མཁོ་འདོན་པཿ རྡོ་རྗེ་ཚེ་བརྟན།
༧གོང་ས་སྐུ་ཕྲེང་བཅུ་གསུམ་པའི་བོད་རང་བཙན་ཁྱབ་བསྒྲགས་ཀྱི་ཡིག་ཆ་བསྐྱར་བསྐྲུན་བྱས་ནས་མང་ཚོགས་ལ་འགྲེམས་སྟོན་བྱས་པ།
ས་གནསྲ ལྡི་ལི། དུས་ཚོད། ་༢༠༡༢་ལོའི་ཟླ་༨་པའི་ཚེས་༡༥ དགོང་དྲོའི་ཆུ་ཚོད་༥:༣༠་ནས་༧:༣༠
དེ་རིང་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ལྡི་ལི་བསམ་ཡས་གླིང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། རོ་ཧི་ནི་ས་གནས་གཞོན་ནུ་ལྷན་ཚོགས་བཅས་ཀྱིས་མཉམ་རུབ་ཐོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཉིས་བརྒྱ་ལྷག་བསྐོངས་ནས་རྒྱ་གར་རྒྱལ་ཁབ་ཆེན་པོའི་རང་བཙན་གྱི་ཉིན་མོ་ཐེངས་དྲུག་ཅུ་རེ་དྲུག་པ་དེ་སྲུང་བརྩི་ཞུས་པ་དང་ཆབས་ཅིག་ཕྱི་ལོ་༡༩༡༣་ལོར་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་མཛད་པའི་བོད་རང་བཙན་ཁྱབ་བསྒྲགས་ཀྱི་ཡིག་ཆ་བསྐྱར་བསྐྲུན་བྱས་ཏེ་དེར་འདུས་ཀྱི་མང་ཚོགས་ཡོངས་ལ་འགྲེམས་སྟོན་བྱས་ཡོད་ལ། དེ་ཡང་ཐང་གའི་བཟོ་དབྱིབས་ལྟར་བསྐྱར་བསྐྲུན་བྱས་པའི་ཡིག་ཆ་རྩ་ཆེན་དེ་བོད་ཀྱི་གྲོགས་པོ་རྙིང་པ་དང་བོད་དོན་རྒྱལ་སྐྱོར་བ། མིང་དུ་གྲགས་པའི་གསར་འགོད་པ་བེེ་ཇེ་གེ་རན་ཏེ་ལགས་ཀྱི་ཞལ་འབྱེད་གནང་ཡོད་པ་མ་ཟད། རང་བཙན་གསལ་བསྒྲགས་ཀྱི་ཡིག་ཆའི་ནང་དོན་རྣམས་བོད་ཧིན་དབྱིན་གསུམ་གྱི་ལམ་ནས་སྒྲོགས་སྦྱངས་བྱས་ཡོད།
དེ་རིང་ནི་རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུ་ལགས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་ལུས་མཆོད་མེ་ཕུལ་ནས་མི་ལོ་ཧྲིལ་བོ་གཅིག་འཁོར་བའི་ཉིན་མོ་ཡིན་ལ། ཁོང་ནི་ཉིས་སྟོང་དགུ་ནས་བརྩིས་པའི་བོད་ནང་གི་རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་གསུམ་པ་དེ་ཆགས་ཀྱི་ཡོད། ཁོང་ཚོའི་རང་སྲོག་བློས་གཏོང་གི་ལས་འགུལ་དེ་དག་ནི་ཁེར་རྐྱང་དང་འབྲལ་མེད་ཀྱི་དོན་རྐྱེན་ཞིག་མ་ཡིན་ལ། ལམ་ལམ་དུ་འབར་བའི་མེ་ལྕེ་ཁྲོད་དུ་་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུས་དགོས། བོད་ལ་རང་བཙན་དགོས་ཞེས་པའི་ལྷང་ལྷང་གི་འབོད་ཚིག་དེ་དག་གིས་སྔར་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་རྒྱ་ནག་གི་དྲག་གནོན་ལ་ཕྱོགས་པའི་བོད་མི་ཚོའི་བཙན་རྒོལ་གྱི་རྦ་རླབས་དྲག་པོ་ཞིག་གི་དབུ་བཙུགས་པའི་བརྡ་ལན་གསལ་པོ་སྟོན་གྱི་ཡོད་པ་རེད། ཕྱི་ལོ་༢༠༡༡་ལོའི་ཟླ་བརྒྱད་པ་ནས་བཟུང་རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་འཐབ་རྩོད་པའི་གྲངས་ཀ་མང་དུ་ཕྱིན་ཡོད་མ་ཟད། ཕྱི་ལོ་༢༠༡༢་ལོའི་ཟླ་བརྒྱད་པའི་ཚེས་༦་ནས་༡༣་པར་ཉུང་མཐར་ཡང་བོད་མི་ལྔས་བོད་པའི་རྩ་དོན་གྱི་སླད་དུ་རང་ལུས་མཆོད་མེར་ཕུལ་ཡོད་ལ། ད་བར་དུ་རང་ལུས་མེར་བསྲེགས་གཏོང་མཁན་གྱི་གྲས་ནས་བོད་མི་༣༩ལྷག་འདས་གྲོངས་སུ་ཕྱིན་ཡོད།
བོདནང་གི་བོད་མི་ཚོའི་འགོག་རྒོལ་གྱི་ཚད་མཐོ་ཤོས་དང་བློས་གཏོང་གི་རྣམ་པ་ཚབས་ཆེ་ཤོས་ལ་སླེབས་པའི་དུས་སྐབས་འདིར་ང་ཚོས་བོད་ནི་ལོ་རྒྱུས་ཐོག་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ཡིད་ལ་དྲན་པར་བྱ་རྒྱུ་དང་། མེས་པོས་བཞག་པའི་རང་བཙན་གྱི་ཁ་ཆེམས་དེ་ཡིད་ལ་བཅངས་ནས་རང་བཙན་རྩོད་ལེན་བྱེད་པར་བློ་ཐག་རྦད་གཅོད་ཐོག་ཐུན་མོང་གི་ནུས་ཤུགས་ཕྱོགས་གཅིག་ཏུ་སྤུངས་རྒྱུ་ནི་དུས་ལ་བབས་པའི་ང་ཚོའི་འོས་འགན་ཉག་ཅིག་རེད་ཅེས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གྱི་རྒྱལ་ཡོངས་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བརྗོད་སོང་། ད་དུང་ཁོས་མུ་མཐུད་ནས་དུས་ད་ལྟའི་བར་དུ་བོད་ནང་དུ་བོད་མི་༥༠་མ་ཟིན་ཙམ་གྱིས་རང་ལུས་བཏང་བ་དང་འདས་ལོ་གཅིག་པུ་ལ་ཆ་བཞག་ནའང་བོད་མི་༤༧ཙམ་གྱིས་དེ་དེ་བཞིན་གྱིས་བློས་གཏོང་མཛད་པའི་བོད་མིའི་ལོ་རྒྱུས་ཁྲོད་ཀྱི་ཆེས་ཡ་ང་བའི་དུས་སྐབས་འདིར། བོད་རང་བཙན་ཁྱབ་བསྒྲགས་ཀྱི་ཡིག་ཆ་བསྐྱར་བསྐྲུན་བྱས་ཏེ་རྒྱ་གར་རང་བཙན་གྱི་ཉིན་མོར་མི་མང་བརྒྱ་ཕྲག་མང་པོར་སྤྱན་འབུལ་བྱེད་ཐུབ་པ་བྱུང་བ་འདིས་འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་རང་བཙན་རྩོད་ལེན་བྱེད་པའི་རེ་བ་གསར་བ་ཞིག་བསྐྲུན་ཐུབ་པར་ཡིད་ཆེས་ཡོད་ཅེས་བརྗོད་སོང་།
ངས་དེ་རིང་འདིར་རྒྱ་གར་གྱི་མི་མང་ཡོངས་ལ།ང་ཚོས་སོ་སོའི་རྒྱལ་ཁབ་ཀྱི་རང་བཙན་ཉིན་མོ་སྲུང་བརྩི་བྱེད་པ་དང་དུས་མཚངས་སུ། བོད་མི་ཚོའི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ལ་ཡང་ཕྱོགས་ཡོངས་ནས་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་བྱེད་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད་ཅེས་ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གཞི་རིམ་འབྲེལ་མཐུད་པ་ཟུར་བ་དང་ཧྥ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲུང་ཆེ་རྒྱ་གར་བུ་མོ་ཇོ་ཚེ་ནཱ་ལགས་ཀྱིས་བརྗོད་སོང་། ཁོ་མོས་མུ་མཐུད་ནས་དེ་རིང་ང་ཚོས་འདིར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨེསི་ཨམ་་་ཁིར་ཞི་ནཱ་ངོས་ནས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་བབ་ཐོག་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་ཡོངས་བར་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་ཀྱང་རྩོམ་གྱིན་ཡོད་ཅེས་བརྗོད་སོང་། མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་དེ་ནི་རྒྱ་གར་གྱི་མི་སེར་ཁོ་ནའི་ལས་འགུལ་ཞིག་ཡིན་འདུག་ལ། བསྡུ་རུབ་བྱས་པའི་མཚན་རྟགས་དེ་དག་རྒྱ་གར་གྱི་སེམས་དཔའ་ཆེན་པོ་གྷན་ངྷའི་མཆོག་གི་འཁྲུངས་སྐར་ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལ་འབུལ་འཆར་ཡོད་འདུག
དེ་རིང་གི་ལས་འགུལ་དེའི་ཐོག་ལ་བོད་མི་མང་སྤྱི་འཐུས་ཨཙཱརྱ་ཡེ་ཤེས་ཕུན་ཚོགས་དང་གཡུ་སྒྲོན་ལགས། རྒྱ་གར་བོད་དོན་རྒྱལ་སྐྱོར་བ་བེེ་ཇེ་གེ་རན་ཏེ། གྷན་ངྷིའི་ཞེ་བདེ་ཐེབས་རྩ་ཁང་གི་སྤྱི་ཁྱབ་དྲུང་ཆེ་སུའུ་རན་ངྷིར་གོ་མར་ལགས་བཅས་མཉམ་ཞུགས་གནང་ཡོད་པ་མ་ཟད། མཛད་སྒོར་ཞུགས་མཁན་གྱི་བོད་མི་ཉིས་བརྒྱ་བརྒལ་བ་ལྷག་དང་རྒྱ་གར་གཞོན་སྐྱེས་བོད་དོན་རྒྱལ་སྐྱོར་བ་མང་པོ་ལ་རིན་བྲལ་གྱི་གསུངས་བཤད་ཀྱང་གནང་ཡོད་པ་རེད།
ཕྱི་ལོ་༢༠༡༣་ནི་༧གོང་ས་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་ཁྱབ་བསྒྲགས་བསྐྱངས་ནས་མི་ལོ་བརྒྱ་ཐམ་པ་འཁོར་གྱི་ཡོད་སྟབས། བོད་ནང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་བསྐྱར་བསྐྲུན་བྱས་པའི་བོད་རང་བཙན་ཁྱབ་བསྒྲགས་ཀྱི་ཡིག་ཆ་དེ་སང་ལོ་བར་འཛམ་གླིང་གི་གྲོང་ཁྱེར་ཆེ་ཁག་བརྒྱ་ཙམ་གྱི་ནང་དུ་འགྲེམས་སྟོན་བྱེད་རྒྱུའི་དམ་བཅའ་བཞག་ནས་ད་ཆ་ལས་འཆར་ཡོངས་རྫོགས་འགོ་རྩོམ་བཞིན་ཡོད་པ་རེད།
ཡིག་ཆ་ཧྲིལ་པོ་གང་ནས་གཟིགས་ཐུབ།
གོང་གི་གསར་འགྱུར་མཁོ་འདོན་པ་ལགས་ གསར་འགྱུར་མཁོ་འདོད་བྱས་པ་ཧ་ཅང་བཟང་གི་ལ་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་ཡོང་ལ་འཚམས་འདྲི་ཡོད་ འོན་ཀྱང་བཟང་ཕྱོགས་ལ་བསྟོད་པ་དང་ངན་ཕྱོགས་ལ་ཐེར་འདོད་མ་བྱས་ན་ དེ་རིང་ཁྱོད་ཀྱི་གསར་འགྱུར་མཁོ་འདོན་བྱས་པ་བཞིན་དབྱིན་ཡིག་གི་ཚིག་སྒྲུབ་འགྲོ་སྟངས་བྱས་ནས་ངེད་ཚང་གི་བོད་ཡིག་གི་གནས་སྟངས་འདི་ལ་ཆགས་རེད་ ཁྱོད་ཀྱིས་གོང་དུ་( ལམ་ལམ་དུ་འབར་བའི་མེ་ལྕེ་ཁྲོད་དུ) བྲིས་པའི་ཚིག་སྒྲུབ་ནི་རྦད་དེ་ནོར་པ་རེད། ང་ཚོ་བོད་ཀྱི་སྐད་ཡིག་ནི་མི་རིགས་གཞན་གྱི་སྐད་ཡིག་འདྲ་བོ་མེད་ལ་ལྷག་པར་ཏུ རྒྱ་ཡིག་ དང་ དབྱིན་ཡིག་ནང་བཞིན་མ་ཡིན་པར་ཤེས་དགོས་ གང་ཡིན་ཟེར་ན་ བོད་ཡིག་གི་ནང་དུ་ཚིག་རྒྱན་ཟེར་ཡོང་དུས་མིང་ཆིག་གང་རུང་བ་ཞིག་གི་མཇུག་ཏུ་འབྲི་པ་མ་གཏོགས་ ཁྱོད་ཀྱིས་བཤད་པས་ (ལམ་ལམ་དུ་འབར་བའི་མེ་ལྕེ་ཁྲོད་དུ)ཞེས་བྲིས་ན་ནོར་བ་རེད་ དཔེར་ན་ བུ་མོ་མཛེས་མ་ཞིག་རེད་ཟེར་པ་ལས་མཛེས་མ་བུ་མོ་ཞིག་རེད་ནམ་ཡང་མི་ཟེར་པས་གལ་ཏེ་ཟེར་ན་ ཕ་རོལ་བོས་མི་གོ་བ་མིན་ཡང་བོད་རང་གི་སྐད་ཡིག་གི་བརྡ་དག་རང་བཞིན་གྱི་ཐོག་ནས་བཤད་ན་ནོར་པ་ཡིན་ནོ། གོང་དུ་གསར་འགྱུར་མཁོ་འདོན་པས་ ( ལམ་ལམ་དུ་འབར་བའི་མེ་ལྕེ་ཁྲོད་དུ) ཞེས་པར་གཞིགས་ན་དབྱིན་ཡིག་དང་རྒྱ་ཡིག་གི་ཚིག་སྒྲུབ་འགྲོ་སྟངས་མིན་ནམ་སྙམ གང་ཡིན་ཟེར་ན་ དབྱིན་ཡིག་ནང་དུ་ A beautiful girl ཟེར་པ་ལས་Girl a beautiful ནམ་ཡང་མི་ཟེར་པས་གོང་གི་ཚིག་སྒྲུབ་དེ་ལ་བལྟས་ནས་བཤད་ན་ ཁྱོད་རང་གིས་དབྱིན་ཡིག་གི་ལྟ་གྲུབ་བོད་ཡིག་དུ་ཁུར་ཡོང་ན་ནོར་བ་ཡིན། འདི་ནི་བསམ་ཚུལ་ཙམ་ཡིན་པ་ལས་མཐའ་གཅིག་ཏུ་མ་ངེས་པས་གནས་ཚུལ་མཁོ་འདོད་པས་ཐུགས་བསམ་བཞེས་རོགས་ཞུ་ཞུ།
བོད་རང་དབང་སློབ་ཕྲུག་ཚོགས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་རྒྱབ་སྐྱོར་རྒྱ་ཆ་བརྒྱ་ཡོད།
འདི་ཚོས་ཆེད་དུ་བོད་མི་ས་ཡ་དྲུག་ལ་རེ་བ་མེད་པར་བཟོ་བ་དང་བོད་མི་ཡོད་དོ་ཅོག་འཆི་ལམ་ལ་འདེད་གྱིན་པ་མ་ཟད་༧གོང་ས་མཆོག་ཁེར་རྐྱང་ལ་ལྷག་འཇུག་འདོད་གི་གནག་སེམས་ཆེ་བ་ལ།
ཁྱུང་སེང་བུ། (ཁྱི་ཕག་བུ)
མིང་རྫིག་པོ་ཞིག་བཏགས་ནས་སྐད་ཆ་ཆོ་མེད་རང་བཤད་ཀིན་འདུག་ཁྱོད་རང་ཁྱུང་དང་སེང་གེའི་བུ་ད་གཏན་ནས་ཡིན་ཟ་མ་རེད། དེ་ལས་ཁྱི་ཕག་བུ་ཟེར་ན་ཡག་ཤོས་རེད། གང་ཡིན་ཟེར་ན་རང་བཙན་ལྟ་བ་འདོད་མཁན་ཚང་མ་༧་གོང་ས་མཆོག་གི་ཁ་གཏད་དུ་བགྲང་བཞིན་པ་དང་༧ གོང་ས་མཆོག་དང་དབུ་མ་ལམ་གཉིས་ཕན་ཚུན་གཅིག་ཏུ་མཐོང་བཞིན་པས་སོ།
དབུ་མའི་ལམ་ཟེར་ན་ཡང་ཆབ་སྲིད་ལངས་ཕྱོགས་ཤིག་རེད་ལ་རང་བཙན་ཟེར་ན་ཡང་ཆབ་སྲིད་ལངས་ཕྱོགས་ཤིག་རེད། ལངས་ཕྱོགས་གཉིས་ལས་གང་འདེམས་མིན་ཁྱོད་རང་གི་ལག་རེད་དོ།།
རྒྱལ་དབང་བཅུ་དསུམ་པའི་ཆུ་སྤྲེལ་ཞལ་གདམས་ཡང་བསྐྱར་བསྐྱར་པར་རྒྱབ་པ་ཡིན་ཟེར་གི་ཡོད་ས་རེད། ཞལ་གདམས་འདི་ཧ་ཅང་གལ་ཆེན་པོ་རེད།
མཁན་པོ་ཉི་མའི་གསུང་ལ་རྒྱབ་སྐྱོར་ཡོད། དེང་གི་ཆར་རང་བཙན་རྩོད་ན་འདྲ། རང་སྲིད་རང་སྐྱོང་རྩོད་ན་
ཡང་འདྲ་ཚང་མས་ནུས་ཤུགས་གཅིག་ལ་སྤུངས་ཏེ། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་འདི་སྐྱོབ་ཐབས་བྱ་དགོས་།
བོད་རང་བཙན་ཁྱབ་བསྒྲགས་ཀྱི་ཡིག་ཆ་ཆ་ཚང་ཀློག་འདོད་ཡོད་ཚེ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་ངོས་https://www.studentsforafreetibet.org/campaigns/political-action/declare-independence-celebrating-the-100th-anniversary/་་འདི་རུ་ཕེབས་དང་། བོད་དབྱིན་གཉིས་ཀྱིས་ལམ་གསལ་བོ་ཞིག་བཀོད་ཡོད་དོ།།
བོད་རང་བཙན་ཁྱབ་བསྒྲགས་ཀྱི་ཡིག་ཆ་ཆ་ཚང་ཀློག་འདོད་ཡོད་ཚེ། ་དྲ་ངོས་https://www.studentsforafreetibet.org/campaigns/political-action/declare-independence-celebrating-the-100th-anniversary/་་འདི་རུ་ཕེབས།
ཇ་མ་ལགས། ཁྱོད་ཅུང་ཟད་གོ་བ་ལོག་གི་ཡོད་ས་རེད། ཞལ་གདམས་དང་རང་བཙན་ཁྱབ་བསྒྲགས་གཉིས་ཀ་ལོགས་ཀ་རེད། གནས་ཚུལ་ཞིབ་ཕྲ་སློབ་སྦྱོང་བྱས་ན་དགའ། ད་དུང་ཁྱོད་ཀྱིས་ཡང་བསྐྱར་བསྐྱར་པར་ཞེས་པའི་ཚིག་ཅིག་ཀྱང་བེད་སྤྱོད་བཏང་འདུག་ དེ་ཡང་གོ་ལོག་ཐེབས་པ་རེད་ཞེས་བརྗོད་འདོད་བྱུང་། བསྐྱར་པར་ཡིན་ན་བསྐྱར་བསྐྲུན་ཞེས་ལབ་ནས་འུར་རྒྱངས་དགོས་དོན་མེད་ག ཡིག་ཆ་དེ་ང་ཚོས་འདོད་འདོད་དྲན་དྲན་བྱས་ནས་བཟོས་མེད། བསྐྱར་པར་ཚིག་ཇི་བཞིན་གོ་བ་བླངས་ན་ཡིག་ཆ་ཅི་རིགས་བསྐྱར་དུ་པར་གློག་བརྒྱབ་པ་གོ་དགོས་ཀྱི་འདུག་ ཡིན་ཡང་རང་བཙན་གྱི་ཡིག་ཆ་བསྐྱར་བསྐྲུན་དེ་དང་གཏན་ནས་མི་འདྲ། གོང་ས་མཆོག་གི་རང་བཙན་གྱི་ཡིག་ཆ་ངོ་མ་དེ་གསོན་གནས་ཐུབ་མེད་པ་་ཧ་གོ་དགོས། གལ་ཏེ་ཁྱེད་རང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་་རང་བཙན་ཁྱབ་བསྒྲགས་ཀྱི་མཛད་སྒོ་ལ་ཞུགས་མྱོང་ཡོད་ཚེ། ཁྱེད་ཀྱིས་ཡིག་ཆ་དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ཆ་ཚང་བ་ཞིག་ཧ་གོ་ཐུབ་ཡོད་ངེས། ངས་འདིར་འགྲེལ་བཤད་ཆ་ཚང་རྒྱག་པའི་དུས་ཚོད་མི་འདུག་ཀྱང་སྐད་ཆ་ཚིག་གཅིག་ཞུ་འདོད་པ་ནི་རང་བཙན་ཁྱབ་བསྒྲགས་ཀྱི་ཡིག་ཆ་བསྐྱར་བསྐྲུན་བྱེད་པར་ང་ཚོས་ཆུ་ཚོད་མང་པོ་བཏང་ནས་ཞིབ་འཇུག་གཏིང་ཟབ་བྱས་ཡོད་ལ། མཁས་དབང་མང་པོའི་སར་བཅར་ནས་༡༩༡༣་ལོར་གོང་ས་མཆོག་གིས་རང་བཙན་གསལ་བསྒྲགས་ཀྱི་ཡིག་ཆ་ངོ་མའི་སྟེང་དུ་བོད་ཡིག་ཡིག་གཟུགས་ག་རེ་བེད་སྤྱོད་བཏང་ཡོད་མེད་དང་ཆེ་ཆུང་། ད་དུང་ཐམ་ག་སོགས་ལ་ཞིབ་ཚགས་བྱས་ནས་དཔྱད་ཞིབ་བྱས་པ་མ་ཟད་ཡིག་ཆ་ཅི་ཡོད་མཁོ་སྒྲུབ་བྱས་ནས་མཐའ་མར་བསྐྱར་བསྐྲུན་བྱེད་ཐུབ་པ་བྱུང་བ་ཡིན་པས། ཁྱེད་ཀྱིས་དེ་བསྐྱར་པར་ཞེས་ལབ་ན་གནས་ལུགས་དང་རྒྱུ་མཚན་མང་པོའི་ཐོག་ནས་ཏག་ཏག་ཅིག་ཁྱོན་ནས་བསྡད་གི་མེད །
སྦྲ་དཔལ་ལྡན་ལགས་ཁྱེད་ཀྱིས་བསམ་ཚུལ་བརྗོད་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ། ཁྱེད་ཀྱིས་བརྗོད་པ་ལྟར་ན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གསར་འགོད་གསལ་བསྒྲགས་ནང་གི་ལམ་ལམ་དུ་འབར་བའི་མེ་ལྕེ་ཞེས་པ་དེ་བོད་ཀྱི་བརྡ་སྤྲོད་ཀྱི་འགྲོ་ལུགས་ཇི་བཞིན་བཤད་ན་ཏག་ཏག་བསྡད་མེད་ཚུལ་དང་དཔེ་བརྗོད་ཀྱི་ལམ་ནས་ཚིག་དུམ་དེ་ལ་དབྱིན་ཡིག་གམ་རྒྱ་ཡིག་གང་རུང་གི་ན་ཚ་འགོས་ཡོད་པ་འདྲ་བོ་ཞིག་གསུངས་འདུག
ཁྱེད་ཀྱིས་བཤད་པ་ལྟར་ན་བོད་ཀྱི་སྐད་ཡིག་གི་ཚིག་རྒྱན་སྦྱོར་ཚུལ་དེ་དབྱིན་ཡིག་དང་རྒྱ་ཡིག་དང་མི་འདྲ་བར་ངེས་པར་དུ་མིང་ཚིག་གང་རུང་གི་མཇུག་ཏུ་སྦྱོར་དགོས་ཚུལ་གསུངས་འདུག་པས་ངས་བསམས་ན་ཁྱེད་ཀྱིས་བསམ་ཚུལ་སྤེལ་སྐབས་བསམ་བློ་གུག་ཀྱོག་ཅིག་བཏང་མེད་ནམ་སྙམ་གྱི་འདུག གང་ཡིན་ཞེ་ན་ཚིག་རྒྱན་ཡིན་ན་མཐའ་གཅིག་ཏུ་མིང་ཚིག་གང་རུང་གི་མཐར་སྦྱོར་དགོས་ལབ་ན་ཏག་ཏག་ཅིག་བསྡད་གི་ཡོད་ན་བསམ་གི བོད་ནས་ཞོགས་དུང་དང་འབྲོང་བུ་རྡོ་རྗེ་རིན་ཆེན་སོགས་ཀྱིས་ཀྱང་ང་ལ་ཚིག་རྒྱན་ཡིན་ན་ངེས་པར་དུ་མིང་ཚིག་གི་མཐར་སྦྱོར་དགོས་རེད་ཅེས་ལབ་རྒྱུ་མ་བྱུང་། ད་དུང་ང་རང་ཉིད་ཀྱི་སྐད་ཡིག་གི་རྨང་གཞི་ཤེས་བྱའི་ངོས་ནས་བརྗོད་ན་ཡང་ཚིག་རྒྱན་ཡོད་ཚད་མིང་ཚིག་གི་མཐའ་སྦྱོར་དགོས་པ་དེ་འདྲ་གཏན་ནས་མཐོང་གི་མི་འདུག་ གལ་ཏེ་ད་དུང་དེ་ལྟར་སྦྱོར་དགོས་ཞེས་ཨུ་ཚུགས་མཐར་སྐྱེལ་བྱས་ན་་་་ད་བོད་ནང་གི་མཁས་པ་མང་པོ་ཞིག་ནོར་སོང་ནི་ཡིན་དགོས་སོང་ནི་རེད། དཔེ་མཚོན་ཙམ་ཞུས་ན། དཔལ་དོན་འགྲུབ་རྒྱལ་གྱི་སྙན་ངག་ནང་ན་་་ཡང་་ཟླ་འོད་ཀྱི་ཞལ་རས་དང་དྲག་ཏུ་ལྡིང་བཞིན་སྙིང་སོགས་ཚིག་རྒྱན་ཅི་རིགས་མིང་ཚིག་གང་རུང་གི་སྔོན་ལ་སྦྱར་ཡོད་པ་དེ་འདྲ་སྟོབས་གི་མཐོང་ཡ་འདུག་ག་་་ད་འདྲའི་དཔེ་བརྗོད་བཤད་རྒྱུ་ཚར་འགྲོ་བ་དེ་འདྲ་ཞིག་གཏན་ནས་མིན་གོ
ལོ་རྒྱུས་མི་ཤེས་པའི་ཁྱབ་བསྒྲགས་བྱེད་སྟངས་འདི་རིགས་སྙིང་རྗེ་བ་ཞིག་རེད། ཕྱེད་དབྱིན་ཇི་བ་དེ་ཚོས་འདི་ལྟར་ལས་ཀ་བྱེད་རྒྱུ་ལས་གཞན་ཅི་ཞིག་འཇོན་ནམ། ཞལ་གདམས་དེའི་ཚིག་དོན་དང་ཁྱབ་ཚད། དེ་གསུངས་དགོས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་སོགས་ལ་རྒྱུས་མངའ་ཡོད་དམ། ལས་མེད་ལས་ཀ་འདི་དག་གཡུག་བཞག་ན་དགའ་ཡི་རེད། དེ་བས་བོད་གཞུང་དགའ་ལྡན་ཕོ་བྲང་དགའ་ལྡན་ཕོ་བྲང་གི་ལོ་ ༢༣༧ སྔོན་གྱི་གནས་བབ་ནས་གླེང་ན་བོད་སྤྱི་ལ་ཁྱབ་ཐུབ་པའི་རང་བཙན་གྱི་གནས་བབ་གསལ་འགྲེལ་ཐུབ་ཀི་རེད། དེ་མིན་ལོ་རྒྱུས་མི་ཤེས་པའི་གླེན་རྟགས་འདི་འདྲ་སྟོན་མ་ཡོང། སློབ་ཕྲུག་ཚོགས་པའི་མི་ཤེས་ན་མཁས་པ་དག་ལ་སྐད་ཆ་ཕྲིས།
ཆུ་སྤྲེལ་ཞལ་གདམས་དང་རང་བཙན་ཁྱབ་བསྒྲགས་ཀྱི་ཡིག་ཆ་ལོག་ཀ་རེད། འདི་ངེས་པར་དུ་ཤེས་དགོས་པ་རེད་མ་གཏོགས། ཡང་རྫོར་རྟགས་མང་པོ་སྟོན་ས་རེད། གཞན་སློབ་ཕྲུག་ཚོགས་པ་སེམས་ཤུགས་དང་། འཇོན་ཐང་ཚང་མར་བསྔགས་བརྗོད་ཡོད། འོན་ཀྱང་མཁས་པ་རྒན་རབས་པ་དང་། ལས་བྱེད་རྒན་རབས་པ། ལོ་རྒྱུས་ཤེས་ཡོན་ཅན། དེ་དག་དང་ངེས་པར་དུ་འབྲེལ་པ་གནང་ནས། ཡིག་ཆ་གལ་ཆེན་དེ་དག་སྤར་པ་དགོས་མཚན་ཆེ་བར་མཐོང་།
གོང་དུ་བོད་ཡིག་གི་ཚིག་རྒྱན་སྐོར་ནས་དགག་སྒྲུབ་བྱེད་བཞིན་པ་དེར་རྨོང་ཚོད་ཀྱི་བསམ་འཆར་ཞིག་འདོན་གྱི་ཡིན།
༡༽ བོད་ཀྱི་གནའ་རབས་ཀྱི་ཚིག་སྦྱོར་ལྟར་ན། བྲེ་སར་འབྲོང་། དམར་ཡག་སྟག ཁྲ་ཡག་རྫ། དོག་མོ་ས། མགོ་ནག་མྱི། དུད་འགྲོ་ཟོག སྨན་ཤར་བུ་མོ། གུར་དཀར་ཐོད་དུ་འཕངས་པའི་མདའ།། རྩལ་ཆེན་ནམ་མཁས་སྦར་གྱིས་བཟུང་།། སོགས་དང་།
༢༽ ཚད་མ་རིགས་པ་ལྟར་ན། མི་རྟག་པའི་སྒྲ། དཀར་ཟལ་གྱི་བ་ལང་། ད་དུང་རྣམ་འགྲེལ་ན། གཉིས་ཀས་གཅིག་གཅིག་བརྗོད་མོད་ཀྱིས།། བརྗོད་བྱའི་ཤན་གྱི་ཁྱད་པར་གྱིས།། གསུངས་པ་སོགས་ཁྱད་ཚིག་གམ་རྒྱན་ཚིག་སྔོན་ལ་ཐོན་པ་ཤིན་ཏུ་མང་གི
༣༽ སྙན་ངག་ལྟར་ན། དཀྱུས་རིང་སྤྱན། གཡོ་ལྡན་བུང་བའི་མིག དཀར་གསལ་ཟླ་བ། བསྐྱངས་བསྐུམས་ཞབས་ནི་ཅུང་ཟད་བརྡབ་པ་ཙམ་གྱིས་རི་དབང་ཤིག་ཤིག་བོར་འགྱུར་ཞིང་།། གཡས་བསྐྱངས་གཡོན་བསྐུམས་ཞབས་ཀྱིས་བསྣམས་དེ། སོགས་མང་ག
མང་པོ་འདྲེན་མ་དགོས་པར། གོང་གསལ་གྱི་མིང་ཚིག་འདི་དག་ནི་བོད་རྒྱ་ཁྱབ་ཏུ་གནའ་རབས་གནས་དར་ཡོད་པའི་མིང་ཚིག་རྐྱང་ཡིན་པས། འདི་དག་ལ་སྤྱན་དཀྱུས་གཡོ་པར་རིགས།།
འཇམ་དབྱངས་ལ་གས། ཁྱོད་ཀྱི་ཀླད་པའི་ནང་ལ་རང་ལྟ་མཆོག་འཛིན་དང་དེང་རབས་ཀྱི་ཚན་རྫས་དག་གིས་འཁྲུས་ཀྱང་མི་དག་པའི་མཁྲེགས་འཛིན་གྱི་ན་ཚ་བཅོས་ཐབས་མེད་པ་དེ་འདྲ་ཞིག་ཏན་ཏན་འགོས་ཡོད་ས་རེད། ཁྱོད་ཀྱིས་ཕྱེད་དབྱིན་ཇི་བ་ཞེས་མི་སྒེར་ཞིག་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་ཧྲིལ་བོ་ལ་མུན་ནག་གི་ལྭ་བ་གཡོགས་རྩིས་བྱས་འདུག ཁྱོད་ཀྱིས་ང་ལ་་ལོ་རྒྱུས་ཀྱི་ཤེས་བྱ་ཐུང་ཐུང་ཞིག་ཀ་ཁའི་ཚུལ་དུ་རང་ལ་བཤད་དུ་བཅུག་སོང་། དགོངས་པ་མ་ཚོམ་་་་ཁྱོད་རང་སོ་སོས་ཅི་གང་ཡང་ཤེས་ཀྱི་མེད་ཀྱང་ད་དུང་མི་ཤེས་ཤེས་མདོག་ཙང་་སོ་སོའི་མགོ་ལ་སོ་སོས་ཐོ་བ་གཞུས་འདུག་ག ༧གོང་ས་མཆོག་གི་ཞལ་གདམས་དང་རང་བཙན་ཁྱབ་བསྒྲགས་གཉིས་ཀ་རྦད་དེ་ལོགས་ཀ་རེད་ད རྒྱས་པ་སོ་སོ་རང་ཉིད་ཀྱིས་སློབ་སྦྱོང་བྱེད་དགོས་རེད་ལོ་ དེ་མ་གཏོགས་ཁྱོད་ཀྱི་ཁ་ནང་ལ་ཟ་ཆོག་ཆོག་བྱས་ནས་སྤྲད་ན་ཁྱོད་མི་ཚེ་གང་བོར་ཁྲོམ་པའི་ནང་གི་སྦལ་བ་ལྟ་བུར་ལྷག་ཉེན་འདུག་ བྱས་ཙང་རང་གི་སྙིང་རྗེ་ཞེས་པའི་ཚིག་དེ་ངས་ཕྱིར་ཁྱེད་རང་གི་ལྕགས་ཀྱི་གདོང་པའི་ངོས་ལ་བརྐོས་ཡོད་དོ་་་་་་་་་
དྲ་གྲོགས་ཚོ་ཡག་པོ་གཅིག་གཟིགས་དང་། བཙོན་བྱོལ་ནང་ལ་ཚོགས་པ་ཁ་ཤས་དང་མི་ཁ་ཤས་ཀྱི་བོད་རང་བཙན་ཡིན་ཟེར་ནས་འུག་ཤབ་་ཀྱང་ཀྱང་བཤད་མཁན་དེ་ཚོར་ལ་ང་གད་མོ་ཤོར་གྱི་འདུག རྒྱུ་མཚན་གང་ཡིན་ཞུ་ན། མི་དེཚོ་ཁྲོད་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཤེས་མཁན་མེད་པ་ནི་ཨ་ཀྱང་ཀྱང་། མཐར་ན་བོད་ཡིག་ཡག་པོ་ཀློག་ཤེས་ཀྱི་ཡོད་མེད་གང་ཞིག སྐད་ཆ་དེ་འདྲའི་བཤད་ན་ངོ་ཚ་ཡར་རང་རེད། བཙོན་བྱོལ་ནང་ལ་བོད་རང་བཙན་ཡིན་མིན་བོད་ཀྱི་ལོ་རྒྱུས་ཤེས་མཁན་ཟམ་གདོང་རིན་པོ་ཆེ་དང། འབར་པ་སྐལ་བཟང་རྒྱལ་མཚན། ཆུང་ཚེ་རིང་། བཀྲིས་ཚེ་རིང་། དེ་ཙམ་རེད།
དྲ་གྲོགས་ཁ་བ་དཀར་པོ་ཕོ་སར་ལགས་ལ་ཞུ་རྒྱུ སྐུ་ཉིད་ཀྱིས་གོང་དུ་བསམ་ཚུལ་ཐུང་ཐུང་ཞིག་བཤད་འདུག་པར་རྒྱུ་མཚན་དང་གནས་ལུགས་གང་ཡང་མི་འདུག་ལ་སྐུ་ཉིད་ལ་ཁྱི་ངན་པར་ཁ་རྡུང་བྱེད་འདོད་གཏན་ནས་མི་འདུག འོན་ཏང་ ད་དུང་སྐུ་ཉིད་ཀྱི་གོང་གི་སྐད་ཆ་དེ་དག་ཞེན་ཁོག་གིས་དབང་དུ་སོང་འདུག་པས་མ་གཞི་ངས་ཁྱོད་ལ་འགྲེལ་བརྗོད་བྱེད་འདོད་མ་བྱུང་། འུ་ཚང་གི་སྤྱི་ཚོགས་ནང་ལ་མི་བུ་སུ་ཞིག་གིས་གཞུང་ལ་ཕན་པའི་ལས་ཀ་རེ་བྱེད་དུས་ དེའི་བྱེད་སྟངས་མ་འགྲིག་པ་དང་སྐྱོན་ཞིག་གང་ན་ཡོད་ན་དེ་གསལ་འདོད་བྱེད་རྒྱུ་ཅི་ཡང་མི་འཇོན་པའི་དྲ་གྲོགས་ཁྱོད་ ཁ་བ་དཀར་པོ་ཕོ་སར་ ལྟ་བུ་རེ་ཟུང་གི་ སྐྱོན་ཏུ་སེམས། ངེད་ཚང་གི་གཏམ་དཔེ་ལ་ གཞན་ལས་ལ་མ་བལྟ་རང་གིས་ཅི་འཇོན་ལ་བལྟོས་ ཞེས་པའི་དཔེ་བཞིན ཁྱོད་རང་གིས་བོད་མི་རིགས་ཀྱི་ཕྱིར་ཏུ་ཅི་ཞིག་བྱེད་ཐུབ་ཡོད་ ངས་བལྟས་ན་ཁྱོད་རང་གིས་ཁྱོད་རང་གི་ཁ་ལ་ཁ་ལག་རག་མིན་ལ་ཐེ་ཚོམ་ཡིན། གང་ལྟར་བོད་རང་དབང་སློབ་ཕྲུག་ཚོགས་པའི་ནང་དུ་ ཕྱེད་ཀ་དབྱིན་ཇི་ཡོད་མཁན་བདེན་ཡང་ཁྱོད་རང་བོད་པ་ཆ་ཚང་ཞིག་གི་ངོས་ནས་ཅི་ཞིག་རང་གི་རྒྱལ་ཁབ་དང་མི་རིགས་ལ་ཕུལ་ཐུབ་སོང་། ངས་བལྟས་ན་བོད་རང་དབང་སློབ་ཕྲུག་ཚོགས་པའི་ནང་དུ་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནས་ཡིན་པའི་ཚོགས་མི་སྟོང་ཕྲག་ཁ་ཤས་དང་ཕྱེད་ཀ་དབྱིན་ཇི་བ་ཡོད་མོད་ ཁྱོད་ལྟ་བུ་བོད་པ་ཆ་ཚང་ནང་འཁྲུག་གཏོང་མཁན་ལས་ཕྱེད་ཀ་ཁྱོད་ལྟ་བུ་ལས་དབྱིན་ཇི་ཆ་ཚང་བ་བོད་མི་རིགས་ལ་ཕན་ཐོག་མཁན་ཞིག་དཔེར་ན་གོང་དུ་སྐུ་ཉིད་ཀྱི་དཔེ་མཚོན་བཞག་པ་དེ་དང་དེ་བཞིན་ནོ་ དྲ་གྲོགས་ལགས་ གོང་དུ་སྐུ་ཉིད་ཀྱིས་བོད་ཀྱི་ལོ་རྒྱུས་ལ་མཁས་བའི་མི་སྣ་འགར་དཔེ་མཚོན་ཙམ་བཞག་པ་ནས་ངས་ཁྱོད་རང་ག་འདྲ་ཞིག་ཡོད་མེད་ཤེས་སོང་ལ། ལྷག་པར་ཏུ་བོད་རང་དབང་སློབ་ཕྲུག་ཚོགས་པའི་ནང་དུ་བོད་ཡིག་ཤེས་མཁན་མེད་པར་ཁྱོད་ལ་སྙན་ཞུ་རྒྱག་དགོས་པའི་དུས་ལ་སླེབས་མེད།
ལོ་རྒྱུས་ཆེད་ལས་མཁས་པ་ཞིག་མ་་ཡིན་ཡང་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་་མ་བྱས་གོང་དུ་བོད་རང་བཙན་ཡིན་པ་སུས་མི་ཤེས། མན་ཇུ་གོང་མའི་ཤུགས་རྐྱེན་བསླེབས་པ་ཙམ་གྱིས་བོད་མན་ཇུའི་འོག་ཡིན་དགོས་ན། རྒྱ་ནག་ཀྱང་རང་བཙན་མ་ཡིན་པར་ཐལ་ཏེ། མན་ཇུའི་སྐབས་ནས་རྒྱ་དམར་གྱིས་སྲིད་དབང་མ་
བཟུང་བར་དུ་ཨ་རི་དང་ཧྥ་རན་སི། ཨིན་ཇི་དང་འཇར་པན་སོགས་ཀྱི་ཤུགས་རྐྱེན་ཤིན་ཏུ་ཆེན་པོ་བསླེབས་ཏེ།
ཧྲང་ཧེ་སོགས་གྲོང་ཁྱེར་ཁག་ཏུ་རྒྱལ་ཁབ་དེ་དག་གིས་དུམ་བུར་བཅད་བཟུང་བྱས་ནས་ཡོད་པ་དང་། མན་ཇུ་ད་གོ་མིན་ཏང་སྲིད་གཞུང་གིས་དེ་དག་གིས་བཀའ་གང་བཏང་ལ་ཉན་འཇོག་བྱེད་དགོས་པ་སོགས་བྱུང་བའི་
ཕྱིར། མན་ཇུ་གོང་མའི་སྐབས་མན་ཇུས་བོད་ལ་དམག་རོགས་བྱས་པ་ཙམ་གྱིས་བོད་མན་ཇུའི་འོག་ཡིན་པར་བསྒྲུབ་མི་ནུས་ཏེ། དེ་ལྟར་བྱང་ཀོ་རི་ཡ་དང་ཝེ་ཏི་ནམ་གཉིས་ཀྱང་རྒྱ་ཁོངས་ཡིན་པར་འགྱུར་བའི་ཕྱིར་ཏེ།
དེ་གཉིས་ལ་རྒྱ་མིས་དམག་རོགས་བྱས་པའི་ཕྱིར། ཡང་རྒྱ་ནག་ཨུ་རུ་སུའི་མངའ་ཁོངས་ཡིན་པར་འགྱུར་ཏེ།
ཨུ་རུ་སུས་རྒྱ་དམར་གཞུང་ལ་དམག་རོགས་བྱས་པའི་ཕྱིར། རྒྱ་ནག་དེ་ཨ་རིའི་ཁོངས་སུ་འགྱུར་ཏེ། ཨ་རིས་
དམག་རོགས་བྱས་པའི་ཕྱིར། འདི་དག་རིགས་ལམ་གྱི་རྩེད་འཇོ་ཙམ་སྟེ། དོན་དུ་འགྱུར་ན་རིམ་གྱིས་སྤྲོ་བར་
བྱའོ། །
དྲ་གྲོགས་ཁ་བ་དཀར་པོ་ཕོ་སར་ལགས། ཁྱེད་ཚོ་མི་ཁ་ཤས་ཀྱིས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནང་ན་
ཕྱེད་དབྱིན་ཇི་འདུག་རབས་དང་བོད་ཡིག་ཡག་པོ་ཀློག་ཤེས་ཀྱི་མེད་ཚུལ་སོགས་ལྐུགས་པའི་ཀུ་ཅོ་འདོན་ཁུལ་བྱས་འདུག ཕྱེད་དབྱིན་ཇི་ལབ་ན་ག་རེ་རེད། ལྷག་སྒྲོན་ལགས་ཀྱི་ཨ་མ་དབྱིན་ཇི་བ་ཡིན་སོང་བས་དེ་ལྟར་ལབ་པ་ཡིན་ནམ། ་ཨ མ་དབྱིན་ཇི་ཡིན་སོང་ན་བོད་པ་མིན་སོང་བ་ཨེ་ཡིན། དེ་ན་བོད་ནང་གི་བོད་མི་ཚོ་དད་གུས་ཀྱི་ཐལ་མོ་སྦྱར་སའི་པཎ་ཆེན་སྐུ་ཕྲེང་བཅུ་བའི་སྲས་མོ་རིག་འཛིན་དབང་མོ་ཡང་རྒྱ་མོ་ཡིན་དགོས་སོང་ནི་རེད། ད་དུང་ལྷག་སྒྲོན་གྱི་ཨ་མ་ག་འདྲ་ཞིག་ཡིན་མིན་ཁྱེད་ཀྱིས་སྐྱག་སྐམ་ཟིག་ལ་མི་ཤེས་མོ། དེ་ངས་ཤེས་ནི་རེད། ལྷག་སྒྲོན་ལགས་ཀྱི་ཨ་མ་དང་མཉམ་དུ་ཁྱེད་ཀྱིས་བོད་སྐད་ནང་གླེང་མོལ་ཞིག་བྱེད་དགོས་བྱུང་ན་མཐའ་མར་ངོ་ཚ་དགོས་མཁན་དེ་ཁྱེད་རང་ཡིན་རྒྱུ་རེད་གོ མདོ་དོན་མདོར་དེད་ན་ཁྱེད་ཚོས་བོད་ཡིག་ཁྱར་ཁྱོར་ཞིག་མ་གཏོགས་མི་ཤེས་ལ། སྐད་ཡིག་གཞན་པ་བཤད་དགོས་བྱུང་ན་མིད་པའི་ནང་གཡར་མ་བླུགས་པ་འདྲ་པོ་ཡིན་ལ། གང་ཞིག་འབྲི་དགོས་བྱུང་ན་གཟའ་བརྒྱབ་པ་ནང་བཞིན་ཡིན། དེར་བརྟེན་ཁྱོད་ཀྱིས་འཇོན་རྒྱུ་ཞིག་གང་ཡང་མེད། ཉིན་མ་མ་འཁྱོལ་པར་ལྷག་ནས་བསྡད་ནས་ཡོད་ཙང་། གཞན་ལ་ཕྲག་དོག་གིས་མ་བཟོད་པར་བོད་ཡིག་ཁྱར་ཁྱོར་དེས་མི་གཞན་ལ་རོགས་པ་བྱེད་རྒྱུ་ཚབ་ཏུ་སོ་སོར་སྐྱག་དྲི་འཐུལ་དུ་འཇུག་གི་འདུག་ད
ཁྱུང་སེབ་བུ་ལགས། སྐྱག་པ་བཏང་རྗེས་གསང་སྤྱོད་ནང་ཆུ་བླུགས་དགོས་པ་ཧ་གོ་བ་བྱེད་རོགས། ཁྱེད་ཀྱི་སྐྱག་དྲི་གང་སར་འཐུལ་འདུག ཁྱེད་ཀྱི་སྐྱག་དྲི་དེས་ང་ཚོ་གདོང་དམར་ཚང་གི་རང་བཙན་གྱི་གཡང་དེ་ལ་དྲི་ཤོར་དུ་འཇུག་ཉེན་འདུག ཨ ཁོ་རེ།
མིག་ཆུ་གསུང་ལ་རྒྱབ་སྐྱོར་ཡོད། ངས་དེ་ག་སེ་མི་གཞན་ལ་ཁ་མི་གཏོང་ལ། བོད་པའི་ལས་འགུལ་བ་སུ་འདྲ་
ཞིག་ལ་རྐང་བཙུགས་ནས་སྐྱོན་བརྗོད་བྱེད་མཁན་ལ་གཏན་ནས་མི་དགའ། བོད་ཡིག་ཤེས་མཁན་ནང་ནས་
བོད་པ་འཚོང་མཁན་ཡང་ཡོད་ལ། བོད་ཡིག་མི་མཁན་གྱི་ནང་ནས་བོད་མི་རིགས་ལ་ཤ་ཞེན་རི་ལྟར་བརྟན་པ་
ཡང་ཡོད་པ་རེད། བོད་ཡིག་གི་ཐོག་ནས་མཁས་པ་ཡིན་ཟེར་མཁན་ནང་ནས་རྒྱདམར་གྱི་རྒྱུག་ཁྱི་བྱེད་མཁན་ཡང་ཡོད་པས། བོད་ཡིག་ཤེས་པ་ཙམ་ལ་ཧ་ལས་རྒྱུ་གང་ཡང་ཡོད་མ་རེད།
ང་ཚོས་རྩོད་པའི་ཁ་ཕྱོགས་ཨ་ཕ་བོད་པ་ཡིན་མིན་དང་། ཨ་མ་དབྱིན་ཇི་ཡིན་མིན་སོགས་རྩོད་པ་ནི་དོན་དག་གང་ཡང་མི་འདུག དེ་ལས་བོད་གཞོན་ནུ་ཚོགས་པ་ཡིན་ན་འདྲ། བོད་སློབ་ཕྲུག་ཚོགས་པ་ཡིན་ན་འདྲ། རྩོད་པ་རྒྱགས་སྟངས་ལ་བརྗེས་བོ་བརྒྱབ་ནས། དཔེར་ན་རྒྱ་བོད་གཉིས་ཀས་ཕྱོགས་ནས་བོད་རྒྱ་ཁུངས་ཡིན་པར་བཤད་མཁན་མང་པོ་ཡོད། ཐ་ན་ཟམ་གདོང་རིན་པོ་ཆེ་ནས་ཀྱང་། བོད་རང་བཙན་ཡིན་པའི་ལོ་རྒྱུས་ཁུངས་བསྐྱལ་ག་བ་ཡོད་ཟེར་ནས་ནེའུ་ཡོག་ཏུ་དྲི་བ་ཞིག་ལ་ལན་འདེབས་གནང་ཡོད། རྩོད་པ་འདི་འདྲ་ནི་བོད་པ་དང་རྒྱ་མི། བར་གནས་པ་མང་པོའི་བསམ་ཚུལ་ན་ཡོད། ང་འདྲ་ཞིག་ཡིན་ན། རྩོད་པ་འདི་འདྲ་ལ་ལན་འདི་ཕུལ་ས་རེད། གལ་སྲིད་བོད་རྒྱ་ཁུངས་ཡིན། ༡༩༡༢ ཡས་མས་སུ་དབྱིན་ཇིས་བོད་ལ་བཙན་འཛུལ་དམག་འཁྲུག་བྱེད་སྐབས་དང་། རི་པིན་གྱིས་ཧྲང་ཧེ་ལ་བཙན་འཛུལ་བྱེད་སྐབས་ཕལ་ཆེར་དུས་སྔ་ཕྱི་ཙམ་རེད། རྒྱ་ནག་གི་དམག་ཡོངས་སུ་ཧྲང་ཧེ་དམག་ལྡོག་ལ་བརྩོན་པ་ལས། བོད་ལ་དབྱིན་ཇི་དམག་འཁྲུགས་ལ་དམག་རོགས་མི་བྱེད་པའི་རྒྱུ་མཚན་ཅི། ས་གནས་དེ་གཉིས་ཀྲུང་གོའི་མངའ་ཁུངས་ཡིན་པ་གཅིག་པ་ཡིན་པས་སོ། ད་དུང་ཡོད། སྐབས་དེ་དུས་ཀྲུང་གོས་དབྱིན་ཇི་གཞུང་ལ་ས་ཆ་དེར་དམག་རྒྱགས་ཆོག་གི་མ་རེད། ས་ཆ་དེ་ཀྲུང་གོའི་མངས་ཁུངས་རེད་ཙམ་ཡང་ཟེར་མྱོང་མི་འདུག་ཀ ད་དུང་ཡོད། ཀྲུང་གོས་བོད་ན་ཟ་རྒྱུ་ཞིག་ཡོད་དུས་བོད་དེ་ཀྲུང་གོའི་མངའ་ཁུངས་རེད་ཟེར་ཤེས་པ་ལས། བོད་ལ་ཆགས་འཇིག་བྱུང་སྐབས་བོད་དེ་ཀྲུང་གོའི་མངའ་ཁུངས་རེད་ཟེར་མི་ཤེས་པའི་རྒྱུ་མཚན་ཅི། ཀྲུང་གོའི་གཞུང་གི་མི་ཁ་ཤས་གནས་ཚུལ་འདི་དྲིས་མི་ཡོང་ངམ་བསམ་ནས་ངོ་ཚ་བཞིན་ཡོད། དེའི་རྐྱེན་གྱིས་བོད་དབྱིན་དམག་འཁྲུག་གི་གློག་བརྙན་བཟོས་ནས་བྱིས་པ་བསམ་མེད་ཚོ་མགོ་སྐོར་གཏོང་གི་ཡོད་ལ། ཡ་ཧན་ཀྲང་ལ་ཏ་ལའི་བླ་མའི་རྣམ་ཐར་འབྲི་བཅུག་ནས་ཡི་གེ་ཤེས་མཁན་གྱི་ཀླད་མེད་ཚོ་མགོ་སྐོར་གཏོང་བཞིན་ཡོད།
རང་བཙན་མུ་མཐུད་རྩོད་དགོས། རང་བཙན་རག་ན་འདྲ། མ་རེག་ན་འདྲ་རང་གི་ཐོབ་ཐང་རང་གིས་རྩོད་དགོས། ཀྲུང་གོས་སྐྱག་རྫུན་ཚང་མ་ང་ཚོས་ཁས་ལེན་དགོས་པ་གང་ཡང་ཡོད་པ་མ་རེད། ཆེ་ས་མཐོ་ས་ནས་ཡར་མ་བསྟུན་དགོས་པའི་གསུང་བཤད་དང་། ང་ཚོའི་ཐོབ་ཐང་འདྲ་གི་མ་རེད། ང་ཚོ་ལ་ང་ཚོའི་ཐོབ་ཐང་དུས་ནམ་ཡང་དགོས།
ལས་ཀ་འགྲོ་རན་སོང་། མུ་མཐུད་ནས་རྩོད་ཀྱི་ཡིན། དྲ་གྲོགས་ཚོ། ང་ཚོས་མུནམཐུད་ནས་རང་གི་ཐོབ་ཐང་རྩོད་ཡ།
ཁྱི་ཕྲུག་ལགས། ངོ་མ་ཤེས་མ་སོང་། ཐུགས་རྗེ་ཆེ། ངའི་ཕལ་ཆེར་དེ་མིན་གྲོ་བསམ་བྱུང་།
དེ་འདྲ་ཡིན་ན་ང་ཚོའི་བོད་རང་བཙན་སྒྲུབ་བྱེད་མང་པོ་ཞིག་འཚོལ་དགོས། བཙལ་རྒྱུ་མང་པོ་འདུག
ཇོ་ཁང་མདུན་གྱི་རྡོ་རིང་དེ་བོད་ངར་བཙན་སྒྲུབ་བྱེད་དང་པོ་རེད།
༄༅། །བོད་རང་དབང་སློབ་ཕྲུག་ཚོགས་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ། རྒྱབ་སྐྱོར་རྒྱ་ཆ་བརྒྱ་ཐམ་པ་ཡོད། ལས་འགུལ་རླབས་ཆེན་ཞིག་སྤེལ་འདུག ང་ཚོའི་ཚོགས་སྡེ་གཞན་རྣམས་དང་། བོད་མི་རེ་རེའི་ངོས་ནས་ལས་འགུལ་འདི་འདྲ་བ་མང་པོ་སྤེལ་ཐུབ་ན། དགེ་མཚན་ཆེན་པོ་ཡོད་པ་དངོས་བདེན་རེད།
རེད་གཞོན་ནུ་ཟླ་མེད་ལགས། སྤྱིར་རང་བཙན་འཐབ་རྩོད་ཟེར་བ་འདི་སྡོན་གྱི་ལོ་རྒྱུས་ལྟོས་པ་མ་ཡིན་པར་
གཙོ་བོ་མི་རིགས་དེའི་མངོན་འདོད་ལ་ལྟོས་པ་རེད་མོད། ལོ་རྒྱུས་ཀྱི་དབང་དུ་བཏང་ཡང་རྒྱལ་ཁབ་གཞན་གྱི་
ཤུགས་རྐྱེན་བྱུང་ཡོད་མེད་ལ་མ་ལྟོས་པར་བོད་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་གསལ་བོ་རེད། གང་ལགས་ཤེ་ན། གཞི་རྩའི་ཆ་ནས་སྐུ་དྲག་ཁ་ཤས་ཀྱི་བྱེད་སྟངས་ལ་ནོར་འཁྲུལ་འགའ་རེ་བྱུང་ཡོད་སྲིད་ཀྱང་།
བོད་མི་མང་གིས་བོད་ནི་རྒྱ་ཁོངས་ཤིག་ཡིན་པ་གཏན་ནས་མི་འདོད་། བོད་ཀྱི་མཁས་པ་ཚོས་ལོ་རྒྱུས་བྲིས་པ་
མཐའ་དག་རྒྱ་གར་དང་བོད། སོག་་པོ་དང་རྒྱ་ནག་བཅས་ཀྱི་ལོ་རྒྱུས་སོ་སོར་ཕྱེ་ནས་བྲིས་པ་དེས་ཀྱང་། བོད་མི་
ཚོས་རང་རྒྱ་ནག་གི་མངའ་ཁོངས་ཤིག་ཡིན་པར་ངོས་འཛིན་བྱས་མེད་པ་གསལ་བོ་ཡིན། བོད་མི་ཚོས་རྒྱ་ནག་
གི་གོང་མ་ཟེར་བ་ལས་དེ་བོད་ཀྱི་གོང་མ་ཞིག་ཡིན་པར་ངོས་འཛིན་གཏན་ནས་བྱས་མེད།