ཕྱི་ལོ་༢༠༡༢ ཟླ་༡ ཚེས་༦ ཉིན་རང་ལོ་ ༢༠ ཡིན་པའི་རྒྱལ་གཅེས་དཔའ་བོ་བློ་བཟང་ཚུལ་ཁྲིམས་དང་ལྷན་དུ་རྔ་པ་རྫོང་ནས་རང་ལུས་མེར་སྲེག་གནང་ཞིང་། ཉིན་དེ་རང་ལ་འདས་གྲོངས་སུ་གྱུར་པའི་རྒྱལ་གཅེས་དཔའ་བོ་བསྟན་ཉི་ལགས་ཀྱི་སྐུ་པར་སྐབས་དེར་རྙེད་སོན་བྱུང་མེད་ཀྱང་། ཉེ་ཆར་བོད་ནས་སྐུར་འབྱོར་བྱུང་བ་ཟུར་གསལ་དེ་ཡིན་ལགས་པས་དེ་ལུགས་དགོངས་འཇགས་ཡོང་བར་ཞུ།
བསྟན་ཉི་ནི་རྔ་པ་རྫོང་མཐའ་བ་གོང་མ་ནས་ཡིན་ཞིང་། རང་ལོ་༢༠ ། ཕ་མིང་ལ་ཡར་འཕེལ་ཡིན། ཁོང་ཆུང་ཆུང་སྐབས་ཀིརྟི་དགོན་པར་གྲྭ་བྱས་ཤིང་ལོ་ཤས་གོང་སྐྱ་སར་བབ་པ་ཞིག་ཡིན་འདུག
ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༨ ཉིན་བོད་ཨ་མདོ་རྔ་པ་ནས་རང་ལུས་མེར་སྲེག་གིས་ངོ་རྒོལ་གནང་མཁན་རིག་འཛིན་རྡོ་རྗེའམ་རིག་བྷེ། རང་ལོ་ ༡༩ ཡིན་པ་ཁོང་གི་སྐུ་པར་སྐབས་དེར་རྙེད་སོན་མ་བྱུང་བ་ཉེ་ཆར་ལག་སོན་བྱུང་བ་ཟུར་གསལ་གྲྭ་ཆས་གྱོན་ཡོད་པ་དེ་ཡིན་མོད། དཔར་འདི་ཁོང་གྲྭ་པ་ཡིན་སྐབས་ཀྱི་པར་ཡིན་པ་མ་གཏོགས་རང་ལུས་མེར་སྲེག་གཏོང་སྐབས་ཁོང་མི་སྐྱ་ཡིན་པ་དགོངས་འཇགས་འཚལ།
ཁོང་གི་ཕ་མིང་བརྩོན་ཁོ་དང། མ་མིང་ལ་དུང་དཀར་ཡིན། ཁོང་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༡ ཉིན་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་འདས་གྲོངས་སུ་གྱུར་ཡོད་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ལ།
ལོ་ན་ཆུང་ཡང་སྙིང་སྟོབས་ཆེ་བའི་དཔའ་བོ་ཕོ་མོ་གང་མང་ཞིག་གི་མཚན་བྱང་གངས་ལྗོངས་ལོ་རྒྱུས་ནང་གསེར་ཡིག་ཏུ་ཁོད་ཐལ། མྱ་ངན་གྱིས་གུས་འདུད་ཞུ།
ལུས་ལ་ཆོས་གོས་རྣམ་གསུམ། །ཁ་ནས་བྱམས་དང་སྙིང་རྗེ། །སེམས་ནང་མེར་སྲེག་གང་མང་། །བླ་མ་དགྲ་འདུལ་གཉེན་སྐྱོང་།།
གྲྭ་ཆས་གྱོན་ནས་རང་ལུས་བསྲེག། །བླ་ཆས་གྱོན་ནས་ཆོས་ཚོང་བྱེད། །སྤྲུལ་མིང་འོག་ནས་འཐབ་རྩོད་བྱས། །ཆོས་ལུགས་ཟེར་ནས་ཆགས་སྡང་ཅན། །ཀྱེ་མ་སྙིགས་དུས་སྡིག་འདུན་པ། །
སྤྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༥ གི་ཆུ་ཚོད་ ༡ སྐར་མ་ ༡༥
བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་སྐུ་ལུས་མེ་རུ་བསྲེགས་ནས་སྐུ་ངལ་བསྐྱོན་པ་དེ་ཐུགས་རྗེ་ཆེ། ཡིན་ན་ཡང་ཁ་སང་དེ་རིང་ཁྱེད་ཅག་ལས་ཆོས་དབྱངས་སྐྱིད་ལ་ངོ་མཚར་དུ་འཛིན་བཞིན་འདུག
ཁྱེད་ཅག་ལ་དོ་སྣང་སྤྲད་མཁན་མེད་པས། དགོངས་པ་མ་ཚོམས། ད་ལྟ་བར་ཏུ་བོད་ནང་གི་བོད་རིགས་སྤུན་ཟླ་༤༠ ལྷག་ཅིག་གིས་རང་ལུས་མེ་རུ་བསྒྲོན་པ་དེ་དག་ཚང་མ་གློག་བརྙན་དང་བླང་གིས་བཟོས་ནས། དང་བླང་གིས་འགྲེམས་སྤེལ་བྱེད་མཁན་སུ་ཡང་མེད་ཀྱང་། ཆོས་དབྱངས་སྐྱིད་ཁྱེད་ཅག་ལས་རྩ་ཆེར་བརྩིས་ཏེ་གློག་བརྙན་བཟོ་བ་དང་། ཛ་དྲག་གི་སྒོ་ནས་སྟོན་བཞིན་འདུག་པས། ཁྱེད་ཅག་ལས་ཆོས་དབྱིངས་རྩ་ཆེར་བརྩི་བཞིན་ཡོད་པར། ཁྱེད་ཅག་དགོངས་པ་མ་ཚོམས།
ཁྱེད་ཅག་གིས་རང་སྲོག་བློས་བཏང་བ་དང་བླང་གི་ཐོག་ནས་གློག་བརྙན་བཟོ་མཁན་དང་སྟོན་མཁན་མ་བྱུང་བར་མ་ཟད། དེ་ལས་ལྡོག་ནས། ཆོས་དབྱིངས་སྐྱིད་ཀྱི་ཨོ་ལིམ་པིག་འདུར་རྒྱུག་གི་རྩེད་མོ་གློག་བརྙན་བཟོ་བ་དང་སྟོན་པ་། ད་དུང་དེ་ལ་དོ་སྣང་བྱེད་མཁན་མང་པོ་བྱུང་བས། ཁྱེད་ཅག་དགོངས་པ་ཚོམ་ནའང་ཁག་མེད། ཁྱེད་ཅག་རང་ལུས་མེ་རུ་བསྒྲོན་མཁན་རྣམས་ལ་དོ་སྣང་བྱེད་མཁན་མི་འདུག་པས་། དངོས་གནས་དགོངས་མ་ཚོམས།
ངས་རང་ཅག་གི་ཁ་ཕྱོགས་ལ་གོ་བ་ལེན་ཐུབ་ཀྱི་མི་འདུག དེ་ནི་མང་གཙོའི་གོ་རྟོགས་མ་སད་པས་ཡིན་པ་འདྲ་བས། ཁྱེད་ཅག་དགོངས་པ་མ་ཚོམས། ངེད་ཅག་སད་པའི་ཉིན་མོ་ནས། ཁྱེད་ཅག་གི་སྙིང་སྟོབས་དང་ཆོད་སེམས་ལ་ཡི་རངས་དང་བསྔགས་བརྗོད་ཡོད་ངེས། དགོངས་པ་མ་ཚོམས།
བྱམས་པ་ཕུན་ཚོགས་ཀྱིས་ལྷ་སའི་དམར་ཕྱོགས་ཀྱི་གོ་ས་མཐོན་པོ་རག་པར་ཡང་། ང་ཚོས་འདི་ནས་དགའ་བསུ་ཞུ་གྲབས་བྱེད་བཞིན་ཡོད་པས། རང་ལུས་མེ་རུ་ཕུལ་མཁན་ཚོ། དགོངས་པ་མ་ཚོམས། ང་ཚོ་འཛམ་གླིང་གི་རྩེད་མོའི་ནང་ཚུད་མེད་པ་ང་ཚོས་གོ་མེད་ལ། ང་ཚོ་འཛམ་གླིང་གི་མི་གྲལ་ན་མེད་པའི་གོ་རྟོགས་ད་དུང་སད་མེད་པས། ཁྱེད་ཅག་དགོངས་པ་ཚོམ་ནའང་ཁག་མེད།
སྤུན་ཟླ་ཁྱེད་རྣམས་ཀྱིས་ཉིན་བཞིན་རང་ལུས་མེ་རུ་བསྒྲོན་ནས་། ང་ཚོ་འཛམ་གླིང་གི་མི་གྲལ་དུ་ཚུད་ཐབས་བྱེད་བཞིན་ཡོད། ཡིན་ན་ཡང། ང་ཚོས་དོ་སྣང་གཞན་ཞིག་སྤྲད་ཡོད་པ་ཁྱེད་ཅག་གིས་གོ་སོང་ན། ཐུགས་དགོངས་པ་མ་ཚོམས། ཁྱེད་ཅག་ལ་དཀའ་ལས་དང་། དབུ་བརྒྱལ་ཆེ་བྱུང་། རང་ལུས་མེ་ལ་ཕུལ་མཁན་ཚོ། དགོངས་པ་མ་ཚོམས།
ཉེ་ཆར་ཁྱེད་གཉིས་ཀྱིས་རང་ལུས་མེ་རུ་ཕུལ་པ་ལ་དོ་སྣང་མ་བྱུང་བར་། བློ་ཕམ། རྒྱལ་སྤྱི་ཨོ་ལིམ་པིག་ལ་དོ་སྣང་བྱས་ནས། ཁྱེད་གཉིས་ལ་དོ་སྣང་ཆུང་དུ་སོང་བ་བློ་མ་བདེ། ཡིན་ན་ཡང། བྱེད་ཐབས་མི་འདུག། དགོངས་པ་མ་ཚོམས། དངོས་གནས། རང་ལུས་མེ་རུ་བསྒྲོན་མཁན་ཚོ། དགོངས་པ་མ་ཚོམས།
ང་ཅག་ཁ་ཕྱོགས་ནོར་བཞིན་ཡོད་པ་དེ། ཁྱེད་ཅག་ལ་དགོངས་དངས་ཞུ། ཞུས་པ་ཙམ་གྱིས་དག་ཐབས་མི་ཡོང་ལ། ཡིན་ན་ཡང་། ང་ཚོ་ལ་ད་དུང་གོ་རྟོགས་མེད་པས། ཁ་ཕྱོགས་འཆུག་གྲབས་འཆུག་གྲབ་བྱེད་བཞིན་འདུག་པས། དགོངས་པ་མ་ཚོམས། རང་ ལུས་མེ་ལ་ཕུལ་མཁན་ཚོ། དགོངས་པ་མ་ཚོམས།
དེ་རིང་ཁྱེད་ཅག་གི་དཔར་དང་། གསར་འགྱུར་སོགས། ངོ་དེབ་ཐོག་ཏུ་མི་ཤོང། དོ་སྣང་རྒྱ་ནག་གི་སྐུ་ཚབ་ལ་སྤྲད་ཡོད་པས་དེ་དག་མང་ཙམ་འགོད་བཞིན་ཡོད། ད་ཁྱེད་ཅག་གིས་འཚམས་འཇོག་རོགས། ཁྱེད་ཅག་ལ་དཀའ་ལས་ཁག་བྱུང། ངོ་མ་ཐུགས་རྗེ་ཆེ།
ད་དོ་སྣང་བྱེད་མཁན་མི་འདུག དགོངས་པ་མ་ཚོམས། བོད་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གི་ནང་ན་ཡང་། ཆོས་དབྱངས་སྐྱིད་ཐེངས་གཉིས་ནས་གསུམ་བར་དུ་བཏང་འདུག་ཀྱང་། ཉེ་ཆར་ཁྱེད་གཉིས་ཀྱི་རང་ལུས་མེ་རུ་བསྒྲོན་པ་དེ་གསར་འགྱུར་དུ་ཕྱེད་ཙམ་ལས་མ་ཐོན་པར་། ཁྱེད་གཉིས་ལ་དགོངས་དངས་ཞུ། མི་ཁ་ཤས་ཀྱི་ངོ་དེབ་ཐོག་བཀོད་པ་ལྟར་ན། ཆོས་དབྱིངས་སྐྱིད་ཀྱི་ལྟད་མོ་ལ། མཚན་བསྐྱལ་རབས་བཤད་རྒྱུ་འདུག ཁྱེད་གཉིས་ཀྱི་ཆེད་དུ་མར་མེ་ཁྲོམ་སྐོར་སྐར་མ་བཅུའི་ཡུན་ཙམ་ལ་ཡང་མི་བཅུ་ཕྲག་ཙམ་ལས་འཛོམས་ཐུབ་མེད་པས། དགོངས་དག་ཞུ།
འཛམ་གླིང་གི་སྐྱིད་སྐྱིད་བྱས་ནས་བསྡད་ཡོད་སྐབས། ང་ཚོས་ང་ཚོ་སྡུག་སྡུག་གི་ནང་དུ་ལྷུང་ཡོད་པ་མ་ཤེས་པས། རང་ལུས་མེ་རུ་བསྒྲོན་མཁན་ཚོ། དགོངས་པ་མ་ཚོམས། རང་ལུས་མེར་བསྲེགས་མང་ཤོས་བོད་ནང་ཡིན་ཡང། ངེད་ཅག་གི་དེ་ལ་དོ་སྣང་མ་བྱུང་བར། ཨར་རྒྱ་གཉིས་ཀྱི་གསེར་གྱི་རྟགས་མ་མང་ཉུང་གི་ཐོབ་ཤོར་ལ་དོ་སྣང་སྤྲད་ཡོད་པས། དགོངས་པ་མ་ཚོམས།
ཁྱེད་ཅག་བཞུད་ཟིན་པའི་རྗེས། ངེད་ཅག་གིས་གོ་རྟོགས་མ་སད་ནས། རྒྱ་མིའི་དར་ཁུར་ནས། ཡར་རྒྱུག་མར་རྒྱུག་མང་པོ་བྱས་པ་ཡིན། ང་ཅག་ལ་ཁ་ཕྱོགས་མེད་པས། ཁྱེད་ཅག་ལ་དགོངས་དག་ཞུ། ད་དུང་ང་ཚོས་ཁ་ཕྱོགས་མེད་པའི་ལས་ཀ་མང་པོ་ཞིག་བྱས་ཡོང་ན། དགོངས་དག་ཞུ།
ད་དུང་ཁྱེད་ཅག་གི་དཀའ་ངལ་གདོང་ལེན་གྱིས་རང་ལུས་མེ་རུ་སྦར་བ་དེ། འཚེ་བ་ཡིན་པའི་འགྲེལ་བཤད་ཀྱང་ང་ཚོ་ནང་ཁུལ་ནས་རབས་དང་རིམ་པ་མང་པོ་བྱས་ཡོད་པས། ད་ང་ཚོ་སྨྱོས་ཚར་སོང་བས། ད་དངོས་གནས་དགོངས་དག་ཞུ། ད་ང་ཚོ་ལ་གོ་རྟོགས་མེད་ཅིང་སྨྱོ་བཞིན་པ་དང་། རྒྱ་ནག་གི་སྒོར་མོའི་བསླུ་བྲིད་ཀྱིས་བཟི་བཞིན་པ་དང་། ནང་ཁུལ་ལ་ཁ་ཕོ་རིས་ཀྱིས་གཅིག་བཟི་ནས་ཡོད་པས། ང་ཚོ་ལ་གོ་རྟོགས་མེད་པ་དེ་ལ། དགོངས་དག་ཞུ།
སྤུན་ཟླ་ཚོ། མ་འཆུག། འཆུག་མ་འགྲོ། ཁྱེད་ཅག་ས་འདིར་ཅི་ལ་ཡོང་བ་ཡིན་། ངས་མ་ཤེས།
༤༽ འདྲེ་རྐང་ཐོ་ནས།
ཡ་ཁོ་རེ་ཨ་སྡུག་ངུ་ཁ་མ་དང་པདྨ་སྟུ་ཁ་མ་ལྟས་ངན་འུག་པའི་མགོ་ལི་གཉིས་ཀྱི་ཤི་རྣ་ཐལ་བས་བརྒྱངས་མེད་ན། རྣ་སྐམ་གོག་ཏོ་ཡར་ལ་བཀྱགས་ནས་ཉོན་ཅིག གཞན་དོན་དུ་རང་ལུས་མེར་བསྲེགས་པ་དེ་ཆོས་དང་
འགལ་བ་གང་ནས་གསུངས་འདུག་ཅིག་སྟོན་དང་། ངས་ནི་མདོ་མཛངས་བླུན་ལས་སྔོནབཅོམ་ལྡན་འདས་ཀྱིས་ཆོས་ཚིགས་བཅད་གཅིག་གི་ཆེད་དུ་སྐུ་ལུས་ལ་མར་མེ་སྟོང་སྤར་བ་དང་། སྐུ་ལུས་ལ་འཛེ་རུ་སྟོང་བརྒྱབ་པ་དང་། གཡང་ལ་མཆོངས་པའི་རྣམ་ཐར་ཡང་མཐོང་ལ། ང་དུང་སྲིན་པོ་ལྔ་ལ་སྐུ་སྲོག་བྱིན་པ་དང་། སྟག་མོ་
མ་བུ་ལྔ་ལ་སྐུ་སྲོག་བྱིན་པ་སོགས་མང་བོ་མཇལ་བྱུང་ད་ཨ། ད་ནས་བཟུང་ཁྱི་རྒན་རྒྱ་མོ་རྨོ་ཏོ་འི་སྟུ་ལྡག་མ་
ཁྱོད་གཉིས་ཁྱི་ཁ་བཙུམ་ནས་ཝུ་ཅེ་ཐའོ་ཡི་རྨོ་ཏོ་དེའི་སྟུ་བལྡག་ཀར་རྒྱུགས་ཤིག
འདྲེ་ནག་མགོ་དགུ་རྒྱ་ཡི་རྒྱུག་ཁྱི་རེད་། བོད་རིགས་རྣམས་ལ་ངན་བཀུར་བྱེད་མཁན་རེད་། ངན་བཀུར་མ་བྱེད་རག་གིས་ལག་ལེན་ལྟ། སྔོན་སངས་རྒྱས་སྐབས་དང་ད་མི་འདྲ་། སྔོན་བྱོན་མི་ལ་བསོད་ནམས་དབང་ཐང་ཡོད་། དེ་སང་མི་རྣམས་ཁྱེད་རང་འདྲ་པོ་རེད་། སེམས་ནག་བསམ་ངན་ངན་བཀུར་འཇིག་བཀུར་པ་།་ལྟ་བ་ཁ་ཆེན་ཆོས་ལུགས་འདྲ་པོ་བྱེད་། རང་གི་མི་ཤེས་གཞན་ལ་ཧམ་བཤད་བྱེད་། ཀྱེ་མ་ཀྱེ་ཧུ་ལས་ངན་འདི་རྣམས་ལ་གཟིགས།༢
དཔའ་རྒོད་དང་བདེན་དོན་དུ་གཤེགས་པའི་སེམས་པ་རྣམས་ལ་ཕྱག་མཚལ་ལོ།
ཡང་སྐལ་ངན་སྣ་ནག་མ་ཁོ་སླེབས་འདུག་ ཁྱོད་དང་ཁྱོད་འདྲ་བའི་བོང་གུ་རྣ་རིང་ཁྲི་འབུམ་མང་བོ་ཚོགས་ཀྱང་འདྲེ་ནག་ངོས་ཀྱི་མགོའི་སྐྲ་རྐང་གཅིག་ཀྱང་སྒུལ་ཐུབ་ཀྱི་མ་རེད་ཤེས་སོང་སམ། ཚིགས་བཅད་ཡིན་དང་
ཚིགས་ལྷུག་ཡིན་ངོ་ཆོད་པའི་མགོ་ཆད་རྔ་སྡུམ་ལྟ་བུས་ང་ལ་གནོད་ཀི་་ཟེར་ན་ད་ཧ་ཧ་དང་ཧི་ཧི་རེད།
ཕ་བསད་པ་ལ་རྒྱལ་རྔ་རྡུང་མཁན་དང་ཨ་མ་ལ་རྒྱོ་མཁན་ཁྱོད་ཅང་ཙེ་མེན་གྱི་མཇེ་ལུ་དང་ཝུ་ཅེན་ཐའོ་ཡི་
རྐུབ་ལྡག་ཀར་རྒྱུགས་ཤིག་ ང་ཚོའི་གངས་ཅན་པའི་རིགས་རྒྱུད་ལ་ཁྱོད་འདྲ་བའི་བརླ་ཚོང་ཞིག་མེད་ཀྭས།
༢༽ རང་དབང་ཨ་རྡུ་མན་ནས།
༣༽ པདྨ་ནས།
༦༽ ཀརྨ་སྐལ་བཟང་ནས།
ཨ་རྡུ་པདྨ་ཀརྨ་གསུམ།།བསམ་མེད་བྱིས་པའི་ངང་ཚུལ་ཅན།།
རྒྱ་སྒོར་ཕྲན་བུ་ཐོབ་རེས་ཆེད།།ཧམ་བཤད་བྱེད་པ་ཐལ་ཆ་ཆེ།།
།།
འདི་ན་གཅིག་གིས་གཅིག་ལ་སྡིག་མོས་གནམ་ས་གཡོ་བ་བྱེད་ཀྱིན་འདུག་མོད་་་་ཁ་བརྡ་ཚང་གིས་མ་ཤེས་མདོག་མདོག་དང་་་ཁོག་ཡངས་ཡིན་མདོག་གིས་བསྐྱུར་ཤག་འདུག་་་་་་ཁ་ཉིན་ཞིག་ལ་ངས་སུ་དང་གང་ལ་མི་གནོད་པའི་སྐད་ཆ་རེ་ཟུང་ཤོད་པ་་ལམ་སང་ས་འོག་རིམ་པ་དགུ་ལ་གཡུག་དང་ཐལ་་་་ཨ་ལས་ངན་པོ།
འོ་རེད་། ང་་རང་ཡང་བོད་ནང་དུ་སྐུ་ལུས་མེར་སྒྲོན་མཁན་བྱུང་རེས་སེམས་ལ་ན་ཟུག་རེ་གཏོང་གིན་འདུག་
མོད། ང་ཚོ་ལ་ཐབས་ཤེས་ཅི་ཡོད། གཞིས་ལུས་སྤུན་ཟླ་ཚོར་འདི་ལས་ཐབས་ཤེས་གཞན་མེད་སོང་བ་རེད།
ཁོང་ཚོས་བོད་རིགས་ཀྱི་ཆེད་དུ་སྐད་ཆ་ཟུར་ཙམ་ཐོན་ལ་ཡང་ལོ་ཚེ་བཙོན་སོགས་ཀྱི་ཉེས་ཆད་འགེལ་བཞིན་པ་
ང་ཚོས་མཐོང་གསལ་རེད། མི་སུ་འདྲ་ཞིག་ཡིན་ཡང་རང་སྲོག་ལ་མི་གཅེས་མཁན་ཞིག་གང་ནས་ཡོད། འོན་
ཀྱང་ཁོང་རྣམ་པར་འདི་ལྟ་བུའི་ལམ་དུ་འབུད་དགོས་པ་དེ་རྒྱ་དམར་ཀླ་ཀློའི་སྲིད་གཞུང་ངན་རུལ་དུ་གྱུར་དེས་
བྱས་པ་ལས། བཙན་བྱོལ་གཞུང་སྒེར་སུ་ལ་ཡང་ལན་ཁག་འགེལ་ས་ཡོད་མ་རེད། སྡོན་མ་པཎ་ཆེན་རིན་པོ་ཆེ
སྐུ་གོང་མས་སྐད་འབོད་མ་བརྒྱགས་གསུངས་པ་ལ་བརྟེན་ནས། ལྷ་སའི་མི་མང་ཚོས་ཁོང་ལ་ཚོང་པ་རྒྱགས་
པ་ཞེས་སྐུར་བཏབ་པ་ལས། དེས་སྐད་འབོད་མཚམས་ཆད་ཐུབ་ཡོད་མ་རེད། དེ་བཞིན་ང་ཚོས་མཚམས་
འཇོག་རོགས་ཞུས་ཀྱང་འཇོག་ཐུབ་རྒྱུ་མ་རེད། དེ་ལས་ང་ཚོས་ཀླ་ཀློ་གཞུང་ལ་གནོན་ཤུགས་ཡོང་བྱ་རྒྱུ་ལས་
བསྡད་ཡོད། དཔེར་ན་ནད་ཀྱི་རྒྱུ་མ་སྤངས་པར་ནད་སྤོང་མི་ཐུབ་ལ། ཀུན་འབྱུང་བདེན་པ་མ་སྤངས་པར་སྡུག་བསྔལ་བདེན་པ་སྤོང་མི་ཐུབ་པ་ནང་བཞིན་རེད། ཕྲན་གྱིས་གོང་དུ་ཨ་རྡུ་མན་དང་པདྨ། ཀརྨ་གསུམ་
ལ་འཁྲུག་པ་རྒྱག་དགོས་དོན་ཡང་ཁོ་གསུམ་གྱིས་རྒྱ་མིའི་རྒྱབ་རྩར་ལངས་ནས་སྐད་ཆ་བཤད་འདུག་པས།
ཡིན།
གནོན་ཤུགས་ཡོང་བྱ་རྒྱུ་ལས་བསྡད་ཡོད་ཅེས་པ༼ ཡོང་ཐབས་བྱ་རྒྱུ་ལས་བསྡད་ཡོད་མ་རེད། ༽བཅོས།
ངན་རུལ་དུ་གྱུར་དེས་ཞེས་པ་༼ གྱུར་པ་དེས་ ༽ ལ་བཅོས།
བོད་དོན་སྒྲུབ་པའི་སྙིང་སྟོབས་དང་ནུས་པ་རང་ཉིད་ལ་མེད་ན་འགྲིག་མོད། ཡོད་མཁན་གྱིས་ཕངས་མེད་དུ་གཅེས་བའི་སྲོག་ཀྱང་ང་ཚོའི་ཆེད་དུ་བློས་བཏང་བ་ལ་བློ་འགྱོད་མེད་པར་མ་སྲིད་། འདི་འདྲའི་ངན་བཤད་མང་པོའི་ཉོགས་གཏམ་སྤེལ་དགོས་དོན་རྩ་བ་ནས་མི་འདུག་བསམ།
བོད་ཀྱི་དཔའ་པོ་དཔའ་མོ་རྣམས་ལ་གུས་མདུད་དང་བློ་སྟོབས་ལ་རྗེས་སུ་ཡི་རིང་བྱེད་ཡོད།