རྒྱ་མོ་མཛེས་མ་འདིས་རྒྱལ་བ་རིན་པོ་ཆེར་འདི་འདྲ་བཤད་སོང་།
ང་ཁ་སང་གྲོགས་པོ་ཞིག་གི་སྐྱེ་སྐར་གྱི་གསོལ་ཚིགས་ལ་ཕྱིན་པ་ཡིན། དེ་གར་མགྲོན་པོ་མང་ཆེ་བ་རྒྱ་ནག་ནས་སློབ་གྲྭ་འགྲིམས་མཁན་དང་། དེ་མིན་ཨ་རིའི་ནང་ལ་ལས་ཀ་བྱེད་མཁན་གྱི་རྒྱ་རིགས་བདུན་ལྷག་འདུག དེའི་ནང་དེ་སྔོན་མཐོང་མྱོང་བའི་རྒྱ་མོ་མཛེས་མ་ཞིག་ཀྱང་འདུག ཁོ་མོས་རྒྱའི་སྲོལ་རྒྱུན་གྱི་ཕྱུ་པ་ལྟ་བུའི་རས་གོས་དམར་པོ་ཞིག་མགྱོན་པ་དང་། འོག་ལ་་ནང་འཇམ་སོགས་མེད་སྟབས། བརླ་ཤ་དཀར་ལ་འཇམ་པ་དེར་་ཚང་མས་ཡང་སེ་ལྟ་བར་ཤོར་སོང་།
ང་ཚོ་ཁ་ལག་ཟ་ཞོར་ལ་ཤིན་ཅང་གི་དོན་རྐྱེན་འདི་གླེང་བར་ཐལ། པེ་ཅིང་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ཡིན་ཟེར་མཁན་རྒྱ་མི་ཞིག་གིས། “ད་རེས་དོན་རྐྱེན་དེ་དང་སྔོན་མ་བོད་ཀྱི་དོན་རྐྱེན་གཉིས་ངོ་བོ་གཅིག་པ་རེད། མི་རིགས་ཀྱི་གནད་དོན་རེད། བོད་ལ་ཚོན་ན་ཏ་ལའི་བླ་མས་ཕྱི་ནས་བོད་པ་རྣམས་ལ་ངན་སྐུལ་བྱས་ཡོད་ཟེར།” གློག་ཀླད་ཀྱི་འཕྲུལ་ཆས་བཟོ་མཁན་རྒྱ་ཞིག་གིས། “བོད་པ་འདི་ཚོར་རོགས་པ་འདི་ཙམ་བྱས། ཡར་རྒྱས་འདི་ཙམ་བཏང་། ད་དུང་ཏ་ལའི་བླ་མས་ལས་སླ་པོར་མགོ་འཁོར་གཏོང་ཐུབ་པ་འདི་ཡ་མཚན་ཟེར།
སྐབས་དེ་དུས་རྒྱ་མོ་མཛེས་མ་འདིས། “ཁྱེད་ཚོ་གང་བཤད་ཀྱི་ཡོད། ཏ་ལའི་བླ་མའི་སྐོར་ལ། ངས་སྐམ་ས་ཆེན་པོར་ཀློག་མ་ཐུབ་པ་དང་འགྲེམས་སྤེལ་བྱེད་མ་ཆོག་པའི་དེབ་མང་པོ་ཞིག་ཀློག་པ་ཡིན། ང་ད་དུང་རྒྱ་ནག་ལ་སྡོད་མཁན་གྱི་བོད་པ་ཁ་ཤས་དང་འབྲེལ་བ་ཡོད། ད་དུང་ཁོང་གི་སྐོར་ལ་གློག་བརྙན་ཡང་མི་ཉུང་བ་ཞིག་བལྟས་པ་ཡིན།”ཟེར་ནས་ཆང་ཁ་གང་འཐུངས་རྗེས།
“ངས་ཁྱོད་ཚོར་དྲང་པོ་བཤད་ཆོག ཏ་ལའི་བླ་མ་ཟེར་མཁན་ཁོང་བོད་པ་རྣམས་ལ་ཨ་མ་ལས་བཀའ་འདྲིན་ཆེ་བ་ཡོད། ལྟོས་དང་། ཁོང་གིས་རྒྱ་གར་དང་ཕྱི་རྒྱལ་ལ་ཡོད་པའི་བོད་པ་ཚོར་ག་ཚོད་འགན་ཁུར་གྱི་མིན་འདུག་གམ། བོད་ལ་འགན་ག་ཚོད་འཁུར་གྱི་མིན་འདུག་གམ། བོད་པ་ཚོས་སྲོག་བློས་བཏང་ནས་བོད་ནས་རྒྱ་གར་ལ་ཕྲུ་གུ་རྣམས་ཏཱ་ལའི་བླ་མའི་དྲུང་ལ་སྐྱེལ། ཁོང་གིས་སློབ་སྦྱོང་སྤྲོད་ཀྱི་ཡོད། ལས་ཀ་སྤྲོད་ཀྱི་ཡོད། ཕྱི་རྒྱལ་ལ་བོད་པ་ག་ཚོད་བཏང་མིན་འདུག་གམ། རང་ལ་དངུལ་ཕྲན་བུ་ཡོད་པ་རྣམས་ཚང་མར་བགོ་ཤ་རྒྱག་གི་ཡོད། བྱས་ཙང་བོད་པ་རྣམས་ཀྱིས་ཁོང་ལ་རང་བཞིན་གྱི་བརྩེ་བ་ཞིག་ཡོང་གི་འདུག”
“ལྟོས་དང་། ངེད་ཚོའི་གུང་ཁྲན་ཏང་གི་དཔོན་པོ་དང་དེ་ཚོའི་ཕྲུ་གུ་ཚོས། མི་དམངས་ཀྱི་རྒྱུ་ཚང་མ་ཁོང་ཚོའི་ཁང་ཆུང་དེའི་ནང་དབོར་་རྒྱུ་ལས། སྤྱི་པར་ཕན་པའི་འགོ་ཁྲིད་སུ་འདུག མའོ་ཀྲུ་ཞི་གྲོངས་ནས་ལོ་ག་ཚོད་ཕྱིན་སོང་། ཁོང་གི་རྗེས་ལ་མང་ཚོགས་ཀྱི་དགའ་པོ་བྱེད་མཁན་འགོ་ཁྲིད་ག་ཚོད་བྱུང་སོང་། ཐེ་ཝན་དམངས་གཙོ་རེད། དམར་ཤོག་གི་ཁ་གཏད་རེད། ཐེ་ཝན་གྱི་མི་དམངས་ཚང་མས་དགའ་བཞེན་བྱེད་པའི་འགོ་ཁྲིད་སུ་བྱུང་སོང་། བོད་པ་ཚོར་མ་མཐར་ཡང་རང་གི་ཡིད་ཆེས་དང་། བློ་གཏད་བཅོལ་ཡུལ་གྱི་འགོ་ཁྲིད་གཅིག་ཡོད་པ་འདི་ཁོ་ཚོའི་བསོད་ནམས་རེད། ང་ཚོ་ཐབས་སྡུག་པ་ཆགས་ཡོད། གུང་ཁྲན་ཏང་གི་འགོ་ཁྲིད་དང་དེ་ཚོའི་ཕྲུ་གུ་ཚོས་མང་ཚོགས་ཀྱི་རྒྱུ་བ༷ཟས། མང་ཚོགས་ལ་ཐུབ་ཚོད་བཤད། འདིར་ངེད་ཚོ་སློབ་གསོ་ཐོབ་པ་རྣམས་ཀྱིས་ཁ་བརྡུང་བཏང་མ་ཐུབ་པ་འདི་ལ་ང་ཚོ་ཡ་མཚན་བྱེད་དགོས།྄”ཟེར
སྐབས་དེ་དུས་མི་ཚང་མ་རྒྱ་མོའི་ཁ་ཤུགས་འོག་ལ་ཁུ་སིམ་མེར་ཉན་ནས་སྡོད་དུས། སྐྱེ་སྐར་གཏོང་མཁན་གྱི་གྲོགས་པོ་དེས་ཡར་ལངས་ནས། “ཚང་མ་ངའི་སྐྱེ་སྐར་ལ་ཕེབས་པར་ཐུགས་རྗེ་ཆེ། ད་ཏཱ་ལའི་བླ་མ་དང་བོད་པའི་སྐོར་ལ་གྲོས་མཚམས་བཞག་རོགས། དི་རིང་ང་ཚོ་ཐུགས་སེམས་སྤྲོ་པོས་གསོལ་ཚིགས་མཆོད་རོགས་གནང་ཟེར།྄
དེ་ནས་མི་ཚང་མ་ཆང་འདེགས་མགོ་ཚུགས། གང་མཚམས་ཤིག་ནས། གློག་ཀླད་མཁས་པའི་རྒྱ་དེས། རྒྱ་མོ་དེའི་ཁྲིད་ལ་ཡོང་ནས། “ཤའོ་ཝེན། ཐུགས་རྗེ་ཆེ། ཁྱེད་རང་ཁ་རི་ཁ་ཐུག་གི་གཤིས་ཀ་དེར་གུས་ཞབས་ཡོད། རྗེས་མ་ཏཱ་ལའི་བླ་མ་ཨ་རིར་ཕེབས་དུས། ངེས་པར་དུ་ཁོང་མཇལ་ཐུབ་པ་བྱེད་ཀྱི་ཡིན་ཟེར། མི་རླབས་ཆེན་ཟེར་བ་འདི་སུ་ཡིན་ནའི་ཁྱད་པར་མེད། གང་ལྟར་གུས་ཞབས་ཡོད་ཟེར།”
དེའི་དགོངས་མོ་ང་རང་ཆུ་ཚོད་བཞི་པ་ཙམ་བར་གཉིད་ཁུག་མི་ཐུབ། ང་བོད་པ་ཞིག་ཡིན་པའི་ངོས་ནས། རྒྱ་རིགས་ཚོར་སྤྱི་ཚོགས་ཚན་རིག་ཁང་གི་མི་དེའི་ལོག་གཏམ་ལ་འགྲེལ་བཤད་རྒྱབ་མ་ཐུབ་པ་དང་། འགྱོད་པ་ཆེ་ཤོས་ནི། ང་ལ་འགྲེལ་བཤད་རྒྱག་པར་བློ་སྟོབས་ཀྱིས་མི་ལྡང་བ་འདི་རེད། ང་དུས་ནམ་ཡང་རྒྱ་མིའི་འོག་ནས་ལངས་མི་ཐུབ་པ་འདི་ངའི་མི་ཚེ་འདིའི་སྐྱོ་ཤས་ཆེ་ཤོས་ལ་སྣང་།
ངོ་མ་དེ་འདྲའི་གནས་་ཚུལ་མང་དག་ཞིག་ཡོང་གི་ཡོད་འདུག རང་ཉིད་ནས་གཙོས་པའི་བོད་རིགས་མང་དག་ཞིག་གིས་ཕྱིར་ཐོན་ཐུབ་ཀྱང་ངོ་ཚ་དང་གདེངས་ཚོད་ཀྱིས་མི་འཁྱོག་པར་གཞན་ལ་གསལ་བཤད་བྱ་རྒྱུའི་གནས་ཚད་ཀྱིས་མི་ལྡེང་བར་བརྟེན་བོད་ཀྱི་གནད་དོན་མང་པོ་ཞིག་ལ་བོད་མི་རེ་རེས་གདོང་ལེན་བྱ་རྒྱུར་འཐུས་་ཤོར་འགྲོ་གི་ཡོད། འོན་ཏེ་ཁྱེད་རང་སློབ་གྲྭ་ ཆེན་མོ་ཞིག་ཏུ་འགྲོ་གི་ཡོད་ཚེ་ངེས་་པར་དུ་དེ་འདྲའི་གནས་ཚུལ་ཐུག་སྐབས་ལམ་སེང་གདོང་ལེན་བྱ་རྒྱུར་སྦྱོང་བརྡར་བྱ་དགོས་པ་ཧ་ཅང་གལ་ཆེན་པོ་འདུག བྱས་ཙང་ངེས་པར་དམ་དོན་གནང་དགོས། ད་ལྟ་གཉིད་མི་ཁུག་ཚེ་རྗེས་སུ་ལྟོ་ཟ་མི་འདོད་པ་ཆགས་ཀྱི་རེད། སྐབས་དེ་དུས་ཁྱེད་ནི་གཤིན་པོའི་བེམ་རོ་ཞིག་དང་་ཁྱད་ཅི་ལ་ཡོད།
བརྗོད་བྱ་ལ་འབྲེལ་མེད་ཀྱི་སྐད་ཆ་ཞིག་བཤད།
རྡ་ས་ན་སྒོར་གྱིས་བསླུས་པའི་བོད་བཙོང་འདུག དོགས་ཟོན་བྱོས།
ངས་དེ་རིང་འདི་ཉིད་བཀླགས་མ་ཐག ཁ་སང་དགོང་མོ་ཁ་ལག་ཟས་རྗེས་སུ་ངས་ཀྱང་༧གོང་ས་མཆོག་གི་མཛད་རྗེས་བསྐོར་ཉུང་ངུ་ཞིག་ངའི་གྲོགས་པོ་ཕྱི་གླིང་བ་དེ་བཤད་པ་གཅིག་མཚུངས་ཀྱི་དོན་དག་ཞིག་རྒྱ་མོ་འདིས་བོད་མི་དག་ལ་ཚུར་བཤད་འདུག་བསམ་ཞོར་མིག་ཆུ་ཡང་ཤོར་གྲབས་ཤིག་བྱས་སོང་།
ཁྱོད་རང་གིས་བོད་ཀྱི་དཀའ་ངལ་དང་། ༧གོང་ས་མཆོག་གི་མཛད་རྗེས་ཤིག་དྲང་པོའི་ནས་གསལ་བཤད་མ་ཐུབ་པ་བློ་ཕམ་དགོས་པ་ཞིག་རེད། རྗེས་མ་སེམས་ལ་ཞོག་ཨ། གྲོགས་པོ།
གོང་གི་རྒྱ་མོ་དེས་བཤད་པ་དོན་ལྡན་ཡིན་པར་ཁ་དོན་ཚིག་ལ་གནས་པར་ཤོག །བཀྲ་ཤིས་བདེ་ལེགས།།
ང་ཁྱོད་ཡིན་ན། ཚན་རིག་ཁང་གི་རྒྱ་ངན་དེའི་ཁ་དཀྱིལ་ལ་ཁུ་ཚུར་ཞིག་ཞུགས་ཀི་ཡ།
རྒྱ་མོ་མཛེས་མ་དེ་རིན་པོ་ཆེ་དཔེ་དེབ་མང་པོར་ལྟས་ཡོད་ས་རེད།