ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༤ ཉིན་གནས་ཚུལ་འབྱོར་གསལ་ལ། འདི་ཟླའི་ཚེས་ ༡༤ ཡས་མས་གཅིག་སྒྲིལ་རྫོང་ཁང་གསར་མ་ནས་ཡིན་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་སངས་རྒྱས། རང་ལོ་ ༣༠ ཙམ་ཡིན་པ་ཁོང་དང་། དེ་བཞིན་འདི་ཟླའི་ཚེས་ ༡༧ ཉིན་རྔ་པ་རྫོང་གཅའ་ཞང་ཕྱུགས་ལས་གོང་མའི་རྒྱ་མཚོ་ཚང་ནས་ཡིན་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་དཀོན་མཆོག རང་ལོ་ ༤༠ ཡིན་པ་ཁོང་གཉིས་རྔ་པ་རྫོང་ཉེན་རྟོག་པས་སྔ་ཕྱིར་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་ཀྱང་ཉིན་དེ་དག་གི་རིང་དུ་གར་ཡོད་ཅི་བྱུང་གི་གནས་ཚུལ་གཅིག་ཀྱང་འབྲེལ་ཡོད་ཚོས་ཤེས་རྟོགས་བྱུང་གི་མེད་ལ། དེ་མཚུངས་ཁོང་གཉིས་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ཡང་གསལ་པོ་ཤེས་རྟོགས་མ་ཐུབ།
བློ་བཟང་དཀོན་མཆོག་གི་ཕ་མིང་ལ་མཐར་རྟེན་དང་། མ་མིང་ལ་ཨ་མཚོ་ཡིན་ཞིང་། ཁོང་འཛིན་གྲྭ་དཀའ་རམས་དང་པོ་ཡིན་འདུག
བློ་བཟང་སངས་རྒྱས་ཀྱི་ཕ་མིང་ལ་རབ་བརྟན་དང་། མ་མིང་ལ་ཡུམ་ཁོ་ཡིན་ཞིང་། ཁོང་འཛིན་གྲྭ་ཕར་ཕྱིན་སྐབས་བཞི་པ་ཡིན་འདུག དེ་མིན་ཉིན་ཤས་སྔོན་རྔ་པ་ཀིརྟི་དགོན་པའི་གྲྭ་གསང་འདུས་དང་། གྲྭ་བློ་བཟང་བསྟན་འཛིན་གཉིས་འཛིན་བཟུང་གིས་ཉིན་བདུན་རིང་བཀག་ཉར་བྱས་ཏེ་འདྲི་རྩད་མང་པོ་བྱས་རྗེས་གློད་གྲོལ་བྱས་ཡོད།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༤ ལ།
འཇིག་རྟེན་གྱི་བྱ་བ་གང་ཞིག་སྒྲུབ་ཀྱང་བཟོད་སྒོམ་ལ་ཚད་ཡོད། ད་ནི་དངོས་གནས་བོད་ལ་ནུས་བ་ཡོད་ན་རང་ལུས་མེ་སྲེགས་གཅིག་བུ་མིན་པ་གསང་བའི་རྩ་འཛུགས་ཀྱི་སྒོ་ནས་རྒྱ་ནག་དམར་ཕྱོགས་ཚོགས་པར་དགྲ་ཤ་ལེན་རན་རེད། དྲ་ལི་བྷན་ལྟར་དགྲ་ཤ་ལེན་དགོས་ཀྱི་འདུག ད་ལྟ་ནི་མེ་མདའ་དང་འབར་རྫས་ཀྱི་དུས་རབས་ཡིན་པས་སྔོན་ཆད་དང་མི་འདྲ་བ་དགྲ་ལན་སློག་སླ་པོ་རེད། བཟོད་སྒོམ་ལ་ཚད་ཡོད་པ་རྒྱ་ནག་དམར་གཞུང་དང་བོད་མི་མང་ཚོགས་ཀྱིས་ངོས་ཟིན་ན་ལེགས། རང་ལུས་མེ་མཆོད་གཅིག་བུ་ལས་མི་ངན་གསད་ན་འཇིག་རྟེན་དུ་བཀྲ་ཤིས་བྱུང་བའི་སྔ་ལྟས་སུ་འདོད།
རིག་འབྱུང་ལགས།
འདི་དག་ཚང་མ་གྲ་སྒྲིག་བྱས་ཚར་ནས་ད་གཟོད་ལུང་སྒྲོག་བྱེད་ཡ་ཞིག་རེད་མ་གཏོགས་ཁོང་ཁྲོ་དང་ང་རྒྱལ་དབང་གིས་སྟོང་གཏམ་བཤད་པས་ཅི་མི་ཕན།
གོ་བ་མེད་པའི་གླང་རྒན་ལ། རྒྱལ་བོའི་བཀའ་ལས་དབྱུག་པས་བཙན་ཟེར་བ་དེ་བོད་པ་ཚང་གི་ངག་རྒྱུན་ནས་ཤི་མ་མྱོངས་མོ། ཡིན་ན་ཡང་་་་་་་་་་་་་་། བཤད་མི་ཤེས་ནིའི་གནས་སྟངས་འདི་མོ་ཟིག་རེད།
ཕལ་ཆེར་ཁབ་གཙགས་བྱེད་མ་ཐུབ་པས་མ་རེད་དེ་ཁབ་བཟོ་མ་ཤེས་བས་ཨེ་ཡིན་ལ་བསམ།
ཁབ་བཟོ་མ་ཤེས་ན་ཉོས་ན་འགྲིག་གི་རེད། བཙལ་་ན་འགྲིག་གི་རེད། བཟོ་ཨེ་ཤེས་མ་ལྟོས་བ་མི་ཤེས་ཟེར་བ་ནི་རྩ་མེད་འགྲོ་བའི་སྔ་ལྟས་རེད། ང་ཡིན་ན་རང་ཤི་མི་རྒྱག་ཁོ་ཐག་ཡིན་ལ། དེའི་ཚབ་ཏུ་གཞན་པ་གསོད་ངེས་ཡིན། མི་ངན་གཅིག་གསད་ན་དགེ་བ་ལས་སྡིག་པ་མེད་དེ། འཇིག་རྟེན་དུ་ཞི་བདེ་སྐྲུན་པས་སོ། མི་ངན་དེ་ཚོ་ནམ་ཡང་གསོད་ཨེ་ཐུབ་ལྟ་དགོས།
ཡིན་ཡང་མི་རིགས་དང་བདེན་པའི་ཆེད་དུ་རང་སྲོག་བཏང་རྣམས་ལ་གུས་འདུད་ཡོད། དེ་ནི་དངོས་གནས་རླབས་ཆེན་རེད། དེ་ནི་རིན་ཐང་ལྡན་པའི་ངོ་རྒོལ་གྱི་རྣམ་པ་མ་འདྲ་བ་ཞིག་རེད།
ཨོ། དེ་འདྲ་ཡིན་ན་ངས་ཅང་ཞུ་ཤེས་མ་སོང་གངས་རིའི་བུ་རིག་འབྱུང་ལགས།
རིན་འབྱུང་ལ་མོས་མཐུན་ཡོད། ད་སྔོན་རང་ཤི་༤༩ དེས་གྲངས་བཞིན་རྒྱ་ངན་སང་བསད་ཡོད་ན་དཔའ་བོ་རེད། དེ་མིན་ང་ཚོས་དཔའ་བོ་དཔའ་མོ་བརྗོད་ཀྱང་དོན་མེད་རེད། ངོ་མ་བཤད་ན་དང་པོ་ཐུབ་བསྟན་དངོས་གྲུབ་ནས་བཟུང་ད་བར་མེ་བསྲེག་གཏོང་མཁན་ཚང་མ་ལོ་རྒྱུས་དང་དྲང་བདེན་ཡོད་ཟེར་དགོས་ན་དཀའ་སེ་རེད།