ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་པ།
མི་རིགས་ཤིག་གི་འཐབ་རྩོད་ནི་རླབས་ཆེན་དང་གཟི་བརྗིད་ལྡན་པའི་འཐབ་རྩོད་ཅིག་ཡིན་པ་དང་། དེ་ཡང་གཙོ་བོ་མི་རིགས་རང་ཉིད་ཀྱི་ཁེ་ཕན་དང་དངོས་ཡོད་ཀྱི་དོན་དམ་གནས་སྟངས་ལ་གཞིར་བཅོལ་པའི་སྒང་འཐབ་རྩོད་གནང་དགོས་པ་ཞིག་ཡིན་པ་ལས། སོ་སོའི་ཁེ་ཕན་གཙོ་བོར་དམིགས་ནས་འཐབ་རྩོད་ཀྱི་ལམ་ལ་འཇུག་པ་ནི་ཉེས་འཚབ་ཆེ་བའི་འཐབ་རྕོད་ཅིག་ཏུ་གྱུར་ངེས་ལ། འཐབ་རྩོད་འདིས་རྐྱེན་པས་མི་རིགས་སོ་སོར་ལོ་རྒྱུས་ཐོག་འགྱོད་པ་ཆེས་ཆེར་སྐྱེས་ཉེས་ཆེ་བའི་འཐབ་རྩོད་ཅིག་ཏུ་གྱུར་སྲིད་པ་ཞིག་རེད། འཛམ་གླིང་ཧྲིལ་བུ་འདིའི་སྒང་། གནའ་ནས་ད་བར་མི་རིགས་ཀྱི་འཐབ་རྩོད་འདྲ་མིན་བྱུང་ཡོད་པ་དང་། འཐབ་རྩོད་ལ་རྒྱལ་ཁ་འཐོབ་མཁན་ཚོ་ནི་གཙོ་བོར་མི་རིགས་རང་ཉིད་ཀྱི་ཁེ་ཕན་ལས་གཙོ་བོར་དོན་དམ་གྱི་དངོས་ཡོད་གནས་སྟངས་ཆེ་འཛིན་བྱས་པའི་འཐབ་རྩོད་པ་དེ་དག་ཡིན་པར་ང་ཚོས་ལོ་རྒྱུས་ཀྱིས་ར་སྤྲོད་ཐུབ་པ་ཞིག་རེད། མཛེས་སྡུག་དང་ཞི་བདེ་ལྡན་པའི་ཁ་བ་གངས་ཅན་གྱི་ལྗོངས་འདི་ཧམ་ཤད་དང་གཡོ་སྒྱུས་ཁེངས་པའི་རྒྱ་ནག་གིས་བཙན་བཟོས་བྱས་པ་ནས་བཟུང་། ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་དེ་༧སྤྱི་ནོར་གོང་ས་ཆེན་པོ་གཙོས་པའི་བཙན་བྱོལ་བོད་རིགས་སྤུན་ཟླ་དུ་མ་གཞན་ཡུལ་ལ་སྐྱབས་བཅོལ་དུ་གནས་དགོས་བྱུང་པ་རེད་མོད། འོན་ཀྱང་རྐྱེན་ངན་གྲོར་ཆགས་ཀྱིས་ང་ཚོར་༧གོང་ས་མཆོག་གི་ཡང་དག་པའི་དབུ་ཁྲིད་དང་ཁོང་གིས་སྐུ་ཚེ་ཧྲིལ་པུ་ང་ཚོའི་མི་རིགས་ལ་བློས་གཏོང་གནང་བའི་མཛད་རྗེས་ལ་བརྟེན་ནས། ང་ཚོ་གཞན་ཡུལ་ལ་རང་དབང་ངང་བོད་རིགས་ཀྱི་ངོ་བོ་འཁྲུལ་མེད་དེ་འཛིན་ནས་སྡོད་རྒྱུ་བྱུང་པ་རེད་ལ། དེ་མ་ཚད། ཁོང་གི་ཐུགས་དཔྱོད་ཀྱིས་གཟི་འོད་ལ་བརྟེན་ནས་བོད་རིགས་ན་གཞོན་མང་པོར་དེང་རབས་ཀྱི་ཤེས་ཡོན་སྤྱངས་རྒྱུ་བྱུང་པ་དང་། བོད་ཀྱི་ཐོན་མིན་རིགས་གཞུང་དང་ལེགས་བྱང་སོགས་ལ་མི་ཉམས་གོང་འཕེལ་དང་ཉམས་པར་སླར་གསོས་ཀྱི་གོ་སྐབས་བྱུང་པ་རེད། དེ་ནི་འཛམ་གླིང་མི་དམངས་ཀྱིས་༧ཁོང་ལ་འདེང་འཇོག་ཆེས་ཆེར་གནང་བའི་རྒྱུ་མཚན་ཞིག་ཀྱང་ལོས་ཡིན། ང་ཚོ་བོད་པ་ཚོས་ཀྱང་ཁོང་གི་བཀའ་དགོངས་བཞིན་བདག་ཅག་གངས་ཅན་ལྗོངས་ཀྱི་ད་ལྟའི་ཛ་དྲག་གི་གནས་བབས་འདི་ནས་གྲོལ་ཐབས་བྱེད་དགོས་གལ་ཆེ་པ་ལས། ཁོང་གི་བཀའ་དྲིན་ལ་དྲིན་ལེན་ལོག་འཇལ་བྱེད་པ་ནི་ཅི་ལ་རུང་། དེ་ནི་ང་ཚོའི་བཟང་སྤྱོད་དང་འགལ་བའི་བྱ་ངན་ཞིག་ཡིན་ཡང་ལོས་ཡིན་སྙམ།
ཁ་རྒྱུན་དུ་“ནང་བཀྲ་མ་ཤིས་ན།ཕྱིར་དོན་མི་འགྲུབ་”པའི་དཔེ་ལྟར། བདག་ཅག་གཞིས་བཞུགས་བོད་རིགས་སྤུན་ཟླ་དུ་མ་ཉིན་རེ་ནས་ཉིན་རེར་རྒྱ་ནག་གིས་བརྡུང་བརྡེབ་དང་གཉའ་གནོན་འོག་རེ་རེ་བཞིན་འཆི་བདག་གི་ཁ་རུ་བརྫངས་བའི་ཛ་དྲག་གི་དུས་བབས་འདི་ལ། ང་ཚོས་ངེས་པར་དུ་ཆིག་སྒྲིལ་གྱི་ལྟ་བ་དང་ཆིག་སྒྲིལ་གྱི་ལམ་ཕྱོགས་སུ་ཤར་བསྐྱོད་བྱས་ནས་དཀའ་ངན་འདི་ནས་གྲོལ་ཐབས་བྱེད་པར་ཤིན་དུ་ནས་གལ་ཆེ་སྙམ། དེང་སང་ང་ཚོའི་ཕྱི་སྡོད་བོད་རིགས་ཤེས་ཡོན་ཅན་མང་པོས་༧གོང་ས་མཆོག་གིས་བོད་གཞུང་བསྡུ་གསོག་བརྒྱབ་སོང་ཟེར་པ་དང་། གཉིས་ཕན་དབུ་མའི་ལམ་ནི་དོན་ཕན་གང་ཡང་མི་ཡོང་བའི་ལམ་ཕྱོགས་ཤིག་ཡིན་ཚུལ་སོགས་ཕྱི་བསྒྲགས་ནང་བསྒྲགས་བྱེད་ཅིང་ཡོད་པ་མ་ཟད། རང་ཉིད་ལ་ཕྱི་རྒྱལ་གྱི་མི་སེར་ཐོབ་ཐང་དང་ཁེ་བབས་ལྡན་པའི་བོད་རིགས་ཤེས་ཡོན་ཅན་མང་པོས་༧གོང་ས་མཆོག་གི་བཀའ་དགོངས་ལ་མི་འདོད་པའི་རྣམ་གྱུར་སྟོན་པ་དང་། ཁོང་ཚོས་ནམ་རྒྱུན་དུ་ནས་ཁ་རྒྱག་པ་འདྲ་བཤད་པ་དང་། བོད་དོན་ཁ་རུ་འཁྱེར་ནས་འཛམ་གླིང་ཡུལ་གྲུ་ཀུན་ལ་སྒེར་མིང་གོང་མཐོ་འདེབས་པར་འགྲི་ཡི་ཡོད་པ་དང་། ད་དུང་ཁོང་ཚོས་གཞིས་བཞུགས་བོད་རིགས་སྤུན་ཟླ་ཚོའི་སྐད་འབོད་བརྒྱབ་པ་སྟེ་“བོད་ལ་རང་དབང་དགོས”“༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་”སོགས་འགྲེལ་བཤད་ལོག་པར་བརྒྱབ་ཏེ་ཁོང་ཚོར་དགོས་འདོད་ནི་རང་བཙན་ཡིན་པ་སོགས་ཕྱི་བསྒྲགས་ནང་བསྒྲགས་བྱེད་བཞིན་ཡོད་པ་དང་། བོད་རིགས་ནང་ཁུལ་ལ་བཀྲ་མི་ཤིས་པའི་ལས་གཞི་བརྩམས་དང་བརྩམ་མུས་ཡིན་པ་རེད། བོད་ཀྱི་གནས་བབས་ལ་དོ་སྣང་དང་ཆབ་སྲིད་ཀྱི་ཁ་ཕྱོགས་མེད་པར་གང་བྱུང་གི་སྐད་ཆ་སྦོམ་པོ་བཤད་པ་དང་། ལས་འགུལ་ཆེན་པོ་བརྩམས་པ་ན། མཐར་ཁོ་རང་ཚོས་ཕྱི་རྒྱལ་མི་སེར་གྱི་ཐོབ་ཐང་སྤྱོད་དེ་གྱོང་ངན་ཅི་ཡིན་རག་མི་སྲིད་ལ། གྱོང་གུན་ཡོད་ཚད་ང་ཚོའི་གཞིས་བཞུགས་བོད་རིགས་སྤུན་ཟླ་ཡོངས་ཀྱིས་རག་པ་ཡིན་དུས་ང་ཚོས་ངེས་པར་ཏུ་གཟབ་གནན་བྱེད་དགོས་པ་ཞིག་རེད། རང་བཙན་འཐོབ་པ་ནི་མི་རིགས་ཤིག་གི་ཁེ་ཕན་ཡིན་པ་དང་། དེ་ལས་ཀྱང་གལ་ཆེ་བ་ནི་དོན་དམ་གྱི་དངོས་ཡོད་གནས་སྟངས་ལ་གཞི་བཅོལ་པ་དེ་རེད། ༧གོང་ས་མཆོག་དང་བོད་ཀྱི་སྒྲིག་འཛུག། ད་དུང་འཛམ་གླིང་ཐོག་སྙན་གྲགས་ཆེ་བའི་ཆབ་སྲིད་རིག་པ་བ་དུ་མས་བོད་ཀྱི་དོན་དམ་གནས་བབས་ལ་གཉིས་ཕན་དབུ་མིའི་ལམ་ཞེས་པའི་ཐབས་ལམ་འདི་ཡག་ཤོས་ཡིན་ཞེས་མ་འོངས་སྔོན་གཟིགས་ཀྱིས་ཇི་ལྟར་གསུངས་ཟིན་ནའང་། ད་དུང་ང་ཚོའི་སྤྱི་ཚོགས་ནང་ལྟ་བ་དང་ལམ་ཕྱོགས་ལ་གཅིག་ཏུ་སྒྲིལ་མི་ཐུབ་པའི་ཤེས་ཡོན་ཅན་མང་པོ་བྱུང་དང་འབྱུང་མུས་ཡིན་པ་འདི་ངོ་ཚ་མིན་ན་ཅི་ཡིན།
སྤྱིར་༧གོང་ས་མཆོག་རང་ཅག་ལ་བཀའ་དྲིན་གཞན་ལས་ཆེ་བ་བཤད་ཅི་དགོས། འོན་ཀྱང་ང་ཚོའི་ལེགས་ཆ་ཡོད་ཚད་ཁོང་གིས་བྱས་པར་ལྟར་བསྒྲགས་ན་ཕལ་ཆེར་ཧིན་དི་ཆོས་ལུགས་པས་ཡོད་ཚད་དབང་ཕྱུག་གིས་བྱས་པར་འཛིན་པ་ལྟར་གྱུར་པ་མིན་ནམ། དེ་ལས་ཁོང་གིས་བླ་ན་མེད་ལམ་སྟོན་འོག་བོད་གཞུང་དམངས་གཉིས་ཀྱི་དཀའ་བ་ཁྱད་བསད་དང་ངལ་དང་ལེན་བྱས་པའི་འབྲས་བུར། ང་ཚོ་གཞན་ཡུལ་ལ་རང་དབང་ངང་བོད་རིགས་ཀྱི་ངོ་བོ་འཁྲུལ་མེད་དེ་འཛིན་ནས་སྡོད་རྒྱུ་བྱུང་པ་རེད་ལ། དེ་མ་ཚད། ཁོང་གི་ཐུགས་དཔྱོད་ཀྱིས་གཟི་འོད་ལ་བརྟེན་ནས་བོད་རིགས་ན་གཞོན་མང་པོར་དེང་རབས་ཀྱི་ཤེས་ཡོན་སྤྱངས་རྒྱུ་བྱུང་པ་དང་། བོད་ཀྱི་ཐོན་མིན་རིགས་གཞུང་དང་ལེགས་བྱང་སོགས་ལ་མི་ཉམས་གོང་འཕེལ་དང་ཉམས་པར་སླར་གསོས་ཀྱི་གོ་སྐབས་བྱུང་པ་རེད། ཅེས་བརྗོད་ན་དོན་དང་མཐུན་ལ་ཆོས་ལུགས་ལྟ་གྲུབ་ཀྱིས་མ་བསླད་པའི་དགེ་མཚན་ཆེ་བ་མིན་ནམ།
འོན་ཀྱང་༧གོང་ས་མཆོག་ལ་མི་མོས་པ་དང་། མི་འདོད་པའི་ཟུར་ཟ་གཏད་ནས་མིན་ལགས། ཡིན་ནའང་ཡོད་ཚད་མི་གཅིག་གིས་བཟོས་པར་འཛིན་པའི་ལྟ་གྲུབ་དེ་ནི་དབང་སྒྱུར་གྲལ་རིམ་ལ་འཛུགས་པའི་སྒོ་དང་པོ་ཡིན་པས་ལྟ་གྲུབ་དེ་ནི་ནམ་ཡང་རྒྱུན་སྐྱོང་མ་བྱས་ན་ལེགས་སོ།། ལྟ་གྲུབ་དེ་ནི་གཙོ་བོ་དགོན་སྡེ་ཁག་དང་རྗེས་ལུས་ཅན་གྱི་སྤྱི་ཚོགས་རྣམས་སུ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་འགྲོ་བཞིན་པ་མ་ཟད། དེ་ལ་བརྟེན་ནས་དགོན་སྡེ་མང་ཆེ་བར་ཤེས་ཡོན་ཅན་ལ་རྩི་མཐོང་ཆུང་ལ། མིང་དང་རིགས་རུས་ཀྱི་གྲགས་པ་ཅན་ལ་ཡོད་ཚད་འབུལ་བཞིན་པ་ལགས་སོ།།
རེད་ཡ་རེད་ལགས། ཉ་ཉོགས་ལུང་པ་གང་བཤད་པའི་མཐའ་མ་ནི་ལམ་དབུ་མ་སྟེང་ལ་རྒྱབ་སྐྱོར་ཡོད་ཅེས་པ་དེ་རེད། ལམ་དབུ་མ་ཡག་པོ་ཡོད་ཚུལ་ནི་ཚང་མའི་ཤེས་གསལ་ཡིན། ང་ཚོའི་ཡག་ཚད་རྒྱན་ཚུལ་འདི་རྒྱ་ནག་གཞུང་ལ་བསྟན་ན་རྒྱ་ནག་གི་ཡག་པོ་རེད་རྩ་བ་ཉིད་ནས་བརྗོད་མི་ཡོང་། དེ་བས་རྒྱ་ནག་ངར་ཡོང་གི་རེད། ང་ཚོའི་དབུ་མའི་ལམ་འདིས་ཕན་ཐོག་ཆེན་པོ་ཡོང་ཁག་པོ་རེད།
དེ་མིན་བཙན་བྱོལ་ནང་ལ་བོད་མི་ཤེས་འཇོན་ཅན་མེད་པ་ནི་མིན། རྩ་བའི་ཆ་ནས་ཡོད། ཤེས་འཇོན་ཅན་མང་པོ་ཞིག་བཙན་བྱོལ་གཞུང་གིས་བདག་པོ་མ་རྒྱབ་པར་དེང་སང་ཕལ་ཆེར་བ་ཕྱི་ལ་ཤོར་ཟིན་ཡོད། དེ་ནང་དུ་རྒྱལ་ཁབ་སྐྱོང་བའི་ཤེས་འཇོན་དང་། མི་དམངས་འཁྲིད་པའི་བློ་སྟོབས་ཅན་ཡོད་ཤ་སྟག་ཡིན།
སྦྱངས་སྦྱངས་ནས་མཐའ་མ་གྲུབ་འབྲས་མེད་པའི་བོད་པའི་ཤེས་ཡོན།
ཁྲིམས་ལུགས་སློབ་མཁན་ཞིག་གི་གོ་རྟོགས་དང་སྐད་ཆ་ལས་རིང་དུ་གྱེས་ཏེ་གླེན་རྨོངས་ལུག་རྫི་ཞིག་གིས་བསམ་བློ་དང་འདུ་ཤེས་ཤིག་མངོན་ནས་འདུག །ཨ་ཁ་ད་ཅི་བྱེད་ཁྲིམས་ལུགས་སྦྱོང་ས་ནས་གླེན་དད་དང་ལོག་ཆོས་རིགས་སྦྱང་ཡོད་པ་འདྲ།
སློབ་ཞོར་ཏུ་རྒྱའི་བཟོ་གྲར་རུ་ལས་ཀ་ལས་ཀྱིན་ཡོད་པའི་ཁྱེད་ད་རྒྱའི་བསོ་བ་རུའང་ཆགས་སོང་ནི་རེད་དམ།
མ་གཞི་ཁག་ཡོད་རྒྱུ་མ་རེད་་་་་ཤུགས་ལྡན་ཚོང་བསྒྱུར་བྱེད་བཞིན་པའི་ནང་མི་ལས་ཞིག་ནས་སྐྱེས་པའི ་བག་ཆགས་ལོས་ཡོད།
ཁྲིམས་ལུགས་སློབ་མས་རིང་བཤད་ཐུང་བཤད་མང་དག་ཞིག་གནང་འདུག། ཧཧཧཧཧཧ་་་་་་ཁྲིམས་ལུགས་པ་ཁྱེད་ཀྱིས་ཁྲིམས་ལུགས་་་་་་་་་་་ཁྱེད་ལ་མང་པོ་མི་ཞུ། བོད་ནང་གི་བོད་མི་རྒྱལ་ཞེན་པ་དག་གིས་འབོད་སྒྲ། བོད་ལ་རང་དབང་དགོས། གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། ཞེས་པའི་འབོད་ཚིག་དེ། བོད་རང་བཙན་དགོས། ཞེས་བརྗོད་ན་ལོག་འགྲེལ་ཡིན་པས་གནད་ལུགས་ཇི་ལྟར་ཡིན་ནམ། རང་དབང་ནི་རང་བཙན་དང་ཤིན་ཏུ་ཉེར་བས་སྲིད་དོན་རིག་པའི་མིང་ཚིག་ཞིག་ཡིན་པ་ལས་དབུ་ལམ་མམ་རྒྱ་དམར་གྱི་རང་སྐྱོང་སོགས་དང་བར་ཐག་ཤིན་ཏུ་ནས་རིང་བའི་མིང་ཚིག་ཞིག་རེད། ད་ལྟའི་དབུ་ལམ་པས་འདོད་པའི་ས་གནས་མི་རིགས་རང་སྐྱོངས་ཀྱི་རྩ་དོན་ནི། རྒྱ་དམར་གྱི་ཁྲིམས་གསལ་ལྟར་རང་སྐྱོངས་དེ་ཡིན། དེ་ནི་ཕྱི་ཚུལ་ཙམ་དང་དོན་དུ་རང་དབང་སྤུ་རྩེ་ཙམ་ལས་མེད་ཞུ་ན་དོན་དུ་གནས། འོ་ན་ཁྱེད་ལ་འབྲི་རྒྱུ། རང་དབང་ཞེས་པ་དེ་གང་ཞིག་ཏུ་འགྲེལ་དགོས་སམ།
དྲ་གྲོགས་བསྟན་འཛིན་ལགས། ཁྱེད་ཀྱིས་རང་དབང་ནི་རང་བཙན་དང་ཤིན་ཏུ་ཉེར་བས་སྲིད་དོན་རིག་པའི་མིང་ཚིག་ཞིག་ཡིན་པ་ལས་དབུ་ལམ་མམ་རྒྱ་དམར་གྱི་རང་སྐྱོང་སོགས་དང་བར་ཐག་ཤིན་ཏུ་ནས་རིང་བའི་མིང་ཚིག་ཞིག་རེད་ཅེས་གསུངས་འདུག དེ་ལ་ངས་མུས་མཐུན་དེ་ཙམ་མེད། ངས་བསམ་པ་རང་བཙན་དང་རང་དབང་གཉིས་ལ་ཁྱད་པ་ཆེན་པོ་ཡོད་སྙམ། དེ་ཡང་རང་བཙན་ཡོད་ན་རང་དབང་ཡོད་པར་མི་ཁྱབ་ལ། རང་དབང་ཡོད་ན་རང་བཙན་ཡོད་པའང་མི་ཁྱབ། དེ་གཉིས་གཉིས་ཀ་ཡོད་པ་དང་གཉིས་ཀ་མེད་པ་སོགས་མང་པོ་ཡོད་པས། རང་དབང་དང་རང་བཙན་གཉིས་གོ་བ་གཅིག་ཏུ་བླངས་པ་དང་ཤིན་ཏུ་ཉེ་བའི་དོན་དུ་འཛིན་མི་རུང་སྙམ།།།།།འདི་ནི་ངའི་བསམ་ཚུལ་ཙམ་ཡིན།
རང་བཙན་དེ་བཙན་བྱོལ་བོད་མིའི་སྤྱོད་བཞིན་པའི་ཐ་སྙད་ཅིག་རེད། བོད་ནང་ནས་བོད་རང་ཆས་རང་བདག་གམ་རང་དབང་དགོས་ཟེར་བ་དེར་རང་བཙན་དང་ཐ་སྙད་གཅིག་ཡིན་པས་རང་དབང་དགོས་ཞེས་འབོད་པ་དེའི་དོན་བོད་རང་བཙན་དགོས་ཞེས་འབོད་པ་ཡིན་པས་ཁྱེད་ཀྱི་དེ་ཙམ་ཡང་གོ་བ་ལེན་མ་ཐུབ་ན་ཧམ་བཤད་བྱེད་མི་རུང་གྲོགས་པོ། བོད་ནང་ནས་བརྒྱ་ཆ་དགུ་བཅུ་གོ་དགུའི་བོད་རང་བཙན་མ་གཏོགས་རང་སྐྱོང་དང་དབུ་ལམ་རྩོད་ཀྱི་ཡོད་མ་རེད། བོད་རང་སྐྱོང་ཟེར་བ་ཞིག་ཡོད་ཀྱང་རྒྱ་མི་རིགས་ཀྱི་འོག་ཏུ་འདུག་འདོད་མེད་པ་གསར་བོ་རེད། དབུ་མའི་ལམ་ཟེར་ནའང་དོན་ལ་རྒྱ་གཞུང་གི་མི་འདོད་པའི་བོད་རང་དབང་རང་བཙན་ཟེར་མ་ཕོད་ཙམ་ལས་བོད་མིའི་འདོད་པའི་བོད་རང་དབང་རང་བཙན་བོར་བ་དེ་རེད། དེ་ཡིན་དུས་དབུས་མ་མ་ཡིན་པར་རྒྱ་ཕྱོགས་ཀྱི་འདོད་པ་བསྒྲུབ་པ་རེད། རང་ཕྱོགས་བོད་མིའི་འདོད་པ་གཡུག་བཞག་པ་རེད། གལ་ཏེ་རྒྱ་གར་སོགས་ཕྱི་རྒྱལ་ཡུལ་གྲུར་གནས་པའི་བོད་རིགས་ཚོ་ཕྱིར་བོད་ཡུལ་ལ་ལོག་འདོད་མེད་ཀྱང་། བོད་ནང་ལོགས་ན་གནས་པའི་བོད་རིགས་ས་ཡ་དྲུག་ལ་བོད་རང་དབང་རང་བཙན་གཙང་མ་ཞིག་དུས་ནམ་ཡང་དགོས་ཀྱི་ཡོད་ལ་རྩོད་ཡང་རྩོད་བཞིན་ཡོད་རེད།
བློ་གྲགས་ལགས། རྒྱལ་ཁབ་ཤིག་དང་མི་རིགས་ཞིག་གི་རང་དབང་དང་རང་བཙན་ཅེས་བཤད་དུས་མི་སྒེར་གྱི་རང་དབང་དང་རྒྱལ་ཁབ་ཀྱི་རང་བཙན་བར་སྲེད་ནས་བཤད་ན་མི་འཚམས། ཁྱེད་ཀྱིས་གོང་དུ་མ་རྩོམ་ལས་འདིར་བཤད་པ་བཟང་། དེ་གཉིས་བར་མུ་གསུམ་མུ་བཞི་དང་འབྲེལ་བ་ཡོད་པ་མཁྱེན་ན། བོད་ལ་རང་དབང་དགོས་ཞེས་པ་དེ་བོད་རང་བཙན་ལ་འགྲེལ་བར་ལོག་བཤད་རེད་གསུངས་པ་དེ་ནོར་སོང་བ་རེད། རང་དབང་དང་རང་བཙན་བར་རྣམ་པ་ཐམས་ཅད་གཅིག་པ་རེད་ཞུ་རྒྱུ་མ་བྱུང་། བོད་ལ་རང་དབང་དགོས་བཤད་སྐབས། བོད་ཀྱི་འཁོར་ཡུག་དང་འབྲེལ་བའི་རང་དབང་སྐོར་བཤད་ཀྱི་ཡོད་རེད། དོན་དུ བོད་ཀྱི་ཡུལ་ཁམས་ལ་རང་དབང་དགོས། ཅེས་པ་དེ་རེད། དེ་ནི་བོད་ཀྱི་རྒྱལ་ཁབ་ལ་རང་དབང་དགོས་ཞེས་པ་དང་ཧ་ཅང་ཉེར་བའི་ཚིག་སྦྱོར་ཞིག་ཡིན་པས་རང་བཙན་དང་ཉེར་བས་རྒྱུ་མཚན་དེ་རེད། བོད་མི་ལ་རང་དབང་དང་བོད་ལ་རང་དབང་ཅེས་པའི་བར་གྱི་ཚིག་སྦྱོར་ལ་ཁྱད་པ་ཤིན་ཏུ་ཆེ་པོ་ཡོད་པ་མཁྱེན་དགོས།
ཁྲིམས་ལུགས་སློབ་མས་རྩོམ་མང་པོ་ཞིག་སྤེལ་འདུག་མོད་ཁྲིམས་ཀྱི་ཐ་སྙད་དང་བརྗོད་བྱ་གཅིག་ཀྱང་མཐོང་རྒྱུ་མི་འདུག་་རྒྱ་ནག་ལ་ཁ་དཔེ་ཞིག་གདའ།་་ལུག་མགོ་བཏེགས་ནས་ཁྱི་ཤ་བཙོང་།་་ངས་བལྟས་ན་ཁྱེད་ཀྱི་རང་བཞིན་དེ་ལས་མ་འདས།
བློ་བཟང་གྲགས་པ་ལགས།
རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་བོད་ཀྱི་གནས་བབ་ལ་ལྟ་སྟངས་གང་འདྲ་ཡིན་མིན་དང་། དེང་སྐབས་ལྟ་སྟངས་ལ་འགྱུར་ལྡོག་གང་འདྲ་འབྱུང་གི་ཡོད་མེད། བོད་མི་ཚོར་ཁྲིམས་ལུགས་ཀྱི་ཤེས་བྱ་མཁོ་སྤྲོད་སོགས་གནང་ན་ཡག་པོ་མི་འདུག་གམ།
ང་ཚོས་རང་སྐྱོང་ཀྱང་ཏག་ཐུབ་ཀྱི་མེད་དུས་རང་བཙན་ཇི་ལྟར་རག་ཐུབ་བམ། ཁ་རང་བཙན་དང་མི་བྲལ་མཁན་འདི་ཚོས་རང་བཙན་ཆེད་དུ་ལས་ཀ་ཅི་ཞིག་བྱེད་མྱོང་ངམ། སེམས་ནང་ལ་རང་སྐྱོང་ཙམ་ཡང་བརྩོད་རྒྱུའི་སེམས་ཤུགས་མེད་པར་ཁ་ནས་རང་བཙན་བཤད་པ་ནི་ཡོང་རྒྱུ་མེད་པའི་སྐད་ཆ་ཞིག་མ་རེད་དམ།
གོང་གི་༼ཏག་༽ཞེས་པ་དེ་༼རག༽ ལ་བཅོས
ཡ་ཨ་རོགས་ཆ་བོ། ཁྲིམས་ལུགས་སློབ་མའི་སེམས་ཤུགས་མ་གཅོག། རྗེས་མར་དགོས་དུས་འདྲ་ཡོད་ན་ཐང་ཡ། མྱི་འདིར་མི་རེ་དང་རྟ་འདིར་མི་ཞོན་ཟེར་ཡ་ཁག་པོ་ཡིན་ནོ་གནའ་མི་བོད་ཀྱི་གཏམ་དཔེ་རེད།
ཧ་ཧ་ཧ།
ལམ་དབུས་མ་འདི་ལམ་ཞིག་ཡིན་པ་གསལ་པོ་བྱུང་སོང་ཡ། ཧ་ཧ་ཧ།
དྲ་གྲོགས་ཚོ་། མ་གཞི་ནས་བློ་བཟང་གྲགས་པ་ལགས་ཀྱིས་གསུངས་པ་ག་རེ་འགྲིག་མི་འདུག ཁོང་གིས་མི་རིགས་ཤིག་གི་འཐབ་རྩོད་ལ་གཙོ་བོར་དོན་དམ་གྱི་གནས་སྟངས་བཟུང་དགོས་པ་ལསཁེ་ཕན་བཟུང་མི་རུང་ཞེས་གསུངས་འདུག། འདི་ནི་དངོས་གནས་ཆབ་སྲིད་ཀྱི་ལྟ་གྲུབ་ལྡན་ཞིང་ཤེས་ཡོན་ཅན་ཞིག་གི་བསམ་བློ་ལས་བྱུང་བའི་སྐད་ཆ་ཞིག་ཡིན་ཕྱིར། ཁྱོད་རང་ཚོས་བསམ་བློ་ཡག་པོ་གཏོང་རོགས་ཞེས་ཞུ་འདོད་བྱུང་།