ཀུན་མཚོ།
-དཔའ་བོ་ཚོ་རྗེས་སུ་དྲན་པ།
མི་རིགས་འདི་བཙན་པོས་གཉའ་ནས་གནོན་པའི་སྐབས།།
སྐད་ཡིག་འདི་རྩ་ནས་མེད་པར་བརྩོན་པའི་སྐབས།།
དཔའ་བོ་ཚོའི་སེམས་ཀྱིས་མ་བཟོད་ཡར་ལངས་བྱས།།
མེ་མདའ་ལ་ཁུ་ཚུར་རེ་རེས་ཡ་ལན་སྤྲད།།
རྫུན་པ་ཡིས་ས་ཆེན་ཡོད་ཚད་གཡོགས་པའི་སྐབས།།
མགོ་སྐོར་གྱིས་བདེན་པ་རྫུན་ལ་སྒྱུར་བའི་སྐབས།།
དཔའ་བོ་ཚོའི་སེམས་ཀྱིས་མ་བཟོད་ཡར་ལངས་བྱས།།
ཚེ་སྲོག་གིས་བདེན་པའི་མེ་ལྕེ་རེ་རེ་སྤར།།
གངས་ཅན་པའི་རིག་གནས་མ་ལུས་འཇོམས་པའི་སྐབས།།
གདོང་དམར་བའི་རིགས་རྒྱུད་གཅོད་ལ་བྲེལ་བའི་སྐབས།།
དཔའ་བོ་ཚོའི་སེམས་ཀྱིས་མ་བཟོད་ཡ་ལངས་བྱས།།
བདེན་དོན་གྱི་ཀུ་སྒྲ་རེ་རེ་གནམ་ལ་བསྒྲགས།།
རྨ་ཆུ་དེ་བོད་ཀྱི་མིན་པར་སྒྲོག་པའི་སྐབས།།
ཏི་སེ་འདི་བོད་ལ་དབང་མིན་གླེང་བའི་སྐབས།།
དཔའ་བོ་ཚོའི་སེམས་ཀྱིས་མ་བཟོད་ཡར་ལངས་བྱས།།
ས་ཆེན་འདི་བོད་ལ་དབང་བའི་ངར་སྐད་བསྒྲགས།།
བོད་པ་འདི་ཀླ་ཀློ་ཡིན་པར་འཆད་པའི་སྐབས།།
བོད་པ་འདི་མུན་ནག་ཡིན་པར་མོལ་བའི་སྐབས།།
དཔའ་བོ་ཚོའི་སེམས་ཀྱིས་མ་བཟོད་ཡར་ལངས་བྱས།།
རྫུན་གཏམ་ལ་བདེན་པའི་ཚིག་གིས་རྒོལ་ལན་སྤྲད།།
རྒྱལ་བ་མཆོག་ཕྱི་ལ་ཕུད་པ་ཐོས་པའི་སྐབས།།
པཎ་ཆེན་གང་བཙོན་ལ་བཅུག་པ་གསན་པའི་སྐབས།།
དཔའ་བོ་ཚོའི་སེམས་ཀྱིས་མ་བཟོད་ཡར་ལངས་བྱས།།
སེམས་ཁོང་གི་ན་ཟུག་བརྗོད་ལ་འབད་པས་བྲེལ།།
བདེན་གཏམ་བརྗོད་པའི་སེམས་ལ་ཕན་པ་བྱུང་སྒྲོ་སྐུར་བྲལ་བའི་བློ་ལ་བབས་སོང་ཐུགས་རྗེ་ཆེ།
བོད་ཡིག་འདི་རྩ་མེད་བཟོས་པའི་སྐབས།།
བོད་སྐད་འདི་རྒྱ་སྐད་བཟོས་པའི་སྐབས།།
དཔའ་བོ་ཚོའི་ཐུགས་ཀྱིས་མ་བཟོད་པར།།
བདེན་པ་ཡི་འབོད་ཚིག་དགུང་ལ་བསྒྲགས།།
རི་ལུང་ཀུན་ས་ལོག་རྡོ་ལོག་སྐབས།།
ཤིང་ནགས་ཀུན་རྩ་ནས་གཅོད་བྲེགས་སྐབས།།
དཔའ་བོ་ཚོའི་ཐུགས་ཀྱིས་མ་བཟོད་པར།།
བོད་སྐྱོབ་ཀྱི་མེ་ལྕེ་ལྷམ་མེར་འབར།།
ཡག་པོ་བྲིས་འདུག་་་་་་ཐུགས་རྗེ་ཆེ་༑
རྒྱལ་དོན་དུ་འདས་པོ་ཕ་མོ་དང་།།
རྒྱལ་ཞན་ཅན་དིང་རབས་གཞོན་སྐྱེས་དང་།།
ཆོས་སྲིད་མ་བསྲེས་རང་གཞུང་གཙང་མ་ཞིག།།
གདོང་དམར་བོད་པའི་དགོས་འཁོ་ཉག་ཅིག་རེད།།
བརྗེད་དཀའ་བའི་མི་རིགས་ཀྱི་བླ་སྲོག་ལྟ་བུའི་དགེ་ཆོས་ལེགས་ཁྱེད་ཀྱིས་བཞག་པའི་གསེར་ཐང་དང་དེབ་ཐེར་སོགས་ལ་ལྟོས་ན་ཁྱེད་ནི་ཆེས་རིན་ཐང་ལྡན་པའི་ཁེར་རྐྱང་གི་དཔའ་རྒོད་ཞིག་་་་ཁྱེད་ནི་ཅི་ཡང་མེད་པའི་དབུལ་བོ་ཞིག་གི་ད་ཕྲུག་ཞིག་་་་ཁྱེད་ནི་འཁོར་འབངས་མེད་པའི་དུ་ཁྱིམ་ཞིག་གི་མི་བུ་ཞིག་་་ཁྱེད་ནི་དྲན་གཡོག་མེད་པའི་རི་ལུང་ཞིག་གི་རྫུ་བོ་ཞིག་་ཁྱེད་ནི་དཔོང་རོག་མེད་པའི་གཡུལ་ས་ཞིག་གི་དཔའ་རྒོད་་་ཁྱེད་ནི་ང་ཚོ་ལ་མེད་མི་རུང་བའི་ཚེ་སྲོག་ལྟ་བུའི་རིན་ཐང་ཅན་་་ཁྱེད་ནི་ཐོབ་ཐང་ཅན་གྱི་མི་ཆེན་དག་གི་སེམས་ནང་གི་དགྲ་ཡ་ཞིག་་་་་་ཁྱེད་ནི་དེ་དག་ལ་མ་མཁོ་ཡང་ད་ལྟ་ཆེས་མཁོ་བའི་སེམས་ནང་གི་དྲོད་ཐུག་ཞིག