ངས་པོ་རྒྱལ་མཚན།
༸གོང་ས་མཆོག་གིས་ཐུགས་རེ་ཆེན་པོས་ཐད་སྐོས་སྤྱི་འཐུས་ལ་བསྐོས་བཞག་གནང་མྱོང་ལ་བཙན་བྱོལ་སྤྱི་ཚོགས་ནང་ལས་དོན་དངོས་སུ་འབུར་ཐོན་གྱི་མཛད་རྗེས་ཡོད་པའི་བྱས་པ་ཅན་གྱི་མི་སྣ་དག་ལ་དྲ་རྒྱའི་ནང་དུ་རྩོམ་འཆལ་མང་པོ་སྤེལ་གྱིན་འདུག་པར་ང་ཚོ་བོད་མི་རིགས་ཆེད་ལ་རྒྱ་དང་དྲིན་གཟོ་ཤེས་པ་རྣམས་ནས་དེ་དག་རྒྱ་ཡན་དུ་འཇོག་ཐབས་བྲལ། དཔེར་ན་བང་ཆེན་དྲ་རྒྱའི་ཟིན་བྲིས་པ་སྟག་རྒོད་ཟེར་བ་སོགས་ཀྱིས་སྐུ་ངོ་ཟླ་བ་ཚེ་རིང་སྐོར་ལ་འཆལ་གཏམ་ཐེངས་མང་པོ་སྤེལ་སོང་། དེའི་ནང་ནས་དཔེ་ཞིག་དྲངས་ན་སྟག་རྒོད་ཟེར་བས་“ཇག་དཔོན་ཟླ་བ་ཚེ་རིང་། སྔོན་མ་ཐད་བསྐོས་སྤྱི་འཐུས་དང་། དེ་ནས་དབུས་གཙང་སྤྱི་འཐུས་གྱུར་ཏེ་ད་ལྟའི་གྲོས་ཚོགས་ནང་མགོ་འཕང་མཐོ་མཐོ་འགྲོ་གི་ཡོད། འོན་ཀྱང་ཁོས་རྡ་སའི་མི་མང་གི་ས་ཁང་སྒེར་བདག་བྱས”ཞེས་བྱས་རྗེས་ཅན་གྱི་སྐུ་ངོ་ཟླ་བ་ཚེ་རིང་ལགས་ཀྱི་མཚན་མཐོང་ལ་སྨ་འབེབས་འདི་འདྲ་བྱེད་ཀྱིན་འདུག ཀློག་པ་པོ་ལགས་༸གོང་ས་མཆོག་གིས་གདེང་ཕྱོགས་ཆེན་པོས་ཐད་བསྐོས་སྤྱི་འཐུས་ལ་བསྐོ་བཞག་གནང་མྱོང་ཞིང་རྡ་སར་ཉམ་ཆུང་ནུས་མེད་ཀྱི་རོགས་མགོན་དུ་རྟག་ཏུ་བརྩོན་བཞིན་པའི་བཙན་བྱོལ་ནང་གི་བྱས་པ་ཅན་གྱི་མི་སྣ་ཞིག་ལ་ཇག་པ་རེད་ཅེས་པའི་ཚིག་དུམ་དེ་ཚོ་ནི། ཕྲག་དོག་དང་ཕྱོགས་རིས་ཀྱིས་གློ་སྙིང་བྲང་གསུམ་གཡོན་ཐལ་དུ་སོང་ཞིང་རྒྱ་ཇག་གི་སྒོར་མོས་མིག་སྒྲིབ་སྟེ་དགྲ་བོ་རྒྱ་དམར་གྱི་འདོད་དོན་སྒྲུབ་པར་འགན་འཁུར་བླངས་ཏེ་བོད་མིའི་ནང་ཁུལ་དཀྲུག་ཤིང་རྒྱག་པའི་གཡོ་ཇུས་ལག་ལེན་བསྟར་བ་ཞིག་ཡིན་པ་ལས་བོད་མི་རིགས་ཀྱི་ལས་དབང་ལ་གདུང་ཞེན་ཡོད་པའི་མི་ཞིག་གིས་ངག་ནས་དེ་ལྟར་ཐོན་སྲིད་དམ།
༸གོང་ས་མཆོག་གིས་“ལོ་རབས་བརྒྱད་ཅུ་པའི་ནང་འདི་ཁུལ་གྱི་བོད་མི་མང་ཚོགས་མང་ཆེ་བ་ཚོང་ལས་སམ། ཡང་རུམ་འཐག་ལག་རྩལ་ལ་བརྟེན་ནས་སྒྲིག་འཛུགས་ཤིག་གི་ཁོངས་སུ་འཚོ་བ་སྐྱེལ་བཞིན་ཡོད། རིམ་པས་ཕྲུ་གུ་སྐྱེས་འཕེལ་གྱིས་ལས་ཀ་དང་ཕྲུ་གུ་ལྟ་སྐྱོང་མཉམ་དུ་ཡོང་ཐབས་མེད་པར་ཕ་མ་དང་ཕྲུ་གུ་གཉིས་ཀར་དཀའ་ངལ་འཕྲད་པའི་ཁྱིམ་ཚང་ཇེ་མང་དུ་འགྲོ་བ་ནི་སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་ཤིག་ཡིན། དེ་འདྲའི་དུས་སྐབས་སུ་བོད་ཀྱི་གཞོན་ནུའི་དབུས་རྒྱུན་ལས་ཁང་གི་ཡིག་སྐྱེལ་དང་གད་པ་ལྷག་བསམ་སྙིང་སྟོབས་ཅན་ཟླ་བ་ཚེ་རིང་ནས་ངལ་བ་དང་དུ་བླངས་ཏེ་འབྲེལ་ཡོད་ཚང་མར་གནས་ལུགས་གསལ་བརྗོད་ཀྱིས་དཀའ་ངལ་སེལ་རྒྱུའི་ཐབས་ཤེས་གང་ཡོང་བྱས”ཞེས་འཕགས་མཆོག་ཕྱག་ན་པདྨོའི་གསུང་དྲོན་མོས་བཙན་བྱོལ་བོད་མི་ཆེས་ཉག་ཕྲའི་དུས་སྐབས་དེར་ཤེས་འཇོན་ལྷག་གསུམ་ལྡན་པའི་སྐུ་ངོ་ཟླ་བ་ཚེ་རིང་ལགས་ཀྱིས་མི་དམངས་ལ་ཞབས་འདེབས་སྒྲུབ་པར་བསྔགས་བརྗོད་འདི་འདྲ་གནང་མྱོང་ལ། དེང་གི་ཆར་ཡང་གྲོགས་མེད་ཉམ་ཆུང་རིགས་ལ་ལྟ་སྐྱོང་མིག་མཐོང་ལག་ཟིན་དུ་གནང་བཞིན་པར་གཟུར་གནས་རྣམས་ཀྱི་མིག་ངར་མངོན་བཞིན་པ་ནི་ཁྱེད་རང་གིས་ཀྱང་ཕྱོགས་ལྷུང་གི་མིག་ནད་སྤང་ན་མཐོང་ངེས་ཡིན། ངོ་མ་ཁྱེད་ཚོ་ཕྱོགས་སུ་མ་ལྷུང་བའི་སྤྱི་ཚོགས་དཔྱད་བརྗོད་པ་ཞིག་ཡིན་ན་ངེད་ཚོས་ཀྱང་ཁྱེད་ལ་རྒྱབ་སྐྱོར་བྱེད་ངེས་རེད། ད་ལྟ་ང་ཅག་བཙན་བྱོལ་ནང་དེ་རིགས་དཀོན་དྲགས་པ་མ་གཏོགས་མང་རྩ་བ་ནས་དྲགས་མེད། མི་རིགས་ཀྱི་ལས་དབང་ལ་འགན་འཁུར་ཡོད་པའི་དཔྱད་པ་ཞིག་ཡིན་ཕྱིན་སྤྱི་ཚོགས་ཀྱི་ནོར་འཁྲུལ་ཁྱོན་ཡོངས་ནས་ཡོ་བསྲང་གཏོང་ཆེད་དུ་རྩོམ་ཡིག་སྤེལ་དགོས། དེ་ལྟར་མི་སྤེལ་བར་འཁོན་ནད་ལྟ་བུས་གང་ཟག་སྒེར་བ་གཅིག་ཁོ་ནའི་སྟེང་ལ་རྩོམ་ཡིག་སྤེལ་བ་དེ་སྤྱི་ཚོགས་ཀྱི་ནོར་འཁྲུལ་ཡོ་བསྲང་གཏོང་རྒྱུར་འགན་འཁུར་ཅན་གྱི་བསམ་བློ་མ་ཡིན་པར་དམིགས་ཡུལ་ངེས་ཅན་ཡོད་པའི་རྩོམ་ཞིག་ཏུ་མངོན་གྱི་མི་འདུག་གམ།
སྟག་རྒོད་ཟེར་བ་སོགས་ལ་དྲི་བ། ཁྱེད་ཚོ་ཡོངས་གླིང་སློབ་གྲྭ་མ་གཏོགས་དེ་མིན་བོད་གཞུང་ཆོས་དོན་ལས་ཁུངས་ཀྱི་ཡན་ལག་ཡིན་ཀྱང་། སྒེར་བདག་ཏུ་འགྱུར་ཟིན་པའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ལ་སོགས་པའི་སྐོར་ལ་ཚིག་གཅིག་ཀྱང་མི་གླེང་བར་ཁ་ལྡང་ཚད་དང་ལག་འགུལ་ཚད་ཡོངས་གླིང་་་་་་ཡོངས་གླིང་་་་་་ཞེས་ཡོངས་གླིང་ཁོ་ན་མ་གཏོགས་མི་མཐོང་བའི་རྒྱུ་མཚན་གང་ཡིན་ནམ།
གུས་པའི་ངོས་ནས་བརྗོད་ན། ད་ལྟ་ཚོགས་པ་དེ་སུས་ཟིན་དང་མ་ཟིན་བལྟ་རྒྱུ་དེ་གལ་ཆེན་པོ་རྩི་ཡི་མེད། གཙོ་བོ་ཚོགས་སྡེ་དེས་སྤྱི་ཚོགས་སྟེང་ལ་ཕན་ཐོགས་ཡོད་མེད་བལྟ་རྒྱུ་དེ་གལ་ཆེར་ངོས་འཛིན་ཞུ་ཡི་ཡོད། དཔེར་ན་ནོར་གླིང་ལ་མཚོན་ན། འཚེམ་ཁང་སྡེ་ཚན་དང་། ལྷ་བཟོ་སྡེ་ཚན། ཤིང་བརྐོས་སྡེ་ཚན། ལྷ་བྲིས་སྡེ་ཚན། མཐོ་སློབ་སྡེ་ཚན་ལ་སོགས་པས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཐད་ལ་བྱས་རྗེས་རླབས་ཆེན་བཞག་ཡོད། དེར་མ་ཟད་རྒྱ་གར་སོགས་ལ་སྤུན་མཆེད་གཏན་ནས་མེད་པའི་གསོག་སྒར་ནས་ཐོན་པའི་སློབ་ཟུར་མང་པོ་དང་དེ་མིན་བཙན་བྱོལ་ནང་གི་ན་གཞོན་ལས་མེད་མང་པོ་ཞིག་ལ་ལས་རིགས་འདྲ་མིན་གྱི་ཐོག་ལ་ལས་ཀ་བྱ་རྒྱུའི་གོ་སྐབས་བསྐྲུན་ཏེ་ཁོང་ཚོའི་འཚོ་བའི་དཀའ་ངལ་ཡང་སེལ་ཡོད། དཔེ་དེ་ག་ནང་བཞིན་ཡོངས་གླིང་སློབ་གྲྭར་མཚོན་ན། གསོག་སྒར་སློབ་གྲྭ་ནས་ཐོན་པའི་རྒྱ་གར་སོགས་ལ་སྤུན་མཆེད་གང་ཡང་མེད་མཁན་ཉམ་ཐག་གསར་འབྱོར་བ་ལས་མེད་མང་པོ་ཞིག་འགྲོ་སའི་ལས་མེད་ཚོགས་པ་ཞེས་པ་གསར་དུ་བཙུགས་ནས་གསར་འབྱོར་བ་མང་པོའི་འཚོ་བའི་དཀའ་ངལ་སེལ་བ་མ་ཟད། བོད་ནས་གསར་དུ་སླེབས་པའི་བཙུན་མ་ལོ་ན་ཅུང་མཐོ་བ་ཚོ། ནང་ཆོས་སློབ་གཉེར་བྱ་འདོད་ཡོད་ཀྱང་འདི་གའི་བཙུན་དགོན་དག་ལ་མི་ཚུད་པར། ད་ཆ་འགྲོ་ས་སྡོད་ས་མེད་པར་འ་ཆད་འུ་ཐུགས་སུ་གྱུར་བའི་བཙུན་མ་བཅུ་ཕྲག་ཁ་ཤས་ཤིག་ལ་རང་ཉིད་ཀྱི་ནང་ཆོས་སློབ་གཉེར་བྱ་སའི་ཁང་པ་ཟུར་དུ་གཡར་ནས་ཁོང་ཚོར་ཟླ་རེའི་འགྲོ་གྲོན་ཡང་སྐུ་ངོ་ལགས་ཀྱིས་གནང་ནས་ཁོང་ཚོའི་དཀའ་ངལ་སེལ་ཡོད། ད་ཡོད་དེར་བཙུན་མ་བཅོ་ལྔ་ལྷག་ཡོད། སྤྱི་ལོ་བརྒྱད་ཅུ་གྱ་བཞི་ལོར་ཡོངས་གླིང་སྔོན་འགྲོའི་སློབ་གྲྭ་བཙུགས་ཏེ་དྷ་སའི་ཉེ་འཁོར་གྱི་ཕ་མ་འཚོ་སྡོད་ལ་དཀའ་ངལ་ཅན། བཟའ་ཚང་བྲལ་བའི་ཕྲུ་གུ་ལོ་གཅིག་དང་དེ་མིན་ཕ་མ་གཉིས་ཀ་ཡོད་པའི་ཕྲུ་གུ་ལོ་ན་གཉིས་ནས་བདུན་བརྒྱད་བར་ཡོངས་གླིང་སྔོན་འགྲོའི་སློབ་གྲྭར་ཉར་ནས་ད་ལྟ་བར་ད་ཕྲུ་གུ་སྟོང་ཕྲག་བརྒལ་བར་སློབ་སྦྱོང་སྤྲད་ཡོད། ཡོངས་གླིང་སྔོན་འགྲོའི་སློབ་གྲྭ་ནས་སློབ་སྦྱོང་གནང་མྱོང་མཁན་ད་ལྟ་རང་གཞུང་གི་སྒྲིག་འཛུགས་ཁག་གི་ནང་ལ་ལས་ཀ་བྱེད་མཁན་མང་པོ་བྱུང་ཡོད།
ད་ཡོད་ཕྲུ་གུ་ ༢༥༠ ལྷག་ལ་འདི་ནས་སློབ་སྦྱོང་སྤྲད་དང་སྤྲོད་མུས་ཡིན། དེས་ཕ་མ་མང་པོའི་དཀའ་ངལ་ཡང་སེལ་བ་མ་ཟད་བཙན་བྱོལ་སྤྱི་ཚོགས་ཀྱི་འཁུར་པོ་ཡང་དུ་བཏང་ཡོད།ད་དུང་དགུན་ཁར་ཡང་ཕ་མ་རྦ་ལེན་༼བལ་གོས།༽ཚོང་དུ་འགྲོ་མཁན་གྱི་ཕྲུ་གུ་མང་པོ་ཞིག་དེ་གར་ཉར་ཏེ་ཕ་མ་མང་པོ་ཞིག་གིས་དཀའ་ངལ་ཡང་སེལ་བཞིན་ཡོད་པ་རྡ་སའི་ཕ་མ་རྣམས་ལ་དྲིས་པས་ཆོག ༸གོང་ས་མཆོག་གི་དགོངས་གཞི་ལྟར་ཡིག་རྨོངས་སེལ་བྱེད་ཀྱི་མཚན་མོའི་འཛིན་གྲྭ་བོད་ཡིག་དང་དབྱིན་ཡིག་གཉིས་ཀར་སྦྱོང་ས་ཞིག་ཀྱང་བཙུགས་ཏེ།རིན་མེད་ཐོག་སློབ་སྦྱོང་སྤྲད་དང་སྤྲོད་མུས་རེད་འདུག དེ་ལྟ་བུའི་རང་རེའི་སྤྱི་ཚོགས་སྟེང་གི་མི་མང་གི་དཀའ་ངལ་རང་གཞུང་གི་སྡེ་ཚན་ཁག་ནས་སེལ་མི་ཐུབ་པ་མང་པོ་ཞིག་ཁོང་གིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་སེལ་ཡོད། ང་ཚོས་ཁོང་གི་རླབས་ཆེན་བྱ་བཞག་དེ་དག་གི་ཟུར་ཙམ་ཡང་མི་གླེང་བར་སྐྱོན་ཁོ་ན་གླེང་ན། དཔེར་ན་མི་ཞིག་གིས་བྱ་བཞག་བརྒྱ་ཆ་ཡི་ནང་ནས་དགུ་བཅུ་གོ་དགུ་འགྲིག་པ་དེ་མི་གླེང་བར་ནོར་བ་གཅིག་པོ་དེ་ཡང་ཡང་ཡར་འཕྱར་བ་དེ་གནས་ལུགས་རྒྱུ་མཚན་ཡོད་པའི་གཏམ་ཞིག་ཨེ་རེད།
སྤྱིར་བཏང་མི་ལ་སྐྱོན་མེད་པ་དང་། ཤིང་ལ་འཛེར་བ་མེད་པ་མི་སྲིད་ཅེས་པ་ལྟར་མི་ཞིག་གིས་བྱ་བཞག་སྒྲུབ་པའི་བརྒྱུད་རིམ་ནང་སྐྱོན་དང་ནོར་འཁྲུལ་གཉིས་ཡོད་སྲིད་ཀྱང་། གཙོ་བོ་མི་དེས་སྒྲུབ་པའི་བྱ་བཞག་གིས་སྤྱི་ཚོགས་ལ་ཕན་ཐོགས་ཡོད་མེད་ལྟ་རྒྱུ་དེ་གལ་ཆེར་མཐོང་། མའོ་ཡི་རིག་གནས་གསར་བརྗེའི་སྐབས་སུ་ནོར་འཁྲུལ་ཚབས་ཆེན་ཤོར་ཡོད་ན་ཡང་།ཏིང་གིས་“བློ་མཐུན་མའོ་ཙི་ཏུང་ལ་ནོར་འཁྲུལ་ཡོད་པའི་ཆ་ནས་ཁོང་གི་མཛད་རྗེས་ཁས་ལེན་མི་བྱེད་པ་དེ་དངོས་ཐོག་བདེན་འཚོལ་གྱི་ལྟ་བ་ཞིག་མིན་ལ། ཁོང་ལ་མཛད་རྗེས་ཡོད་པའི་ཆ་ནས་ཁོང་གི་ནོར་ཁོང་གི་ནོར་འཁྲུལ་ཁས་ལེན་མི་བྱེད་པ་དེ་ཡང་དངོས་ཐོག་བདེན་འཚོལ་གྱི་ལྟ་བ་ཞིག་མིན། ཁོང་གི་མཛད་རྗེས་དང་ནོར་འཁྲུལ་བསྡུར་བ་བྱས་ཚེ། མཛད་རྗེས་ནི་ཨང་དང་པོ་དང་ནོར་འཁྲུལ་ནི་ཨང་གཉིས་པ་ཡིན་པས། ཀྲུང་གོའི་མི་དམངས་ཀྱིས་ཁོང་ལ་སྔར་བཞིན་བརྩི་བཀུར་བྱ་རྒྱུར་ཐེ་ཚོམ་མེད།” ཅེས་ཏིང་ཁོ་རང་མའོ་ཡིས་གོ་གནས་ཐེངས་གསུམ་ཙམ་མར་ཕབ་པ་མ་ཟད་ཐ་ན་བཙོན་ཁང་དུ་བཅུག་པ་སོགས་རང་སྒེར་གྱི་འཁོན་ནད་རྒྱབ་ཏུ་བསྐྱུར་ཏེ་རྒྱ་ནག་རྒྱལ་ཁབ་ཀྱི་དོན་དུ་མའོ་ལ་འཇུག་བསྡོམས་འདི་ལྟར་བརྒྱབས་ཡོད། ང་ཚོས་ཀྱང་མི་ཞིག་དགེ་གི་སྐྱོན་ལ་ཚད་འཇལ་དུས། དེའི་བྱས་རྗེས་དང་ནོར་འཁྲུལ་གཉིས་ལ་ཞིབ་བསྡུར་བྱས་ཏེ་བྱ་ལས་གང་མང་བ་དེར་ངོས་འཛིན་བྱ་དགོས་སྙམ།
རེ་ཡ་ངོ་མ་ཁྱེད་ཚོར་གནས་ལུགས་དང་རྒྱུ་མཚན་བཤད་རྒྱུ་ཡོད་ན་མདུན་ལ་ཐོན་ནས་གཅིག་དང་གཉིས་བྱས་ནས་སྐད་ཆ་ཤོད་དང་། གུས་པས་ཁྱེད་ཚོ་ཕོ་ཁྱོ་ག་གཅིན་པ་ལངས་ནས་གཏོང་མཁན་ཞིག་ལ་བརྩི་ཆོག དེ་མིན་སྨྱུག་མིང་ངམ་མིང་རྫུན་འོག་ལ་ཡིབ་ནས་མི་རིགས་ཀྱི་འགན་འཁྲིའི་འདུ་ཤེས་སྤུ་ཙམ་མེད་པར་ཕན་ཚུན་ཕུ་དཀྲུག་མདའ་དཀྲུག་གི་མཚམས་ཚིགས་མེད་པར་བྱུང་རྒྱལ་དུ་སྨྲ་བ་ནི་ད་ལྟའི་བོད་ཀྱི་གནས་སྟངས་ལ་གཞིགས་ན་ཡིད་སྐྱོ་དགོས་པ་ཞིག་རང་རེད།
རང་ཅག་སྨྱུ་གུ་འཛིན་པ་ཚོས། སྨྱུག་ཁ་དེ་བོད་ནང་གི་གནས་སྟངས་དམྱལ་བ་མི་ཡུལ་དུ་ཕོད་པ་ལྟར་གྱི་སྡུག་བསྔལ་རྒྱ་མཚོའི་ནང་ནས་བོད་ཀྱི་བསྟན་སྲིད་དོན་དུ་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་དམིགས་ཡུལ་དང་མཐུན་པར་རྒྱལ་གཅེས་འཐབ་རྩོད་ཀྱི་ཆེད་དུ་བེད་སྤྱོད་མི་བཏང་བར། ལག་ནས་བྲིས་ཚད་ནང་འཛིང་དང་ཁ་ནས་བཤད་ཚད་ཆོས་དང་ཆོལ་ཁའི་ཕྱོགས་ཞེན་གྱིས་བཙན་བྱོལ་སྤྱི་ཚོགས་འདི་ཉིད་གཏོར་བཤིག་གི་བྱ་འགུལ་དུ་སོང་ན། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་གཞིས་བཞུགས་སྤུན་ཟླ་རྣམ་པར་ངོ་གནོང་སྐྱེས་དགོས་པ་ཞིག་མ་རེད་དམ།
ང་ཡང་དང་པོ་ཟླ་བ་ཚེ་རིང་ལགས་མི་ཡག་པོ་ཞིག་རེད་ཅེས་གོ་མྱོང་། རྗེས་མ། ཁ་བརྡ་དང་ཚགས་ཤོག་གཞན་གྱི་ཟིན་བྲིས་སྟེང་འདྲ་མ་འདྲ་གོ་ཡོང་སྐབས། དྭོགས་གཞི་མང་པོ་འཕེལ་ནས། ཁོང་ལ་ལྟ་སྟངས་འགྱུར་སོང་། དེ་བཞིན་སྔོན་མ་རྒྱལ་བ་ཀརྨ་པར་དད་གུས་ཆེན་པོ་ཡོད། དེ་ནས་ཁ་བརྡའི་ནང་ལ་རྒྱལ་བ་ཀརྨ་པར་སྐྱོན་བརྗོད་འདྲ་མིན་ཞུས་པ་དེ་དག་བདེན་པ་ཡིན་མིན་རྟོགས་ཁག་པོ་འདུག། ང་ཚོར་རྩད་གཅོད་བྱེད་པའི་འཇོན་ཐང་དང་ནུས་པ་མེད། གཞན་གྱི་བཤད་རྒྱུ་ནི་མང་པོ་འདུག། དེར་བརྟེན། འོ་ད་རྒྱལ་བ་ཀརྨ་པར་ཡང་མི་དགའ་མཁན་མི་མང་པོ་འདུག་བསམ་པའི་འཆར་སྒོ་བསླེབས། དེ་ནས། རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་ལ་ཡང་བར་སྐབས་ཤིག་ལ་སྐྱོན་བརྗོད་མང་པོ་བྱས་ནས་ད་ཁོང་ལ་ཡང་དྭོགས་པ་བསླེབས་ཡོང་གི་འདུག། དེ་ནས་བར་སྐབས་ཤིག་ལ། གུ་རུ་རིན་པོ་ཆེ་པད་མ་འབྱུང་གནས་ལ་སྐྱོན་བརྗོད་མང་པོ་བསླེབས་སོང་། མ་རེད་ཟེར་ཡག་མིན་འདུག། ཚང་མ་མཁས་པ་ཤ་སྟག་ཡིན་སྟབས། གཅིག་གི་རིགས་པ་ལས་རིགས་ཚ་བ་ཤ་སྟག་བཏང་ཡོང་དུས། གུ་རུ་རིན་པོ་ཆེ་ལ་ཡང་སྐྱོན་མཐོང་ཡོང་གི་འདུག། དེ་ནས་བར་ལམ། རྒྱལ་བ་རི་པོ་ཆེས་བོད་གཞུང་སྒོ་བརྒྱབ་སོང་ཟེར་བའི་རྩོམ་ཡིག་འགའ་ཤས་དང་དེ་དག་ལ་རིགས་པ་གཅིག་ལས་གཅིག་ཟབ་པ་ཤ་སྟག་བཏང་ཡོང་དུས། མ་རེད་ཟེར་ཡག་མེད་པ་ཤ་སྟག་རེད། འདི་འདྲའི་ངང་ནས། ང་ལ་སྔོན་མ་ཡོད་པའི་མི་རིགས་ཀྱི་ཤ་བཞེན་འདི་དང་། བོད་ཀྱི་མེས་པོ་རྣམས་ལ་བཅངས་པའི་དད་གུས་དང་གདུང་བཞེན་དེ་རིམ་བཞིན་ཇེ་ཆུང་འགྲོ་གི་འདུག
ད་ཁ་བརྡ་དང་བོད་པའི་དྲ་རྒྱ་གཞན་པ་རྣམས་ལ་རྒྱ་གུང་ཁྲན་དང་དེའི་ལངས་ཕྱོགས་ལ་རྩོད་པ་ཡག་མཁན་ཤིན་དུ་ཉུང་། དེ་ཡང་རྒྱ་མི་ལ་བཞར་ལ་ཁེ་བཟང་ཞིག་ཐོབ་ཀྱི་མེད་འགྲོ་སྙམས།
དོན་རྡོག་རྡོག་འདི་རྒྱ་གུང་ཁྲན་གྱི་ལུས་ངག་ཡིད་གསུམ་ལ་བོད་ཀྱི་ས་འདི་ཁོང་ཚོའི་ཡིན། བོད་ཀྱི་ས་ཆུ་མེ་རླུང་འདི་ཁོང་ཚོར་བདག་ཟིན་པ་ཡིན། དེའི་སྟེང་ལ་སྡོད་མཁན་བོད་པ་འདི་དག་ཁོང་ཚོར་དགོས་པ་མིན་འདུག། དེ་དག་སྔ་ཙམ་འཇིག་རྟེན་ཕ་རོལ་ལ་འབུད་ཐུབ་ན་བསམས་པའི་མ་གྲོས་གཅིག་མཐུན་གྱི་བསམ་བློ་བཅངས་ནས་བོད་མི་ཚོར་སྡུག་གཅོད་གཏོང་གི་འདུག། དེ་ལ་ད་བར་འཇམ་དབྱངས་ནོར་བུ་ཁ་གསལ་པོའི་ཐོག་ནས་རྒྱ་གཞུང་ལ་ཁ་གཏད་བཅག་མ་སོང་། ལྷ་བཟང་ཚེ་རིང་གིས་ཀྱང་རྒྱ་གཞུང་གིས་སྤེལ་བའི་སྤྱོད་ངན་འདི་ཚོར་རྩོམ་ཡིག་བྲིས་པ་མཐོང་ཡས་མིན་འདུག། དེ་བཞིན་སྨྱུག་མིང་ཐོག་པའི་བོད་པའི་དཔའ་བོ་དེ་ཚོས་རྒྱ་གཞུང་སྐོར་མ་འགྲིག་མ་རུང་ཤོད་སྐབས། གཡོལ་གྱི་འདུག།
ད་བོད་གཞུང་དང་བོད་ཀྱི་དབུ་ཁྲིད་བློ་བཟང་སེང་གེ་སོགས་ལ་འཕྲད་དུས། ངར་པོ་འདུག། གྱོང་པོ་འདུག། དཔའ་ངོམས་ཆེན་པོ་འདུག། ད་དུང་ཁོང་ཁྲོ་ཡང་ཆེན་པོ་ལངས་ཐུབ་ཀྱི་འདུག
གོང་གི་གནད་དོན་འདི་རྣམས་ཀྱི་རྒྱུ་གཙོ་བོ་འདི་གང་ཡིན་ནམ། རང་རིགས་ལ་སྡང་བའི་མེ་ལྕེ་དེ་གང་ནས་ཡོང་། དགྲ་ལ་གུས་གུས་ཞུམ་ཞུམ་བྱེད་པའི་སྙོམ་ཆུང་གི་བསམ་པ་འདི་གང་ནས་སྐྱེས།
རྒྱལ་མཚན་ལགས། ཐུགས་རྗེ་ཆེ། རྩོམ་ཡིག་ཡག་པོ་ཞིག་སྤེལ་འདུག འོན་ཀྱང་དེང་སང་སྐུ་ངོ་ཟླ་ཚེ་ལྟ་བུར་ཇག་པ་ཞེས་ལབ་པར་ཧ་ལས་དགོས་དོན་མེད་པའི་ཚད་དུ་བསླེབས་ཚར་འདུག རིག་འཚོ་མི་ཟིན་པའམ་གདོན་གྱིས་མྱོས་པ་ཇི་ལྟར་ཡང་མི་མང་པོ་ཞིག་གིས་༧གོང་ས་མཆོག་ལའང་སྐྱོན་འཛུགས་བྱེད་ཀྱི་འདུག ངོ་མ་ད་ཡིན་ན། སྐུ་ཕྲེང་བཅུ་གསུམ་པའི་སྐབས་ཀྱི་མཛད་འཆར་ཁག་ལ་སྐབས་དེར་བར་ཆད་བྱུང་བ་ནང་བཞིན་ད་ལྟའི་༧སྐུ་ཕྲེང་འདིའི་མཛད་བཟང་ལའང་བཀག་རྡོ་བཟོ་བཞིན་འདུག དྲང་པོར་བཤད་ན། བོད་པའི་དྲ་བའི་སྤྱི་ཚོགས་འདི་ཆ་འཕྲིན་སྤེལ་ཡུལ་དང་བསམ་ཚུལ་རྗེ་ཡུལ་གྱི་ཁོར་ཡུག་ཞིག་གི་ཚབ་ཏུ་རང་གཞུང་དང་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་ས་ལྟ་བུ་ཆག་གྲབས་བྱེད་ཀྱི་འདུག་ག
ཁོ་བོའི་བསམ་པ་ནི་དགྲ་བོའི་བཏང་བའི་ནད་འབུ་ཐམས་ཅད་གྲྭ་ལམ་དུ་ཡོད་པར་ཐག་བཅད་ཆོག་པའི་སྐབས་ཐོག་ལས་སྣེ་རྣམས་གྱི་སེམས་ཤུགས་ཆགས་པ་དང་༧གོང་ས་མཆོག་གི་མཚོན་པའི་གནད་ཡོད་རྣམས་ལ་ཁ་གཏོང་བ་སོགས་གྲྭ་བདག་གི་བཀག་རོག་ཞེས་འབོད་སྐུལ་ཞུ། གང་ཡིན་ཞེ་ན་དེ་ནི་དགྲ་བོའི་སྤེལ་བའི་བྱ་བ་ཞིག་ཡིན་པས་སོ།
༼ ཀློག་པ་པོ་ལགས་༸གོང་ས་མཆོག་གིས་གདེང་ཕྱོགས་ཆེན་པོས་ཐད་བསྐོས་སྤྱི་འཐུས་ལ་བསྐོ་བཞག་གནང་མྱོང་ཞིང་རྡ་སར་ཉམ་ཆུང་ནུས་མེད་ཀྱི་རོགས་མགོན་དུ་རྟག་ཏུ་བརྩོན་བཞིན་པའི་བཙན་བྱོལ་ནང་གི་བྱས་པ་ཅན་གྱི་མི་སྣ་ཞིག་ལ་ཇག་པ་རེད་ཅེས་པའི་ཚིག་དུམ་དེ་ཚོ་ནི། ཕྲག་དོག་དང་ཕྱོགས་རིས་ཀྱིས་གློ་སྙིང་བྲང་གསུམ་གཡོན་ཐལ་དུ་སོང་ཞིང་རྒྱ་ཇག་གི་སྒོར་མོས་མིག་སྒྲིབ་སྟེ་དགྲ་བོ་རྒྱ་དམར་གྱི་འདོད་དོན་སྒྲུབ་པར་འགན་འཁུར་བླངས་ཏེ་བོད་མིའི་ནང་ཁུལ་དཀྲུག་ཤིང་རྒྱག་པའི་གཡོ་ཇུས་ལག་ལེན་བསྟར་བ་ཞིག་ཡིན་པ་ལས་བོད་མི་རིགས་ཀྱི་ལས་དབང་ལ་གདུང་ཞེན་ཡོད་པའི་མི་ཞིག་གིས་ངག་ནས་དེ་ལྟར་ཐོན་སྲིད་དམ།༽
དཔེ་ཡག་པོ་གསུངས་ཤག་མུ་མཐུད་དེ་ཡིན་ད།།
དྲང་པོ་ལ་རྒྱབ་སྐྱོར་གྱི་རྩོམ་ཞིག་ཏུ་མཐོང་།
ཟླ་བ་ཚེ་རིང་ལ་བསྟོད་སྨད་གང་གིས་ཀྱང་འབྲེལ་བ་མེད། དྲང་པོ་བཤད་ན་ཁོང་འཇོན་པོ་དང་ཁ་བདེ་བོ་ཞིག་ནས་འདུག སྐུ་མདུན་ནས་ཐད་བསྐོས་བྱས་པ་ཙམ་གྱིས་ལེགས་པའི་རྒྱུ་མཚན་ཡང་དག་མ་མཐོང་། མི་མང་ལ་ཕན་འབྲས་རྒྱ་ཆེ་བའི་ལས་ཀ་བྱེད་བཞིན་པ་ཚང་མས་མཐོང་གསལ་རེད། བོད་གཞུང་ཁྲིམས་ཁང་ལ་སྐྱལ་ནས་འགྲོ་གྲོན་ཕོན་ཆེ་འགྲོ་བཞིན་པའང་དངོས་ཡོད་རེད། དེ་ལྟ་ན་ཕན་གནོད་གཉིས་ཀ་ལྡན་པའི་སྐུ་ངོ་ཞིག་ཡིན་པས་བསྟོད་སྨད་གཉིས་ཀ་དགོས་པར་འདོད།
བཀྲ་ཤིས་ཟེར་བའི་བཅོལ་ཆུང་ཁྱོད་རང་མིས་ཟེར་ཚད་ཉན་ན་བྱ་བ་གང་ལའང་གཏད་ར་མེད་པའི་སྨྱོན་པ་ཞིག་ཆགས་རྒྱུ་ཉག་ཅིག་རེད། དེ་བས་ཆོལ་ཁ་དང་ཆོས་ལུགས་བླ་ཆེན་དང་མི་ཆེན་སུ་ཞིག་ལ་སྨ་འབེབས་དང་། སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་དེའི་རྗེས་སུ་མ་རྒྱུག་པར་སོ་སོས་བློ་རྣམ་དཔྱོད་གུ་ཡངས་པོས་དཔྱད་པ་བྱས་ཏེ་དེ་ལ་རྒྱུ་མཚན་ཡོད་མིན་གཟིགས་རྒྱུ་གལ་ཆེ།
དེ་མིན་སྨྱོན་པ་ཆགས་ཡོང་ངོ་།
སྐྱོན་གྱིས་མ་གོས་སྤྱན་རས་གཟིགས་དབང་ཉིད།།
སྟོང་གསུམ་མེ་ཡིས་བཀང་བར་བྱས་གྱུར་ཀྱང་།།
ཁྱེད་ཀྱི་རྣམ་པ་གཞན་དུ་འགྱུར་མེད་པས།།
གསེར་ལྟར་ལྷམ་མེར་ལྷན་ནེར་གོང་ས་མཆོག།
དེང་སང་སྐྱེས་བུ་ངན་པ་སྲང་མདའ་བཞིན།།
ཅུང་ཟད་ཙམ་གྱིས་འགྱུར་བ་ཡོམ་ཡོམ་གཡོ།།
འཇིག་རྟེན་འདི་ན་མི་འགྱུར་ལྷུན་པོ་ནི།།
སྐྱ་ཆད་སྔོ་སྡུག་ཁྲོད་ཀྱི་གོང་ས་མཆོག།
གཞན་གྱི་བཙན་དབང་སྟོབས་ཤུགས་ཆེ་ན་ཡང་།།
རང་གི་དེ་ཉིད་ནམ་ཡང་མི་འགྱུར་བའི།།
བདེན་པ་སྲོག་ལ་བབས་ཀྱང་མི་འདོར་བའི།།
མགོན་པོ་ཁྱེད་ཀྱི་རྗེས་འཇུག་མང་དུ་བདོག།
རེ་བ་ལ་མའོ་ཡི་ལུཊ་བཞིན་སྔོན་ལ་བཙལ་བྱོལ་དུ་ཡོད་པའི་དགྲ་བོའི་ཕྱོཊ་གཏོགས་ཀྱི་སྐད་ཆ་བཤད་མཁན་དེ་དག་རྩ་རྫོཊ་བྱེད་དགོས་འདུག ད་ལྟ་ནང་ན་ད་ལྟའི་དབུས་བོད་མའི་སྒྲིག་འཛུཊ་ཀྱི་བསྒྲུབ་ཕྱོཊ་མི་འགྲིག་གི་ཟེར་མཁན་ཕལ་ཆེར་མེད་ལ་བཀའ་བློན་སོཊ་ལ་དོན་མེད་སྐྱོན་བརྗོད་བྱེད་མཁན་དེ་བས་ཀྱང་དཀོན། ད་བར་དུ་ཁ་བརྡ་གཙོ་བྱས་བའི་དྲ་བ་འདི་ཚོས་ཁ་གཏད་བྱེད་ཡུལ་ཡང་བོད་རིགས་དང་བོད་ཡུལ་ལས་དགྲ་ཕྱོཊ་ལ་འཁོར་ན་ཁོ་ཚོ་ཉམས་ཆུང་བའི་ཁྱི་ཕྲུག་ཅིག་ནང་བཞིན་རྔ་མ་གཡུག་གཡུག་བྱེད་རྒྱུ་ལས་ཅི་ཡང་ནུས་ཀྱིན་མི་འདུག དེ་བས་སྔོན་ལ་ནང་དགྲ་ཐལ་བར་བརླཊ་དགོས་ཞེས་ང་གཙོ་བྱས་བའི་གཞིས་ཀྱི་སྤུན་ཟླ་མང་པོའི་ལབ་བཞིན་འདུག སྙིང་རྗེ་ཅི་འདྲ་སྒོམ་ན་དགྲ་བོ་དེ་འདྲ་མང་། འདི་མའོ་ཡི་གསུངས་རེད་ལ་ང་ཚོའི་ལན་རེར་མའོ་ཡི་གསུང་ལའང་སློབ་དགོས་འདུག
རེ་བ་ལ་མའོ་ཡི་ལུཊ་བཞིན་སྔོན་ལ་བཙལ་བྱོལ་དུ་ཡོད་པའི་དགྲ་བོའི་ཕྱོཊ་གཏོགས་ཀྱི་སྐད་ཆ་བཤད་མཁན་དེ་དག་རྩ་རྫོཊ་བྱེད་དགོས་འདུག ད་ལྟ་ནང་ན་ད་ལྟའི་དབུས་བོད་མའི་སྒྲིག་འཛུཊ་ཀྱི་བསྒྲུབ་ཕྱོཊ་མི་འགྲིག་གི་ཟེར་མཁན་ཕལ་ཆེར་མེད་ལ་བཀའ་བློན་སོཊ་ལ་དོན་མེད་སྐྱོན་བརྗོད་བྱེད་མཁན་དེ་བས་ཀྱང་དཀོན། ད་བར་དུ་ཁ་བརྡ་གཙོ་བྱས་བའི་དྲ་བ་འདི་ཚོས་ཁ་གཏད་བྱེད་ཡུལ་ཡང་བོད་རིགས་དང་བོད་ཡུལ་ལས་དགྲ་ཕྱོཊ་ལ་འཁོར་ན་ཁོ་ཚོ་ཉམས་ཆུང་བའི་ཁྱི་ཕྲུག་ཅིག་ནང་བཞིན་རྔ་མ་གཡུག་གཡུག་བྱེད་རྒྱུ་ལས་ཅི་ཡང་ནུས་ཀྱིན་མི་འདུག དེ་བས་སྔོན་ལ་ནང་དགྲ་ཐལ་བར་བརླཊ་དགོས་ཞེས་ང་གཙོ་བྱས་བའི་གཞིས་ཀྱི་སྤུན་ཟླ་མང་པོའི་ལབ་བཞིན་འདུག སྙིང་རྗེ་ཅི་འདྲ་སྒོམ་ན་དགྲ་བོ་དེ་འདྲ་མང་། འདི་མའོ་ཡི་གསུངས་རེད་ལ་ང་ཚོའི་ལན་རེར་མའོ་ཡི་གསུང་ལའང་སློབ་དགོས་འདུག
བོད་ལ་མི་དགོས་རྣམ་བཞི་ཡོད། །དཀྲུགས་ཤིང་བཟོ་མཁན་བྱེད་གཏེ་གཅིག །
ཆོག་ཤེས་མེད་པའི་མི་ངན་གཉིས། །ཤེས་ཡོན་མེད་པའི་བླུན་པོ་གསུམ། །
བཟང་མེད་ངན་མེད་རིགས་ངན་བཞི། །བོད་ལ་མི་དགོས་རྣམ་བཞིན་ཡིན། །
བོད་དགོས་པའི་བུ་བཞི་ཡོད། །ཤེས་བྱའི་རྣམ་དཔྱོད་ཡངས་དང་གཅིག །
རིགས་ཀྱི་ལ་རྒྱལ་ལྡན་དང་གཉིས། །རང་གཤིས་རི་རབ་ལྟ་བརྟན་གསུམ། །
སྤྱི་སེམས་ཁོག་དྲང་ཟོལ་མེད་བཞི། །བོད་ལ་དགོས་པའི་བུ་བཞི་ཡིན།
དངོས་གནས་རེད་ཟ་ཚུར་གཏད་སྙིང་ཁ་ཕར་གཏད། དང་པོ་ཁྱབ་འཇུག་འཇུག་པ་བཅུའི་སྒོ་ནས་ནང་དགྲ་ཐལ་བར་བརློགས་ཤིག
རྒྱ་ནག་སྲིད་གཞུང་ལ་གནས་ལུགས་ཅི་འདྲ་མེད་ནའང་རྒྱ་མིའི་འདི་འདྲ་སྡིགས་དམོད་བྱེད་བཞིན་མི་འདུག་ལ་བྱེད་ས་ཡང་ཡོད་པ་མ་རེད།་དེས་རྒྱ་ནག་གནས་སྐབས་ཀྱི་བརྟན་བརླིངས་ལའང་ཕན་འབྲས་ཆེན་པོ་ཐོན་འདུག ང་ཚོས་རང་གི་སྒྲིག་འཛུཊ་འདི་ལ་ཡ་མཚན་རང་དབང་ཡོད་ཁུལ་ལབ་ནས་འདི་འདྲའི་ངོ་གཉིས་མ་དང་ངོ་ལོག་པ་མང་པོར་གོ་སྐབས་སྤྲད་ན་ག་ལ་འགྲིག དེ་ཡང་ཆབ་སྲིད་ཕྱོཊ་ཀྱི་ངོས་གཅིག་མ་གཏོཊ་པའམ་ལྷོད་ཡངས་བྱས་བའི་སྐྱོན་རེད། དེ་བས་བོད་གཞུང་དང་བོད་རིཊ་ད་དུང་བཀའ་བློན་སོཊ་ལ་སྐྱོན་འཛུཊ་ཁོ་ན་བྱེད་རྒྱུ་ལས་ཅི་ཡང་མི་ནུས་བའི་རྒྱུག་ཁྱི་དེ་དག་ངེས་བར་ཐལ་བའི་རྡུལ་དུ་བརླགས་དགོས། དེ་ལྟར་བྱས་ན་ང་ཚོར་ཁ་ཕྱོཊ་གཅིག་དང་དམིཊ་ཡུལ་གཅིག་ལས་ཡོད་མི་སྲིད་ལ་བོད་ཆེན་པོའི་ཉི་མའང་མྱུར་དུ་ཤར་འོང་བར་ཐེ་ཚོམ་ཅི་ཡང་མེད།
གཞུང་གི་ལས་འཛིན་པ་སུ་ཡིས་སྤྱི་པའི་བདེ་སྡུག་ལ་གནོད་པའི་ལས་ཀ་བྱས་པ་དང་། གཞུང་དོན་ཚུལ་བཞིན་མ་སྒྲུབ་པའི་རིགས་བྱུང་ཚེ་མི་དེ་རེིགས་སུ་ཡིན་ཡང་ཐད་ཀར་རྒྱུ་མཚན་ཡང་དག་དང་དཔང་རྟགས་རང་བཞིན་གྱི་སྒོ་ནས་འཐེར་འདོན་བྱེད་ཐུབ་ན་དེ་ནི་རང་རེའི་སྤྱི་ཚོགས་ཡར་རྒྱས་སུ་འགྲོ་རྒྱུར་ཞོགས་འདེགས་ཤིག་ལ་འགྱུར་ངེས་ཡིན། དེ་མིན་གཞི་མེད་སྙོན་འཛུགས་དང་། འཆལ་གཏམ་གཡམ་རྒྱུགས་རིགས་བྱེད་པ་ནི་སྤྱི་ཚོགས་དཀྲུགས་ཤིང་ལས་གཞན་ཅི་ཡང་མིན། དེས་ན། དྲ་བའི་ཁོར་ཡུག་ནང་ཡོང་མཁན་ཕལ་མོ་ཆེ་ཤེས་ཡོན་ཅན་མིན་ཀྱང་གནས་ལུགས་དང་ཡིག་གེ་ཤེས་མཁན་ཡིན་སྟབས་བླུན་པོ་ཆུ་སྣ་ག་འཁྲིད་མི་བྱ་རྒྱུ་དེ་གནད་འགག་གཅིག་ཡིན། ཉེ་དུས་དྲ་བའི་ནང་༧གོང་ས་མཆོག་གི་དགོངས་གཞིར་ཡང་སྐྱོན་བརྗོད་རབས་དང་རིམ་པ་ཡོང་གི་འདུག་ལ་མཆན་འདེབས་མཁན་མང་པོ་ཞིག་གིས་ཀྱང་བླུན་པོ་གཡམ་རྒྱུགས་ཀྱི་དབང་དུ་སོང་སྟེ་འཆལ་གཏམ་ཡང་མང་པོ་སྨྲ་བཞིན་འདུག གང་ལྟར་ང་ཚོ་བོད་རིགས་ཡིན་ལ་ང་ཚོས་སོ་སོའི་སྤྱི་ཚོགས་ལ་འགན་འཁྱེར་དགོས། འགན་ཁྱེར་ལུགས་དེ་ཡང་། རང་རེའི་སྤྱི་ཚོགས་ལ་ཕན་པའི་ལས་ཀ་བྱེད་མ་ཐུབ་ཀྱང་གནོད་པའི་ལས་ཀ་ནམ་ཡང་བྱ་རྒྱུ་མེད། དེ་ནི་འགན་ཁྱེར་ལུགས་ཤིག་ཡིན།
བོད་གཞུང་ཡང་རྒྱ་དམར་ནང་བཞིན་བསྟོད་གླུ་རྐྱང་རྐྱང་འཐེན་བསྡད་ན་མ་གཏོགས། ཉེས་ཅན་པར་བརྩི་གི་འདུག ༧གོང་ས་མཆོག་བཞག་ཞོག ཁོང་བགྲེས་ཡོལ་དུ་ཕེབས་ཟིན་པ་རེད། འོན་ཀྱང་བཀའ་ཤག་བགྲས་ཡོལ་དུ་ཕེབས་ཟིན་པའི་བླ་མེད་ཀྱི་དབུ་ཁྲིད་ཁོང་མཚན་མཆོག་གང་བྱུང་བེད་སྤྱོད་གཏོང་བཞིན་པ་ཡག་པོ་མ་རེད།
གཙོ་བོ་བློ་བཟང་སེང་གེས་ཆིལ་སྒྲིལ་ལ་རྨ་ཆེན་པོ་བཏབ་ཡོད་པ་རེད། དང་པོ་བཀའ་ཤག་ཟེར་བའི་འཆལ་བོ་འཆལ་མོ་ཁ་ཤས་འཛོམས་ཡོད་པ་དེའི་ནང་ཆོལ་ཁ་གསུམ་དོ་སྙོམས་བྱུང་ཡོད་པ་མ་རེད། འདི་བཀའ་ཁྱིས་ཆེད་དུ་ཆོལ་གསུམ་ཆིལ་སྒྲིལ་ལ་རྨ་བཏབ་པ་རེད། གྲོས་ཚོགས་ནང་ཆོལ་ཁ་གསུམ་གྱི་འཐུས་མི་ཡོང་རྒྱུ་གལ་ཆེན་པོ་ཡིན་བཞིན་དུ། བཀའ་ཤག་ནང་མི་དགོས་པ་ཅི་རེད། ་་་་་་་་་་་་་་་་་་་་་་་་་བཀའ་ཁྱིའི་སྐོར་སོགས་གཡུག་ཤོག དེ་ལས་རང་རང་གི་ས་ལ་འཐོར་འགྲོ་་་་་་་་་་་་་་་་དེ་ནི་ནང་དམེ་ལས་ཡག་ཙམ་རེད། བློ་སེང་གི་རེ་བར་ཆོལ་གསུམ་ནང་དམེ་སློང་འདོད་པ་རེད། ང་ཚོས་ནང་དམེ་ཆེན་པོ་དེ་གཡོལ་ཆེད་བཀའ་ཁྱིའི་དཔང་ཁག་དང་བཅས་གད་སྙིགས་བཞིན་བསྐྱུར་ནས་རྒྱང་རིང་དུ་འཐོར་འགྲོ། བོད་དོན་གཡུག་ཤོག ནང་དམེ་གཡུག་ཤོག བཀའ་ཤག་གི་ཁང་པ་སྟོང་པ་དེའང་མིང་གྲགས་ལ་སྨྱོས་པའི་བློ་སེང་ལ་སྤྲོད་ཤོག རྡ་སའང་ཕ་རོ་མ་རོ་ནས་ངར་ངར་བྱེད་ས་བྱེད་དུ་བཅུག་ཤོག
བོད་གཞུང་ཡང་རྒྱ་དམར་ནང་བཞིན་བསྟོད་གླུ་རྐྱང་རྐྱང་འཐེན་བསྡད་ན་མ་གཏོགས། ཉེས་ཅན་པར་བརྩི་གི་འདུག ༧གོང་ས་མཆོག་བཞག་ཞོག ཁོང་བགྲེས་ཡོལ་དུ་ཕེབས་ཟིན་པ་རེད། འོན་ཀྱང་བཀའ་ཤག་བགྲས་ཡོལ་དུ་ཕེབས་ཟིན་པའི་བླ་མེད་ཀྱི་དབུ་ཁྲིད་ཁོང་མཚན་མཆོག་གང་བྱུང་བེད་སྤྱོད་གཏོང་བཞིན་པ་ཡག་པོ་མ་རེད།
གཙོ་བོ་བློ་བཟང་སེང་གེས་ཆིག་སྒྲིལ་ལ་རྨ་ཆེན་པོ་བཏབ་ཡོད་པ་རེད། དང་པོ་བཀའ་ཤག་ཟེར་བའི་འཆལ་བོ་འཆལ་མོ་ཁ་ཤས་འཛོམས་ཡོད་པ་དེའི་ནང་ཆོལ་ཁ་གསུམ་དོ་སྙོམས་བྱུང་ཡོད་པ་མ་རེད། འདི་བཀའ་ཁྱིས་ཆེད་དུ་ཆོལ་གསུམ་ཆིག་སྒྲིལ་ལ་རྨ་བཏབ་པ་རེད། གྲོས་ཚོགས་ནང་ཆོལ་ཁ་གསུམ་གྱི་འཐུས་མི་ཡོང་རྒྱུ་གལ་ཆེན་པོ་ཡིན་བཞིན་དུ། བཀའ་ཤག་ནང་མི་དགོས་པ་ཅི་རེད། ་་་་་་་་་་་་་་་་་་་་་་་་་བཀའ་ཁྱིའི་སྐོར་སོགས་གཡུག་ཤོག དེ་ལས་རང་རང་གི་ས་ལ་འཐོར་འགྲོ་་་་་་་་་་་་་་་་དེ་ནི་ནང་དམེ་ལས་ཡག་ཙམ་རེད། བློ་སེང་གི་རེ་བར་ཆོལ་གསུམ་ནང་དམེ་སློང་འདོད་པ་རེད། ང་ཚོས་ནང་དམེ་ཆེན་པོ་དེ་གཡོལ་ཆེད་བཀའ་ཁྱིའི་དཔང་ཁག་དང་བཅས་གད་སྙིགས་བཞིན་བསྐྱུར་ནས་རྒྱང་རིང་དུ་འཐོར་འགྲོ། བོད་དོན་གཡུག་ཤོག ནང་དམེ་གཡུག་ཤོག བཀའ་ཤག་གི་ཁང་པ་སྟོང་པ་དེའང་མིང་གྲགས་ལ་སྨྱོས་པའི་བློ་སེང་ལ་སྤྲོད་ཤོག རྡ་སའང་ཕ་རོ་མ་རོ་ཟེར་ནས་ངར་ངར་བྱེད་ས་བྱེད་དུ་བཅུག་ཤོག
སྟག་སྨྱོན་རང་རེད་རིག་པ་འཆོལ་བའི་སྐད་ཆ་རེད། སུའི་ཉན་རང་མཚང་རྒྱུགས་སྤྲོད་རང་མགོ་ཆུ་བླུགས་རེད། སྐྱག་པའི་སྟག་ཁྱི་སྨྱོན་རེད་འདུག་ཡ།
༧གོང་ས་མཆོག་གིས་ཐད་བསྐོས་གནང་མྱོང་མཁན་དང་བོད་སྤྱི་པའི་དོན་དུ་འགན་ཁུར་དགོས་མཁན་གྱི་དམིག་བསལ་སྤྱི་འཐུས་ཞིག་གིས་སྤྱི་རྒྱུ་སྒེར་བདག་བྱས་པ་ནི་བོད་མི་དཀྱུས་མ་ཞིག་གིས་བསམ་བཞིན་དུ་བོད་མིའི་སྒྲིག་འཛུག་གི་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་འདུ་ཚོགས་བཞིན་པའི་ར་བའི་ནང་འགད་རྫས་ཞིག་གཡུགས་པ་ལས་ཀྱང་ཉེས་པའི་ངོ་བོ་ལྕི་བར་སེམས། རྒྱུ་མཚན་ནི་༧གོང་ས་མཆོག་གིས་ཐུགས་རེ་གནང་སའི་མི་ཞིག་གིས་དེ་འདྲའི་མ་རབ་ཐ་ཤལ་གྱི་ལས་ཀ་བྱས་པ་ནི་༧གོང་ས་མཆོག་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་མ་རེད་ཅེས་དྲང་བདེན་གྱི་ལམ་ནས་སུས་ཀྱང་བཤད་མི་ཐུབ། ཟླ་ཚེའི་སྤྱི་རྒྱུ་སྒེར་བདག་བྱས་པ་ལ་སྤྱང་ཀའི་རྒྱབ་རྩ་བྱེད་མཁན་འཕར་ར་མང་པོ་ཡོད་པའི་རྐྱེན་གྱིས། ཀིརྟི་སྒྲོལ་དཀར་ལྷ་མོས་དབུས་བུད་མེད་ཚོགས་པའི་སྤྱི་དངུལ་སྒེར་སྤྱོད་བྱས་ཀྱང་ད་དུང་སྤྱི་འཐུས་གྲོས་ཚོགས་ཀྱི་ནང་དུ་ཧམ་པ་སྔར་བས་ཆེ་བ་ཞིག་ཁུར་ནས་འགྲོ་ཡི་འདུག་པ་འདི་ཚོ་ནི་དངོས་གནས་རྒྱ་ཡན་དུ་གཏོང་མི་འོས་པ་དེ་ཡིན་ཀྱང་དེ་དག་ལ་ངོ་བསྟོད་དང་སྤྲེལ་ཀླད་ཀྱིས་དྲང་བདེན་ཅན་གྱི་ཟིན་བྲིས་པ་དག་གི་སྟེང་དུ་མིང་ཆད་ངན་པ་བཟོ་སེམས་ཀྱིས་རྒྱ་དམར་དང་འབྲེལ་བ་ཡོད་རབ་བཤད་པ་ནི་འབེན་ཤར་ཕྱོགས་སུ་གཙུག་ནས་མདའ་ནུབ་ཕྱོགས་སུ་འཕེན་པ་མ་ཡིན་ནམ། ཁྲག་གིས་ཚོས་པའི་སྐར་ལྔའི་དར་དམར་མཁའ་དབྱིངས་སུ་འཕྱར་དགོས་རབ་དང་། དར་དམར་ཕྱར་མཁན་ལ་རྒྱབ་སྐྱོར་ཡོད་རབ་བཤད་མཁན་དེ་ཚོ་རྒྱ་མའི་རྒྱུག་ཁྱི་མིན་ན་དྲང་བདེན་ཤ་ཞེན་ཅན་གྱི་ཟིན་བྲིས་པ་དེ་ཚོ་རྒྱ་མིའི་རྒྱུག་ཁྱི་ཡིན་མི་སྲིད་དོ།
བཀའ་ཤག་ནས་བོད་མིར་མགོ་སྐོར་བཏང་བ།
འདོན་སྤེལ། ༢༠༡༢/༠༨/༣༠
གྱད་ལྷ་དགའ།
རང་བཙན་དང་རང་སྐྱོང་བར་གྱི་འགལ་འདུ། ལོ་རྒྱུས་ཐོག་ལ་རང་བཙན་དང་རང་སྐྱོང་གཉིས་ཀ་བྱུང་མྱོང་ཡོད་ཅིང་། གནས་བབ་དང་ཆབ་སྲིད་བསམ་བློ་སོགས་ལ་གཉིས་ཀར་གྲ་སྒྲིག་ཆོག་པ། རེ་བ་ཡང་གཉིས་ཀར་བརྒྱག་ཆོག་ལ། ཡིད་ཆེས་དང་གདེང་ཚོད་ཀྱང་གཅིག་འདྲ་ཡིན་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་མ་འདྲ་བ་གཉིས་ཀྱི་བསམ་བློའི་འཐབ་རྩོད་ནི། ད་སྐབས་ཆེས་ཛ་དྲག་ཅན་དུ་འགྱུར་ཡོད་ཚོད་འདུག རང་སྐྱོང་མངོན་འདོད་མཁན་དག་གིས་ལོ་རྒྱུས་ལ་གཞི་བཅོལ་བ་མ་ཡིན་པར། སྔ་མོ་ཞིག་ལ་རྒྱ་རྒན་ཏིང་གིས་རྒྱལ་དོན་ཅན་ལ་བཤད་པར་གྲགས་པའི་འཆལ་གཏམ་ཁུངས་མེད་ཅིག་ལ་གཞི་བྱས། བོད་མའི་རྒྱ་ཆ་གོ་དགུའི་གདམ་ཁ་ཡིན་ཚུལ་གྱི་དྲིལ་བསྒྲགས་ས་ཆེན་རལ་བ་ལྟ་བུ་ཞིག་གི་འོག་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་ཡིན་ཏེ་འདུག
རྒྱ་རྒན་ཏིང་གི་སྐད་ཆ་ཡིན་པའི་ཁུངས་ལུང་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། བོད་མའི་རྒྱ་ཆ་གོ་དགུའི་གདམ་ག་ཡིན་ཡང་རུང་ལ་མིན་ཡང་རུང་། གང་ལྟར་རྩ་དོན་དེར་ཐབས་ལམ་གཅིག་ཡོད་པ་ནི་དབུ་མའི་ལམ་ཟེར་བའི་སྲིད་བྱུས་ནོམ་ཆེན་དེ་ཡིན་པ་རེད། བོད་རྒྱའི་འགལ་བ་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་དང་དེ་ཡང་གཉིས་ཕན་དབུ་མའི་ལམ་ལ་གཞོལ་དགོས་པ་གཉིས་ཕན་དབུ་མའི་ལམ་གྱི་གྲུབ་འབྲས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡིན་པ་སོགས་ཁ་ཡག་ལུང་པ་གང་བཤད་པ་དང་སྐུ་ཚབ་ཕར་གཏོང་ཚུར་སླེབས་ཀྱི་སྐབས་རེ་རེར་སྐུ་ཚབ་གཉིས་དང་བཀའ་ཁྲི་ཟམ་གདོང་བཅས་ཚང་མས། ཁ་ཡག་ཡིན་པ་དང་ཞལ་རྫུན་ཡིན་པ་བོད་མི་རྣམས་མགོ་སྐོར་ཡིན་པ་བཅས་ཀྱི་གྲུབ་འབྲས་གང་འཚམས་ཡོད་ལུགས་དང་ཕར་ཕྱོགས་ནས་ངོས་ལེན་སྔར་དང་མི་འདྲ་ལུགས་རེ་བ་ཡོད་ཚུལ་སོགས་ཁ་ཁོག་མི་མཚུངས་པའི་མུ་ཅོར་གྱི་གཏམ་དག་བར་མེད་དུ་སྨྲས་རྐྱེན་ད་བར་དུ་བོད་མི་བྱིངས་མགོ་སྐོར་འོག་ཏུ་ཚུད་པ་རེད་འདུག
དེ་ལྟར་སྨྲས་རྐྱེན་རང་ངོས་ནས་རྟོག་དཔྱོད་ཀྱི་བློ་མིག་གཏན་ནས་མ་དོད་ཅིང་གཞན་ཟེར་ལ་མཛུབ་མོ་གར་བསྟན་ཤར་རང་དུ་ངོས་འཛིན་རྐྱང་གནང་བའི་སྤྱི་འཐུས་འགའ་ནས་དབུ་མའི་ལམ་གྱི་བོད་རྒྱའི་དཀའ་རྙོག་སེལ་ལ་ཉེ་ཚུལ་དབུ་མའི་ལམ་གྱི་བོད་མའི་མངོན་འདོད་འགྲུབ་ལ་ཉེ་ཚུལ་སོགས། རྒྱུ་མཚན་དང་གནས་ལུགས་སོར་གང་མེད་པར་མ་ཡིན་ཡིན་མདོག་ཆེན་པོས་བཤད་རྐྱང་གནང་བ་རེད། དབུ་མའི་ལམ་ལམ་རང་སྐྱོང་མངོན་འདོད་ནི་བོད་མའི་རྒྱ་ཆ་གོ་དགུའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཡིན་མིན་ཤེས་དཀའ་ཞིང་ལྐོག་ཏུ་གྱུར་ནའང་། ༧གོང་ས་མཆོག་གི་ཐུགས་བཞེད་དང་བཞེངས་ཕྱོགས་ཡིན་པ་ནི་གསལ་པོར་ངེས་ཟིན་འཐོབ་རྒྱུ་ཞིག་ཡིན་སྣང་ཤར། རྒྱུ་མཚན་དེ་ལ་བརྟེན་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུས་པ་ལས་རང་ངོས་ནས་ཆབ་སྲིད་ཀྱི་གནད་འགག་ཤེས་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཕལ་ཆེར་མེད་པའི་ཚོད་དུ་འདུག
དེ་ལས་ཐབས་སྐྱོ་བ་ཞིག་ལ་སྐབས་སྔ་མའི་དཀའ་ཤག་ལྟ་བུ་ཡིན་ན། ཁ་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་མདོག་གིས་བོད་མི་རྣམས་ལ་མགོ་སྐོར་བཏང་ཡང་། དོན་དུ་དབུ་མའི་ལམ་ལ་ཡིད་ཆེས་དང་རེ་བ་མེད་པར་མ་ཡིན་ཡིན་མདོག་གནང་བ་མིན་ནམ་སྙམ་པའི་རྣམ་རྟོག་སྐྱེ་གཞི་དེ་འདྲའང་མཐོང་ཐོས་ཡོང་གི་ཡོད་པ་རེད། དཔེར་ན། སྐབས་སྔ་མའི་དཀའ་བློན་ཞིག་ནས་བརྗོད་དོན། ང་ཚོ་བོད་ལ་རེ་བ་བརྒྱག་ས་གཅིག་རང་ཡོད་པ་དེ་རྒྱ་གཞུང་དམངས་གཙོའི་ལམ་དུ་ཕྱོགས་མིན་དེ་རེད། གལ་སྲིད་དམར་གཞུང་དམངས་གཙོའི་ལམ་དུ་ཁ་ཕྱོགས་པ་ཡིན་ན། དེའི་དུས་སུ་ང་ཚོས་རང་བཙན་དང་རང་སྐྱོང་གང་བརྩད་ཀྱང་རེ་བ་ཆེན་པོ་ཡོད་པ་དང་། དེ་མ་བྱུང་བར་དུ་ང་ཚོས་འདི་ནས་ཅི་ཞིག་བཤད་ཀྱང་ལག་པ་ཡ་གཅིག་གིས་ཟློག་པ་མི་ཡོང་བའི་དཔེ་ལྟར་གང་ལ་ཡང་རེ་བ་མེད་ཚུལ་འདྲ་འདྲ་འགྲིག་འགྲིག་གིས་བཤད་འདུག་པ་ལྟ་བུ་རེད། ཕལ་ཆེར་དེ་ནི་དོན་དངོས་ཡིན་རྒྱུ་རེད་ལ། དོན་དངོས་དེ་ལྟར་ཡིན་པ་ཤེས་བཞིན་དུ་རང་སྐྱོང་ལས་རང་བཙན་ལ་མདུན་ལམ་མེད་ཚུལ་རྦད་དང་བཅས་ཏེ་བཤད་དོན་ཅི་ཞིག་ཡིན་ནམ།
གལ་སྲིད་སྐུ་ཚབ་རྣམ་གཉིས་དང་བཀའ་ཁྲི་བཅས་པས་བརྗོད་གསལ་ལྟར། རྒྱ་ཕྱོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་ཡི་ཡོད་པ་བདེན་ན། བོད་མའི་ཕལ་གྱི་སྙིང་ལ་གྲི་གཡུག་པ་ལྟ་བུའི་རང་སྐྱོང་མངོན་འདོད་ཀྱི་ཡིག་ཆ་རྒྱ་མིར་སྤྲད་རྗེས། ཅིའི་ཕྱིར་འབྲེལ་མོལ་མཚམས་ཆད་པ་རེད། ད་བར་དུ་བསྐྱར་གསོ་མ་ཐུབ་པར་ཅིའི་ཕྱིར་ལུས་པ་རེད། དེ་མ་ཚད་སྐུ་ཚབ་གཉིས་ནས་ད་སྐབས་ཁ་ཆུ་ཡི་འཁྱག་ཚད་བཤད། མུ་ཤི་ལུང་པ་གང་བགྲང་ནས་དགོངས་པ་ཞུ་དོན་ཅི་རེད། མིག་མཐོང་ལག་ཟིན་གྱི་གནས་ཚུལ་འདི་ཙམ་མདུན་དུ་ལྷག་ཀྱང་། མི་ལོ་བཅུ་ཡི་རིང་ལ་གྲུབ་འབྲས་དང་བྱས་རྗེས་སྣ་གཅིག་སྟོན་རྒྱུ་མེད་པར་དེ་རིང་སྒྲེན་མོ་ལག་སྟོང་མཆན་དུ་བཅུག་ནས་ཁྲི་ལས་གཡོལ་སྐབས། བཀའ་ཤག་གསར་པར་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་མ་གཏང་ན་ཡག་ཚུལ་གལ་སྲིད་སྲིད་བྱུས་དེར་འགྱུར་བ་གཏང་བ་ཡིན་ན་བཀའ་ཤག་གསར་པར་མདུན་ལམ་དང་རེ་བ་མེད་ཚུལ་བརྗོད་དེ་རྟིང་བསྐུལ་དང་སྲིད་བྱུས་དེར་བཙན་བརྫང་བྱེད་དོན་ཅི་ཞིག་རེད།
དེས་ན་ད་ནི་ལོ་རྒྱུས་ཀྱི་རིན་ཐང་མི་གཅིག་ལ། མདུན་ལམ་ཡོད་མེད་ཀྱི་ཁྱད་པར་ཕྱེ་རྒྱུ་མེད་པ། དམིགས་ཡུལ་དང་རེ་བ་གཅིག་མཚུངས་ཡིན་ཡང་། བོད་མི་རྣམས་ཀྱི་སེམས་ལ་གཅེས་ལུད་གནམ་ས་ཙམ་ཤོར་བའི་རང་བཙན་གྱི་ལྟ་གྲུབ་བསྐྱར་དར་བཏང་སྟེ་གཞུང་སྒེར་ཚང་མས་སྲིད་བྱུས་གཅིག་ལ་ཤི་འཇུ་རོ་འཐམ་དགོས་པ་ལས། ཁ་གཅིག་ཁོག་གཉིས་ལྟ་བུའི་གཡས་འགྱུར་གཡོན་འགྱུར་གནང་རྒྱུ་མི་འདུག་བསམ། ལྷག་པར་དམར་གཞུང་ཡང་དག་པའི་དམངས་གཙོའི་ལམ་དུ་མ་ཕྱིན་བར་དུ་ང་ཚོ་ལ་བྱེད་ཐབས་མེད་པར་བདེན་ཤས་ཆེ་བས། དེའི་བར་དུ་ང་ཚོ་གཏམ་སྣེ་གཅིག་དང་རེ་བ་གཅིག་གྲ་སྒྲིག་གཅིག་དང་དམིགས་ཡུལ་གཅིག་ལ་སྣ་གཏད་དགོས་པ་ལས། འདི་ནས་ཁ་ཉེན་ཚིག་འཆལ་ཤོར་མི་ཉེན་པ་དང་། སྔར་ཤོར་བ་རྣམས་ཀྱང་ཡོངས་ཁྱབ་ཏུ་རྩིས་མེད་སོང་ཚུལ་གསར་འགོད་གསལ་བསྒྲགས་སྤེལ་དགོས་པ་གལ་ཆེན་རེད།
དེ་ལྟར་མ་བྱས་ཚེ། ཡི་གེ་ནག་ཆུང་ཤི་མེད་དང་ཐེལ་ཚེ་ཁྲ་མོ་བོར་མེད་ལྟ་བུའི་ཚིག་འཆལ་ཁག་ཡིག་ཚང་ཁག་ཏུ་ལུས་ཤོར་ཚེ། རྗེས་ཕྱོགས་ཚིག་རེ་རེའི་ན་ས་དང་། ཚིག་རེ་རེའི་འཆི་ས་བྱེད་ངེས་ཡིན་དུས་ཏན་ཏན་དཀའ་ངལ་ཡོང་རྒྱུ་རེད་སྙམ་བཞིན་འདུག ད་དུང་ཡང་དམར་གཞུང་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ལ་འདུག་བཅུག་མིན་ལ་མ་བལྟོས་པར་འདུག་འདོད་ཀྱི་བསམ་བློར་རྗེ་སྤོར་མེད་པར། གཞུང་གི་ལངས་ཕྱོགས་ཀྱང་དེར་ཕྱོགས་སུ་བཙན་གྱིས་དྲངས་ན། ནམ་ཉི་མ་ཞིག་ལ་ལོ་རྒྱུས་ཀྱིས་ཀྱང་དཔང་པོ་མི་ཐུབ་པར་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་འབངས་ནས་ཁ་བྲལ་ཐབས་མེད་པའི་ཉི་མ་ནག་པོ་ཞིག་ཐོད་ལ་ཤར་ཚེ། རྣམ་པ་ཚོ་ནག་ཉེས་ལ་དེ་ཡན་མེད་པའི་ལོ་རྒྱུས་ཐོག་གི་མི་སྣར་ཆགས་པ་རེད་ལ་ནམ་ཡང་བསྒྱུར་དུ་མེད་པའི་རྒྱལ་འཚོང་བའི་ཆོ་ལོ་དེ་ཡང་རྣམ་པ་ཚོའི་དབུ་དང་སྐེ་ལ་གཏན་དུ་འཁོར་བ་རེད། སྐབས་དེ་དུས་བཙན་པོའི་ཁྲག་རྒྱུན་རྩ་ལམ་དུ་བཞུར་ཞིང་། གངས་ལྗོངས་ཀྱི་ཡ་ང་བའི་སྐྱོ་གར་མིག་མདུན་དུ་ལྷག་པ་མ་བཟོད་ནས་རྣམ་པ་ཚོའི་དུར་བྱང་ཚུན་དུ་ངོ་རྒོལ་སྡིགས་དམོད་ཀྱི་འཕྲེད་དར་འཛུགས་མི་སྲིད་པ་མིན་པ་ད་ཙམ་ནས་ཤེས་པ་གནང་རོགས།
སྟག་སྨྱོན་མ་རེད་ཁྱི་སྨྱོན་རེད། ཁྱི་སྨྱོན་ཁྱོད་རང་གང་དུ་སྨྱོ་རྒྱུག་བྱེད་འདོད་ཡོད་ན་དེར་རྒྱུག་ཤིག བོད་པའི་སྤྱི་ཚོགས་ནང་མི་ཁྱོད་འདྲ་རེ་རེ་ཡིན་ན་ཡང་ཉུང་དགོས། རྒྱ་ཁྱི་ཁྱིད་ཚོས་བཙན་བྱོལ་སྤྱི་ཚོགས་འདི་གཏོར་བཤིག་གཏོང་དགོས་བསམ་ན་ཡང་ལས་བསླ་པོ་ཡོད་མ་རེད། མི་མང་ཆེ་་ཤོས་རིགས་ཞེན་ཡོད་མཁན་དང་བསམ་བློ་གཏོང་ཤེས་མཁན་རེད། ཁྱི་རྒན་ཁྱོད།
སྟག་སྨྱོན་ཟེར་བ་དེ་སྙིང་རྗེ་བྱིས་པ་སྣབས་ལུག་ཅིག་རེད། ཁོ་ཡང་胡锦涛ཧོའུ་ཅིན་ཐོ་ཡིས་བཙན་གཡེམ་བྱས་ནས་སྐྱེས་བའི་杂种རྫབ་ཕྲུག་དེ་རིཊ་རེད་ལ་གླེང་རིན་མེད་ལ་ཉན་རན་དེ་བས་ཀྱང་མི་འདུག
བོད་གཞུང་ནང་གི་ཟླ་བ་ཚེ་རིང་དེ་རྒྱ་ནག་གཞུང་ནང་གི་སྦོ་ཤི་ལེ་ཡིན་ས་རེད། སྦོ་ལ་མི་བསད་པའི་ཉེས་པ་བཙུགས་ཡ་རྙེད་ནས་མ་གཏོགས། གྲུང་ཆིན་སྤྱི་ཁྱབ་བྱས་ནས་གློ་བུར་དུ་སྒོར་དུར་ཕྱུར་མང་པོའི་བདག་པོ་ཆགས་སྟངས་དེ་ཞིབ་འཇུག་ཕོད་མཁན་མེད། གང་ཡིན་ན་རྒྱ་ནག་གི་དཔོན་རིགས་ཚང་མ་གཅིག་པ་ཡིན་པས་རེད། དེ་བཞིན་ཟླ་བ་ཚེ་རིང་གཞོན་ནུས་ཕོར་པ་ཁྲུ་མཁན་ཞིག་ཡིན་པ་ནས་རྡ་སའི་བདེ་དོན་བྱས་རྗེས་གློ་བུར་དུ་སྒོར་དུར་ཕྱུར་གྱི་བདག་པོ་ཆགས་པ་དེར་སུས་ཀྱང་ཞིབ་འཇུག་བྱེད་མི་ཐུབ། གང་ཡིན་ན་རྒྱུ་མཚན་གོང་མཚུངས་རེད། ད་ཟླ་ཚེས་ལ་མི་གསོད་ཀྱི་གྱོད་གཞི་འདྲ་བཙུགས་རྒྱུ་རྙེད་ན་མ་གཏོགས་ཁག་པོ་རེད།
ཅུང་ཟད་བཅོས། བོད་གཞུང་ནང་གི་ཟླ་བ་ཚེ་རིང་དེ་རྒྱ་ནག་གཞུང་ནང་གི་སྦོ་ཤི་ལེ་འདྲ་པོ་ཡིན་ས་རེད། སྦོ་ལ་མི་བསད་པའི་ཉེས་པ་བཙུགས་ཡ་རྙེད་ནས་མ་གཏོགས། གྲུང་ཆིན་སྤྱི་ཁྱབ་བྱས་ནས་གློ་བུར་དུ་སྒོར་དུར་ཕྱུར་མང་པོའི་བདག་པོ་ཆགས་སྟངས་དེ་ཞིབ་འཇུག་ཕོད་མཁན་མེད། གང་ཡིན་ན་རྒྱ་ནག་གི་དཔོན་རིགས་ཚང་མ་གཅིག་པ་ཡིན་པས་རེད། དེ་བཞིན་ཟླ་བ་ཚེ་རིང་གཞོན་ནུ་ལྷན་ཚོགས་ཀྱི་གད་པ་ཞིག་ཡིན་པ་ནས་རྡ་སའི་བདེ་དོན་བྱས་རྗེས་གློ་བུར་དུ་སྒོར་དུར་ཕྱུར་གྱི་བདག་པོ་ཆགས་པ་དེར་སུས་ཀྱང་ཞིབ་འཇུག་བྱེད་མི་ཐུབ། གང་ཡིན་ན་རྒྱུ་མཚན་གོང་མཚུངས་རེད། ད་ཟླ་ཚེས་ལ་མི་གསོད་ཀྱི་གྱོད་གཞི་འདྲ་བཙུགས་རྒྱུ་རྙེད་ན་མ་གཏོགས་ཁག་པོ་རེད། སྦོ་ཤི་ལེ་ཕྱུག་པོ་ཆགས་པ་དེ་ལྐོག་ཟ་བྱས་པ་གསལ་པོ་རེད། ཁོས་ལྟ་རྟོགས་དང་རོགས་པ་བྱས་པའི་མི་སྐྱོ་པོ་ས་ཡ་འགའ་ཞིག་ཡོད་པ་ཡང་གསལ་པོ་རེད། ད་ཆ་ཁོང་ཚོ་སྦོ་ཤི་ལེ་ལ་རྒྱབ་སྐྱོར་སྐད་བོད་བྱེད་བཞིན་ཡོད་འདུག
དྲ་གྲོགས་ཚོས་དགོངས་ཚུལ་ལྷུག་པོ་གནང་བར་ཐུགས་རྗེ།
རིགས་ཞེན་དཀར་པོའི་མིང་འཁྱེར་བ་ལགས། ཁྱེད་ཀྱི་བསམ་ཚུལ་གནང་བར་ཐུགས་རྗེ་ཆེ། གུས་པའི་ངོས་ནས་བཤད་ན་སྤྱིར་བཏང་མི་ལ་སྐྱོན་ མེད་པ་དང་། ཤིང་ལ་འཛེར་བ་མེད་པ་མི་སྲིད་ཅེས་པ་ལྟར་མི་ཞིག་གིས་བྱ་བཞག་སྒྲུབ་པའི་བརྒྱུད་ རིམ་ནང་སྐྱོན་དང་ནོར་འཁྲུལ་གཉིས་ཡོད་སྲིད་ཀྱང་། གཙོ་བོ་མི་དེས་སྒྲུབ་པའི་བྱ་བཞག་གིས་སྤྱི་ཚོགས་ལ་ཕན་ཐོགས་ཡོད་མེད་ལྟ་རྒྱུ་ དེ་གལ་ཆེར་ངོས་འཛིན་ཞུ་ཡི་ཡོད། ད་ལྟ་ཡོངས་གླིང་སློབ་གྲྭ་ནས་ཉམས་ཐག་གསར་འབྱོར་བ་ཚོར་རོགས་རམ་བྱས་དང་བྱེད་བཞིན་པ་དེ་མ་རབ་ཐ་ཤལ་ཞིག་རེད་དམ། ཡང་ན་དེ་༧གོང་ས་མཆོག་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་རེད་དམ། ཧི་ཧི་ཧི།
གུས་པའི་ངོས་ནས་མ་རབ་ཐ་ཤལ་ནི་བོད་གཞུང་དང་༸གོང་ས་མཆོག་ལ་དབུ་སྐོར་ཞུ་མཁན་དེ་ཚོར་ངོས་འཛིན་བྱ་གི་ཡོད།
ངས་པ་རྒྱལ་མཚན་ཟེར་བའི་དྲྭ་གྲོགས་ལགས། ཁྱོད་ཀྱིས་༧གོང་ས་མཆོག་དང་གཞུང་ལ་མགོ་སྐོར་བཏངས་མཁན་ལ་མི་ཐ་ཤལ་ལབ་ཀྱིན་ཡོད་ན་ང་དང་ཁྱོད་གཉིས་བསམ་བློ་གཅིག་མཚུངས་རེད། ངས་ཀྱང་ཟླ་ཚེས་བྱས་ཉེན་གྱི་ཆ་ནས་བཤད་པ་ཡིན། དེ་ཡང་༧གོང་ས་མཆོག་ལ་དབུ་སྐོར་གྱི་ཆེད་དུ་མི་རེ་ཟུང་ལ་རོགས་སྐྱོར་བྱེད་ཀྱིན་ཡོད་མདོག་དང་། ཡོངས་སློབ་ལ་འཛིན་སྐྱོང་བྱེད་ཀྱིན་ཡོད་རབ་བཤད་པ་ཐམས་ཅད་༧གོང་ས་མཆོག་དབུ་སྐོར་གྱི་ཆེད་དུ་མིན་ན། དབུས་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅད་ཁྲ་རྩིས་མེད་དུ་བཏངས་བས་མ་ཚད། བོད་མིའི་སྒྲིག་འཛུགས་རྒྱ་གར་ཁྲིམས་ཁང་དུ་སྦྱར་བ་སོགས་ལ་ལྟས་པ་ཙམ་གྱིས། མི་ཁོས་འཆར་གཞི་དང་བསམ་བློ། བྱ་སྤྱོད་དང་དམིགས་ཡུལ་ཐམས་ཅད་ལས་སླ་བོས་ཤེས་ཐུབ་པ་རེད། ངས་ཟླ་ཚེ་ལ་རིགས་ཁམས་བདེ་གཤེགས་སྙིང་པོ་ཡོད་མ་རེད་ཟེར་ནས་བསྐུར་པ་བཏབས་མེད་ལ། ངས་ཟླ་ཚེའི་མགོ་ལ་རྭ་དང་རྐུབ་ལ་རྔ་མ་ཡོད་རེད་ཟེར་ནས་སྒྲོ་འདོགས་ཀྱང་བྱས་མེད། མི་ཁོ་རང་གི་རང་བཞིན་བརྗོད་པས་ཉེས་པ་ཆེ་ན། ༧གོང་ས་མཆོག་གིས་ག་དུས་ཡིན་ཀྱང་དྲང་པོ་དྲང་ཤག་བྱེད་དགོས་ཀྱི་རེད་གསུངས་པ་དེ་ཡང་དོན་མེད་དུ་མི་འགྱུར་བའི་ངེས་པ་མི་འདུག ཟླ་ཚེ་ལྷག་བསམ་རྨ་མེད་མཁན་གྱི་མི་ཞིག་ཡིན་ན། ཡོངས་གླིང་སློབ་གྲྭ་དབུས་བོད་མིའི་སྒྲིག་འཛུག་ལ་རྩིས་འབུལ་དང་། བོད་མིའི་རྩ་ཁྲིམས་རྩིས་མེད་རྡོག་རོལ་ཏུ་བཏངས་བ་དང་། བོད་མིའི་སྒྲིག་འཛུག་རྒྱ་གར་ཁྲིམས་ཁང་དུ་སྦྱར་བ་སོགས་ལ་འགྱོད་བཤགས་ཞེ་སེམས་མཐུན་པ་ཞིག་གྱིས་དང་། ད་གཟོད་ཁོའི་མིང་ལ་ཟླ་བ་ཚེ་རིང་ཞེས་བོས་ན་མ་གཏོགས། ད་སྐབས་ཁོ་པར་རྐུ་མ་དང་ཇག་པ་སོགས་ལས་ཟླ་བ་ཚེ་རིང་ཟེར་བའི་མིང་རྐྱང་ཙམ་ཡང་མི་འཐོབ་བོ
ད་བྱས་ན་བཙན་བྱོལ་ནང་གི་ཚོགས་པ་ཐམས་ཅད་༸གོང་ས་མཆོག་ལ་དབུ་སྐོར་ཞུ་མཁན་རེད་དམ། ཚོགས་པ་སུ་གཅིག་གིས་ཀྱང་ཁེ་ཕན་ཆུང་ངུ་ཞིག་མེད་ན་ལས་རིགས་དེ་ཚོ་བྱེད་མི་ཐུབ། སྐུ་ངོ་ཟླ་ཚེ་མཆོག་གིས་ཁྲིམས་ཐོག་ནས་གང་ཡོད་པ་དབུས་བོད་མིའི་སྒྲིག་འཛུགས་སྤྲོད་ཀྱི་ཞེས་བཀའ་ཁྲི་ཞུས་འདུག ཁྱེད་ཡིད་མ་ཆེས་ན་བཀའ་ཁྲི་ལགས་སུ་དྲིས་དང། དེ་མིནམཁྲིས་ཅན་ལ་དུང་དཀར་གསེར་པོ་སྣང་བ་ཆོས་ཉིད་རེད་དོ།
གཏམ་རྣ་བར་མི་འགྲོ་།མཇེ་སྟུ་ནང་ལ་མི་འགྲོ་བའི་སྐད་ཆ་མ་བཤད་། ཇག་དཔོན་ལབ་ན་བཙན་བྱོལ་གཞུང་གིས་ཁྲིམས་ལ་ཁྱད་གསད་དང་ངོ་རྒོལ་བྱེད་མཁན་། རྒྱ་གར་གཞུང་གི་དཔྱད་ཁྲ་ལ་སྦས་ཉལ་བྱེད་མཁན་དེ་འདྲ་རེད་། གང་ལྟར་སྤྱི་འཐུས་ཀྱི་འོས་ཆོས་མེད་པའི་མི་ཞིག་སྤྱི་འཐུས་སུ་ཡོད་ན་དེ་ལ་ངོས་ལན་དང་གུས་བཀུར་སུས་བྱེད་། དཔེ་ན་ཇག་དཔོན་ཟླ་ཚེ་དང་རྐུན་མ་ཀི་རྟིས་སྒྲོལ་དཀར་ལྟ་བུ་།
ཧ་ཧ་ངས་པོ་རྒྱལ་མཚན་ལགས། བཀའ་ཁྲི་གཅིག་པུ་ལ་ལྐོག་མོལ་ཞིག་ག་རེ་ཡིན་ན། མི་མང་གི་ནང་དུ་ཁྱབ་བསྒྲགས་བྱེད་མི་བྱེད་པ་ག་རེ་ཡིན། བཀའ་ཁྲི་ལ་ལྐོག་ཞུས་བྱས་ཡོད་པ་ཁྱོད་གཅིག་པུའི་ཤེས་དོན་ཅི་ཡིན་ན། ད་ནི་དངོས་གནས་གད་མོ་ཤོར་ཡ་རང་རེད། ཧ་ཧ་ཧ་ཧ་ཧ་ཧ་ཧ་
ཡ་ད་རྩོད་དགོས་ན་རྩོད་རྒྱུ་མང་། ཧི་ཧོང་དོན་གཅོད་སྒེར་བདག་བྱས་པའི་རྒྱ་རི་པདྨ་རྒྱལ་པོ་དང་། དབྱིན་ལན་བོད་ཀྱི་ཁང་པ་སྒེར་བདག་བཟུང་བའི་དཀར་མཛེས་ཕུན་ཚོགས་དབང་རྒྱལ། ཨ་རི་བོད་ཀྱི་ཐེབས་རྩ་སྒེར་བདག་བཟུང་བའི་གཉའ་ལམ་པ་རིན་ཆེན་དར་ལོ་སོགས་མང་པོ་ཞིག་ཡོད་པ་རེད། དེ་དག་གི་རྙོག་མ་གཏིང་དུ་སྦས་ཏེ། མདོ་སྟོད་ཀྱི་སྤྱི་འཐུས་ཕལ་ཆེ་བའི་འཆར་གཞི་ལྟར། བཀའ་ཁྲི་བློ་བཟང་སེང་གེས་ཞལ་བཞེས་གནང་བའི་ཐོག་ནས་འདི་ཟླའི་སྤྱི་ཟླ་ ༩ ཚེས་ ༡༤ ནས་འཚོག་འཆར་གྲོས་ཚོགས་ནང་། ཡོངས་གླིང་སློབ་གྲྭའི་སྐོར་གླེང་སློང་མང་པོ་ཞིག་བྱེད་འཆར་འདུག ཡང་བསྐྱར་སྤྱིར་ཆོལ་གསུམ་དང་། ཡང་སྒོས་བཙན་བྱོལ་སྤྱི་ཚོགས་གཏོར་བཤིག་གཏོང་བའི་ས་འོག་དར་འཐག་གི་བྱེད་ངན་རྣམས་མང་ཚོགས་རྣམས་ཀྱིས་ཤེས་པའི་ཐོག་ནས་དེ་ལ་དེ་འོས་ཀྱི་ཡ་ལན་འཇལ་ཐུབ་པ་དགོས།
རིགས་ཞེན་ལགས་ཁྱེད་ཀྱིས་རྣ་བ་གང་གིས་སྒྲིབ་བམ། གནས་ཚུལ་དེ་གུས་པ་གཅིག་པུ་མ་རེད། སྐུ་ངོ་ལགས་དང་འབྲེལ་ཡོད་ཚང་མས་ཤེས་ཀྱི་འདུག གལ་ཏེ་ཡིད་མ་ཆེས་ན་བྱ་ཐབས་བྲལ། དངོས་ཡོད་ནི་དངོས་ཡོད་རང་རེད། རྫུན་མ་ནི་ག་དུས་ཡིན་ནའང་རྫུན་མ་རང་རེད།
ཇོ་ཇོ་ལགས་དེས་ག་པར་ཚད། བཙུན་སྒྲོལ་མ་གླིང་ཡང་ད་ལྟ་ཤེས་རིགས་བཀའ་ཟུར་རིན་ཆེན་མཁའ་འགྲོས་སྒེར་བདག་བཟུང་ཡོད་། ད་དུང་མང་པོ་འདུག་
ངས་པོ་ལགས། དེ་ལྟར་ན་བོད་མི་ཡོངས་ཀྱིས་ཤེས་པར་མི་བྱེད་པར་སྐུ་ངོའི་འབྲེལ་ཡོད་དེ་ཚོ་གཅིག་པུའི་ངག་གཏམ་ལ་བདེན་དཔང་ཐུབ་པ་གཏན་ནས་ཡོད་པར་མི་སེམས། གང་ཡིན་ཞེ་ན་ཆུང་དུས་འོ་མས་ཁ་ཚིགས་ན་ཆེ་དུས་ཞོ་ལ་ཕུ་འདེབས་ཟེར་བ་ལྟར་ཟླ་ཚེའི་བྱས་ངན་དེ་དག་གིས་ང་ཡིད་ཐང་ཐེང་མ་དགུ་རུ་ཆད་ཚར་སོང་ངོ་།
རིགས་ཞེན་ལགས་ཉི་ཤར་སྦར་མོས་འགེབས་མི་ཐུབ་པ་ཇི་བཞིན་གནས་ཚུལ་དེ་ནི་ཇི་གསལ་ནས་ཇི་གསལ་ལ་འགྲོ་ངེས་རེད། བགྲོ་གླེང་ཡག་པོ་བྱུང་སོང་ཐུགས་རྗེ་ཆེ།
ངས་པོ་ལགས། ཁྱེད་རང་སྐུ་ངོ་ཟླ་བ་ཚེ་རིང་ལ་རྒྱུས་མངའ་ཡག་པོ་ཡོད་འདུག བཀའ་འདྲི་ཞུ་རྒྱུར། གྱོད་ཡ་བོད་མའི་སྒྲིགས་འཛུགས་ཀྱིས་ཁ་མཆུ་ཆེད་ལོ་རེ་བཞིན་འབུམ་ཉེར་ལྔ་གཏོང་དགོས་ཀྱི་ཡོད་པ་རེད། ཞུ་སྦྱོར་བ་སྐུ་ངོ་ཟླ་བ་ཚེ་རིང་གིས་ལོ་རེ་འབུམ་ག་ཚོད་གཏོང་དགོས་ཀྱི་ཡོད་རེད། ཁྱེད་ཀྱི་སྐུ་ངོ་ལ་དཔེ་ཤག་མང་པོ་དེ་འདྲ་ག་ནས་བྱུང་བ་རེད། དེ་གསལ་བཤད་ཅིག་གནང་རོགས། ང་ནི་དོགས་པ་ཆེ་ཤོས་དང་ཡ་མཚན་ཤོས་དེ་ཡིན། གཞན་ག་རེ་ཡིན་ན་ཡིན།
ངས་པོ་ལགས། དེ་ག་རང་རེད་ཉི་ཤར་ལག་པས་འགེབ་མི་ཐུབ་པའི་དཔེ་དེས་གསལ་བསྟན་བྱས་པ་རེད་ད་སྐུ་ངོ་ཟླ་ཚེའི་རྐུབ་རྡོལ་ནས་རྐུ་མ་ཟླ་ཚེ་དང་ཇག་པ་ཟླ་ཚེ་རུ་གྱུར་པ་རེད་ད་ཤེས་སོང་ངམ།
ངས་པོ་ལགས་ཀྱིས་ཡག་པོ་གོ་མེད་པ་འདྲ་བས་སླར་རྒྱས་སུ་བཏང་ན། ཁྱེད་རང་སྐུ་ངོ་ཟླ་བ་ཚེ་རིང་ལ་རྒྱུས་མངའ་ཡག་པོ་ཡོད་འདུག་པས་བཀའ་འདྲི་ཞུ་རྒྱུར། གྱོད་ཡ་བོད་མིའི་སྒྲིགས་འཛུགས་ཀྱིས་ཁ་མཆུ་ཆེད། རྒྱ་གར་ཁྲིམས་ཁང་དང་ཁྲིམས་རྩོད་པ་གླ་གཡར་བྱེད་པ་འགྲོ་སོང་ལོ་རེ་བཞིན་སྒོར་འབུམ་ཉེར་ལྔ་ལྷག་གཏོང་དགོས་ཀྱི་ཡོད་རེད། ཞུ་སྦྱོར་བ་སྐུ་ངོ་ཟླ་བ་ཚེ་རིང་གིས་ཀྱང་ཁྲིམས་རྩོད་པའི་གླ་ཆ་་དང་ཁྲིམས་ཁང་ལོ་རེ་བཞིན་འབུམ་ག་ཚོད་གཏོང་དགོས་ཀྱི་ཡོད་རེད། ཁྱེད་ཀྱི་སྐུ་ངོ་ལ་དཔེ་ཤག་མང་པོ་དེ་འདྲ་ག་ནས་བྱུང་བ་རེད། སྐུ་དང་པོ་གཞོན་ནུ་ཚོགས་པའི་གད་པ་ཞིག་རེད་ཁྱེད་ཀྱིས་གསུངས་འདུག་ན། བདེ་དོན་ཆགས་པ་དང་གློ་བུར་དཔེ་ཤག་མང་དེ་འདྲ་ག་འདྲ་བྱས་ནས་ཆགས་པ་དེ་གསལ་བཤད་ཅིག་གནང་རོགས། ང་ནི་དོགས་པ་ཆེ་ཤོས་དང་ཡ་མཚན་ཤོས་དེ་ཡིན། བོད་མིའི་སྒྲིགས་འཛུགས་ཀྱི་དཔེ་ཤག་དེ་ཚོ་ང་ཚོའི་རང་བཙན་ལག་དེབ་ཀྱི་དཔྱ་ཁྲལ་གྱི་དངུལ་རེད། ལོ་གཅིག་ཆད་མྱོང་མེད་པར་ཕུལ་བཞིན་ཡོད། ཡིན་ན་ཡང་ངའི་ནང་ཚང་གི་མི་ཐོག་གཉིས་ལ་ཕུལ་བ་དང་མ་འོངས་མི་ཐོག་བཅུ་ལ་ཕུལ་བའི་དཔྱ་ཁྲལ་དཔེ་ཤག་འབུམ་ཉེར་ལྔ་ཟིན་ཡོད་མ་རེད། དེ་ཙམ་ཞིག་སྐུ་ངོའི་ཆེད་དུ་མེད་པ་བྱེད་དགོས་དུས་སེམས་པ་ཕམ་པོ་འདུག་སྟེ་ག་རེ་ཡིན་ན་ཡིན།
ནོར་བཅོས་བྱས། ངས་པོ་ལགས་ཀྱིས་ཡག་པོ་གོ་མེད་པ་འདྲ་བས་སླར་རྒྱས་སུ་བཏང་ན། ཁྱེད་རང་སྐུ་ངོ་ཟླ་བ་ཚེ་རིང་ལ་རྒྱུས་མངའ་ཡག་པོ་ཡོད་འདུག་པས་བཀའ་འདྲི་ཞུ་རྒྱུར། གྱོད་ཡ་བོད་མིའི་སྒྲིགས་འཛུགས་ཀྱིས་ཁ་མཆུ་ཆེད། རྒྱ་གར་ཁྲིམས་ཁང་དང་ཁྲིམས་རྩོད་པ་གླ་གཡར་བྱེད་པ་འགྲོ་སོང་ལོ་རེ་བཞིན་སྒོར་འབུམ་ཉེར་ལྔ་ལྷག་གཏོང་དགོས་ཀྱི་ཡོད་རེད། ཞུ་སྦྱོར་བ་སྐུ་ངོ་ཟླ་བ་ཚེ་རིང་གིས་ཀྱང་ཁྲིམས་རྩོད་པའི་གླ་ཆ་་དང་ཁྲིམས་ཁང་ལོ་རེ་བཞིན་འབུམ་ག་ཚོད་གཏོང་དགོས་ཀྱི་ཡོད་རེད། ཁྱེད་ཀྱི་སྐུ་ངོ་ལ་དཔེ་ཤག་མང་པོ་དེ་འདྲ་ག་ནས་བྱུང་བ་རེད། སྐུ་ངོ་དང་པོ་གཞོན་ནུ་ཚོགས་པའི་གད་པ་ཞིག་རེད་ཅེས་ཁྱེད་ཀྱིས་གསུངས་འདུག་ན། བདེ་དོན་ཆགས་པ་དང་གློ་བུར་དཔེ་ཤག་མང་པོ་དེ་འདྲ་ག་འདྲ་བྱས་ནས་ཆགས་པ་དེ་གསལ་བཤད་ཅིག་གནང་རོགས། ང་ནི་དོགས་པ་ཆེ་ཤོས་དང་ཡ་མཚན་ཤོས་དེ་ཡིན། བོད་མིའི་སྒྲིགས་འཛུགས་ཀྱི་དཔེ་ཤག་དེ་ཚོ་ང་ཚོའི་རང་བཙན་ལག་དེབ་ཀྱི་དཔྱ་ཁྲལ་གྱི་དངུལ་རེད། ལོ་གཅིག་ཆད་མྱོང་མེད་པར་ཕུལ་བཞིན་ཡོད། ཡིན་ན་ཡང་ངའི་ནང་ཚང་གི་མི་ཐོག་གཉིས་ལ་ཕུལ་བ་དང་མ་འོངས་མི་ཐོག་བཅུ་ལ་ཕུལ་བའི་དཔྱ་ཁྲལ་དཔེ་ཤག་དེ་འབུམ་ཉེར་ལྔ་ཟིན་གྱི་ཡོད་མ་རེད། དེ་ཙམ་ཞིག་སྐུ་ངོའི་ཆེད་དུ་མེད་པ་བྱེད་དགོས་དུས་སེམས་པ་ཕམ་པོ་འདུག་སྟེ་ག་རེ་ཡིན་ན་ཡིན།
རིགས་ཞེན་ལགས། བོད་པའི་ཁ་དཔེར་མཁྲིས་ཅན་ལ་དུང་དཀར་གསེར་པོར་སྣང་ཞེས་པ་ལྟར་ཡུལ་ཁོ་རང་གི་གསེར་པོ་མིན་ནའང་རང་ཉིད་ཀྱི་ཕྱོགས་རིས་ཀྱི་ན་ཚས་གསེར་པོ་སྣང་བ་ལྟར་རེད།
སྤྱོད་འཇུག་ལས། གལ་ཏེ་བཅོས་སུ་མེད་ན་ནི།། དེ་ལ་མི་དགའ་བྱས་ཅི་ཕན།། ཞེས་གསུངས་པ་ལྟར་རེད།
རང་དབང་མིང་འཛིན་པ་ལགས་གུས་པས་སྐུ་ངོ་ཟླ་ཚེ་ལགས་ཀྱིས་མི་མང་ལ་ཕན་པའི་ཕྱག་ལས་གང་གནང་པ་དེ་ཚོ་བྲིས་པ་ལས་སྐུ་ངོ་རྒྱུད་ཡོད་ཅེས་གཏན་བྲིས་མེད། སྐུ་ངོ་ལགས་དེ་ཙམ་རྒྱུད་མེད། གལ་ཁྱེད་གནས་ཚུལ་དེ་རིགས་ཤེས་འདོད་ཡོད་ན་སྐུ་ངོ་ལགས་སྒོ་ཆུ་ཚོད་༢༤ ཕྱེ་ཕྱེ་བ་རེད་འདུག ཁྱེད་དེར་སོང་ནས་བྲིས་ཤོགས་ལོ།
དེ་མིན་ཉོག་གཏམ་མི་ཤོད་རོགས།
ཨ་ལེ། ངས་པོ་མིང་འཛིན་ལགས་ཀྱིས་སྐུ་ངོས་ཡག་བ་གནང་བའི་ཕྱོགས་དེ་མ་གཏོགས་ཤེས་ཀྱི་མེད་པ་འདྲ། མི་མང་ལ་ཕན་པ་ཟེར་ན་ཁ་གདང་ཆེ་བ་རེད། མའོ་དང་སི་ཏ་ལེན་དང་ས་རྡམ་དང་རྒ་རྡ་ཕི་སོགས་ལ་ཡང་རང་གི་འཁོར་མང་པོ་ཞིག་ལ་ཕན་ཐོགས་བྱས་ཡོད་རེད། མི་ཁྲི་དང་འབུམ་མང་པོ་ཁེ་ཕན་ཡོད་པ་རེད། སྦོ་ཤི་ལེ་གྲུ་ཆིན་ནང་ག་འདྲ་བྱས་ཡོད་རེད། དོན་མེད་ཀྱི་མི་སྟོང་ཕྲག་མང་པོ་བསད་བཟུང་བྱས་པ་དང་། སྐོར་དུང་ཕྱུར་མང་པོ་ལྐོག་ས་བྱས་ཡོད་རེད། ཡིིན་ན་ཡང་སྦོ་ལ་བརྟེན་ནས་ཁེ་ཕན་ཐོབ་མཁན་ས་ཡ་མང་པོ་ཡོད་པ་རེད། དེ་ལ་ཏིག་ཀ་ཕར་སྤྲད་ནས་ཤ་ཁོག་ཚུར་ལེན་པ་ཟེར། ཡག་སྡུག་གི་སྐད་ཅ་བཤད་དུས་སྐྱོན་ཡོན་གཉིས་ཀ་ཤེས་པའི་ཐོག་ནས་བཤད་པ་མ་གཏོགས་ཕྱོགས་གཅིག་རང་ལ་བརྟེན་ནས་བཤད་ན་མི་འཚམས།
གུས་པས་དང་ཐོག་བཤད་ཡོད། མི་སྐྱོན་མེད་པ་ཞིག་དང་ཤིང་ལ་འཛེར་མ་མེད་པ་ཡོད་ནི་མ་རེད། མི་ཞིག་གིས་དགེ་སྐྱོན་ཚད་འཇལ་དུས་ཕན་ཐོག་དང་གནོད་ཤུགས་ཆེ་ཆུང་གི་ཐོག་ནས་འཇལ་དགོས་པ་ནི། མཐར་མི་ལྷུང་བའི་ཁྱད་ཆོས་ཡོད་རེད།