བྱམས་པ་ལྷུན་གྲུབ།
བསམ་གཞིག་གི་སྒེའུ་ཕྱེས་ནས།
འདས་ཟིན་གྱི་ལོ་རྒྱུས་ལ་ཕྱིར་དྲན་ཞིག་བགྱིད་དུས།
གངས་ཅན་གྱི་རི་ཁྲོད་ནས།
གངས་སེང་གི་ང་རོ་ལྟར།
ཆིག་སྒྲིལ་སྙིང་སྟོབས་དང་།
གྲཊ་ཆེའི་དཔུང་ཤུགས་ཏེ།
རྒྱལ་ཁམས་ཀུན་ལ་འགྲན་པར་ནུས་པའི།
སྤུར་རྒྱལ་བཙན་པོ་རེ་རེའི་བྱས་རྗེས་རྣམས།
ངའི་དྲན་འཛིན་གྱི་མེ་ལོང་དུ་ཁྲ་ལེར་ཤར་བས།
ཐོལ་བུར། ཐོལ་བུར།
ངའི་སེམས་པ་ངོ་མཚར་གྱིས་བརྟས་བྱུང་ལ།
གཟི་བརྗིད་ཀྱི་དགའ་བས་མྱོས་ཀྱང་སོང་།
འོན་ཀྱང་།
ད་ཆ་ལོ་རྒྱུས་ལྡན་པའི་ཁྱིམ་གཞི་དེར།
ཁྲག་དང་མི་ཆུ་རྒྱ་མཚོ་འཁྱིལ་འཁྱིལ་དང་།
ཤ་དང་རུས་པ་རི་བོ་སྤུངས་སྤུངས།
ངུ་སྐད་དང་མེ་མདའི་སྒྲ་ཡིས།
ཁུ་སིམ་གྱི་ལྷིང་འཇཊ་བཀྲོཊ་ཤིང་གནམ་ས་གོ་ལྡོག་པ་ལྟར་གྱུར།
ད་དུང། འུར་འུར་དུ་འབར་བཞིན་པའི་མེ་ལྕེ་དུ་མ་ཞིག་གདའ།
སེམས་དང་།
གཉའ་གནོན་དང་རྡུང་རྡེག་གིས་སྦྱིན་པའི།
མི་ལོ་ལྔ་བཅུའི་།
མིག་ཆུ་དང་ན་ཟུག་གིས་བསྐྲུན་པའི་བོད་མིའི་ཚེ་སྲོག་གི་མེ་ལྕེ་འབར་གྱིན་འདུག།
མེ་ལྕེ་དེ་དག་ནི།
ཚ་དྲོད་ཀྱི་ངར་ཤུཊ་མི་བཟོད་པར་ས་འོག་ནས་འཕྱུར་བའི་མེ་རི་དང་འདྲ།
ལྟོས་དང། མེ་ལྕེ་དེ་དག་ལ།
རྦབ་ཆུ་ཟགས་པ་དང་།
རི་བོ་ཉིལ་བ།
རྒྱ་མཚོ་འཕྱུར་བ་འདྲ་བའི་སྟོབས་ཤུཊ་ཡོད་པས།
སུས་ཀྱང་འགོག་མི་ཐུབ་ལ།
ཇེ་ཆེ་དང་ཇེ་མང་དུ་འགྲོ་ཉེན།
འབར་བཞིན་པའི་སྤུན་ཟླ་དེ་དག་གི།
སྙིང་སྟོབས་བསམ་ནས་སྤོབས་པ་སྐྱེ་འོས་ལ།
ཚེ་སྲོག་གི་ལུས་སེམས་ཀྱི་གདུང་བ་བསམ་ནས་མིག་ཆུ་ཤོར་དགོས་པ་ཡང་ཅིས་མིན།
མ་ཚད། གཞིས་ལུས་བོད་མི་ཡོངས་ཀྱི་སེམས་ཁོང་ན།
ན་ཟུག་གི་མེ་ལྕེ་དེ་འདྲ་རེ་རེ་ཡོད་པས།
ད་དུང་།
མེ་ལྕེ་དེ་ཇེ་མང་དང་།
འབར་ཤུགས་དེ་ཇེ་ཆེར་འགྲོ་ཉེན།
མདོར་ན། ཇི་སྲིད་་་་་མཐོ་སྒང་གི་མུག་ནག་ཁྲོད་ན།
བདེན་པ་དང་རང་དབང་གི་ཉི་མ་དེ་མ་ཤར་བར།
མེ་ལྕེ་དེ་ཇེ་ཆེར་དང་ཇེ་མང་ལས།
ནམ་ཡང་འབར་མཚམས་ཆད་དཀའ་ལ།
སུས་ཀྱང་འགོག་མི་གཏུབ་པས།
མེ་ལྕེ་དེ་ད་དུང་་་་་་་་་་་་་་
ལྷན་རྒྱས་ཚོ་(བསམ་གཞིག་གི་སྒེའུ་ཕྱེས་ནས་)་ཟེར་ས་དེར་ཁུང་ཆད་འདུག་པས་སྒེའུ་ཁུང་ཞེས་ཤེས་པར་བྱ་རྒྱུ་དང་། དེ་བཞིན་(ཚེ་སྲོག་གི་ལུས་སེམས་ཀྱི་གདུང་བ་)ཞེས་བྲིས་པ་དེར་ཚེ་སྲོག་དང་ལུས་སེམས་ཀྱི་གདུང་བ་ཞེས་བཅོས་རོགས།
ཆིག་སྒྲིལ་སྙིང་སྟོབས་དང་།
གྲཊ་ཆེའི་དཔུང་ཤུགས་ཏེ།
རྒྱལ་ཁམས་ཀུན་ལ་འགྲན་པར་ནུས་པའི།
སྤུར་རྒྱལ་བཙན་པོ་རེ་རེའི་བྱས་རྗེས་རྣམས།
ངའི་དྲན་འཛིན་གྱི་མེ་ལོང་དུ་ཁྲ་ལེར་ཤར་བས། ཞེས་པ་ལྟར་བཙན་པོའི་བརྗིད་ཉམས་ཀྱིས་ཕྱོགས་བཞིར་རྨུག་སྒྲས་དབང་དུ་བསྡུས་ཤིང་། ལྷ་སྲས་དར་མས་བཙན་པོའི་མཚན་སྙན་ཆུ་ལ་བསྐྱུར། ཁོང་ལ་བྱས་རྗེས་བགྲང་རྒྱུ་མེད། དེང་སང་གི་གཞོན་རབས་ཁག་གཅིག་གིས་བཙན་པོའི་མཚན་སྙན་ལ་གནོད་པའི་ལྷ་སྲས་དར་མའི་རྗེས་སུ་འབྲངས་ཁུལ་བྱས། ངོ་མས་ངོ་གནོང་དགོས་པ་རེད།
ལ་དྭགས་བློ་བཟང་འཇམ་དཔལ་ནས། སྤྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༩ གི་ཆུ་ཚོད་ ༩ སྐར་མ་ ༤༩
སྤྱི་ལོ་བརྒྱ་རབས་བཅོ་ལྔ་པ་བར་བཀའ་བསྟན་གསུང་དག་ན་བདག་སྒྲ་ལ་པ་འདུག་གམ། བ་འདུག་བལྟ་དགོས།
༤༨༽ བྱམས་པ་ལྷུན་གྲུབ་ནས། སྤྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༩ གི་ཆུ་ཚོད་ ༡༣ སྐར་མ་ ༠༣
ཐོན་མི་གཉིས་པ་བློ་བཟང་འཇམ་དཔལ་ནས།།
སྤྱི་ལོའི་དུས་རབས་ཞེས་པ་ནག་བསུབ་ཀྱིས།།
སྤྱི་ལོའི་རྒྱལ་རབས་ཞེས་པའི་ཐ་སྙད་ཅིག།
གསར་གཏོད་བྱས་པ་ཀུན་གྱིས་ཤེས་པར་གྱིས།།
དང་པོ། བདག་གིས། སྤྱི་ལོ་བརྒྱ་རབས། ཞེས་བྲིས་པ་ལ་ཁྱེད་ཀྱིས། རྒྱལ་རབས། ཞེས་ལན་གཉིས་བྲིས་པ་དེ་དག་ལ་དཔགས་ན། སྤྱན་ཐང་ཐང་རང་མེད་པའི་བཟོ་འདྲ་འདུག དེ་འདྲ་ཡིན་ན། དགོངས་དག ང་ནི་བོད་ལུགས་ཀྱིས་ལོ་ངོ་བརྒྱད་ཅུར་སླེབས་ཀྱང་། ད་དུང་རྒན་ཡོལ་དུ་མ་་ཕྱིན་པར་བོད་རིག་གཞུང་ལ་ཞབས་ཏོག་ཞུས་དང་ཞུ་བཞིན་པའི་བྱིན་རླབས་ཀྱིས་ད་དུང་ལུས་སེམས་གཉིས་ཀ་རྣལ་དུ་གནས་པ་ཡིན།
དཀྱུས་ལ་འཇུག་པར་བྱ་སྟེ། དེ་ཡང་། ཛམ་གླིང་ཡུལ་ཚང་མའིསྐད་དུ། ལོ་བརྒྱ་ཡོད་པའི་མིང་ཚིག་ཡོད་པ་ལྟར་བོད་སྐད་དུ་ཡང་དེ་བཞིན་དགོས་པ་ལ་ཁོ་བོས། བརྒྱ་རབས། ཞེས་བཟོ་བསྐྲུན་བྱས།
རྒྱ་གར་སྐད་དུ། ཤ་ཏཱབྡཱི། ལོ་བརྒྱ་ཅན། ཞེས་པ་དང་། ཨིན་སྐད་དུ། century ཞེས་པ་འགའ་ཞིག་གིས་ལོ་བརྒྱ་ཕྲག་ཅེས་བསྒྱུར་ཀྱང་། དེ་ལས་བརྒྱ་རབས། ཞེས་པ་ལ་དོན་དག་ཚང་ཡོད་པ་ཞིག་ཏུ་མཐོང་། དུས་རབས། ཞེས་པ་རྒྱ་སྐད་ལས་བཟོས་པ་ཐོས། སུས་བཟོས་པ་ཡིན་མི་ཤེས་ཀྱང་། དེ་ལ་བརྒྱ་དངོས་སུ་འཐོན་པ་མེད་པའི་སྐྱོན་དུ་མཐོང་། སྒྲ་གཉིས་པ། རབས། ཞེས་པ་རིམ་པས་འབྱུང་བ་ལ་ཡོངས་གྲགས་ཏེ། མི་རབས། སྐྱེས་རབས། ཞེས་སོགས་ལྟ་བུ། དེ་བཞིན་དུ། ལོ་རབས་ཞེས་པ་ལ་ཡང་། ཁོ་བོས་བཅུ་རབས། ཞེས་བྱ། འདི་ལ་ཡང་ལེགས་སྦྱར་སྐད་དུ། ད་ཤ་ཀ་དང་། ཨིན་སྐད་དུ། decade སྐད་གཉིས་ཀ་ན། བཅུ་ཅན་ཞེས་པའི་དོན་ཡོད། ཁྱེད་ཀྱིས་གོ་རྒྱུ་འཕངས་པ་ལྟར་ཁོ་བོ་མཁས་པ་ཞིག་གང་ཡང་མ་ཡིན། འོན་ཀྱང་བོད་དང་། རྒྱ་གར་དང་། ཨ་རིའི་ཡུལ་བཅས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོ་རྣམས་སུ་མཁས་པ་མང་པོའི་ཞབས་ལ་གཏུགས་ཏེ། བོད་སྐད། ལེགས་སྦྱར། ཧིནྡ་སྐད། ཨིན་སྐད་བཅས་ལ་རྟག་སྦྱོར་དང་། གུས་སྦྱོར་གྱིས་སྦྱང་མྱོང་བ་ཞིག་ཡིན་ཀྱང་། ཁུངས་ཐུབ་ཚད་དང་ལྡན་པ་ཞིག་ནི་ཤེས་པར་དཀའ་སྟེ། འདི་ཙམ་ཤེས་པ་ལ་ཡང་དགའ་བ་སྐྱེད་དགོས་པར་སེམས་སོ།།
བློ་བཟང་འཇམ་དཔལ་ཁྱོད་ཀྱིས་(སྤྱི་ལོ་རྒྱལ་རབས་བཅོ་ལྔ་པ་)ཞེས་བྲིས་ཡོད་པ་ལས། (སྤྱི་ལོ་བརྒྱ་རབས་བཅོ་ལྔ་པ)ཞེས་པ་བྲིས་ཡོད་པ་ཁོ་བོས་ཕལ་ཆེར་མ་མཐོང་སྙམ། ཁྱོད་ཀྱིས་དེ་ངོ་མར་
བྲིས་ཡོད་མེད་ཡང་སྐྱར་ལྟ་ཕྱིར་ངས་ཁ་སྔོན་ཁྱོད་ཀྱི་མཆན་དེར་ལྟ་བར་འབད་ཀྱང་། མཆན་གྱི་དུས་ཡུན་རྫོགས་ཟིན་པས་ལྟ་རྒྱུ་རགས་མ་བྱུང་། ཅི་སྟེ་ངོ་མ་ཁྱོད་ཀྱིས་(སྤྱི་ལོ་བརྒྱ་རབས་བཅོ་
ལྔ་པ)ཞེས་བྲིས་ཡོད་པའི་ཁུངས་ལུང་གསལ་པོར་ར་སྤྲོད་ཐུབ་ན་ཁོ་བོས་དེ་ཁས་ལེན་ལོས་དགོས།
གང་ལྟར་ཁྱོད་ཀྱིས་(སྤྱི་ལོ་བརྒྱ་རབས་བཅོ་ལྔ་པ་)ཞེས་བྲིས་ཡོད་པའི་དབང་དུ་བཏང་ན་ཡང་།
དེས་ཁྱོད་ལ་རྙོག་དྲ་ཆེ་རུ་བཟོས་ཡོད་པ་ལས་ཆུང་དུ་ག་ལ་བཏང་ཡོད་དེ། ཉིན་ཤས་སྔོན་ཁྱོད་ཀྱིས་བོད་
ཀྱི་སྤྱི་ཚོགས་ཁྲོད་དུ་ཡོངས་གྲགས་སུ་བཀོལ་བཞིན་ཡོད་པའི་ཐ་སྙད་ཁག་ཅིག་སྟེ། ལྷ་ས་བ་དང་ཕྱི་རྒྱལ་
བ་སོགས་ལ་བདག་སྒྲའི་ཕྲད་བ་སྦྱར་ན་མི་འགྲིག་པར་པ་སྦྱོར་དགོས་ཚུལ་ཆེས་ནན་བཤད་བྱས་ཡོད་པ་
ཁྱོད་ཀྱིས་ད་ལྟ་ཡང་དྲན་གྱི་ལོས་ཡོད། ཁྱོད་ཀྱིས་དེ་ལྟར་བྲིས་ན་མི་འགྲིག་པའི་རྒྱུ་མཚན་ནི་སྔོན་གྱི་
བཀའ་བསྟན་སོགས་སུ་དེ་འདྲའི་རིགས་ལ་བདག་སྒྲའི་ཕྲད་པ་བྲིས་པ་ལས་བ་བྲིས་མེད་ལུགས་དང་། དེ་བཞིན་དགེ་ཆོས་ཀྱིས་ཀྱང་པ་བྲིས་པ་ལས་བ་བྲིས་མེད་པས་བ་བྲིས་ན་མི་འགྲིག་པའི་ཚུལ་ལུང་པ་གང་བཤད་ཡོད་མོད། འོན་ཀྱང་ད་རེ་ཁྱོད་རང་ཉིད་ཀྱིས་སྔོན་གྱི་བཀའ་བསྟན་དང་ད་ལྟའི་བོད་པའི་སྤྱི་ཚོགས་ཁྲོད་
གང་དུ་ཡང་གཏན་ནས་བཀོལ་སྲོལ་མེད་པའི་ཐ་སྙད་གསར་པ་( བརྒྱ་རབས་)ཟེར་བ་འདི་ཅིའི་ཕྱིར་
བཀོལ་ཆོག བོད་པས་བརྒྱ་ཕྲག་དང་བཅུ་ཕྲག་ཟེར་བ་དེ་འདྲ་འབྲི་སྲོལ་ཡོད་པ་ལས། ( བརྒྱ་རབས་)ཞེས་པ་དེ་འདྲ་འབྲི་བ་རྨི་ལམ་ལ་ཡང་བཏང་མྱོང་མེད། གལ་ཏེ་བརྒྱ་རབས་ཞེས་བཀོལ་ན་བོད་མི་ཚོས་དེ་རྣ་བས་གོ་སྐབས་རྒྱལ་རབས་ཟེར་བཞིན་
འདུག་བསམ་པ་ལས་བརྒྱ་རབས་ཟེར་བ་ཞིག་ཡིད་ལ་ག་ལ་འཆར་རམ། མི་གཞན་ལ་སྔོན་གྱི་བཀའ་
བསྟན་སོགས་སུ་བཀོལ་སྲོལ་མེད་པའི་ཐ་སྙད་འདྲ་མིན་བཀོལ་རྒྱུ་མེད་ལུགས་ལུང་པ་གང་བཤད་ནས།
སོ་སོས་སྔོན་དང་ད་ལྟའི་དུས་གང་ལ་ཡང་བོད་ཀྱི་བཀའ་བསྟན་དང་རྩོམ་རིགས་སོགས་གང་ལ་ཡང་ གཏན་ནས་བཀོལ་སྲོལ་མེད་པའི་ཐ་སྙད་གསར་པ་དེ། མི་མཁས་མཁས་མདོག་དང་། མི་འཇོན་འཇོན་མདོག་བྱས་ནས་བཀོལ་བ་དེ། ཁྱོད་རང་གིས་རང་ཉིད་ཀྱི་ཁས་ལེན་དང་རྫུན་རྐུབ་བརྟོལ་བ་མ་ཡིན་
ནམ།
བརྒྱ་ཕྲག་དང་བརྒྱ་རབས། བཅུ་ཕྲག་དང་བཅུ་རབས། ང་ནི་གསར་གཏོད་ལ་དགའ་པོ་ཡོད་པས་འདིར་ཡང་བསྐྱར་མཉམ་སྒྲིག་བྱས།
བྱམས་པ་ལྷུན་གྲུབ་ཟེར་བ་ཁྱོད་ང་རྒྱལ་ཆེ་བར་མ་ཟད་རྫུན་སྨྲ་བ་དང་། ཤེས་བྱའི་གནས་ལུགས་ལ་རྨོངས་པ་ཞིག་པས། ཁོ་བོ་ཅག་འདི་ལྟ་བུ་དང་ལྷན་ཅིག་གཏམ་སྨྲ་བར་མི་བྱེད། གོང་གི་འདྲ་བཤུས་བདག་གིས་བྲིས་པ་དང་། ཁྱོད་ཀྱིས་བྲིས་པ་ཇི་ལྟ་བ་བཞིན་བཤུས་པ་ལས་བཟོ་བཅོས་ཏིལ་འབྲུ་ཙམ་ཡང་བྱས་མེད། སྔོན་གྱི་རྩོམ་ཡིག་དག་ལྟ་སྟངས་མ་ཤེས་ན། ད་ལྟའི་རྩོམ་ཡིག་རྣམས་ཀྱི་མཇུག་ན། སྔོན་གྱི་རྩོམ་ཡིག་ཁག ཅེས་ཡོད་པ་དེར་མནན་ན། ཟླ་བ་མང་པོའི་རྩོམ་ཡིག་རྣམས་བལྟ་ཐུབ། ཁྱོད་ཀྱིས་དེ་ལྟར་མི་ཐུབ་ན་གནས་ལུགས་ལ་རྟོག་དཔྱོད་བྱེད་པ་ཉམས་པའི་རྟགས་སུ་གོ་བར་གྱིས་ཤིག
བརྒྱ་ཕྲག་དང་བརྒྱ་རབས།
བཅུ་ཕྲག་དང་བཅུ་རབས།
ཡང་།
དུས་རབས་བརྒྱ་པ་དང་དུས་རབས་བཅུ་པ།
མི་གཞན་ལ་སྔོན་གྱི་འབྲི་སྲོལ་མེད་པ་དེ་འདྲ་བྲི་རྒྱུ་མེད་ལུགས་བཤད་ཅིང་། རང་གིས་སྔོན་དང་ད་ལྟ་གང་ལ་ཡང་འབྲི་སྲོལ་མེད་པའི་ཐ་སྙད་ཅིག་བཀོལ་བ་འདི་ནི་ཆེས་ཁ་དོན་ཚིག་ལ་མི་གནས་པའི་གཏམ་གཅིག་་མ་ཡིན་ནམ།
གསར་གཏོད་ཡིན་ཚད་གལ་གནད་མིན།།
ལེགས་བཤད་ཡོད་ན་གནད་ཆེ་ལས།།
ཕན་པ་བས་ཀྱང་གནོད་ཆེ་བའི།།
གསར་གཏོད་དེ་ནི་དགོས་མེད་ཡིན།།