སྐྱོ་བྲག་དགའ་དབང་།
གྲོགས་པོ་ལགས། ལུས་ཟུངས་ཟད་པའི་རྒས་འཁོགས་དག་ལ་ཟས་གོས་གནས་མལ་གྱིས་ཕན་འདོགས་པ་ནི། སེམས་གཏིང་ནས་དགའ་འོས་པའི་ལེགས་བྱས་ཡིན་ཅིང་། ད་དུང་ང་ཚོས་སེམས་ཁུར་མི་བྱེད་པའི་དཀའ་ངལ་འགའ་ལའང་དོ་སྣང་བྱ་དགོས་པ་སྟེ།
༡ ཁོ་ཚོའི་ངོས་ཀྱི་སེམས་སྐྱོ་ཤོས་ཤིག་ནི། ཕྲུག་གུ་སྐྱེ་འཚར་དང་གཞོན་པོ་ཧ་ལམ་མཐོང་ཐོས་མེད་པར། རྟག་པར་ན་ན་ཤི་ཤི་དང་ཧ་ཅང་རྒས་ཤིང་འཁོགས་པའི་གཟུགས་བྱད་རྐྱང་མཐོང་ཐོས་བྱུང་ནས་བཙོན་ར་ལྟ་བུའི་ཚོར་སྣང་འབྱུང་གི་ཡོད་ཕྱིར་གཞོན་པོ་འགྲོ་བསྐྱོད་ཡོད་པ་ཞིག་བྱ་ཐུབ་དགོས་པ་ཡིན།
༢ གཟུགས་པོའི་འཁོས་ཀ་ཆེས་ཞན་ནའང་གཞོན་པོའི་གོམས་གཤིས་གཏན་ཡལ་དུ་མ་སོང་བས་མི་འདུ་རྟ་ཚོགས་ལྟ་བུར་ཧ་ཅང་འགྲོ་སྙིང་འདོད་ཀྱི་ཡོད་ཕྱིར་འགྲོ་བསྐྱོད་ལ་བཀག་འགོག་བྱ་རྒྱུ་མེད།
༣ སྐྱོ་བོའི་གནས་བབས་སུ་བསླེབས་ན་གདུང་བས་མི་མནར་བ་སུ་ཡང་མེད་ཕྱིར་རྟག་པར་སེམས་ཤུགས་འཕར་བའི་སྐད་ཆ་བཤད་དགོས།
༤ འགྱེལ་བའི་ཐོག་ཏུ་རྡོག་རྫིས་ཞེས་པ་བཞིན་ཉམ་ཐག་ཏུ་གྱུར་པ་ལ་བརྙས་བཅོས་ཀྱི་བྱ་སྤྱོད་ཤོར་ན་སྙིང་ལ་གྲི་བཙུགས་པ་ལྟ་བུ་ཡོང་གི་ཡོད་ཕྱིར་ཆེ་མཐོང་ཡོད་པ་ཞིག་སྟོན་ཐུབ་དགོས་པ་ཡིན།
༥ འདི་ཕྱིའི་འཇིགས་སྐྱོབ་དང་སེམས་གསོ་ཟབ་ཤོས་ནི་ནང་ཆོས་ཡིན་ཕྱིར་རྒྱུན་གཏན་སྒོམ་རིམ་སོགས་སེམས་ཁྲིད་འདྲ་མིན་གོ་བདེར་བཤད་དེ་ཁ་འདོན་དགེ་སྦྱོར་ལ་ནུས་ཚོད་འབད་བཅུག་དགོས།
གྲོགས་པོ་འདི་དག་ནི། རིགས་པས་དཔྱད་པའི་བཤད་ཡམ་ཙམ་མིན་པར། རྒས་འཁོགས་ཚོ་ལ་ནང་མོལ་གྱིས་ཤེས་པའི་གནས་ཚུལ་ཡིན་ཅིང་། ང་ནི་ལས་དབང་ཞིག་གིས་ལས་འཆར་འཇོག་པ་ཙམ་ལས་ལག་བསྟར་བྱ་བའི་ཉམས་མྱོང་མེད་མཁན་ཞིག་ཡིན་པའང་ཤེས་དགོས་སོ། །
ནང་ཆོས་དངོས་སུ་ལག་ལེན་འདེབས་མཁན་ཞིག་ལ་མེད་དུ་མི་རུང་བ་ནི་བློ་ལྡོག་རྣམ་བཞི་ཡིན། དེ་སྒོམ་པ་ན་སེམས་པ་ལ་སྐྱོ་སྣང་སྐྱེ་བ་ཆོས་ཉིད་དུ་གྲུབ་ཡོད། དཔེར་ན་དགེ་བཤེས་གླང་ཐང་པའི་རྣམ་ཐར་གྱིས་ཤེས་ནུས། རྒས་གོག་དག་ལ་སེམས་པ་སྤྲོ་སྣང་གཏེར་དགོས་ན་བློ་ལྡོག་རྣམ་བཞི་ཉམས་སུ་ལེན་དགོས་ཚུལ་བཤད་ན་འགྱེལ་བའི་ཐོག་ཏུ་རྡོག་རྫིས་བྱས་པ་ལྟ་བུར་མི་འགྲོ་འམ། ཡང་ན་བློ་ལྡོག་རྣམ་བཞི་དང་མ་འབྲེལ་བའི་ཉམས་སུ་ལེན་སྟངས་འདྲ་ཡོད་དམ།
དཔལ་ལྡན་ནང་སྲིད་ལས་ཁུངས་ཀྱི་བཀའ་དྲུང་མཆོག་གི་ཞབས་པད་མངོན་མཐོའི་དྲུང་དུདེ།
ཆེད་ཞུ།
ལོ་མང་རིང་ལྷ་རྒྱལ་རི་རྒས་གསོ་ཁང་གི་རྒས་ཁོག་རྣམས་ལ་ཁ་ལག་གྲོད་ཁོག་མ་རྒྱག་པ་དཀའ་ངལ་ཤིན་ཏུ་ཆེན་པོ་ཕྲོད་འདུག སྐུ་ངོ་དང་མ་བྱན་རྣམ་རྒྱལ་ཚེ་རིང་གཉིས་ཁ་མཐུན་བྱས་ནས་རྒས་ཁོག་གི་ཁ་ལག་འགྲོ་འགྲོན་ཤ་དང་མར་ལ་སོགས་པ་ལྐོག་ཟ་རུལ་སུངས་བྱས་དང་བྱས་བཞིན་པ་རེད་འདུག གལ་སྲིད་ངས་བྲིས་པའི་ཡིག་གེ་ལ་ཡིད་ཆེས་མེད་ན་རྒས་ཁོག་རེ་རེ་བཞིན་དུ་སྐད་ཆ་འབྲི་ན་གསལ་པོ་ཆགས་ཀྱི་ཡིན་པ་ཐེར་ཚེམས་སྤུ་ཙམ་ཡང་མེད།
སྐུ་ཆོས་སྐུ་ངོ་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་དང་། དྲུང་ཆེ་བསོད་ནམས་སྟོབས་རྒྱལ་གཉིས་ལ་ཐེ་བང་སྙིང་ཁ་སྦྱར་ནས་ཞིབ་འཇུག་ཐལ་ཕྱིན་པ་གཅིག་གནང་སྐྱོང་ཡོང་མཁྱེན་མཁྱེན།
ཁོང་རྣམ་པར་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་གསུང་ལས། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགའ་བྱ་ཅི་དགོས། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱ་ཅི་ཕན། །ཞེས་སོགས་ཀྱི་བློ་སྦྱོང་གི་སྐོར་འདྲ་མིན་ཡང་ཡང་གོམས་ཐབས་སུ་འབད་ཆེད་ཆོས་ཀྱི་གནས་ཚུལ་ཤེས་པའི་རབ་བྱུང་རྣམས་ཀྱིས་ནང་ཆོས་ངོ་སྤྲོད་སོགས་དུས་ནས་དུས་སུ་བྱེད་དགོས་པ་དེ་འོས་འགན་བླ་ན་མེད་པ་ཞིག་ཏུ་སེམས། སེམས་སྐྱོ་ཤོས་ཅིག་ནི་དྲིན་ཅན་ཕ་མ་རྒས་ཁོག་དེ་དག་གཉེན་ཉེར་བུ་ཕྲུག་རྣམས་ཀྱིས་དྲིན་ཅན་དུ་མི་ཚོར་བ་མ་ཟད་གད་སྙིག་གི་འདུ་ཤེས་ཀྱིས་བདག་གཅེས་མི་བྱེད་པ་དེ་རེད།
བྱིས་པ། བུད་མེད་གྲོགས་མེད། ནད་གཅོང་། རྒས་འཁོགས་གསུམ་ལ་ནང་སྲིད་ཀྱི་འགྲོ་སོང་མཐུན་སྦྱོར་ལ་དུས་ནམ་ཡང་འཐེུ་ཤོར་མི་རུང་ངོ་། ལག་གཉིས་ཐལ་མོ་སྦྱར་ནས་གསོལ་ལོ། །
ད་དུང་རྒས་གསོ་ཁང་ལ་བཀའ་ཁྲི་ལ་སོགས་པ་ཆིབས་སྒྱུར་བསྐྱང་དགོས།
ད་ལྟས་ངན་རང་རེད་སྙིང་རྗེ་ཨང་རྒན་གོན་ཚོ་ལྟོ་ཁ་གང་དེ་ཡང་ཁྱི་སྤྱང་དེ་ཚོས་ལྐོག་ཟ་རུལ་སྲུང་བྱེད་ཀ྄ི་ཡོད་པ་འདྲ་དེ་འདྲ་ཐབས་སྐྱོ་བ་ལ་ཨང་ཁྱི་སྤྱང་དེ་རིགས་སྐུ་ངོ་མ་གཏོགས་སྐུ་ཆེན་ཡིན་ཡང་གྲལ་འབུད་གཏོང་དགོས་གཅིག་བྱས་ན་ཁོང་ཚོའི་ནང་མི་ཚོ་བརྒྱག་པ་ཆག་ཡོད་འགྲོ་
ཧེ་ཧེ་ལྐོག་ཟ་བྱེད་མཁན་ལས་ཧམ་ཟ་བྱེད་མཁན་དེ་དག་ཞེད་སྣང་ཆེ་བ། དཀོན་མཆོག་མཁྱེན་བལྟོས་དང་ཡོངས་གླིང་སློབ་གྲྭ་གྱུར་མེད་གཏོང་མཁན་ཟླ་ཚེའི་ཧམ་གཏམ་དང་ཧམ་ཤེད་འདི་ལ་མི་འཇིགས་སམ་གཏན་གཏན་ཁོ་ལ་རྒྱབ་རྩ་ཆེན་པོ་ཞིག་ཡོད་ངེས་རེད། ད་དེ་ཚོ་མ་བཤད་ན་ཡག་གི་རེད་མ་གཏོགས་ཉམས་ཆུང་ང་ཚོ་ཁྲེལ་མེད་འབྱོར་ལྡན་ཁོང་ཚོས་རྒྱ་གར་གཞུང་གི་ཁྲིམས་ཁང་དུ་བཙན་ཁྲིད་བྱེད་ངེས་རེད།
སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞི་ནི་འགོག་མི་ཐུབ་པའི་ཆུ་བོ་ཞིག་རེད་ལ། ཀུན་ལ་ཡོད་པའི་ཆུ་བོ་ཞིག་ཀྱང་དེ་བས་རེད། དེས་ན་བློ་ལྡོག་རྣམ་བཞིས་ཀྱང་འགེབ་སྲུང་བྱ་ཐུབ་རྒྱུ་མ་རེད་ལ། ཚད་དེ་ལས་མཐོ་བའི་ནང་ཆོས་ཞིག་གིས་ཀྱང་སེལ་ཐུབ་རྒྱུ་རེ་བ་ཙམ་རེད། འོན་ཀྱང་ཁ་ཡོད་ལག་ཡོད་ལ་ཕན་ཐོག་ཆེ་ཤོས་ནི་གཟུགས་པོའི་འཕྲོད་བསྟེན་དང་། འཚོ་བའི་མཐུན་རྐྱེན་གྱི་ཚད་གོང་མཐོར་གཏོང་རྒྱུ་དེ་རེད། དེས་འཕྲལ་སེལ་དུ་ལུས་པོར་དཀའ་ཁག་མི་ཡོང་བ་དང་། སེམས་པར་ཅུང་ཟད་ཕན་ནུས་སྦྱིན་སྲིད།
དཔལ་ལྡན་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་མཆོག་ལ་བསྐྱར་དུ་འབོད་སྐུལ་མི་ཞུ་ཐབས་མེད་བྱུང་། ལྷ་རྒྱལ་རི་རྒས་གསོ་ཁང་གི་རྒས་ཁོག་ཚོར་ལ་སྙིང་རྗེས་ཀྱི་འདུག མ་བྱན་རྣམ་རྒྱལ་ཚེ་རིང་ཟེར་བ་དེ་སྐྱེས་ཡུལ་ཁམས་ཚ་བ་རོང་པ་ཡིན་པ་དང་ཁོ་པའི་སྐྱེ་དམན་ལས་མེད་ཚོགས་པ་ནང་ལ་ལས་ཀ་བྱེད་ཀྱི་ཡོད་པ་རེད་འདུག རྒས་ཁོག་གི་ཁ་ལག་འགྲོ་འགྲོན་ཤ་དང་མར་ད་དུང་གྲོ་ཆགས་ལ་སོགས་པ་ལྐོག་ཟ་རུལ་སུངས་བྱས་ནས་ད་དུང་ཁོ་པ་ངོ་ཚ་ཁྲེལ་བྱས་ནས་སྡོད་འདུག རྒས་གསོ་ཁང་གི་སྐུ་ངོ་དང་ཁོ་པ་གཉིས་པོ་ཁ་མཐུན་ཡིན་སར་རེད་འདུག གང་ཡིན་ཞུ་ན། དེ་སྔོན་ཁོ་པའི་ལྐོག་ཟ་ཐེངས་གསུམ་བྱས་ཀྱི་ཡོད་པ་ཧ་གོ་ན་མ་གོ་འདོག་འདོག་བྱས་ནས་སྡོད་འདུག མཆན་བུ་འདི་ལ་གལ་སྲིད་ཡིད་ཆེས་མེད་ན་དཔལ་ལྡན་ལྷ་མོ་དང་གནས་ཆུང་ཆོས་སྐྱོང་གཉིས་ལ་ཚད་བཙུགས་བྱས་ནས་འགྲིག་པ་མ་ཚད་གོང་༧ས་མཆོག་ལ་ཚད་བཙུགས་ན་འགྲིག་གི་རེད། རྒས་གསོ་ཁང་གི་ལས་བྱེད་དང་རྒས་ཁོག་མི་རེ་ངོ་རེ་སྐད་ཆ་ཡག་པོ་ཞིག་བྲིས་ན་གསལ་པོ་གསལ་ཀྱང་ཆགས་པར་ཐེར་ཚེམས་མེད།
བོད་པའི་ལས་བྱེད་ཡིན་ན། ལྐོག་ཟ་རུལ་སུངས་མ་བྱས་པས་ཁྱབ་བམ། ཧ་ཧ་གཟབ་དགོས་པ་མི་འདུག་གམ། །
དྲ་གྲོགས་ཚོས་རྒས་གོག་ལ་རྒྱབ་སྐྱོར་གནང་འདོད་ཡོད་ན་མདུན་ལ་དངོས་སུ་ཐོན་ནས་བཤད་དགོས་ས་ལ་བཤད། གཏུག་དགོས་ས་ལ་གཏུག སྟོན་དགོས་ས་ལ་བསྟན། རྩོད་དགོས་ས་ལ་བརྩད། ཐེར་འདོན་དགོས་པ་རྣམས་ཐེར་འདོན་བྱེད་དགོས་པ་རེད། དཔེར་ན་མདོ་སྨད་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་སྤྱི་འཐུས་ཡིན་སྐབས་ཁོང་གིས་ང་ཚོའི་མོན་གྷོ་ཀྲིའི་རྒས་གསོ་ཁང་གི་རྒས་གོག་རྣམས་ལ་རྒྱབ་སྐྱོར་བྱས་པ་འདྲ་བ་ཞིག་བྱེད་དགོས་པ་རེད། ཁོང་ཉིན་རྟག་པར་རྒས་གསོ་ཁང་དུ་ཕྱིན་ནས་རྒས་གོག་ཚོའི་གནས་སྟངས་ལ་ཞིབ་འཇུག་བྱས། དེའི་གནས་ཚུལ་རྣམས་རྒས་གསོའི་དབུ་འཛིན་ལ་བཤད། ད་དུང་གནས་སྟངས་ལ་འགྱུར་བ་མ་ཕྱིན་སྐབས་ས་གནས་མགོ་འཛིན་དཔལ་ལྡན་དོན་གྲུབ་ལ་བཤད། མཐའ་མ་གཞིས་མགོ་དཔལ་ལྡན་དོན་གྲུབ་དང་རྒས་གསོའི་དབུ་འཛིན་རྒས་གསོའི་གཉེར་པ། རྒས་གསོའི་མ་བྱན་ཚུན་ཆད་ཁ་མཐུན་ཆགས་བསྡད་པ་ཤེས་སྐབས་ཁོང་གིས་རྒས་གསོ་ཁང་གི་འགྲོ་སོང་ལས་བསྡོམས་ཡིག་ཆ་ཚུན་ཆད་ཞིབ་བཤེར་བྱས་ཏེ། གཞིས་འགོས་ཁ་གྲགས་མི་ཐུབ་པ་ཞིག་བཟོས་པ་རེད། འོན་ཀྱང་གཞིས་འགོ་དཔལ་ལྡན་དོན་གྲུབ་ཀྱིས་ཀྱང་རང་ཉིད་ནག་པོ་ཆགས་པ་ཤེས་སྐབས་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱིས་ཁུངས་མེད་སྐྱག་རྫུན་ཤོད་བཞིན་འདུག་ཅེས་མོན་གྷོ་གྲོང་སྡེ་ཁག་དང་གྲྭ་ཚང་ཁག་གི་མིང་ཐོག་ནས་སྙན་ཞུ་ཞིག་བྲིས་པར་གྲོང་སྡེ་ཁག་དང་། གྲྭ་ཚང་ཁག་བཅས་ལ་དམ་ཕྲུག་ས་ཡིག་རྒྱག་བཅུག་ནས་བཀའ་ཤག་སྤྱི་འཐུས་གཉིས་ལ་བསྐུར་བ་དང་། མཐའ་མཇུག་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་བྱས་ཏེ། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་ལ་རྒྱལ་ཁ་ཐོབ་ཅིང་། སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཆེད་དུ་མོན་གྷོ་ས་གནས་ལ་ཕེབས་ནས་མང་ཚོགས་ལ་གསལ་བཤད་དང་། སྤྱི་འཐུས་མཆོག་ལ་རྒྱབ་སྐྱོར་བྱེད་དགོས་པ་ཞིག་ཆགས་པ་རེད། ལས་ཀ་བྱེད་ན་དེ་ལྟར་བྱེད་དགོས་པ་རེད། གཞན་དྲ་འབུ་རེའི་མིང་རྫུན་འོག་ནས་ཅིག་ཅིག་མུག་མུག་ཅེས་སྡུག་གཏམ་བཤད་བསྡད་པས་ཕན་ཐོགས་གང་ཡང་ཡོད་པ་རེད། དེ་ལ་སུས་ཀྱང་ཉན་གྱི་མ་རེད་ལོ།
དྲ་གྲོགས་ཚོས་སྤྱི་ཚོགས་ལ་ཤ་ཞེན་ཡོད་ན་དངོས་སུ་མདུན་ལ་ཐོན་ཤོག གཞན་རང་གི་ཉལ་ས་དྲོན་པོའི་ནང་ན་མིང་རྫུན་རེའི་ཡོལ་བའི་འོག་ན་བདེན་གཏམ་རི་འདྲ་བ་རེ་བཤད་ཀྱང་ཀུན་གྱིས་དྲ་འབུ་ཞིག་གི་དཀྲུགས་ཤིང་བསླངས་པ་ཙམ་ལས་མི་རྩི་ངེས་ཅན་རེད།