བྱམས་པ་ལྷུན་གྲུབ།
མཚན་སྙན་གོ་ཐོབ་ཡོད་དོ་རྒྱབ་བསྐྱུར་ཞིང་།།
སྡུག་སྦྱོང་མནར་གཅོད་ཆེ་བར་མི་འཛེམ་པར།།
རང་གི་རིགས་རྣམས་གཏི་མུག་གཉིད་དཀྲོག་ཅིང་།།
གསར་གཏོད་ཐེམ་སྐས་འཛེགས་པའི་གོམ་སྟབས་ཕྱིར།།
རང་ས་སྐྱིད་པོར་རང་དབང་མི་སྡོད་པར།།
རྒྱལ་ཁམས་འདྲ་མིན་གོམ་པས་འཇལ་མཛད་དེ།།
བོད་ཡུལ་འཇིགས་པའི་འཕྲང་ལས་སྐྱོབ་མཛད་པའི།།
དོན་གྱི་མཁས་དབང་དགེ་འདུན་ཆོས་འཕེལ་ཁྱོད།།
དྲན་པའི་སྐྱོ་བས་སྙིང་ལ་གདུང་པའི་སྐབས།།
དབང་མེད་མིག་ཟུང་མཆིལ་མ་རེ་རེ་ནས།།
མུ་ཏིག་ཕྲེང་བ་ཆད་པའི་རྡོག་པོ་བཞིན།།
ག་ལེར་ས་ལ་ཐིགས་ཐིགས་ཟགས་པ་དང་།།
དྲོད་ལམ་ལམ་གྱི་སྙིང་གི་དྲོད་ཚད་ཀྱང་།།
དྲོན་མོ་མེད་པར་གྲང་གྲང་ཤུར་ཤུར་གྱུར།།
ཨེ་མ་ཁྱོད་ཀྱིས་རང་རེ་གདོང་དམར་གྱི།།
འབྱུང་འགྱུར་འོད་སྟོང་ལྡན་པའི་ཕུག་བསམ་ཆེད།།
རྔུལ་ཆུའི་ཁྲོད་ཀྱི་དཀའ་སྡུག་རེ་རེ་བཞིིན།།
བདག་གིས་མཐོང་དང་མྱོང་ན་སྨྲོས་ཅི་སྟེ།།
ཐོས་པ་ལས་ཀྱང་ངོ་མཚར་རྨད་བྱུང་བས།།
ཁྱོད་ཀྱི་དགོངས་དོན་ཡོད་དོ་མ་གྲུབ་པར།།
ཕྲག་དོག་ཅན་གྱི་རྒྱལ་ཚོང་འགས་རྐྱེན་པས།།
འདི་ནས་མྱུར་མགྱོགས་ཕྱིར་འཕོས་གྱུར་པ་ནི།།
གདོང་དམར་བོད་ཀྱི་བྱུང་རབས་ལོ་རྒྱུས་ཀྱི།།
བརྗོད་དུ་མེད་པའི་གྱོང་གུད་ཅིའི་ཕྱིར་མིན།།
ཨེ་ན་ཁྱོད་ནི་འདི་ནས་སོང་ཟིན་ཀྱང་།།
ཁྱོད་ཀྱི་བཞག་པའི་བསུབ་མེད་ཞབས་རྗེས་རྣམས།།
ཆོས་ལྡན་ཞིང་གི་ལོ་རྒྱུས་དེབ་ཐེར་ནང་།།
ནམ་ཡང་མི་ཞིག་གསལ་ལེར་འཁོད་འདུག་པས།།
ཁྱོད་ཀྱི་བདེན་དོན་སྒྲོན་མེའི་འོད་སྣང་དེ།།
རྒྱུན་མི་ཆད་པར་གསལ་ཐིང་འཕྲོ་བར་ངེས།།
༢༠༡༢་༨་༦ཉིན་བྲིས།
པམང་ུཡཏཁྣ་
དྲྭ་གྲོགས་ཚོ་གོང་གི་ཨེ་ན་ཞེས་པ་ཨེ་མ་ཞེས་པར་བཅོས་རོགས་གནང་།
དགེ་ཆོས་ཁྱེད་ཀྱིས་ནང་ཆོས་གསུང་རབ་མཐའ་མེད་སྦྱངས། །
གསུང་རབ་སྦྱོང་ཚེ་ཏྲེ་ཧོར་སྐྱོར་དཔོན་འགྲན་ཟླར་གྱུར། །
དགེ་ཆོས་ཁྱེད་ཀྱིས་རི་མོ་སུམ་རྟགས་དག་གསུམ་སྦྱངས། །
སྦྱངས་པའི་འབྲས་བུར་སློབ་ཚོགས་ད་ལྟའང་གསོན་པོར་བཞུགས། །
དགེ་ཆོས་ཁྱེད་ཀྱིས་ཕྱི་སྐད་འགའ་ཤས་ཤོད་འབྲི་སྦྱངས། །
ཨིན་སྐད་ཧིན་སྐད་ལེགས་སྦྱར་ཀློག་ཡ་དཀའ་ངལ་བསལ། །
དགེ་ཆོས་ཁྱེད་ཀྱིས་གནས་མཇལ་ས་ཁྲ་ལོ་རྒྱུས་སྦྱངས། །
རང་ཉིད་འགྲོ་སའི་ས་ཁྲ་གནས་ཡིག་རྒྱལ་རབས་བརྩམས། །
གཞོན་དུས་དགོས་པའི་ཆུང་མ་མ་བླངས་ཀྱང་། །
འདོད་པའི་བསྟན་བཅོས་ཆུང་མ་ཀུན་ལ་ལྷག །
རྒས་དུས་དགོས་པའི་ནོར་རྫས་མ་བསགས་ཀྱང་།
མཁས་པའི་ནོར་རྫས་སློབ་སྟོན་དེབ་ཕྲེང་མང་། །
སྤྲང་པོའི་མི་ཚེ་ལྕགས་སྨྱུག་ལྷན་གཅིག་ཏུ། །
རྫོགས་པ་འདི་ནི་བདག་ཅག་སྐལ་བཟང་ཐོབ། །
སྐུ་ཚེ་རྫོགས་སྟངས་ཡང་ཡང་བསམ་པའི་ཚེ། །
འུ་ཅག་རྣམས་ཀྱི་སྣང་བ་ཡང་ཡང་སྐྱོ། །
འདོད་པའི་བསྟན་བཅོས་ཆུང་མ་ཀུན་ལ་ལྷག །འདི་ཀུན་ལས་ལྷག ལ་བཅོས།
སྐྱེས་སྟོབས་ཤེས་རབ་འོད་དུ་འབར་ཡང་མི་དང་བརྟུན་ནས་འགྲོ་མ་ཤེས། །
མདུན་རྒྱབ་གཉིས་ན་སོ་བ་མང་ཡང་ཁ་རྒྱག་ཤོད་མཚམས་འཇོག་མ་ཤེས། །
ལ་དང་ལུང་བར་ངལ་བས་བགྲོད་ཀྱང་མཁོ་བའི་རྒྱུན་ནོར་འཚོལ་མ་ཤེས། །
ཤེས་པ་སླ་བའི་འདི་ཚོགས་གསུམ་གྱིས་ཁྱོད་ཀྱི་མི་ཚེར་སྡུག་ལ་བསྦྱར། །
དགེ་འདུན་ཆོས་འཕེལ་ལགས།
ཁ་ཅིག་གིས་ཁྱེད་དམྱལ་བར་བཞུགས་འདུག་ཟེར།
དེ་བདེན་པ་ཡིན་ན།
ད་ལྟ་དམྱལ་བ་དེ་ཞིང་ཁམས་ལས་ཀྱང་མཚར་ངེས།
ཁྱེད་ཉིད་གང་དུ་བཞུགས་ཡོད་ཀྱང་།
ངས་ཁྱེད་ལ་དུས་ཀུན་ཏུ་གསོལ་བ་འདེབས།
ཀུ་རེ་སྨྲས་པ་ཡིན།
ངས་སྙམ་ན་ཁྱེད་ཉིད་འོག་མིན་གྱི་རྒྱལ་སར་འགྱིང་བཞིན་བཞུགས།
ཁྱེད་ཉིད་འཇིག་རྟེན་གཞན་དུ་གཤེགས་ཟིན་ཀྱང་།
ཁྱེད་ཀྱི་མཚན་ནི་མེ་ལྕེ་བཞིན་དུ་ཇེ་ཆེར་འགྲོ་བཞིན་འདུག།
ངས་ཁྱེད་ལ་འདི་དག་འབོད།
རིག་པའི་དཔའ་བོ།
གངས་ཅན་གྱི་ཨ་བ་ཏར།
དུས་རབས་ཉི་ཤུ་བའི་ཀ་སྦིར(kabir)
ཤེས་འཆལ་བ་ཆེན་པོ།
ཀླུ་སྒྲུབ་གཉིས་པ།
མ་འོང་པའི་མི།
༼སྐབས་འདིར་ཤེས་འཆལ་བ་ཞེས་པ་ནི་འཇིག་རྟེན་ཐ་མལ་པའི་ཤེས་རབ་འཆལ་བར་གོ་བས་དོན་གྱིས་བསྟོད་པར་སོང་།༽
དགེ་ཆོས་ཀྱི་རང་རྣམ་ཚིགས་བཞི་མ།
གཞོན་དུས་དགོས་པའི་ཆུང་མ་ངས་མ་བླངས། །
རྒས་དུས་དགོས་པའི་ནོར་རྫས་ངས་མ་བསགས། །
སྤྲང་པོའི་མི་ཚེ་ལྕགས་སྨྱུག་ལྷན་གཅིག་ཏུ། །
རྫོགས་པ་འདི་ནི་བདག་གི་སྣང་བ་སྐྱོ། །
དགེ་ཆོས་ཟེར་བའི་མཁས་བ་ཞིག།
ང་ཡིས་ད་ལྟ་འང་གོ་མ་ཐལ།
དགེ་ཆོས་ཟེར་བའི་སྨྱོན་པ་ཞིག།
སྔོན་མ་ཞིག་ལ་བྱུང་ཚོད་འདུག།
སྨྱོན་པའི་མིང་ཅན་ད་ལྟ་མང་ཚོད་རེད།
མཁས་བ་ཡིན་མིན་ཚང་མས་ཤེས་ཚོད་རེད།
གྲྭ་ལོག་བླ་ལོག་དགེ་ཆོས་འདྲ་བོ་མང་།།
འབྲི་ཐུབ་ཁོང་འདྲ་ཡིན་མིན་གསལ་ཆ་མེད།
མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ནི། དེང་དུས་བོད་ཀྱི་མཁས་པ་དང་པོའམ་མེས་པོ་དེ་ཡིན་པར་ངོས་ལེན་ཡོད་ལགས། ཁོང་ལྟ་བུའི་མཁས་པ་ནི་འབྱུང་དཀའ་བའོ། །
འཇམ་དཔལ་དཔའ་བོའི་ཐུགས་རྗེའི་ཆ་ཤས་སྙིང་ལ་ཞུགས་པའི་བྱིན་རླབས་ཀྱིས།།
ཡང་དག་རིག་པའི་འཕྲུལ་འཁོར་སྐོར་ལ་རྒོལ་བ་གཞན་གྱིས་མི་རྫི་བ།།
གཟུར་གནས་དྲང་པོའི་གནམ་ལྕགས་མདའ་མོས་བློ་འཁྱོག་བྲག་རི་ཐལ་བར་བརླག།
རིག་པའི་དཔའ་བོའི་མཚན་གྱི་གཅོད་པཎ་སྤྱི་བོར་གཅིང་དེ་སྙིང་ནས་དྲན།།
བོད་གཅིག་ཏུ་གནས་པ་ལ་བརྩོན་པ་མདོ་སྨད་པ་དགེ་འདུན་ཆོས་འཕེལ་མཆོག་ལ་སྤྲིངས་ཡིག་བྲིས་པར་བསྔགས་བསྟོད་ཞུ། དགེ་ཆོས་ཀྱིས་བོད་གཅིག་སྒྲིལ་དགོས་པ་ལ་འབད། བོད་གཅིག་སྒྲིལ་ཁོ་ན་ཐུགས་ལ་བཞག་སྟེ། ཁོང་གི་གསུང་རྩོམ་དག་ན་ཁོང་རང་གི་ལུང་སྐད་དང་། ཟུར་ཆག་མ་ཡིན་པར་བོད་སྤྱིའི་སྐད་ཀྱི་མིང་སྒྲ་རྣམས་བཀོལ་བ་མཐོང་།
དིང་སང་གི་འབྲི་བ་པོ་རྣམས་ཀྱིས་དེ་ལས་ལྡོག་སྟེ། གཙོ་བོར་ཟུར་ཆག་དང་། སོ་སོའི་ཁ་སྐད་ཡིན་པ་བཀོལ། དཔེར་ན། ངོ་མ་དང་། རྒྱ་གར་བ། ཞེས་སོགས་འབྲི། འདི་དག་གིས་བོད་སྐད་ཀྱི་མིང་སྒྲའི་སྒོ་ནས་གཅིག་སྒྲིལ་འབྱུང་བ་ལ་གནོད། དགེ་ཆོས་ཀྱི་གཞུང་དཔེ་དག་ན་དེ་ལྟར་མ་ཡིན་པར་དངོས་མ་དང་། རྒྱ་གར་པ་ཞེས་པ་ལ་སོགས་པ་བོད་སྤྱིའི་སྐད་དང་བསྟུན་ནས་བྲིས་པ་ལྟ་བུའོ།།
ཀྱེ་མ། ཉེས་མེད་ཀྱི་མཁས་དབང་དགེ་ཆོས་བཙོན་འཇུག་བྱེད་པ་ཡིད་རེ་སྐྱོ།
དགེ་འདུན་ཆོས་འཕེལ་ནི་བསམ་བློའི་ཤིང་རྟའི་སྲོལ་འབྱེད་པ་ཞིག་དང་། བོད་ཀྱི་མཁས་པ་ཐམས་ཅད་ཀྱི་རྒྱལ་བོ་ལྟ་བུ་ཡིན། ཁོང་ནི་ཆོས་ཉིད་གཟིགས་པའི་དོན་གྱི་རྣལ་འབྱོར་བ་དང་། རྒྱ་ཆེན་ཤེས་བྱའི་གནས་ཀུན་མཁྱེན་དྲན་དབང་ཆེན་པོ། བོད་མི་རིགས་ཀྱི་དགའ་ཞེན་མངའ་བའི་གངས་ཅན་གྱི་དཔའ་བོ་རྣམས་ཡིན། བོད་སྤྱི་ཚོགས་ཀྱིས་ཁོང་ལ་སྡུག་པོ་བཏང་བ་ནི་ང་ཚོའི་ལོ་རྒྱུས་ནང་ནས་ནོར་འཁྲུལ་ཆེ་ཤོས་ཤིག་རེད།
ཕྲན་གྱི་སྙམ་ཚོད་ལ། དགེ་འདུན་ཆོས་འཕེལ་ནི་བོད་ཀྱི་མཁས་པ་ཐམས་ཅད་ཀྱི་རྒྱལ་བོ་ལྟ་བུ་རེད། ཁ་ཅིག་གིས་ཁོང་ལ་ད་དུང་ཡང་དགག་པ་གཏོང་གི་ཡོད། མི་དེ་ཚོ་རང་ལྟ་མཆོག་འཛིན་གྱི་བག་ཆགས་ཀྱི་ཀློང་དུ་འཕྱན་ནས། ཁོང་གི་མཛད་རྗེས་དང་གསུང་རྩོམ་རྨད་དུ་བྱུང་བ་དག་ལ་ཡིད་སྨོན་སྐྱེ་དཀའ་བར་སོང་། ཀླུ་སྒྲུབ་དགོངས་རྒྱན་ལྟ་བུ་ལ་གཟིགས་ན། ཁོང་ནི་བོད་ཀྱི་མཁས་པ་བྱིངས་དང་མི་འདྲ་བར། དབུ་མའི་ཐད་ལ་ཐུན་མོང་མ་ཡིན་པའི་གསུང་སྟངས་ཤིག་མངའ། བོད་ཀྱི་མཁས་པ་ཕལ་ཆེ་ཤོས་ཀྱིས་བཤད་སྲོལ་རྙིང་བ་སྐྱར་ཟློས་བྱེད་པ་ལས། རང་གི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་འཆད་སྟངས་གསར་བ་གནང་མེད། མི་འགའ་རེ་ཀླུ་སྒྲུབ་དགོངས་རྒྱན་ཀློག་པར་ཞེད་སྣང་ཡོད། དེ་ལྟ་བ་དཔྱད་པ་མ་རྫོགས་པའི་སྐྱོན་རེད། ལྟ་བའི་དཔྱད་པ་རྫོགས་རྗེས་སུ་རང་རྒྱུད་ཀྱི་ངེས་ཤེས་དེ་རྐྱེན་གང་གིས་འཕྲོག་མི་ནུས།
དུས་དེང་སང་ཡང་། ལ་དྭགས་སོགས་སུ། ངོ་མ་ལ། དངོས་མ་ཟེར་སྲོལ་ཡོད་དམ་མེད། ཅེས་འདྲི་བར་འདོད།
མིང་མེད་རྡོ་རྗེ་ལེགས།
ལ་དྭགས་སོགས་བོད་ཀྱི་མཐའ་མཚམས་རྣམས་སུ་བོད་ཀྱི་སྒྲ་གདངས་གསལ་པོར་འཐོན་པས། ངོ་མ་ལ་དངོས་མ་ཟེར། གལ་ཏེ་ལ་དྭགས་པ་ཞིག་གིས་ངོ་མ་ཞེས་པ་དག་གི་རྗེས་སུ་འབྲངས་ཏེ་ཟུར་ཆག་འབྲི་ན། བོད་ཀྱི་སྐད་འཇིག་པར་བྱེད་པའི་བསྟན་བཤིག་ཏུ་མི་གྱུར་ཏམ། ཞེས་དྲི་བ་ལགས་སོ།
བོད་ཀྱི་ཚིག་མཛོད་ཆེན་མོ་ལས།
ངོ་མ། རྫུན་མ་མ་ཡིན་པའི་དོ་བདག་དངོས། ཁུངས་ལྡན་དང་བཅོས་ལྷད་མེད་པ། ཁོ་རང་དོད་བདག་ངོ་མ་དང་མངོན་སུམ་མཇལ་འཕྲད་བྱུང་། གསེར་ངོ་མ། གནས་ཚུལ་ངོ་མ། བདག་གིས་བཤད་པའི་གཏམ་རྣམས་དངོས་འབྲེལ་ངོ་མ་རང་ཡིན།
མཁས་དབང་ལ་དྭགས་བློ་བཟང་འཇམ་དཔལ་ལགས། དངོས་མ། ཞེས་པའི་འོངས་དགོས་སར། འདི་ལྟར་འདུག
དག་ཡིག་འདི་ནང་ལ།
དངོས་སྦྱོང་། རྗེས་ལ།
དངོས་མིང་།
དངོས་མེད།
ལས། དངོས་མ། མི་འདུག་པས་མི་རབས་རྗེས་མར་་དངོས་མ་འདི་ངོ་མའི་བདེན་པ་ཡིན་པའི་ཁུངས་གང་དུ་གཏུགས་དགསོ་སམ།
དབྱངས་ཅན་གྲུབ་པའི་རྡོ་རྗེས་ཆ་ལ་པ་ཉིད་སྦྱོར་བ་ལེགས་ཞེས་གསུངས་པ་ལས། རྒྱ་གར་པ་ཞེས་ཡ་ལ་པ་སྦྱོར་དགོས་གསུངས་མེད་ལ་ཡོངས་གྲགས་སུའང་དེ་ལྟར་སྤྱོད་ཀྱི་མེད།
ཡོངས་གྲགས་སུ་རྒྱ་གར་བ་ཞེས་སྤྱོད་པའི་རྒྱུ་མཚན་ཇི་ལྟར་ཡིན། ཡོངས་གྲགས་ཞེས་པའི་ཚད་ཇི་ཙམ་ལ་བཞག། གསུང་རབ་ལ་ཡོངས་སུ་གྲགས་སམ་ཁ་སྐད་ལ་ཡོངས་སུ་གྲགས། དབྱངས་ཅན་གྲུབ་རྡོར་གྱིས་གསུངས་པའི་བདག་སྒྲ་ཡ་ཆའི་དོན་ཇི་ལྟར་འགྲེལ། ཚེག་བར་ཡ་ཆ་ལ་འགྲེལ་ལམ། དེ་ལྟར་ན་ ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད། །ཅེས་པའི་ལུང་ཚིག་གི་བདག་སྒྲ་གཉིས་ནོར་བ་ཡིན་ནམ། དེར་མ་ཟད། དཀའ་གནད་གསལ་མེར། གཅོད་པ་པོ་དང་གཅོད་པར་བྱེད། །གཅོད་པར་འགྱུར་དང་དཀྲི་བ་པོ། །དཀྲི་བར་བྱེད་དང་དཀྲི་བར་འགྱུར། །སོགས་དང་། མོ་ཡིག་འ་ནི་འཆད་པ་པོ། །འཆད་པར་བྱེད་དང་འཆད་པར་འགྱུར། །ཞེས་དང་། འགྲོ་བ་པོ་དང་འགྲོ་བར་བྱེད། །སོགས་ཀྱི་སྐབས་གཅོད་པ་པོའི་པོ་དང་། དཀྲི་བ་པོའི་པོ། འཆད་པ་པོའི་པོ་རྣམས་ཀྱང་ནོར་བ་ཡིན་པར་འདོད་དགོས་པར་འགྱུར་ལ། དེ་ལྟར་འདོད་ན་ནི་དབྱངས་ཅན་གྲུབ་རྡོར་རང་ཉིད་ཀྱིས་ནང་འགལ་སྨྲ་བར་ཁས་ལེན་པར་གྱིས་ཤིག།
ཁྱེད་ལྟར་ན། ཕྱི་བ་ནང་བ་སྐྱབས་འགྲོའི་ཁྱད། །ཅེས་དང་། གཅོད་པ་བོ་དང་གཅོད་པར་བྱེད། །གཅོད་པར་འགྱུར་དང་དཀྲི་བ་བོ། །ཞེས་དང་། མོ་ཡིག་འ་ནི་འཆད་པ་བོ། །ཞེས་དང་། འགྲོ་བ་བོ་དང་འགྲོ་བར་བྱེད། །ཅེས་དེ་ལྟར་འབྲི་དགོས་པར་འགྱུར་ལ། པ་དང་པོའི་དོད་དུ་བ་དང་བོ་མང་དུ་སྤྱོད་པ་པོ་ཨ་མདོ་བ་རྣམས་ཀྱིས་ཀྱང་དེ་ལྟར་མི་འབྲི་ན་བདག་སྒྲར་ཡར་འགྱུར་ཚེ་བ་འབྲི་བར་ཡོངས་སུ་གྲགས་ཚུལ་ཇི་ལྟར་ཡིན་ལེགས་པར་སོམས་ཤིག
ངས་ཡོངས་གྲགས་ཞེས་པ་དེ་ཁ་སྐད་དང་ཡིག་སྐད་གཉིས་ཀ་ལ་ཡིན་ལ། དབྱངས་ཅན་གྲུབ་རྡོར་གྱིས་ཆ་ལ་པ་ཉིད་སྦྱོར་བ་ལེགས་ཞེས་པ་དེ་དཔེར། ཁང་པ། གྲྭ་པ། མཁས་པ་ཞེས་སོགས་ཁང་དང་གྲྭ་དང་མཁས་རྣམས་ཀྱི་རྗེས་སུ་བདག་སྒྲའི་ཕྲད་ཅིག་སྦྱོར་བ་ན་ཆར་འགྱུར་མཁན་གྱི་རིགས་ལ་པ་སྦྱོར་དགོས་གསུངས་པ་ཡིན། ཕྱི་པ་དང་ནང་པ་ཞེས་ཕྱི་དང་ནང་ལ་བདག་སྒྲའི་སྦྱར་ན་ཆར་འགྱུར་བས་པ་སྦྱོར་དགོས་པ་ཡིན་པས། དཔེར་མཚོན་དེ་དག་ནི་ཁྱེད་ཀྱིས་ང་ལ་ཐལ་བར་མི་འགྲོ་བར། ངའི་རྒྱབ་རྟེན་བྱེད་པ་ལྟ་བུར་གྱུར་མ་སོང་ངམ། ཡ་ཞེས་པ་ནི། ལྷ་ས་དང་རྒྱ་གར་སོགས་ལ་བདག་སྒྲའི་ཕྲད་ཅིག་སྦྱར་ན་ཡ་འགྱུར་བས་དེ་ལ་བ་སྦྱོར་དགོས་ཞེས་གོ་བ་ལེན་ཤེས་པ་བྱེད་གལ་ཆེ།
ངོ་། ངོས།
ངོ་མ། དངོས།
ངོ་། ངོ་བོ།
ཐ་སྙད་འདི་དག་ལ་བརྟག་ཡོང་ན་ཕ་ཁུངས་མ་ཁུངས་གཅིག་ནས་མཆེད་པའི་རྒྱུད་པ་དང་རྩ་བ་གཅིག་ནས་གྱེས་པའི་ཡལ་ག་ཡིན་པ་ཤེས་ཐུབ་པ་མ་ཟད་བརྟག་ཡོང་ན་ཐ་སྙད་འདི་དག་གི་ཨ་མ་ངོ་མ་དེ་ངོ་ཡིན་པ་ཤེས་ཐུབ།
དངོས་སུ་བརྟག་ཅིང་དཔྱད་པ་ན།། ངོ་མ་གང་ཡིན་དངོས་སུ་ཤེས།། ལ་ལས་དངོས་སུ་མཐོང་ནའང་།། ངོ་མ་གང་ཡིན་ངོ་མ་ཤེས།། དངོས་པོ་ངོ་མའི་ངོ་གདོང་སྟེ།། ངོ་བོར་དཔྱད་པ་བྱེད་ལ་བརྩོན།།
བདུན་ཕྲག་གསུམ་ལྷག་སྔོན་དུ་གཤམ་མཆན་ཡིག་དེ་བཀོད་པ་སླར་ཡང་དགོད་པར་བྱ་སྟེ།
བོད་སྔ་རབས་པའི་སྐད་བཞིན་སི་ཏུས་བརྡ་སྤྲོད་གཏན་འབེབས་མཛད་པར་མངོན། ཡ་མཚན་དགོས་པ་ཞིག་སྟེ། བོད་སྔ་རབས་པའི་སྐད་དེ་བོད་ཀྱི་ས་མཚམས་ལུང་པ་འགའ་ན་ད་ལྟ་ཡང་ལུས་ཡོད་པར་སྣང་། ཕྱིས་ཀྱི་བོད་ཀྱི་བརྡ་སྤྲོད་རྣམས་སུ་་ལུང་པ་སོ་སོའི་ཁ་སྐད་ཀྱི་ཤན་ཞུགས་པ་མང་། མཁས་མཆོག་དབྱངས་ཅན་གྲུབ་པའི་རྡོ་རྗེ་ལ་ཡང་ཡུལ་དབུས་གཙང་གི་ཁ་སྐད་ཞུགས་ཏེ།
བདག་སྒྲ་ཡར་བ་དང་ནི།
ཆ་ལ་པ་ཉིད་སྦྱོར་བ་ལེགས།
ཞེས་གསུངས་ཀྱང་། བདག་གིས་དཔྱད་པ་ལྟར་ན། འདི་ཉིད་དབུས་གཙང་གི་ཁ་སྐད་ལ་མཛེས་ཀྱང་། བདག་གི་ལུང་པ་ལྟ་བུ། མཐའ་མཚམས་ཀྱི་བོད་སྐད་ལ་མི་མཛེས། མཐའ་མཚམས་ཀྱི་ལུང་པ་འགའ་ཞིག་གི་ཁ་སྐད་དུ། བོད་སྔ་རབས་པའི་སྐད་དང་མཐུན་པར་བདག་སྒྲ་ལ་མཐའ་གཅིག་ཏུ་པ་ཡིག་བཀོལ། བོད་སྔ་རབས་པའི་སྐད་དེ་ཉིད་མདོ་དང་བསྟན་བཅོས་གསུང་འབུམ་རྣམས་ན་མཆིས། དེས་ན་མདོ་སྨད་པ་ལོ་རྒྱུས་སོགས་བོད་ཀྱི་རིག་གཞུང་ལ་རང་ཅག་རྣམས་ལས་ལུང་དང་རིགས་པས། ཆེ་ཆེར་ཤིན་ཏུ་མཁས་པ། དགེ་འདུན་ཆོས་འཕེལ་མཆོག་གིས་བཀའ་བསྟན་གསུང་འབུམ་རྣམས་ན་བཀོལ་པའི་སྐད་བཞིན་ཡི་གེ་འབྲི་དགོས་པ་གཟིགས་ཏེ། རྒྱ་གར་པ། ཞེས་བྲིས་ཀྱི། རང་ཡུལ་གྱི་ཁ་སྐད་ལྟར་ན། རྒྱ་གར་བ། ཞེས་འབྲི་དགོས་པ་ལས་དེ་འདྲ་བྲིས་མེད་པ་དེ་རང་ཅག་ལ་བཀའ་བསྟན་གསུང་འབུམ་བཅས་ཀྱི་སྐད་བཞིན་འབྲི་དགོས་པ་ལ་མིག་དཔེར་འོས་པ་ཞིག་ཏུ་མི་འདུག་གམ། ཞེས་འདྲིའོ།།
བོད་རྒྱ་ཚིག་མཛོད་ཆེན་མོ་དེ་བདག་ཅག་ལ་ཉེར་མཁོ་ཆེ་བས། མེད་དུ་མི་རུང་བ་ཞིག་ཡིན་ཀྱང་། དེ་ཡང་མིས་བྱས་པ་ཡིན་པས། དེ་ན་ཡོད་ཚད་ཐམས་ཅད་ལ་བློ་འགེལ་མི་ཆོག་པ་མང་། ཁྱེད་རྣམས་ལ་འདི་དང་འདི་ཞེས་བཤད་པས། ཅང་མི་ཕན། ཚིག་མཛོད་དེ་ན་མ་དག་པ་ཡོད་པ་རྣམས་ཤེས་པར་འདོད་ན། དང་པོར་བཀའ་བསྟན་དང་། བོད་ཀྱི་མཁས་པས་བྲིས་པའི་གསུང་འབུམ་རྣམས་ལ་ལེགས་པར་སྦྱངས་ཏེ། བལྟ་ན་ད་གཟོད་ཤེས་པར་འགྱུར་རོ།།
རྒྱ་གར་པ་ཞེས་པ་ཞིག་བཀའ་བསྟན་སོགས་གང་ན་བཀོད་ཡོད་མེད་དེ་དང་པོ་ཁྱོད་ཀྱིས་ཁུངས་སྐྱེལ་རོགས།
གཉིས་པ་རྒྱ་གར་པ་ཞེས་པ་དེ་རྒྱ་གར་བ་ཞེས་པ་ལས་ཡག་པ་དང་དགོས་པ་ཆེ་བ། ཡང་ན་བརྗོད་བདེ་བ་དང་གྲགས་ཆེ་བ་སོགས་ཀྱི་ཁུངས་ལུང་འདྲ་ཁྱོད་ལ་ཡོད་ན་ཤོད་དང་། དེ་མིན་དགེ་ཆོས་ཀྱིས་བཀོལ་བ་ཙམ་རྒྱུ་མཚན་དུ་བྱས་ཏེ་དེ་དགོས་པ་ཆེ་ལ་ག་ལ་སྒྲུབ་ཐུབ།
ཁུངས་ལུང་ཆུང་ངུ་ཙམ་ལ་གཞི་བཅོལ་ནས།།
དེ་དམ་དཔྱད་པ་ལེགས་མོ་མི་བྱས་པར།།
གནས་ལུགས་རྒྱུ་མཚན་ཆེན་པོར་ཡོད་ཅེས་པའི།།
གནས་ལུགས་མི་ངེས་གཏམ་རྙོག་ཁས་ལེན་དཀའ།།
རིག་གནས་ལ་སྤྲོ་བ་ཆེ་བའི་དྲྭ་གྲོགས་ཚོར་དྲི་བ་གཅིག་འདྲི་འདོད། བྱེད་པ་པོ་གཞན་ཟེར་བ་ངོས་འཛིན་ཚུལ་མི་འདྲ་བ་དུ་མ་ཞིག་འདུག་པས། ཁྱོད་ཚོས་དེ་གང་འདྲ་གཅིག་ལ་ངོས་འཛིན་གྱི་ཡོད་མེད་དང་། དེའི་སྐབས་ཀྱི་གཞན་ཟེར་བ་གང་ལ་གོ་དགོས་མིན་སོགས་དཔེར་བརྗོད་དང་བཅས་པ་གསལ་བ་འབྲི་རོགས་གནང་དང་།
ཨོ་བྱམས་ལྷུན་ལགས། ཁྱེད་ཀྱིས་གསུངས་པ་དེ་བདེན་པ་རེད། འོན་ཀྱང་ཕྱི་པ་ནང་པ་ཞེས་པའི་དཔེར་བརྗོད་དེ་བདག་སྒྲ་ཆ་ཡ་ཞེས་པ་ཚེག་བར་ཆ་ཡ་མིན་པར་གཞན་དུ་བརྗོད་ན་ཞེས་པའི་དོགས་པ་བཀོད་ནས་ཐལ་བ་འཕེན་རྩིས་ཡིན་པ་ལས་གོང་དུ་བཀོད་ཟིན་པ་ཇི་བཞིན་མིན་པར་དགོངས་འཇགས་འཚལ། དེའི་རྗེས་མ་ཐག་པར་གཅོད་པ་པོ་དང་འཆད་པ་པོ་འགྲོ་བ་པོ་སོགས་ཀྱི་དཔེར་བརྗོད་བཀོད་པས་ཀྱང་མཚོན་ནུས་པས་ཁྱེད་ཀྱིས་གོང་གི་དེ་ཡིག་ནོར་ཡིན་པ་ཅིས་མི་མཁྱེན། གང་ལྟར་བདག་སྒྲ་ཆ་ཡ་ཞེས་པ་དེ་ཁྱེད་ཀྱིས་གསུངས་པ་ལྟར་སྔར་ཚིག་འབྲུ་གཅིག་ཡོད་པ་དེའི་མཐར་བདག་སྒྲའི་ཕྲད་སྦྱར་ཚེ་ཆར་གྲུབ་པ་དང་། སྔར་ཚིག་འབྲུ་གཉིས་ཡོད་པའི་མཐར་བདག་སྒྲའི་ཕྲད་སྦྱོར་ཚེ་ཚིག་འབྲུ་ཡར་གྲུབ་པ་ལ་ཟེར་ན། འོ་ན་འགྲོ་བ་པོ་དང་འཆད་པ་པོ་སོགས་མི་འཐད་པར་འགྱུར་ཞེས་ཐལ་བ་འཕེན་ཡོད་པ་ལ་ཇི་མི་སྙམ་དུ་མ་འཇོག་པར་ལན་ཞིག་ཅིས་ཀྱང་གནང་ཐུབ་པ་མཁྱེན།
ཁང་པ། གྲྭ་པ། མཁས་པá ཕྱི་པ་དང་ནང་པ། ད་དུང་ལྷ་ས་པ། གཞིས་ཀ་རྩེ་པ། རྒྱ་གར་པ། རྒྱ་ནག་པ། ཁ་ཆེ་པ། མུ་ཁུམ་པ། ཤར་པ། འྦརོག་པ། མོན་པ། ཁྱིམ་པ། འོན་པ། གྲོང་གསེབ་པ་སོགས་དང། བྱེད་པ་པོ། འབྲི་བ་པོ། གསུངས་པ་པོ། ལེན་པ་པོ། འཐབ་པ་པོ། ལྟ་བ་པོ་དང་ལྟ་མཁན་སོགས་གང་ལ་ཡང་པ་པོ་གཉིས་དང་མཁན་མ་འཐུས་པ་མི་འདུག་གོ །
ཚན་ཉིད་པ་རིགས་པས་ཕུངས་ཞེས་པ་ལྟར། ཁྱོད་ཀྱིས་ཆ་ལ་པ་སྦྱོར་དགོས་པའི་རྒྱུ་མཚན་གྱིས་པོ་ཡང་སྦྱོར་དགོས་པར་རློམ་ན་ཁྱད་མཚར་མ་རེད་དམ། དབྱངས་ཅན་གྲུབ་རྡོར་གྱིས། བདག་སྒྲ་ཡ་གྱུར་བ་དང་ནི།། ཆ་ལ་པ་ཉིད་པ་ཉིད་སྦྱོར་བ་ལེགས།། ཞེས་གསུངས་ཡོད་པ་ལས། ཆ་ལ་པོ་ཉིད་སྦྱོར་བ་ལེགས་ཞེས་གསུངས་པ་ནི་རྨི་ལམ་དུ་ཡང་གོ་མྱོང་མེད་པས། ཁྱོད་ཞྭ་དཔེ་ལྷམ་འགོད་ལྟ་བུ་བྱེད་རོགས། ཆ་ལ་པ་སྦྱོར་དགོས་ན་པོ་ཡང་ཆ་ལ་སྦྱོར་དགོས་པར་མི་ངེས་ཏེ་ཁྱོད་ཀྱིས་དཔེར་སྤྲད་པ་ལྟར་འཆད་པ་པོ་དང་འགྲོ་བ་པོ་སོགས་ཀྱི་པོ་དེ་ཡ་ལ་འཇུག་པས་སོ།
ཁྱོད་ཀྱིས་ཞྭ་དཔེ་ལྷམ་འགོད་ལྟ་བུ་མ་བྱེད་རོགས་ཞེས་བཅོས་རོགས།
བདག་སྒྲ་ཡར་གྱུར་བ་དང་ནི། །ཞེས་པ་འདི་ངས་ཁས་བླངས་མི་ཐུབ་ཀྱང་། ཆ་ལ་པ་ཉིད་སྦྱོར་པ་ལེགས། །གསུངས་པ་འདི་ལ་ཐལ་ཆ་གང་ཡང་མ་མཐོང་ལགས།
བདག་སྒྲ་ཡར་འགྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་པའི་ཐད་དུ་དཔྱད་པར་བྱ་བ་འདི་ལྟར་ཡོད་དེ། གལ་ཏེ་བདག་སྒྲ་ཆ་ཞེས་པ་དཔེར་ན་རྟ་ཞེས་པའི་མཐར་བདག་སྒྲ་པ་སྦྱར་ཚེ་རྟ་པ་ཞེས་གྲུབ་པ་ལྟ་བུ་ལ་ངོས་བཟུང་ན། དགྲ་བོ་དང་། དགའ་བོ་དང་། ཟླ་བོ་རྣམས་ཀྱང་དགྲ་པོ་དང་། དགའ་པོ་དང་། ཟླ་པོ་སོགས་སུ་བསྒྱུར་དགོས་པར་འགྱུར་ལ། དེ་དག་མིང་མཐའ་ཙམ་མ་གཏོགས་བདག་སྒྲ་མིན་པས་དེ་ལྟར་ཐལ་བར་མི་འགྱུར་སྙམ་ཡང་། བོ་བདག་སྒྲའི་ཕྲད་དུ་མ་འདོད་ན་མ་གཏོགས། དེ་བདག་སྒྲའི་ཕྲད་དུ་འདོད་ན་དགྲ་བོ་དང་དགའ་བོ་དང་ཟླ་བོའི་བོ་རྣམས་བདག་སྒྲ་གཏན་ནས་མིན་པར་སྒྲུབ་དཀའ་བ་མ་ཟད། གལ་ཏེ་བདག་སྒྲ་མིན་པར་འདོད་ན་ཡང་མིང་མཐའི་པ་བའང་ཕལ་ཆེར་འདྲ་གསུངས་པས། ཐལ་བ་དེ་ངེས་པར་དུ་བཟློག་དཀའ་བར་འགྱུར་རོ། །
མ་ཟད་གོང་དུ་བཀོད་པ་ལྟར་མིང་གི་མཐའ་མར་བདག་སྒྲ་སྦྱར་ཚེ་ཚིག་འབྲུ་གཉིས་སུ་གྲུབ་པ་རྣམས་ལ་བདག་སྒྲ་ཆར་འདོད་ན་ཚིག་འབྲུ་གསུམ་དུ་འགྱུར་ཚེ་བདག་སྒྲ་ཡ་དང་། ཚིག་འབྲུ་བཞིར་གྲུབ་ཚེ་བདག་སྒྲར་ཆར་འགྱུར་བར་འདོད་དགོས་པས། དེ་ལྟར་ན་བདག་སྒྲ་ཡ་ལ་བ་སྦྱར་དགོས་པར་གསུངས་ཀྱང་། དབྱངས་ཅན་གྲུབ་རྡོར་རང་ཉིད་ཀྱིས་གཅོད་པ་པོ་དང་འཆད་པ་པོ་ལ་སོགས་པའི་བདག་སྒྲ་ཡ་སྟེ་ཚིག་འབྲུ་གསུམ་ཅན་ལ་པོ་སྦྱར་འདུག་པས་ནང་འགལ་གྱུར་ཏོ། །
བདག་སྒྲ་ཆ་ཡ་ལ་པ་དང་བ་སྦྱར་དགོས་པར་གསུངས་པ་ལས་པོ་བོ་སྦྱར་དགོས་པར་གསུངས་པ་མེད་པས་དེ་འདྲའི་གནོད་བྱེད་མི་འཇུག་གོ་སྙམ་ཡང་། དངོས་སུ་པ་བ་གཉིས་མ་གཏོགས་མ་གསུངས་ཀྱང་པོ་བོ་གཉིས་ལ་ན་རོ་སྦྱོར་བའི་ཁྱད་པ་ཙམ་མ་གཏོགས་མིང་གཞི་པ་བ་རང་ཡིན་པས་པ་བ་གཉིས་ཀྱི་ཁོངས་སུ་འདུ་བ་མ་ཟད། པོ་བོ་གཉིས་ཀྱི་འཇུག་ཚུལ་ལོགས་སུ་མ་གསུངས་པས་ཀྱང་པ་བ་ཞེས་པས་པོ་བོ་ཡང་མཚོན་པར་རྟོགས་ནུས་སོ། །
གལ་ཏེ་ཅི་ནས་ཀྱང་པ་བ་གཉིས་ཁོ་ནའོ་ཟེར་ན་དེ་ལྟར་ན་ཡང་དཔེར་ན་ཚོང་པ་ཟེར་ཚེ་བདག་སྒྲའི་ཕྲད་པ་སྦྱར་བ་ལ། དེའི་སྟེང་དུ་འབྲུ་དང་གོས་ལྟ་བུ་ཞིག་སྦྱོར་ཏེ་འབྲུ་ཚོང་པ་འམ་གོས་ཚོང་པ་ལྟ་བུར་འགྲུབ་ཚེ་འབྲུ་ཚོང་བ་དང་གོས་ཚོང་བ་ཞེས་འབྲི་དགོས་ན་བདག་སྒྲའི་ཕྲད་སྦྱོར་ཚུལ་ལ་ཤིན་ཏུ་མགོ་རྙོགས་པོར་འགྱུར་བ་མ་ཟད། བརྗོད་བདེ་མི་བདེ་ལ་ཡང་ཁྱད་པར་ཅི་ཡང་མེད་ཅིང། ཕན་ཁྱད་གང་ཡང་མེད་པར་དེ་འདྲའི་མགོ་རྙོགས་པོ་བཟོས་ནས་ཅི་བྱེད་ལེགས་པར་བསམ་དགོས་པ་མི་འདུག་གམ།
དེས་ན་བདག་སྒྲ་ཆ་ཡའི་འདོད་ཚུལ་ལ་ཡང་དཔྱད་པ་ཞིབ་མོར་གཏོང་དགོས་པ་འདུག་སྙམ།
བྱམས་ལྷུན་ལགས། འོ་ན་དབྱངས་ཅན་གྲུབ་རྡོར་གྱིས་བདག་སྒྲའི་ཕྲད་དྲུག་འདོད་བཞིན་དུ་པ་བ་མ་གསུམ་གྱི་སྦྱོར་ཚུལ་མ་གཏོགས་པོ་བོ་མོ་གསུམ་གྱི་སྦྱོར་ཚུལ་གསུངས་མེད་པའི་རྒྱུ་མཚན་གང་ཡིན། ཡང་ན་པོ་བོ་མོ་གསུམ་གང་དྲན་དྲན་སྦྱར་ཆོག་ཟེར་རྒྱུ་ཡིན་ནམ།
གྲྭ་པ། སྒྲུབ་གྲྭ་བ། སློབ་གྲྭ་བ། ཚོང་པ། གོས་ཚོང་བ། སྤོས་ཚོང་བ། ཁྱིམ་པ། གསེར་ཁྱིམ་བ། གཞིས་རྩེ་བ། གཞིས་ཀ་རྩེ་པ། ཙོང་ཁ་བ། ཤར་ཙོང་ཁ་པ། རྫོང་པ། ཤར་རྫོང་བ། གྲུ་པ། ཀོ་གྲུ་བ། ལྷོ་པ། ཤར་ལྷོ་བ། ཤར་པ། ལྷོ་ཤར་བ། དེ་འདྲ་ཞིག་འབྲི་དགོས་ན་དགོད་བྲོ་བ་ཞིག་མི་འདུག་གམ།
ང་ནི། ཕྲད་གཞན་དབང་ཅན་གྱི་བཤུ་ཤོག་དང་། རྟགས་མཚུངས་འདྲེན་དགོས་པའི་དམག་ཁྲིམས་གཉིས་ལ་ང་རང་དགའ་པོ་རང་མེད་ཀྱང་་་་་
ང་རང་རྒྱལ་དབང་རིན་པོ་ཆེ་མཇལ་ནས། རང་རྒྱུད་ལ་ཤུགས་རྐྱེན་ཆེན་པོ་གཅིག་ཐེབས་པ་འདི། ཆོས་རྒྱུད་ལ་བཞུགས་པ་མ་ཡིན། སྙིང་རྗེ་ནི་རྒྱུད་ལ་སྐྱེ་བ་མ་ལགས། དེང་རབས་ཀྱི་ཤེས་བྱ་ནི་སློབ་པར་མི་མཛད། ད་གང་ཤུགས་རྐྱེན་ཐེབས་སོ་ཞེ་ན། བདེནཔ་དམར་རྗེན་ལ་ལྟ་བ་དང་། དངོས་ཡོད་དང་། ལག་ལེན་དུ་བསྟར་ཐུབ་པ་རྣམས་གཙོ་བོར་རྩིས་དགོས་པ་འདི་བླ་མ་དེའི་སྐུ་དྲིན་ཡིན། བདེན་པ་ལ་དམར་རྗེན་ལྟ་དུས། མི་ལ་ལ་སྐྲག། ལ་ལ་ཞུམ། ལ་ལ་ཁྲོ། ལ་ལ་སྨྱོ་བར་འགྲོ་འོ།
ད་འདིར་ངས་བདེན་པ་དམར་རྗེན་དེ་བཏོན་ནས། ཁྱེད་རྣམ་ཀྱི་མདུན་ལ་བཤམ་ན། འདི་ལྟར་སྟེ༏། ཁྱེད་ཚོས། བོད་ཀྱི་ས་མཐར་གནས་པའི་ལུང་སྐད་དང་ཡུལ་སྐད། རང་མིན་གཞན་མིན་གྱི་སྐད་དེ་དག་ཚད་མར་འཛིན་ནས་བོད་ཀྱི་བརྡ་སྤྲོད་དང་སྐད་ལ་འགྱུར་བ་གཏོང་དགོས་ཟེར་བ་འདི་མ་ཡིན་ནམ། བཀུར་བར་འོས་པའི་རྒན་ལ་དྭགས་འཇམ་དཔལ་ལགས། བོད་ཀྱི་རིག་གཞུང་ལ་ཤ་ཚ་དང་། འགལ་བ་འཁུར་ལེན་གྱིས་བསམ་བློ་བཏང་ནས། ང་ཚོར་སློབ་སྟོན་གནང་གི་ཡོད་པ་འདི་ངས་ཤེས། རྒན་ལགས་ཁོང་ངེད་ཚོ་ཚང་མར་བཀའ་དྲིན་ཆེན་པོ་ཡིན། འོན་ཀྱང་། རྒན་ལགས་ཀྱིས། མཚམས་རེ་ལ་དྭགས་ཀྱི་ཡུལ་སྐད་དང་། བོད་ས་མཚམས་ཀྱི་སྐད་རེ་གཉིས་དཔེ་ལ་བསྣམས་ནས་བོད་སྤྱི་ལ་དར་བ་དང་ཡོང་ཁྱབ་ཕྱིན་པའི་སྐད་ལ་འགྱུར་བ་གཏོང་དགོས་྇གསུང་པ་འདི་དངོས་དོན་ཐོག་ནས་ཡོང་ཐབས་མེད།
བོད་ཀྱི་མི་འབོར་བརྒྱ་ཆ་བརྒྱ་ཐམ་པ་ནས། དབུས་གཙང་དེའི་རྒྱ་ཆ་༥༠ཡན་ཟིན་གྱི་ཡོད་སྟབས། དབུས་པ་དང་གཙང་པ་ཚོས་མིན་ཟེར་གྱི་རེད། དེའི་རྗེས་ལ་ཁམས་པ་ཚོ་ཡོང་གི་རེད། ད་ཨ་མདོ་དང་ལ་དྭགས་པ་རྣམས་སྡུག་སྐད་བརྒྱབ་ནས། ཟད་འགྲོ་གི་རེད། བྱས་ཙང་ད་ལས་ཀ་འདི་ལེགས་གྲུབ་ཡོང་ས་རེད་དམ།
སྐད་ཡིག་ཚང་མ་འགྱུར་བ་འགྲོ་བཞིན་ཡོད། ལོ་ངོ་བརྒྱའི་གོང་གི་དབྱིན་ཇི་དང་ད་ལྟའི་དབྱིན་ཇི་བསྡུར་དང་རྒན་ལགས། དེ་བཞིན་ལོ་ངོ་བརྒྱའི་གོང་གི་རྒྱ་ཡིག་དང་ད་ལྟའི་རྒྱ་ཡིག་ལ་གཟིགས་དང་།
ད་འགྱུར་བ་དེ་རང་བཞིན་གྱི་འགྱུར་བ་རེད། དེ་ལོ་ངོ་སྟོང་གི་སྔོན་ལ་དར་བའི་སྐད་ལ་ལོག་འགྲོ་བ་འདི་དངོས་ཡོད་ཐོག་གྲུབ་ཐུབ་ཡས་གཅིག་རེད་དམ།
སྐུ་མཁྱེན་རྒན་ལགས། ཨུ་ཙུགས་འདི་འདྲས་མ་སྐྱོན་དང་། དེ་ཡོང་ཡས་མེད་པ་ཁྱེད་ཀྱི་ཀྱང་གཟིགས་ཀྱི་འདུག
བཀའ་བརྒྱུད་པ་ཚོས་ནམ་ཡང་ཀརྨ་པ་ཟེར་བ་མ་གཏོགས་ཀརྨ་མ་ཟེར་གྱི་མ་རེད། དབུས་པ་ཚོས་ང་འགྲོ་གི་ཡིན་ཟེར་བ་མ་གཏོགས། ང་འགྲོ་ཡི་ཡིིན་ནམ་ཡང་ཟེར་གྱི་མ་རེད། ད་ཁྱེད་ཚོ་ག་རེའི་དོན་ལ་རྩོད་ཀྱི་ཡོད་དམ།
ཟུར་གནས་ལེགས།
ཁྱེད་བདེན།
ལུང་པ་རེ་ལ་སྐད་ལུགས་རེ།
བླ་མ་རེ་ལ་ཆོས་ལུགས་རེ།
ལོ་ངོ་ཕལ་ཆེར་བརྒྱ་མ་ཟིན་གོང་ནས། ཨིན་ཡུལ་པ་བོད་སྐད་སྦྱོང་མཁན་ཞིག་གིས། བོད་ཀྱི་ཁ་རྒྱུན་འདི་ངོ་མཚར་དུ་བརྩིས་ཏེ་བྲིས་པ་མཐོང་།
ངས་ནམ་ཡིན་ན་ཡང་། བོད་ཀྱི་སྒྲ་འབོད་སྟངས་དེ་བོད་ས་མཚམས་དག་ན་ཡོད་པ་རྣམས་འདྲེན་པ་མ་གཏོགས། བོད་སྐད་སྤྱི་ལ་གནོད་པ་ཞིག་ཡོད་ན། ནམ་ཡང་འདྲེན་མི་ཐུབ།
ལ་དྭགས་ལུང་པ་འགའ་ཞིག་གི་ཁ་སྐད་དདུ། ཅི་བྱས་ལ་ཅི་ཞས་དང་། ང་ཅག་ལ་ང་ཞ། ཁྱེད་ཅག་ལ་ཁྱེད་ཞ་ཞེས་ཟེར་ཞིང་འབྲི། འདི་ལྟ་བུའི་ཁ་སྐད་བཀོལ་ན། བོད་ཀྱི་སྐད་ལ་ཕན་པ་འདུག་གམ གནོད་པ་འདུག གལ་ཏེ་གནོད་པ་ཡོད་ན། བོད་ཀྱི་ཁ་སྐད་ཡོངས་རྫོགས། ཆོས་སྐད་དང་མི་མཐུན་པ་རྣམས་དེ་འདྲ་ཡིན་པ་ཁས་ལེན་དགོས། ཁྱེད་བློ་གཟུ་བོར་གནས་པའི་སྒོ་ནས་དཔྱད་པའི་རེ་བ་ཡིན། ལྷག་པར་དུ། ཁྱེད་དང་གཞན་རྣམས་ཀྱིས་ཀྱང་། དགེ་ཆོས་ཀྱི་དེབ་ཐེར་དཀར་པོ་དཔེ་རིང་ཤོག་གྲངས་སོ་གཉིས་པ་དེ་ངེས་པར་དུ་ཀློག་དགོས། སྔོན་བྱུང་བ་ལ་ནི་ཅི་བྱེད་ཐུབ། ད་ལྟ་རང་ལག་ཏུ་ཡོད་པ་དེ་ལ་བདག་པོ་རྒྱབ་དགོས་ཏེ། དཔེར་ན། ཨིན་ཡུལ་པ་དག་གིས་ཡི་གའི་དག་ཆ་ལ་ཤིན་ཏུ་གཅེས་པར་བྱེད། སྔོན་ཨ་རི་སྲིད་འཛིན་ཡི་གེ་དག་ཆ་སྒྱུར་བཅོས་བྱེད་པ་ལ་ལག་རྟགས་རྒྱབ་མཁན་དེ་ལན་གཉིས་པའི་སྲིད་འཛིན་འོས་ཤོག་སྡུད་པ་ན་ཕམ་སྟེ། གསར་ཤོག་ཏུ་བསྒྱུར་བཅོས་ཀྱི་ཡི་གེའི་དག་ཆ་རྣམས་བཀོད་དེ་བགད་མོ་བསླངས་པ་བྲིས། ད་ལྟ་ཡང་ཨིན་ཇི་རྒྱལ་སྲས་ཨ་རིར་ཕེབས་སྐབས་ཤིག་ཏུ། ཁོང་གིས་ཨ་རིའི་ཨིན་ཚིག་འགའ་ཞིག་གི་དག་ཆ་ལ་སྨད་པ་ཐོས།
རྒྱ་ནག་ཏུ་ཡང་བློ་ལྡན་མང་པོ། སྔོན་གྱི་ཡི་གེའི་དག་ཆ་མེད་པར་བཟོ་བ་ལ་བློ་ཕམ་པོ་ཡོད་པ་ཐོས། མ་འོངས་པ་ན་སྔོན་གྱི་བློ་གྲོས་ཅན་རྣམས་ཀྱིས་བཟོས་པ་དག་སླར་གསོ་བ་ལ་འབད་པ་ཆེར་དགོས་པ་ཞིག་འཆར་ངེས།
རང་རེའི་ཆོས་སྐད་དུ་གྲགས་པའི་བོད་སྐད་འདི་ནི་ད་བར་དུ་ཤི་མེད་ཤིང་། བདག་ལྟ་བུ་རིག་པ་རྡུགས་པོ་ཞིག་གིས་ཀྱང་མཛངས་བླུན་ལྟ་བུ་ལན་ཅིག་དགེ་རྒན་ནས་ཞུས་པའི་རྗེས་སུ། རང་ལོ་བཅོ་ལྔ་ཙམ་ཡིན་དུས། གོ་བ་ཆགས་ཏེ་རང་གི་མ་མཆོག་ལ་བཤད་པ་རྒྱབ་ཐུབ་པ་བྱུང་། འདི་ནི་རང་རེའི་ཁ་སྐད་དང་ཆོས་སྐད་བར་ལ་ཁྱད་པར་ཆེར་མེད་པ་ལས་བྱུང་བ་མངོན་སུམ་གྱིས་གྲུབ། སྔར་འགྱུར་བ་ཅི་བྱུང་ཡང་བྱ་ཐབས་དབེན། རང་རེ་ལ་བྱེད་ཐབས་མེད། ད་ལྟ་རང་རེའི་ལག་ཏུ་ཡོད་པའི་བོད་སྐད་ཀྱི་ཡི་གེའི་དག་ཆ་རིན་པོ་ཆེ་ལ་བདག་པོ་རྒྱབ་དགོས་སྟེ། ཇི་སྐད་དུ་རྒྱལ་བ་ཚངས་དབྱངས་རྒྱ་མཚོས།
ནོར་བུ་རང་ལ་ཡོད་དུས།
ནོར་བའི་ནོར་ཉམས་མ་ཆོད།
ནོར་བུ་མི་ལ་ཤོར་དུས།
སྟོད་རླུང་སྙིང་ལ་ཚངས་སོང་།། (དཔེ་ཆ་ལག་ཏུ་མེད་པས་ནོར་ཡོད་ན་དག་བཅོས་མཛོད།)
ད་རང་སྔ་དྲོ་ཨིན་ཚིག་ལ་སྐྱར་སྦྱོང་བྱས་པ་ན།
podium, chirography, tripod སྒྲ་འདི་དག་ཀྱང་། ཁ་སྐད་ལས་བླངས་པ་མ་ཡིན་པར་ཨིན་སྐད་དུ་མི་མངས་པོས་གོ་བའི་ཕྱིར་དུ། ཤི་བའི་སྐད། གི་རིཀ་Greekནས་བླངས་ཏེ་ཨིན་སྐད་མིང་ཚིག་བཟོས། དེ་བཞིན་རྒྱ་གར་ཧིནྡ་སྐད་དུ། སྒྲ་གསར་པ་ཞིག་བཟོ་དགོས་ན། སྲང་ལམ་གྱི་ཁ་སྐད་ནས་མ་ཡིན་པར་ལེགས་སྦྱར་ནས་ལེན་པ། ཁྱེད་བོད་ལུང་པ་སོ་སོའི་ཕལ་སྐད་གཙོ་བོར་འཛིན་ཅིང་། བོད་ཡིག་གི་དག་ཆ་རྣམས་མེད་པར་བཟོ་མཁན་རྣམས་ལ་ལོ་རྒྱུས་ཀྱི་ཚུལ་དུ་བྲིས་སོ།།
ཟུར་གནས་ལགས་ཀྱིས།
དབུས་པ་ཚོས་ང་འགྲོ་གི་ཡིན་ཟེར་བ་མ་གཏོགས། ང་འགྲོ་ཡི་ཡིིན་ནམ་ཡང་ཟེར་གྱི་མ་རེད། ད་ཁྱེད་ཚོ་ག་རེའི་དོན་ལ་རྩོད་ཀྱི་ཡོད་དམ།
དེའི་ལན་དུ།
ང་ ཕྱིན་པ་ ཡིན། འདས་པ།
ང་ ང་འགྲོ་བགྱིད་ཡོད། ད་ལྟ་བ།
ང་ འགྲོ་བགྱི་ ཡིན། མ་འོངས་པ།
ཟུར་གནས་ལགས། རྒན་ལ་དྭགས་པ་དང་གཞན་ཚོ་ག་རེ་རྩོད་མིན་མི་ཤེས། ངས་ནི་དབྱངས་ཅན་གྲུབ་རྡོར་གྱིས་བདག་སྒྲ་ཆ་ཡ་དང་བསྟུན་ནས་པ་བའི་སྦྱོར་ཚུལ་གསུངས་པ་ལ་རྩོད་ཀྱི་ཡོད། དེས་ན་ངས་ངའི་ལུང་པའི་སྐད་ལ་དེ་འདྲ་ཟེར་དང་ཁྱོད་ཀྱི་ལུང་པའི་སྐད་ལ་དེ་འདྲ་ཟེར་སོགས་རྩ་ནས་རྩོད་མ་མྱོང་། དུས་དང་བསྟུན་ནས་སྐད་ཡིག་འགྱུར་བ་གཏོང་དགོས་པ་བདེན་པ་རེད། འོན་ཀྱང་དུས་དང་རྣམ་པ་ཀུན་ཏུ་དབྱིན་སྐད་ལ་དཔེར་བྱས་པ་ནི་ཤིན་ཏུ་མི་འཐད་དེ། དབྱིན་ཡིག་ལ་ཁ་སྐད་དང་ཡིག་སྐད་ཅེས་གཉིས་སུ་དབྱེར་ཡོད་པ་མ་མཐོང་ཞིང་། བོད་སྐད་ལ་དེ་འདྲ་ཡོད་པས་སོ། །གལ་ཏེ་དབྱིན་སྐད་ལ་དེ་འདྲ་ཞིག་ཡོད་པའི་དབང་དུ་གཏོང་ན་ཡང་དབྱིན་སྐད་ནི་ལུང་ཚན་བྱེ་བྲག་པའི་སྐད་མིན་པར་འཛམ་གླིང་གི་མི་སྣ་ཀུན་གྱི་སྤྱི་སྐད་ཡིན་བརྟེན། གོ་མི་ནུས་པ་དང་རྟོགས་མི་ནུས་པ་སོགས་བྱུང་རུང་དེ་མ་ཐག་གློག་ཀླད་སོགས་སྤྱད་ནས་གོ་དོན་འཚོལ་ཐུབ། དེ་ཡིན་དུས་བོད་སྐད་ལ་ཡིག་སྐད་འགྱུར་བ་གཏོང་བ་ལ་བསྙད་བཏགས་ནས་ཁ་སྐད་དང་འདྲེས་ན་ནམ་ཞིག་གི་ཚེ་དབུས་པས་བྲིས་པ་མཁམས་པས་གོ་མི་ནུས་པའི་དུས་བྱུང་ལ། ཤར་པས་བྲིས་པ་ནུབ་པས་གོ་མི་ནུས་པ་སོགས་ཀྱི་དུས་བྱུང་བར་གདོན་མི་ཟ། ངས་གོ་ཐོས་ལ་རྒྱ་ནག་གི་སྐད་ལ་ལུང་ཚན་བྱེ་བྲག་སོ་སོའི་ཁ་སྐད་སོ་སོ་ཡོད་ཀྱང་། ལུང་ཚན་སོ་སོ་བའི་མི་རྣམས་ཁ་སྐད་ཀྱི་ཐོག་ནས་བརྡ་སྤྲོད་མི་ནུས་པའི་ཚེ་དེ་མ་ཐག་ཡི་གེ་བྲིས་ཏེ་བརྡ་སྤྲོད་བྱེད་སྲོལ་ཡོད་ཅེས་ཐོས། དེ་བཞིན་བོད་སྐད་ལ་ཡང་ད་ལྟ་དེ་འདྲ་ཡོད་པ་དེ་དེ་འདྲ་རང་རྒྱུན་སྐྱོང་ན་མི་འགྲིགས་པ་ཨེ་འདུག། དཔེར་ན་རྒན་ལ་དྭགས་པ་དང་ངེད་ལྟ་བུ་ཞིག་གིས་ཁྱེད་རྣམས་དང་ལྷན་དུ་དངོས་སུ་ཐུག་ནས་སྐད་ཆ་བཤད་དགོས་ན་ཕལ་ཆེར་བརྡ་སྤྲོད་རྒྱུར་དཀའ་ངལ་ཅུང་ཟད་རེ་ཕྲད་སྲིད། འོན་ཀྱང་འདིར་ངེད་གཉིས་ཀྱིས་བྲིས་པ་དེ་ཁྱེད་ཚང་མས་དཀའ་ངལ་ཅུང་ཟད་ཙམ་ཡང་མེད་པར་གོ་ནུས་པ་ཡིག་སྐད་ལ་ཁ་སྐད་ཀྱི་ལྷད་མ་བཅུག་པའི་བཀའ་དྲིན་ལ་བརྟེན་ནས་མིན་ནམ།
གཡུ་འབྲུག་དཀར་པོ་ལེགས།
ཨིན་སྐད་དུ། ཁ་སྐད་མང་དུ་ཡོད་དེ། དེ་ལ་slang ཟེར། སློབ་བྱང་གི་སྐད་དུ། དེ་འདྲ་བཀོལ་ན། སྨད་པར་བྱེད་དོ།།
ཟུར་གནས་ལེགས་ཀྱིས་འདི་ལྟར་བྲིས་ཏེ།
སྐུ་མཁྱེན་རྒན་ལགས། ཨུ་ཙུགས་འདི་འདྲས་མ་སྐྱོན་དང་། དེ་ཡོང་ཡས་མེད་པ་ཁྱེད་ཀྱི་ཀྱང་གཟིགས་ཀྱི་འདུག
དེ་ལ་ལན།
བློ་ལྡན་བྱ་བ་ཅུང་ཟད་ཀྱང་།
རྒྱུན་དུ་གྲོས་ཀྱིས་བསྒྲུབ་པར་བྱ།
གྲུབ་པར་གྱུར་ན་ལྟ་ཅི་སྨོས།
མ་གྲུབ་ན་ཡང་མཛེས་པའི་རྒྱུ།།
ཉིན་ཁ་ཤས་སྔོན་བཀོད་པ་སླར་ཡང་།
འདི་ཡང་རྒྱ་གར་སྐད་ལྟ་བུ་མཚོན་ན། ལོ་སྟོང་ཕྲག་ནས་ཟུར་ཆག་པ་རྣམས་ལ་ཉམས་གསོ་བྱུང་སྟེ། ཟུར་མ་ཆག་པ་བཟོ་ཐུབ། དཔེར་ན། འཁོར་ལོ་ལ། ཅཀྐ ཞེས་པའི་ཟུར་ཆག་ཡིན་པ་ལ། སློབ་བྱང་མེད་པ་དག་གིས་ད་ལྟ་ཡང་བཀོལ་བ་ཡོད་ཀྱང་། སློབ་བྱང་ཡོད་པ་དག་གིས། ཅཀྲ ཞེས་འདོན་ཅིང་འབྲི་ཐུབ་པ་བྱུང་བ་ལྟར་བོད་ཀྱི་སྐད་ལ་ངེས་པར་དུ་འབྱུང་ངེས་སོ།།
གཡུ་འབྲུག་དཀར་མོ་ལགས།
ངས་མང་པོ་མི་བཤད། ཚིག་གཅིག་གི་ཐོག་ནས། ཁྱེད་ལ་འདྲི་བ་བཀོལ་བ་ལ།
ང་ཚོ་གཙང་ནས་ཡོང་བའི་མི་ལ། གཙང་པ་ཟེར། ད་ཁྱེད་རྣམ་པའི་འདོད་པ་བཞིན་བཀོལ་ན།
གཙང་མ་ཟེར་མ་དགོས་སམ།
རྒན་ལ་དྭགས་ལགས། འདི་རེད་པས།
ད་འདི་འགྱུར་བ་ཆེན་པོ་མ་རེད་པས།
རྒད་པོ་ལགས། ངས་ང་མཐར་བདག་སྒྲའི་ཕྲད་མ་ཐོབ་དགོས་པར་ཁས་བླངས་འདུག་གམ་ཅི། དེ་ལྟར་ཁས་བླངས་པ་མེད་པས་ཁྱེད་ཀྱིས་ཐལ་བ་ནི་དོན་མེད་དོ། །
དེ་བས་ངས་ཁྱེད་ལ་གཅིག་འདྲི། ཁྱེད་ཀྱིས་གཙང་པ་ཟེར་དགོས་དོན་དེ་བདག་སྒྲ་ཆར་འགྱུར་བའི་རྒྱུ་མཚན་གྱིས་ཡིན་ནམ་དེ་ལས་གཞན་ཞིག་ཡིན། གལ་ཏེ་བདག་སྒྲ་ཆར་འགྱུར་བའི་རྒྱུ་མཚན་གྱིས་ཡིན་ན་དེའི་སྟེང་དུ་དབུས་ཞེས་པ་ཞིག་བསྣན་ཏེ་དབུས་གཙང་ཞེས་གྲུབ་པ་དེའི་མཐའ་མར་བདག་སྒྲ་བ་ཕྱེད་ཝར་བོད་པ་སྦྱར་རྒྱུ་ཡིན་ནམ།
ང་ནི་དབྱངས་ཅན་གྲུབ་རྡོར་གྱི་བདག་སྒྲ་ཡ་ཆའི་བཞེད་ཚུལ་ལ་བསམ་གྱིན་བསམ་གྱིན་དོགས་པ་མང་པོ་སྐྱེ་ཡོང་གི་འདུག། ལྟོས་དང་ཁོང་གི་ལུགས་ལ། བདག་སྒྲ་ནི་ཕྲད་རང་དབང་ཅན་དང་གཞན་དབང་ཅན་གཉིས་གང་གི་ཁོངས་སུ་ཡང་མ་བསྡུ་ཞིང་། ཕྲད་སྦྱོར་ཚུལ་ཡང་བརྗོད་བདེ་འདྲེན་པ་དང་རྟགས་མཚུངས་འདྲེན་པ་གང་གིས་ཀྱང་མ་བསྡུ་བའི་ཕུང་གསུམ་པ་ཞིག་རེད་འདུག། དེ་ཡང་ཡིན་ཏེ་རང་དབང་ཅན་དང་གཞན་དབང་ཅན་ནི་རྗེས་འཇུག་ལ་ལྟོས་མི་ལྟོས་ཀྱི་སྒོ་ནས་འཇོག་ཅིང་། བདག་སྒྲ་ནི་རྗེས་འཇུག་ལ་ལྟོས་མི་ལྟོས་གཉིས་ཀ་དང་། ཕྲད་སྦྱོར་ཚུལ་ནི་རྟགས་མཚུངས་དང་བརྗོད་བདེ་ལ་མི་ལྟོས་པར་ཚིག་འབྲུ་ཡ་ཆ་ཅི་འགྱུར་ལ་ལྟོས་དགོས་པས་སོ། །
སྤྱི་ལོ་བརྒྱ་རབས་བཅོ་ལྔ་པ་བར་བཀའ་བསྟན་གསུང་དག་ན་བདག་སྒྲ་ལ་པ་འདུག་གམ། བ་འདུག་བལྟ་དགོས།
གང་མིང་བརྗོད་པའི་མ་མཐའ་ན།
ཕོ་ཡི་རྟགས་ཀྱི་སྒྲ་མེད་པ།
དེ་ལ་ཕོ་རྟགས་སྦྱར་ན།
བདག་པོའི་སྒྲ་རུ་ཤེས་པར་བྱ།
ཞེས་པ་ལ་གོ་བ་ཡོད་ན། ཕོ་པ་ཡིག་ཁོ་ན་བདག་སྒྲ་དང་། མོ་ལ་མའམ་མོ་གང་རུང་གི་བདག་སྒྲ་ཡོད་པར་མཐོང་། དེར་མ་ཟད་སི་ཏུ་པཎ་ཆེན་གྱི་སུམ་རྟགས་དེ་ཁུངས་མེད་རང་ཉིད་ཀྱིས་གང་དྲན་མ་ཡིན་པར་སྔར་གྱི་བཀའ་བསྟན་གསུང་འབུམ་བཅས་དང་བསྟུན་ཏེ་བྲིས་པ་ཤེས་པར་གྱིས་ཤིག
བློ་བཟང་འཇམ་དཔལ་ལགས། ཁྱོད་ཀྱིས་མཆན་གྱི་འགོ་འཛུགས་ས་དེ་ཉིད་དུ་(སྤྱི་ལོ་རྒྱལ་རབས་བཅོ་ལྔ་པ་་)ཞེས་བྲིས་འདུག་པས། ཁོ་བོས་ནི་སྤྱི་ལོ་དུས་རབས་བཅོ་ལྔ་པ་ཟེར་བ་དེ་འདྲ་མང་དུ་མཐོང་ཐོས་བྱུང་མྱོང་ཡོད་པ་ལས། སྤྱི་ལོ་རྒྱལ་རབས་བཅོ་ལྔ་པ་ཟེར་བ་དེ་འདྲ་དེ་རིང་མ་གཏོགས་མཐོང་མྱོང་ཐོས་མྱོང་མི་འདུག་པས། དེ་འདྲ་བའི་འབྲི་ལུགས་གཅིག་ཨེ་ཡོད་དམ། གཅིག་བྱས་ན་ཁྱོད་མཁས་དྲགས་ཐག་ཆོད་ནས་སྔོན་ཆད་མ་བྱུང་བ་གཅིག་འདིར་བརྗོད་པ་ཡིན་པ་འདྲ།
ཐོན་མི་གཉིས་པ་བློ་བཟང་འཇམ་དཔལ་ནས།།
སྤྱི་ལོའི་དུས་རབས་ཞེས་པ་ནག་བསུབ་ཀྱིས།།
སྤྱི་ལོའི་རྒྱལ་རབས་ཞེས་པའི་ཐ་སྙད་ཅིག།
གསར་གཏོད་བྱས་པ་ཀུན་གྱིས་ཤེས་པར་གྱིས།།
བྱམས་པ་ལྷུན་གྲུབ་ལགས།
རྒན་ལ་དྭགས་འཇམ་དཔལ་ལགས་ཀྱིས། བརྒྱ་རབས་བཅོ་ལྔ་པ་ཞེས་པ་ལས། རྒྱལ་རབས་བཅོ་ལྔ་ཞེས་བྲིས་མིན་འདུག ཡང་བསྐྱར་གཟིགས་དང་།
གཡུ་འབྲུག་དཀར་པོ། ༼གཡུ་འབྲུག་དཀར་བོ། ?༽
ཁྱེད་ཀྱི་བཀོལ་བའི་ཚིག་དབུས་གཙང་དང་དེ་ལ་བདག་སྒྲ་སྦྱར་དགོས་ན། དབུས་པ་དང་གཙང་པ་རྣམས་ཟེར། རྒྱལ་བ་ལྔ་པའི་རང་རྣམ་ནང་ལ་ཚིག་འདི་ཡོད་པས་གཟིགས་པར་མཛོད། དབུས་གཙང་མཉམ་དུ་སྦྱར་ནས་དེ་ལ་བདག་སྒྲ་སྦྱར་བའི་ཚིག་གཅིག་མཐོང་བ་དྲན་གྱི་མིན་འདུག ཁྱེད་ཀྱི་འདོད་ཚུལ་ལྟར་བཀོད་ན། དབུས་གཙང་མ་ཟེར་དགོས་སམ། དེ་བཞིན་ཀརྨ་མ་ཟེར་དགོས་སམ། ད་དུང་། བཙན་པོ་ལ་བཙན་མོ་ཟེར་དགོས་སམ། དེ་བཞིན་རྒྱལ་པོ་ལ་རྒྱལ་བོ་ཟེར་དགོས་སམ། བཙན་པོ་ལ་བཙན་བོ་ཟེར་དགོས་སམ། དེ་ལ་འགྱུར་བ་ཆེན་པོ་མ་རེད་པས།
ད་དུང་ཁྱེད་ཀྱི་ལུགས་ལྟར་བཀོད་ན། སྟོང་པ་ཞེས་པར། སྟོང་བའམ། སྟོང་མ་ཟེར་དགོས་སམ། ད་བཀའ་འགྱུར་དང་བསྟན་འགྱུར་ཚང་མ་ཞུས་ནས་བཟོ་བཅོས་བྱེད་མ་དགོས་སམ།
དེ་རྒྱ་གཞུང་གི་ལག་བསྟར་བྱས་པའི་བཙན་པོའི་ལས་འགུལ་རིག་གནས་གསར་བརྗེ་ལྟ་བུ་ཞིག་ལག་ལེན་བསྟར་ནས་མི་གསོད་ཁྲག་སྦྱོར་ལ་བརྟེན་ནས་བཅོས་པ་ལས། དེ་མིན་འགྲོ་ས་མིན་འདུག
བྱམས་པ་ལྷུན་གྲུབ་ལེགས།
སྤྱི་ལོའི་སྐོར་རྗེས་སུ་ཁུངས་བཅས་ཞུ་ངེས། ད་ལྟ་རང་ལོང་མེད། ཁྱེད་ཀྱི་མཆན་༢༥ལན་བྲིས་ཟིན་ཀྱང་། སྟེས་དབང་གིས་མཐོང་བ། མཁས་གྲུབ་རྗེའི་རྒྱུད་སྡེ་སྤྱི་རྣམ། ཕལ་ཆེར་གཙང་བཀྲས་ལྷུན་སྤར་མ། ཤོག་གྲངས་༣༣པ་ན། རྒྱ་གར་པ་མང་པོས་ཀྱང་སྔགས་སུ་བྱས་སོ།།