ཁྲོ་གཏུམ།
དྭངས་གཙང་གི་ཞོགས་པ་དང་དགོང་ཁའི་ཉི་ནུབ་གང་ཡིན་རུང་། ངེད་ཚང་ནས་མཐོང་བའི་ཟུར་ངོས་ཀྱི་ཁང་བརྩེགས་དེའི་སྒེའུ་འགྲམ་ན། རྒྱུན་དུ་སྙན་འཇེབས་ཀྱིས་འཕྱོ་བའི་རྣོ་སྦྲེང་གི་དབྱངས་རྟ་ཞིག ___ ཏིན་དུང་། ཏིན་དུང་། ཏིན་ཏིན་དུང་། འོད་རླབས་ཀྱིས་ཡོངས་སུ་བཏུམས་པའི་ཚ་གདུང་གི་ཉི་འོད་ཁྲོད་ནས། རང་དབང་གིས་བསྐྱོད་པའི་འཇམ་རླུང་ལྟ་བུའི་རྣོ་སྦྲེང་གི་དབྱངས་རྟ་དེ་ངས་ཉིན་རེར་ཐོས་དུས། བདེ་སྣང་གི་ཚོར་བ་བསིལ་མོ་ཞིག་གིས་བདག་གི་སེམས་སྣེར་འཁྱིལ་ཏེ་སྐད་ཅིག་གི་སྐྱིད་སྣང་ལ་རོལ། ཆར་བ་འབབ་དུས། རྣོ་སྦྲེང་གི་རོལ་དབྱངས་ལ་འདྲེས་པའི་ཤག་ཤག་གི་ཆར་སྒྲ་ནི་རང་བྱུང་ཁམས་དང ་བསྟུན་པའི་མཉམ་སྒྲོག་རོལ་དབྱངས་ཤིག་དང་གཅིག་ཏུ་བསྒྲིལ་ཏེ་དབྱིངས་རྟ་ཡི་འགྱུར་ཁུག་གཞན་ཞིག་ཀྱང་ཐོས་འཛིན་དུ་རྒྱུ་ཡོང་། སྐབས་སྐབས་སུ། རྫོངས་མཐུག་པའི་མུན་ནག་ཁྲོད་དུ་ངས་ངལ་དུབ་ཀྱི་རྐང་འགྲོས་ཕྱིར་རང་ཁྱིམ་ལ་འདྲུད་པའི་ཚེ་ན། རྒྱུས་མངའ་ཆེ་བའི་རྣོ་སྦྲེང་གི་དབྱངས་རྟས་ང་རང་སླེབས་པར་དགའ་བསུ་བྱེད་པ་དང་ཀུན་ནས་མཚུངས་ཤིང་། ཧ་ཅང་ཡ ིད་ལ་གནག་པའི་ཚོར་ཟབ་ཞིག་གིས་ཡོངས་སུ་སྤྲོས་བར་བྱས་འགྲོ།
ཉི་མ་རེ་རེའི་སྙན་འཇེབས་ཀྱི་དབྱངས་འགྲོས་འདི་ཡིས། བདག་སེམས་ལ་བརྩེ་བའི་བཀའ་དྲིན་ཞིག་བརྡོལ་དུ་བཅུག་པ་མ་ཟད། ངས་སེམས་གཏིང་ནས་ཤེས་འདོད་སྐྱེ་བའི་དྲི་བ་ཞིག་སྟེ་“རྣོ་སྦྲེང་དཀྲོལ་མཁན་དེ་སུ་ཡིན་ནམ” ད་དུང་མི་འདི་ལ་འཕྲད་འདོད་ཀྱི་འདུན་པ་ཡང་དྲག་ཏུ་འཕྱུར་སོང་།
ཉིན་ཞིག་ལ། རོལ་མོ་དཀྲོལ་བར་མཁས་བའི་གྲོགས་པོ་ཞིག་གིས་བདག་ལ་རོལ་གཏོང་ཚོགས་ཁང་ཞིག་གི་ནང་འཛུལ་ལག་ཁྱེར(སྤ་སེ)ཞིག་སྤྲད་སོང་། འདིའི་དགོང་མོར་རོལ་མོ་གཏོང་མཁན་ཚང་མ་ནི་གར་སྟེགས་སྟེང་ན་མིང་དུ་གྲགས་པའི་མི་སྣ་རྐྱང་རྐྱང་རེད། འཁྲབ་ཚན་རེ་རེ་མཇུག་བསྒྲིལ་དུས་ཚང་མས་འབྲུག་སྒྲ་ལྟ་བུའི་ཐལ་མོ་བརྡེབ་ལ། ཆེས་མཐར་མཇུག་གི་འཁྲབ་ཚན་ནི་རྣོ་ སྦྲེང་ཁེར་དཀྲོལ་བྱེད་མཁན་ཞིག་རེད། དེ་དཀྲོལ་མཁན་ནི་ཕལ་ཆེར་ལོ་ན་བཅུ་གསུམ་ནས་བཅུ་བཞི་ཟིན་མིན་གྱི་བུ་མོ་ཆུང་ཆུང་ཞིག་ཡིན་ཞིང་། མོའི་སོར་མོའི་འགུལ་བསྐྱོད་ནི་མཉེན་ཤ་དོད་ལ་བྱིའུ་ཆུང་ཞིག་ཡང་ཟོར་གྱིས་རྣོ་སྦྲེང་གི་མཐེབ་གཞུང་ལ་བསྐྱོད་པ་དང་མཚུངས། གླུ་གར་ཁང་དུ་རྣ་བར་འཇེབས་པའི་རྣོ་སྦྲེང་གི་དབྱངས་འགྲོས་དེ་ནི་མཐོ་དམའ་མི་སྙོམས་པའ ི་འགྱུར་ཁུག་ཅིག་གིས་འཇེབས་པར་རྒྱན་པས། རོལ་དཀྲོལ་དེ་རྣ་བའི་བདུད་བརྩིར་བབས་ཤིང་ལྟད་མོ་བ་ཡོངས་ནི་ཁ་ཁུ་སུམ་པོའི་ངང་ནས་དབྱངས་ཀྱིས་བཟི་བར་གྱུར་འདུག མོས་རོལ་ཆ་གཏོང་ནས་ཚར་མ་ཐག ཐལ་མོའི་བརྡེབ་སྒྲ་ཡུན་དུ་གནས་ཤིང་། མོས་འཁྲབ་ཚར་རྗེས་གུས་འདུད་ལན་གསུམ་བྱས་སོང་།
རྣོ་སྦྲེང་འདིའི་དབྱངས་འགྲོས་ནི་ཇི་འདྲའི་ཡིད་ལ་ལྷུང་བ་ཞིག་དང་འདྲིས་ལོབས་སུ་སོང་བ་ཞིག་རེད། ནམ་རྒྱུན་གྱི་རྣོ་སྦྲེང་དཀྲོལ་མཁན་དེ་ནི་མོ་རང་མ་རེད་དམ། ང་ལ་ཐེ་ཚོམ་གྱི་ཚོར་བ་ཞིག་ད་དུང་འདུག
ཟླ་ཕྱེད་རྗེས་ཀྱི་ས་སྲོད་ཞིག་ལ། སྲང་མདོ་ནས་ངས་ཡང་ཤ་དོད་པོའིི་ངང་དུ་རྣོ་སྦྲེང་གི་དབྱངས་རྟའི་རྗེས་དེད་དེ་ཡོང་སྐབས་སུ། གློ་བུར་དུ་དབྱངས་རྟ་མཚམས་བཞག་སོང་། ང་རང་མུ་མཐུད་ཀྱིས་སྒོ་འགྲམ་དུ་ཐོན་པ་ན། ཟུར་ངོས་ཀྱི་ཁང་བརྩེགས་འོག་ཏུ་བཞིན་རས་ཤིན་ཏུ་ལེགས་པའི་བུ་མོ་ཞིག་གིས་ཏག་ཏག་ཕྱག་ཏུ་གདངས་དེབ་བརྩེགས་མ་མནབས་པའི་རྒས་ཁོག་ཞིག་བ སྐྱོར་ནས་འགྲོ་བ་མཐོང་སོང་། མོ………. ཏག་ཏག་དེའི་དགོང་མོར་རོལ་གཏོང་ཁང་དུ་རྣོ་སྦྲེང་ཁེར་དཀྲོལ་འཁྲབ་མཁན་གྱི་བུ་མོ་ཆུང་ཆུང་དེ་རེད་འདུག
རང་ཁྱིམ་ལ་ཐོན་མ་ཐག ‘ཏིན་དུང། ཏིན་དུང། ཏིན་ཏིན་དུང།’རྣོ་སྦྲེང་གི་དབྱངས་རྟ་ཡང་བསྐྱར་གྲགས་ཏེ་བདག་གི་སེམས་པའི་ཞིང་སར་སིམ་པར་གྱུར།
“སློབ་སྦྱོང་བཟང་པོ་བྱས་ན།། ཉིན་རེར་ཡར་ཐོན་ཡོང་ངེས།།”འབད་བརྩོན་གྱིས་རྣོ་སྦྲེང་དཀྲོལ་བའི་ཡ་རབས་ཀྱི་བུ་མོ་འདི་ལ་ངའི་སེམས་གཏིང་གི་འགོག་ཐབས་བྲལ་བའི་སྨོན་འདུན་ཞིག་ཞུ་དགོས་སོང་།
2012/8/20 ཉིན་བསྒྱུར།
ཁྲིན་པེ་ཁྲེའུ་ (1906-1997)ཡི་སྐྱེས་ཡུལ་ནི་ཧྲང་ཧེ་ཡིན། ཁོང་གིས་1923ནས་རྩོམ་འབྲིའི་མགོ་བརྩམས་ཞིང་ཁོང་ནི་བྱིས་སྒྲུང་འབྲི་མཁན་ཞིག་ཡིན་འདུག བརྩམས་དེབ་ཐོག་མ་ནི་སྒྲུང་འབྲིང༼སློབ་རའི་
གསལ་བཤད།
རྩོམ་ཡིག་འདི་ནི་མི་སྣ་ཞིབ་འབྲི་བྱས་པ་ཞིག་ཡིན་ལ། རྩོམ་པ་པོས་ཉིན་རྒྱུན་འཚོ་བའི་ཁྲོད་ཀྱི་བྱ་བ་ཆུང་ཚག་ཞིག་གིས་རྣོ་སྦྲེང་དཀྲོལ་མཁན་དེའི་མི་གཤིས་ཀྱི་ཁྱད་ཆོས་མངོན་ཡོད། ཀྲུང་གོའི་རྩོམ་པ་པོ་ཁྲིན་པེ་ཁྲེའུ་ཡི་མ་རྩོམ་༼
གསལ་འདེབས།
གལ་ཏེ་ཁྱོད་ཚང་གི་ཉེ་འགྲམ་དུ་ཉིན་རེར་རྣོ་སྦྲེང་སྦྱོང་མཁན་ཞིག་ཡོད་ན། ཁྱོད་ཀྱིས་རྣོ་སྦྲེང་དཀྲོལ་མཁན་དེར་འབད་བརྩོན་གྱི་སྙིང་སྟོབས་ལྡན་པ་ཧ་གོ་ཐུབ་བམ། ཁྱོད་ཀྱིས་རྣོ་སྦྲེང་དཀྲོལ་མཁན་དེ་སུ་ཡིན་མིན་ཤེས་འདོད་ཡོད་དམ་མེད།
ཨ་རོགས། མྱི་ལྡང་། ཁྲོ་གཏུམ་ཡ། ཁྲོ་གཏུམ། ངས་བསྒྱུར་དགོས་བསམ་དུས་ཁྱོས་བསྒྱུར་ཚར་འདུག་ག ཧ་ཧ་་་ ་་་། ཡུམ་ཁྱོད་འདི་ངར་བ་ཞིག་ཡིན།