རེབ་ཐོག་མདའ།
སྙན་ངག་གི་བཟི་ཁ
ཆང་འཐུང་ཐེངས་རེར་སྙན་ངག་དྲན་ཡོང་ལ
སྙན་ངག་འབྲི་ཐེངས་རེར་ཆང་འཐུང་ན་འདོད
སྙན་ངག་ཆང་དང་སྡེབ་ནས་བཏུང་ཐེངས་རེར
ངས་མཛའ་མོ་དེའི་སྙིང་གཏམ་དྲན་འོངས་ལ
དྲན་ཐེངས་རེ་རེར
རང་ཉིད་སྙན་ངག་གིས་ཐེངས་ཤིག་བཟི་ན་འདོད་ཨང
ང་དང་རྒྱང་རིང་གི་ཁོ་མོ
ཁ་པར་མཐོང་ཐེངས་རེར་ཁྱོད་རང་དྲན་འོང་ལ
ཁྱོད་རང་དྲན་ཐེངས་རེར་ཁ་པར་ཞིག་གཏོང་ན་འདོད་ཨང
ཡིན་ཡང་ ཁྱོད་དང་ཁ་ཐག་གིས་གྱེས་པས
ངས་ད་གཟོད་ཁྱོད་ཀྱི་ཞལ་རས་སྒོམ་པ་ལས
ཅི་ཡང་བསམ་མི་ཐུབ་ཀི
ནམ་ཟླ་ཧ་ཅང་འཁྱག་པས
ངས་ཁྱོད་ཀྱི་ལག་ཟུང་དེའི་དྲོད་འཇམ་དྲན་ལ
དྲན་ཐེངས་རེ་རེར
ངས་ཁ་སང་དེ་རིང་གི
ནམ་ཟླ་འདིའི་མིག་ཆུ་བཏུང་གྱིན་ཡོད
ནམ་རྒྱུན
ཁྱོད་དང་ཁ་ཐག་ཆོད་པའི་ངས
རྨི་ལམ་ལྟ་བུའི
མི་ཚེ་འདིའི་ཕྱི་ནང་གང་ལ་བཙལ་ཀྱང
ཁྱོད་ད་དུང་ཡང་
བདག་དང་ཐག་ཉེ་བར་སྣང་
ཡིག་བསྒྱུར་འཛིན་གྲྭ
དགེ་རྒན་དེའི་སྐད་མགོ་མཐོ་དྲགས་པས
ཅི་ཡང་གོ་མ་སོང་ལ
ཕོ་གསར་དེའི་དྲི་བ་རིང་དྲགས་པས
ཅི་ཡང་ཚོར་མ་བྱུང་མོད
འོན་ཀྱང་བུ་མོ་དེའི་འཛུམ་མདངས་དེའི
ངའི་ཡང་བསྐྱར་ལོ་ཟླ་ཞིག་གི་ཧྲག་བར་ནས
ཁེར་རྐྱང་འཚོ་བའི
ཁོ་མོའི་ལས་དབང་ལ་བསམ་གཞིགས་བྱེད་དགོས་བྱུང་སོང
ཁ་སང་དེ་རིང
ཉི་མའི་རྨི་ལམ་བོར་བའི་དུས་ཚིགས་དེ་ནས
བདག་སྔོན་མ་ལྟར་ཧ་ཅང་ཉམ་ཆུང་ཆུང་ངང་གནས་ཡོད
ཁེར་རྐྱང་དང་སུན་སྣང་མེད་པར
དྲན་གདུང་དང་སྐྱོ་བ་མེད་པར
ཡིན་ཡང་སེམས་པ་ཞིག་གི་མིག་ཟུང་བོར་བའི
ཉི་ནུབ་དེ་ནས
ས་སྲོད་ཀྱི་ཟླ་བ་དེ་ལས
བདག་ད་དུང
སེམས་པ་ཞིག་གི་ནང་རོལ་ལ་སྨིན་མ་ཐུབ་པའི་ཁོ་བོ་བཞིན
ཁེར་རྐྱང་ཡིན
དང་པོ།
ཟས་ཞིམ་པོ་ཟོ་ནམ་འཆི་ཆ་མེད་རེད།།
སེམས་སྐྱིད་པོ་བྱོས་མྱོས་ན་སྡུག་གྱོང་རེད།།
འཕྲོད་གཏན་ལ་རེམས་ན་ན་པད་ཤག་འཕྲོ་རླག་རེད།།
བུ་མོ་ལ་ཡིད་ཆེས་མང་མ་དྲག་མོ་སེམས་དེ་དཔྱིད་ཀྱི་ནམ་མཁའ་རེད།།
གཉིས་པ།
དེ་བྱུང་ན།
སྙན་ངག་བྲིས་ཞིག།
ཆང་འཐུང་ཞིག།
ཁ་པར་ཐོངས་ཞིག།
འབྲི་མི་ཤེས་ན་མ་འབྲི།
འདི་སེམས་གཏམ་ཡིན།
སྙན་ངག་མེ་ལོང་མར་ཡང་། དེ་ཉིད་ཉེས་པར་སྦྱར་ན་སླར།། སྦྱོར་པོ་བ་ལང་ཉིད་རྗོད་བྱེད།། ཅེས་གསུང་ཡོད་པ་རེད། སྙན་ངག་ཟེར་བ་འདི་ལག་ཐོགས་ཚད་ཀྱིས་འབྲི་ཤེས་པ་ཞིག་མ་ཡིན་པས། དངོས་ཡོད་དེ་ངོས་ལེན་ཡོད་པར་ཞུ།
འདི་ཅིག་འབྲི་ཤེས་མིན་ལ་མ་ལྟོས་པར་ཅིག་འབྲི་གི་འདུག་མཁན་དག་ལ་ཟེར་བ་ཡིན
ཡང་འདིར་མི་ཁ་རྒྱག་ཐག་ཆོད་གཅིག་སླེབ་འདུག འོ་ན་ཁྱོད་རང་ལས་མཁས་པ་མེད་ན་ཡི་གེ་བྲིས་མི་ཆོག་པ་རེད་པས། ཡང་ན་ཁ་བརྡ་ཚང་ལ་རྩོམ་དེ་ཚོ་མ་བསྐུར་གོང་། ཁྱོད་ལ་བསྐུར་ནས་དྲྭ་ངོས་ལ་བཀོད་ན་འགྲིག་མི་འགྲིག་ཆོག་མཆན་ཞུས་དགོས་རེད་པས། ཁྱོད་ཐུབ་པ་ཡིན་ན་ང་ཤཀྱ་ཐུབ་པ་ཡིན་ཁོ་རེ།