བྱམས་པ་ལྷུན་འགྲུབ།
སྔོན་གྱི་མི་ཚོས་གླང་དར་མས།།
ཆོས་དང་ཆོས་སྡེ་གཏོར་བཤིག་བཏང་།།
ཆོས་བྱེད་དགེ་འདུན་གནས་དབྱུང་བས།།
བསྟན་པ་བཤིག་པའི་བདུད་ཞེས་འབོད།།
དེང་གི་ལོ་རྒྱུས་མཁས་མང་པོས།།
དར་མས་བསྟན་པ་བཤིག་པ་དེ།།
ཆབ་སྲིད་སྟོབས་འབྱོར་རྒྱས་པའི་ཕྱིར།།
ཡིན་ཞེས་ལྷ་སྲས་དར་མར་འབོད།།
སྔོན་རྣམས་མགོ་བོ་མཁྲེཊ་པས་སམ།།
ཡང་ན་དེང་རྣམས་ཡངས་དྲཊ་པས།།
གང་ལྟར་འཁྱོག་མེད་གཟུར་གནས་ཀྱི།
དོན་དམ་བདེན་པའི་སྨྲ་བ་ཉུངས།།
སྔོན་དུས་མི་རྣམས་ཆོས་ལ་ཆགས།།
དེང་གི་མི་རྣམས་སྲིད་ལ་དགའ།།
དོན་དམ་བློ་ཡིས་དཔྱད་པ་ན།།
གཉིས་ཀར་སྐྱོན་དང་དགེ་མཚན་རེ།།
སྔ་མོའི་དུས་ཀྱི་བོད་མི་ཚོར།།
ཆོས་ལ་དད་པའི་སེམས་ཡོད་ཀྱང་།།
སྲིད་ལ་ལྟ་བའི་མིག་མེད་པས།།
རང་བཙན་ཤོར་དུས་ད་གཟོད་འགྱོད།།
དེང་གི་དུས་ཀྱི་བོད་མི་ཚོར།།
སྲིད་ལ་ལྟ་བའི་མིག་ཡོད་ཀྱང་།།
ཆོས་ལ་ལོག་འཛིན་ཆེས་ཐལ་བས།།
ནམ་ཞིག་ཆོས་ཀྱིས་ཕངས་ཉེན་ཆེ།།
ཆོས་དང་ཆབ་སྲིད་གཉིས་ཀ་ལ།།
སྐྱེ་བ་འདི་ཙམ་ནང་ལ་ཡང་།།
མི་བུར་བདེ་སྐྱིད་སྐྲུན་པ་ཡི།།
མཛེས་སྡུག་རེ་དང་དགེ་མཚན་རེ།།
སྲིད་ཀྱི་ཕྱི་གཟུཊ་མཛེས་ན་ཡང་།།
ཆོས་ཀྱི་ནང་སེམས་མི་བདེ་ན།།
ཆོས་མེད་སྲིད་རྐྱང་མི་ཚེ་དེ།།
གཟུངས་ཞུཊ་མེད་པའི་སྐུ་དང་འདྲ།།
དེས་ན་ཆོས་པ་ཆོས་པ་དང་།།
ཁྱིམ་པ་ཁྱིམ་པ་འདྲ་བའི་ཐོག།
རྟག་ཆད་མཐའ་དང་མི་བྲལ་བར།།
དབུས་མའི་ལམ་དུ་ཆས་ནས་ནི།།
ཆོས་དང་སྲིད་ཀྱི་དོན་མ་འདྲེས།།
སོ་སོར་བསྐྱངས་ན་དགེ་མཚན་ཆེ།།
བྱམས་པ་ལྷུན་གྲུབ་ཀྱིས་བྲིས།
ཆོས་མེད་སྲིད་རྐྱང་མི་ཚེ་དེ།།
གཟུངས་༼ཞུཊ་༽མེད་པའི་སྐུ་དང་འདྲ།།
ཞུགས་ལ་། །ཞུཊ་ཞེས་ད་ཐ་དད་པའི་འབྲི་སྟངས་འདི་ཡང་མི་དགོས་པར་མཁྱེན།
ཞུགས་ལ་ཞུཊ་འབྲི་སྟབས་བདེའི་ལམ་ཡིན་ལ།།
དགོས་པ་ཆེ་ལས་དགག་བྱ་མི་ཆེ་བས།།
དེ་དེ་བཞིན་དུ་བྲིས་ན་སྐྱོན་ཅི་མཆིས།།
ཅི་སྟེ་དགག་བྱ་ཡོད་ན་རྒྱུ་མཚན་དྲོངས།།
ཞུགས་ལ་ཞུཊ་ཞེས་བྲིས་པ་དེ།
ཊ་ལ་གས་ཀྱི་དོན་ཡོད་པ།
མི་ཤེས་པ་ཡིས་ཀློག་མི་ཤེས།
བདག་་གིས་མངོན་སུམ་མཐོང་བ་ཡིན།།
མི་ཤེས་འགའ་ཡིས་ཀ་ཡང་ཀློག་མི་ཤེས།།
ཤེས་མཁན་རྣམས་ཀྱིས་ཀུན་ཀྱང་ཀློག་ཤེས་པས།།
མི་ཤེས་འགའ་ཡི་ཁ་ལ་མ་ལྟོས་པར།།
དོན་དམ་གནས་ལུགས་ཡོད་མེད་དཔྱད་ན་ལེཊ།།
ཧྰུང་ཕཊ། ཧྰུང་ཕགས། ལ་ཀློག་དགོས་སམ།
ལེགས་སྦྱར་གྱི་སྔགས་སོགས་ཐད་བསྒྱུར་བྱས་པ་དང་། བོད་སྐད་ཡིག་བར་གྱི་ཀློག་སྟངས་དང་དོན་མི་འདྲ་བ་ཤེས་གལ་ཆེ། ཊ་ཞེས་པ་དེ་སྔགས་སོགས་ཀྱི་སྐབས་སུ་གས་ཚབ་ཏུ་བཀོལ་བའི་ཊ་དེ་གཟུགས་འདྲ་ཡང་དོན་མི་འདྲ་བ་ཤེས་གལ་ཆེ། གཞན་དུ་ན་ཨ་མ་དང་མནའ་མ་ནོར་ཟེར་བ་འདྲ་བོ་ཆགས་ཉེན་འདུག་གདའ། གནས་ཚུལ་འདི་རིགས་ཞིབ་ཚགས་ཤེས་པར་ལེགས་སྦྱར་ལ་ཅུང་སྦྱོང་པ་དགོས་གལ་ཆེ་སྙམ།
དོན་དམ་གནས་ལུགས་ཡོད་དམ་མེད་དྲིས་པས།
ཡི་གེའི་འགྲོ་སྟངས་ཤེས་པ་རྒྱང་དུ་འཕེན།
ཡི་གེའི་འགྲོ་སྟངས་མ་ཤེས་ཐ་སྙད་མེད།
ཐ་སྙད་མེད་པར་དོན་དམ་ཡོད་མེད་རྩོད།།
ཕཊ་ཀྱི་ཊ་འདི་། རྗེས་འཇུག་ག་སར་མི་འཇུག་པ་ལྟར། བཀའ་དྲིན་ལ། བཀྲིན། བཀྲ་ཤིས་ལ། བཀྲ་ཤིས། ད་དུང་དབུ་མེད་འགའ་ཤས་ནང་ལ། སངས་རྒྱས་ལ། སརྒྱས་སོགས་བྲིས་ན་ནོར་བ་མིན་ནམ། ཡི་གེ་ཁ་གསལ་དུ་གཏོང་བ་དང་། གོ་བདེ་རུ་གཏོང་བ་དེ་ཕན་ཐོགས་ཆེ་འམ་། རྙོག་ཁྲ་ཚ་རུ་གཏོང་བ་དང་། ནོར་ས་མང་དུ་གཏོང་བ་གང་ཕན་ཆེའམ། ཀུནད་ཀྱིས་སོམས་ཤིག་གུ
ཐ་དད་འཛིན་སྟངས་འདྲ་མིན་སྣ་ཚོགས་ཡིན།།
སྣ་ཚོགས་འགར་དགོས་ཟེར་ན་ཡིད་མི་འཐད།།
ཆོས་དང་སྲིད་གྱི་ལྟ་གྲུབ་སོ་སོ་ཡིན།།
འགར་མེད་ཟུང་དུ་ཡོད་པ་མངོན་གསལ་ཡིན།།
ཆོས་མེད་སྲིད་ཀྱི་འཇིག་རྟེན་གྲངས་ལས་འདས།།
སྲིད་མེད་ཆོས་ཀྱི་ལྟ་བ་མཚོ་ལས་ཟབ།།
ཆོས་སྲིད་ཟུང་གི་རང་ལུགས་རབ་ཏུ་བརྟན།།
དེ་ཕྱིར་དབུ་མའི་ལམ་ལ་བགྲོད་ན་ཡག།
ཆོས་ལྡན་གྱི་ཞིང་ཁམས་སྲིད་ཀྱིས་སྦགས།
ཆོས་གང་བྱེད་གཞན་དོན་གྱི་ཆེད་དུ།
ཆོས་གང་བྱེད་མི་རིགས་ཀྱི་དོན་དུ།
ཆོས་ལྡན་གྱི་མི་རིགས་ཀྱི་ཁྱད་ཆོས།
ཆོས་གཙང་མ་རྫ་ཆབ་སྔོན་མོ་ཡིས།
ཆོས་ངན་པ་གཤིས་རྒྱུད་མ་བཀྲུས་ན།
ཆོས་ཟུར་བ་ཕྱི་ཚུལ་གྱི་གྱོན་ཆས་འདྲ།
ཆོས་བྱེད་པོ་མི་རིགས་ཀྱི་ཁྱད་ཆོས།
སྲིད་ལྡན་གྱི་གངས་རི་ཆོས་ཀྱིས་སྦགས།
སྲིད་ཀྱི་ལུགས་སྲོལ་ཆོས་དང་འདྲེས་བས།
སྲིད་དང་ཆོས་གཉིས་དབྱེ་བ་དཀའ་བས།
སྲིད་དོན་པ་ཡི་མི་རིགས་ཁྱད་ཆོས།
སྲིད་འདི་འཇིག་རྟེན་འཚོ་གནས་བླ་སྲོག
སྲིད་སྐྱོང་རྣམས་ཀྱིས་ཆོས་ཀྱི་བཀུར་ཟ།
སྲིད་ཀྱིས་བཟི་ནས་ཆོས་སྲིད་ཟུང་འབྲེལ།
སྲིད་མིན་ཆོས་མིན་མི་རིགས་ཁྱད་ཆོས།
ལ་དྭགས་པའི་ཁ་རྒྱུན་ལ།
མིས་ཅི་ཟེར་ལ་མ་ཉན་ཅི་བྱས་ལ་ལྟོས།
ཚིག་འདི་ལ་གོ་བ་ཆེན་པོ་ཞིག་་འདུག་སྙམ། མི་དྲང་པོ་མ་ཡིན་ན། དེ་ཡིས་ལོག་པར་ཟེར། དེ་ཡིས་རང་ལེགས་པར་འབྱུང་བ་ལ་འབད་རྩོལ་བྱེད་ན། དེ་ལ་བལྟས་ཏེ། རང་གིས་ཀྱང་དེ་ལྟར་བྱེད་དགོས་པར་མཐོང་། ང་ལོ་གཞོན་པའི་སྐབས་སུ། ཧིནྡ་སྐད་དང་དང་ཨིན་སྐད་དུ་རྩོམ་ཡིག་འབྲི་ཚུལ་འགའ་བཀླགས་འདི་ལྟར་ཤེས་ཏེ། བྲིས་པའི་དགོས་པ་དེ་ཕ་རོལ་པོས་ཀློག་པ་དང་། བཀླགས་ནས་དོན་གོ་བ་དེ་གཙོ་ཆེ་བ་ཡིན། ཕ་རོལ་པོས་ཀློག་དཀའ་བ་དང་། གོ་དཀའ་བ་ཡོད་ན། སྐྱར་བྲིས་བྱས་ཏེ ཀློག་སླ་བ་དང་། གོ་སླ་བ་བྱེད་དགོས། དེ་ལས་གཞན་དགོས་མེད་ཀྱི་བྲིས་མ་རྒྱབ་ཅེས་བྲིས་པ་བཀླགས་སོ།།
ཐ་དད་འཛིན་སྟངས་སྣ་ཚོགས་ཡོད། །
དབུས་ལམ་འཛིན་སྟངས་ཀུན་ལ་ཕན། །
གླང་དར་མ་འོས་བསྟན་པ་བསྣུབས། །
༸ཏྰ་ལའི་བླ་མས་བསྟན་པ་སྤེལ། །
ཐོན་མི་མཁས་པས་ཡི་གེ་སྤེལ། །
མི་མཁས་བོད་པས་བོད་ཡིག་བསྣུབས། །
བཙན་པོ་གླང་དར་དབུ་ལ་རྭ་ཡོད་པ་དེ་དང་ཡབ་མེས་བསྲུང་བཙན་དབུ་ལ་མགོན་པོ་འོད་དཔག་མེད་ཡོད་སྐད་བཤད་པ་དག་ལས་གང་བདེན་སུ་རྫིན་ཡིན་་་་་་་་་་་ཡང་ན་ཁོང་གཉིས་ཀྱི་དབུ་ལ་ཤ་ལྡོག་རེ་ཡོད་པ་མིན་ནམ།
བོད་པ་ནི་སྒྲོ་བཏགས་ལ་དགའ་བ།་་་་་་་་་་་་་་་ སྲུང་བཙན་གྱི་དབུ་ལ་འོད་དཔག་མེད་ཀྱི་སྐུ་འཁྲུངས་པ། རླང་དར་མའི་དབུ་ལ་རྭ་སྐྱེས་པ། གཉའ་ཁྲི་གནམ་ནས་བྱོན་པ། རྒྱ་ནག་རྒྱལ་པོ་འཇམ་དབྱངས། བལ་པོའི་རྒྱལ་པོ་ཕྱག་རྡོ། བོད་ཀྱི་རྒྱལ་པོ་སྤྱན་རས་གཟིགས། ཡིན་པ་ལ་མིན་པ། མིན་པ་ལ་ཡིན་པ། མེད་པ་ལ་ཡོད་པ། ཡོད་པ་ལ་མེད་པ་སོགས་སྒྲོ་བཏགས་ཀྱིི་བོད་པ་ཞིག་ཟེན་ན་ཨེ་ཆོག། བླ་སྤྲལ་སོགས་ཀྱི་མིང་རྫིག་པོ་ཞིག་འདོགས་རྒྱུ་ལའང་ཤིན་ཏུ་དགའ། མདོར་ན་གཟུ་བོར་བློ་ལྡན་རྣམས་ཀྱིས་དཔྱད་པར་འཚལ།
ཐག་མི་ཆོད་པའི་གནས་འདི་དག་ལ་ཁུངས་ལུང་དང་རྒྱུ་མཚན་གསལ་པོ་བགྲང་རྒྱུ་མེད་ན། འདི་རེད་དང་འདི་མ་རེད་ཅེས་ཐག་ཆོད་མདོག་གིས་ལོང་བ་ཕྲང་ལམ་དུ་མཆོང་བ་ལྟ་བུ་བྱེད་ན་ནི། རང་ཉིད་གཟུར་གནས་མིན་པའི་བླུན་རྟགས་དམར་རྗེན་དུ་བསྟན་པ་ཉིད་ལས་ཡོན་ཏན་གྱི་ཆ་ནི་ཅི་ཡང་མ་མཆིས་སོ། དེ་བས་གནས་དོན་དེ་དག་ལ་ཤེས་འདོད་ཆེན་པོ་ཡོད་ན་ཐོག་མར་ཞིབ་འཇུག་ཡག་པོ་བྱ་རྒྱུ་གལ་འགངས་ཆེ།