཆོས་ལུགས་མ་
རེད། མུ་སྟེགས་པའི་ལུགས་སྲོལ་ཞིག་རེད།
ནང་ཁུལ་ལ་བཅོས།
འདྲེ་ཡིས་མི་སྐད་རྒྱབ་འདུག དེ་རང་རེད། ངས་འདིར་མ་བསམ་ས་ནས་གླེང་བ་ནི་ཀརྨ་ཡིན་ན་ཅིག་བོད་ཀྱི་ཆོས་ཀྱི་དབུ་ཁྲིད་དུ་འོས་པ་རེད་ཟེར་ཅ་ཅོ་སྒྲོགས་གི་འདུག་ག དེ་ཡིན་དུས་ཁོང་ཚོར་ངོ་སྤྲོད་གཏོང་གི་ཡོད། ཁྱོད་ཚོ་ནང་མ་མཐུན་པར་ནང་ཆ་འདི་འདྲ་རེད་ཅེས་སྟོན་འདོད་པ་ཙམ་རེད།
བོད་ཀྱི་གཏམ་དཔེར།་་་་་དད་པའི་བླ་མ་བརྒྱ་ཡོད་ལ་རྩ་བའི་བླ་མ་གཅིག
མང་པོ་མ་ཤོད་རོགས། ཀརྨ་པ་ཞྭ་དམར་ནག་གཉིས་རྩིས་བཀུར་གནང་རོགས། ཀརྨ་པ་ཨུ་རྒྱན་གཉིས་དང་ཞྭ་དམར་རིན་པོ་ཆེ། རྒྱལ་ཚབ་རིན་པོ་ཆེ་ཁོང་རྣམས་ཀཾ་ཚང་བཀའ་བརྒྱུད་བསྟན་པའི་སྲོག་ཤིང་ཞིག་རེད། དེ་ལ་གུས་འདོད་གནང་རོགས། ནང་པའི་དབུ་ཁྲིད་༧གོང་ས་འཕགས་མཆོག་སྤྱན་རས་གཟིགས་ལས་སུ་ཡང་ཡོང་ཐབས་ཡོད་མ་རེད། དེ་བཞིན་འབྲུག་པ་བཀའ་བརྒྱུད། འབྲི་གུང་བཀའ་བརྒྱུད། སྟག་ལུང་བཀའ་བརྒྱུད་སོགས་རྣམས་སོ་སོ་བསྟན་པའི་སྲོག་ཤིང་རེ་ཡོད་རེད། ཁྱོད་བླ་ཆེན་རྣམས་པ་མཐུན་སྒྲིལ་གནང་རོགས། ཐོབ་དང་གོ་ས་ལ་མ་རྩོད་རོགས། ཀརྨ་པ་ཨུ་རྒྱན་མཐའ་ཡས་རྡོ་རྗེ་ནི་བཤད་སྒྲུབ་གཉིས་ཁོ་ན་ཉམས་ལེན་གནང་བར་གུས་འདོད་དང་ཡི་རངས་ཡོད། ཀརྨ་པ་ཨུ་རྒྱན་འཕྲིན་ལས་རྡོ་རྗེ་ཆབ་སྲིད་ལམ་དུ་མ་འཁྱོག་པའི་རེ་བསྐུར་སྙིང་ནས་ཡོད། གལ་སྲིད་ཐོབ་དང་གོ་ས་དགོས་ན། དང་པོ་ཆོས་བརྒྱུད་རེས་མེད་ཁག་ནས་དབང་ལུང་ཁྲིད་གསུམ་ཆ་ཚང་ཞུས་ནས་ཉམས་ལེན་རྣལ་མ་ཞིག་གནང་རོགས། དཔེར་ན། འཕགས་མཆོག་སྤྱན་རས་གཟིགས་འདྲ་བོ་དགོས། ཡིན་ནའང་༧གོང་ས་མཆོག་ལ་འགྲན་རྩོད་མ་གནང་རོགས། དེ་ནི་ཁྱོད་རྣམས་ནང་པའི་ལྟ་བ་བརྒལ་ཉེན་ཡོད་པས། དངོས་ནས་ནང་པའི་དབུ་ཁྲིད་ཅིག་ཆགས་དགོས་ན། བྱམས་སྙིང་རྗེ་བྱང་ཆུབ་སེམས་དང་ཁྲེལ་དང་ངོ་ཚ་ཤེས་མཁན་ཞིག་དགོས་རེད། ཆབ་སྲིད་ལམ་ལུགས་ཁོ་ན་བཀོལ་སྤྱོད་གནང་ན། ཉིན་གཅིག་ནང་པའི་བསྟན་པ་དེ་ཉིད་ཉག་ཕྲ་བའི་སྒང་ལ་སླེབ་ཉེན་ཡོད། ཆོས་རྣལ་མ་ཞིག་བསྒྲུབ་དགོས་ན། རང་ཉིད་ཕམ་པའི་ལས་དང་གཞན་ཉིད་རྒྱལ་བའི་ཁོ་ན་རེད། དེ་ནི་གཞན་ཕན་བྱང་ཆུབ་སེམས་ཟེར། མང་དྲག་ན་ཁྱོད་རྣམས་ཉོབ་སྲིད། འདི་རང་འགྲིག་པ་བྱོས།
རང་ཉིད་བླ་མ་ལ་ཡིད་ཆེས་དང་དད་པ་ཡོད་ན་དབུ་ཁྲིད་དང་དཔོན་པོ་ཞིག་ཏུ་འདོད་དགོས་དོན་མེད་ལ། ལྷག་པར་དུ་ཡང་རང་ཉིད་ཀྱི་རྩ་བའི་བླ་མ་ཞིག་ཡིན་ན་དབུ་ཁྲིད་ཞིག་མེད་ན་ལེགས་ཤོས་རེད། དབུ་ཁྲིད་ཞིག་ཡིན་ཕྱིན་ཆད་ལྟ་བ་དང་ལས་ཀ་བྱེད་ཕྱོགས་སྐོར་མི་མཐུན་པ་ཡོང་སྲིད་བས་རང་ཉིད་དང་མི་མཐུན་པ་འགྱུར་ངེས་རེད། བླ་མ་ལ་ཡིད་ཆེས་དང་དད་པ་ལོག་ན་སྡིག་པ་རླབས་པོ་བསགས་པ་སྨོས་ཅི་དགོས། དེ་ལས་ཆོས་བརྒྱུད་སུ་ཡིན་ན་ཡང་རང ་སོའི་བླ་མ་དེ་བླ་མ་ཞིག་ཏུ་བཀུར་པ་ལས་དབུ་ཁྲིད་ཞིག་ཏུ་མ་བསྐོ་ན་ལེགས་སམ་སྙམ། ངས་ནི་བླ་མ་དང་སྤྲུལ་སྐུ་སུ་ཡིན་རུང་ཆོས་སྲིད་གང་གི་དབུ་ཁྲིད་ཞིག་ཏུ་གདམ་གྱི་མེད། བླ་སྤྲུལ་རྣམས་ཀྱིས་དབུ་ཁྲིད་དང་དཔོན་པོ་ཡི་གོ་གནས་ལ་རྩོད་ལེན་རྩ་བ་ནས་མི་བྱེད་པའི་རེ་བ་ཡོད། ཐུགས་རྗེས་གཟིགས།
ཁ་བའི་རྡུལ་བརྩེགས་ཀྱིས་ཀརྨ་པ་ཞྭ་དམར་ནག་ལ་རྩིས་བཀུར་དང་གུས་འདོད་གནང་རོགས་ཟེར་གི གུས་འདོད་ཟེར་བ་གུས་འདུད་ཟེར་འདོད་པ་འདྲ། གང་ལྟར་གུས་རྩིས་གུས་འདུད་དད་པ་ཟེར་བ་འདི་དག་རང་བཞིན་གྱིས་ངམ་ངམ་ཤུགས་ཤུགས་ལ་སླེབས་ན་ཡག་ཤོས་དེ་རེད། དེ་མིན་གུས་འདུད་བྱེད་རོགས་ཟེར་ནས་སློང་མོ་རྒྱག་ནས་འོངས་རྒྱུ་འདྲ་མ་རེད། སྨན་འདྲ་ཟས་ནས་དད་གུས་སྐྱེ་ཐབས་ཡོད་ན་ལས་གཞན་ཁོང་ཚོའི་བྱེད་སྟངས་ལ་གཞིག་ན་དད་གུས་ཟེར་བ་དེ་ཚོ་ཕ་རིའི་སྤང་རྒྱན་རང་རེད།
མི་ཁ་ཤས་ཁ་ལ་བརྡ་དྲྭ་ལམ་འདི་རང་གི་ཁོག་ནས་ཤོང་དཀའ་བའི་སྐྱུག་པ་སྤྱི་ཚོགས་ཀྱི་ནང་དུ་ངོ་སྟོན་ནས་སྐྱུག་ས་མེད་པ་གང་ཞིག་ངོ་གདོང་སྦས་ནས་སྐྱུག་ས་ལྟ་བུར་བེད་སྤྱོད་བྱས་བཞིན་འདུག་མོད། དེ་ཙམ་ལ་སྐྱོན་ཆེ་བ་གང་ཡང་མཐོང་མ་སོང་། རྫབ་ཆེན་ཡིན་ཐག་ཆོད་ནི་མི་ལ་ལས་རང་གི་ངན་སྐྱུག་གསེར་ཡིན་མདོག་མདོག་བྱས་པ་དེ་རེད། མེ་དཀར་རྫུས་མ་ངས་བལྟས་ན་ང་ཚོ་གཉིས་ཀྱི་བསམ་བློ་ལ་གལ་འགངས་ཆེ་སར་མཐུན་པའི་ཕྱོགས་མི་འདུག་པས་ངའི་མིང་འདོན་བྱས་ནས་”ངའི་འདོད་པ་དེའི་སྒང་ལ”་ཡིན་ན་ཅིག་”ཏག་ཏག་བབས་འདུག”་ཟེར་བ་དེ་ཕྱིར་འཐེན་བྱེད་རོགས། ད་དུང་ངོས་གཉིས་བར་བསམ་བློའི་ལྟ་སྟངས་འདྲ་པོ་ཡོད་འགྲོ་བསམ་ན་ངེས་པར་དུ་མཆན་༧༠ པར་མཇལ་ཁ་ཞིག་ཞུ་རོགས།
ཤེས་དགས་བཤད་པ་ལྟར་ངའི་འདོད་པའི་སྒང་ལ་ཏག་ཏག་བབ་འདུག་ཟེར་བ་ཕྱིར་འཐེན་ཡིན།
མེ་ཏོག་དཀར་པོ་ལག། ད་ཁྱེད་རང་གི་འབུ་ལི་དེ་བཏུབ་ནས་ཆུ་ལ་གཡུག་རོགས། ང་ནི་དཀར་བརྒྱུད་པ་ཞིག་མིན་ལ། ཀརྨ་པ་འཇལ་ཡང་མ་མྱོང་། འོན་ཀྱང་རླུང་འཕྲིན་སོགས་ནས་ཁོང་གི་བཀའ་སློབ་མང་པོ་ཞིག་ཐོས་མྱོང་ལ། ཁོང་གི་རིགས་ཞན་དང་རྣམ་དཔྱོད་ཀྱིས་ཡིད་འཕྲོག་མཁན་ཞིག་ཡིན། ཁྱེད་རང་ནས་ཀྱང་སྐད་ཆ་དྲང་པོ་བཤད་ན་དགའ་གི་རེད། ཕྱོགས་རིས་ཆགས་སྡང་གིས་འཁྱོག་བཤད་ཇི་ཙམ་བྱས་ཀྱང་རང་ཉིད་ངལ་བའི་རྒྱུ་ཙམ་ལས་ཉན་མཁན་སུ་ཡང་ཡོང་མི་སྲིད། དེ་ཤེས་པར་གྱིས།
ཁྱོད་རང་དཀར་བརྒྱུད་ཡིན་ན་ཡིན། མིན་ནའང་མིན། ཡིན་ན་སྡུག་རྒྱུ་མིན་འདུག མིན་ན་སྡུག་རྒྱུ་མིན་འདུག
ངས་སི་ཏའི་ཀརྨ་ལ་ཡོན་ཏན་སྣ་གཅིག་མིན་འདུག་ག་དུས་ཟེར་སོང་། ད་དུང་ཤེས་ཡོན་སོགས་ཕྱོགས་གཅིག་ནས་ཡི་རངས་ཡོད་བཤད་ཡོད། ཡིན་ནའང་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་ཟེར་བ་འདྲ་པོ། ༧གོང་ས་མཆོག་གི་ཞབས་སྟེགས་ལ་ཚད་ཚད་བྱས་པ་དེ་ཚོ་འགྲིག་གི་མིན་འདུག་ཟེར་གི་ཡོད། སྐད་ཆ་བཤད་ནས་ཡིད་འཕྲོག་འགྲོ་མང་པོ་ཡོད་རེད། མའོ་རྩེ་ཏུང་གིས་སྐད་ཆ་བཤད་ཐེངའ་གཅིག་ལ་མི་འབུམ་ཕྲག་མང་པོའི་སེམས་བཀུག་ཐུབ་པའི་ལོ་རྒྱུས་འདུག དེ་ཚོས་བོད་ཀྱི་ནང་ཆོས་དབུ་ཁྲིད་ལོ་གི་ཡོད་ན། བསམ་བློ་ཐོངས།
གང་ལྟར་ཡང་ཆོས་པའི་མིང་ཅན་སྲིད་དོན་སྒྲུབ་མཁན་ཞིག་ཡིན་ཕྱིན་སྟོན་པ་དོན་ཀུན་གྲུབ་པའི་ངེས་འབྱུང་གི་ལམ་ལས་ཕྱི་རོལ་ཏུ་གྱུར་པ་རེད། གལ་སྲིད་སྲིད་ཀྱི་གོ་སར་འགྱིངས་བཞིན་ཆོས་ཤིག་སྒྲུབ་འདོད་ཡོད་ན་རྒྱལ་པོ་དོན་གྲུབ་ཀྱིས་རྒྱལ་སྲིད་སྤངས་ནས་ནགས་ཚལ་དུ་གཤེགས་པའི་རབ་ཏུ་བྱུང་བའི་ལམ་ལུགས་དེ་མིན་པར། འདོད་ཡོན་མ་སྤངས་རྒྱན་དུ་ལེན་ཐུབ་པའི་སྔགས་པའི་བརྡུལ་ཞུགས་དང་དུ་བླང་ན་འོས་ཤིང་འཚམས་པ་ཞིག་རེད། གང་ལྟར་ཡང་དེང་གི་དུས་འདིར་བླ་སྤྲུལ་མཁན་སློབ་དགེ་བཤེས་ཀྱི་མིང་ཅན་ཚོས་དགོས་རྒྱུའི་མཚམས་བསྙེན་སྒྲུབ་དང་། སྤོང་ཀློག་གི་བྱ་བ། ཐོས་བསམ་སྒོམ་སྒྲུབ་ལ་མི་བརྩོན་པར། སྐད་རིགས་དང་། ཚན་རིག འཁོར་ཡུག་གཙང་བཟོ་དང་། སློབ་གྲྭ་གསར་བརྒྱག་སོགས་ཀྱི་ཐོག་ནས་མིང་སྙན་པོ་རེ་དང་། སྤྱི་ཚོགས་ཀྱི་སེམས་པ་འགུགས་ཐབས་ཙམ་བྱས་ནས། དོན་ལ་དགོས་རྒྱུའི་ནང་རྟོགས་ཀྱི་ཡོན་ཏན་གང་ཡང་མེད་པར་གནས་པ་འདི་ནི་ཆེས་གསོ་བར་དགའ་བའི་སངས་རྒྱས་ཀྱི་བསྟན་པའི་འགྲིབ་ཆ་ཆེ་ཤོས་དེ་རེད། གང་ཡིན་ཟེར་ན་ཆོས་རྒྱུད་དང་དགོན་གནས་སོ་སོར་སྔོན་སྤྱི་ཚོགས་རྙིང་པའི་ལམ་ལུགས་མཇུག་མ་བསྒྲིལ་བའི་དབང་གིས་བརྗེ་བར་དཀའ་བའི་དབང་འཛིན་པ་རེ་རེ་ཡོད་ལ། དེ་དག་ལས་རྒྱ་ཆ་དགུ་བཅུ་ཙམ་ནང་རྟོགས་ཀྱི་ཡོན་ཏན་མེད་ཅིང་། ནང་རྟོགས་ཀྱི་ཡོན་ཏན་ལ་མི་བརྩོན་པའི་གྲྭས་ཡིན་པས་སོ།། དེས་ན་ད་ནི་ང་ཚོའི་སྤྱི་ཚོགས་དང་ལྷག་པར་དུ་ཤེས་ཡོན་པ་ཚོས་ཆོས་པ་རྣམ་དག་རིགས་ལ་གུས་བཀུར་དང་གདེངས་འཇོག་བྱེད་དགོས་པའི་དུས་ལ་བབ་པ་རེད།
ཕྱོགས་རིས་ཆགས་སྡང་ཅན་གྱི་དྲ་འབུ་དག །
བླ་མར་མ་དམད་སློབ་མ་རྒྱབ་ན་ཡོད། །
དཔོན་པོར་མ་དམད་བློན་འབང་རྒྱབ་ལ་ཡོད། །
མིང་བརྫུའི་འོོག་ནས་མདུན་དུ་མི་མཐོན་པར། །
གཏན་དུ་དཀྲུག་མཁན་སྤྱི་ཚོགས་ཕུང་འདྲེ་ཡིན། །
མང་གཙོ་ཁ་ལ་ཁྱེར་ནས་བྱེད་རྒྱུ་མང་། །
རང་དབང་ལོག་པར་གོ་ནས་བཤད་རྒྱུ་མང་། །
བླ་མ་སློབ་མའི་བར་དཀྲུག་པ་མང་། །
ཆོལ་ཁ་ཆོས་ལུགས་བར་ལ་བཤད་པ་མང་། །
མང་མང་སྤྱོད་ངན་བྱེད་རྒྱུ་མང་དྲག་ན། །
ནམ་ཞིག་ཨ་མའི་བུ་གཅིག་ཐུག་ཡོང་ངོ་། །
མེ་ཏོག་དཀར་པོ་ལ་སོགས་གོ་བར་བྱོས། །