བློ་བཟང་ཚེ་རིང་།
གདན་ས་ཁག་གིས་གཞུང་འབྲེལ་གྱི་ལས་འགུལ་ཁོ་ན་མ་གཏོགས། གཞུང་འབྲེལ་མིན་པའི་མར་མེ་ཁྲོམ་སྐོར་ཚུན་ཆུད་དུའང་མི་འགྲོ་རྒྱུའི་གཏན་འབེབས་གནང་ཡོད་ན། དེ་ཡག་པོ་རེད། གང་ཡིན་ཟེར་ན། གདན་ས་ཁག་དང་གཞིས་ཆགས་ཁག་ནང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ལས་འགུལ་མང་པོ་སྤེལ་བ་རེད། གཏམ་བཤད་རིང་ཐུང་བཅོ་བརྒྱད་བྱས་ཚར་བ་རེད། འོན་ཀྱང་། གནང་སྟངས་མང་པོ་ཞིག་གདན་ས་ཁག་གིས་དེ་ཙམ་གྱི་ཕན་ཐོགས་ཡོད་པ་ཞིག་ཏུ་མ་མཐོང་བ་རེད། ཕན་ཐོགས་ཀྱི་ངོས་འཛིན་མ་ཐོབ་པའི་གནས་སྟངས་འོག་ནས། ད་རེས་ཀྱི་ཐག་གཅོད་འདི་གནངབ་རེད། གནང་སྟངས་འདི་ལ་དགའ་སོང་།
མ་འོངས་པར་ང་ཚོས་ལས་འགུལ་སྤེལ་སའི་ཁོར་ཡུག་ཅིག་མེད་པ་ཆགས་སོང་ཟེར་ནས་ཚོགས་པ་སུ་གང་ཡང་ཐུགས་ཀྲལ་གནང་དགོས་པ་མ་རེད། གདན་ས་ཁག་གིས་ཕན་ཐོགས་ཡོད་པའི་ངོས་འཛིན་ཐོབ་པའི་ལས་འགུལ་སྤེལ་བ་ཡིན་ན། ནམ་ཞིག་ངོས་ལེན་དང་ངོས་འཛིན་གནང་སྲིད་པ་རེད། གཞུང་གི་སྲིད་བྱུས་སུ་གཏན་ལ་ཕབ་པའི་དབུ་མའི་ལམ་ལ་ཆ་བཞག་ན། བྱུང་རིམ་དང་བཅས་པ་༸གོང་ས་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས། བོད་གཞུང་བཅས་ནས་དུས་ནས་དུས་སུ་འགྲེལ་བརྗོད་དང་ལམ་སྟོན་གནངས་པ། གནང་བཞིན་པ་འདི་ལས་ལྷག་ཅིག ཚོགས་པ་བྱེ་བྲག་པ་སུ་གང་དང་། སྐྱེ་བོ་སྒེར་བ་སུ་གང་ལ་གནང་རྒྱུ་མེད་པ་ཞིག་ཡིན་པ་མཐོང་ཆོས་མྱོང་འགྱུར་རང་ཆགས་ཡོད། གདན་ས་ཁག་གི་གནང་སྟངས་འདིར་དགའ་གུས་ཚད་མེད་ཞུ་བཞིན་ཡོད། གདན་ས་ཁག་གཞུང་གི་ལམ་སྟོན་འོག་ཤར་བསྐྱོད་གནང་སྟངས་འདི་ལས་ང་ཚོ་གཞན་ཅི་དགོས། གདན་ས་ཁག་ལ་ཐུགས་རྗེ་ཆེ་ཞུ་འོས་པ་ཞིག་རེད། གདན་ས་ཁག་གི་གནང་སྟངས་ལ་ཡི་མ་རང་བ་བྱ་ཡུལ་ཞིག་ལྷག་མི་འདུག་པ་ས་རིས་ཐང་གསལ་ཆགས་ཡོད།
འདི་ད་དུང་བསམ་བློ་ཡག་པོ་གཏོང་དགོས་པའི་གནས་དོན་ཞིག་རེད། གནས་སྐབས་བསྟོད་སྨད་ཀྱི་སྐད་ཆ་ཅི་གང་མེད།
གདན་ས་ཁག་ནི་བོད་མི་རིགས་ཀྱི་ངོོ་བོའི་སྲོག་རྩ་འཛིན་པའི་ཤེས་ཡོན་གྱི་སྡེ་ཆེན་པོ་འཛམ་གླིང་ནང་བསྟན་གྱི་མཐོ་སློབ་ཁང་ཆེན་པོ་ཞིག་གི་ངོ་བོ་གནས་ཡོད། དེས་ན་གྱེན་ལོངས་ཀྱི་ལས་འགུལ་ཆུང་ཚག་རིགས་ག་དུས་ཡིན་ན་ཡང་སྤེལ་དགོས་པའི་རྒྱུ་མཚན་ཡང་མ་མཐོང་ལ། དུས་ཚད་ཀྱང་མེད་པ་རེད། གཙོ་བོད་མི་རིགས་ཀྱི་བླ་སྲོག་ཆོས་དང་སྐད་ཡིག་སོགས་མི་ཉམས་གོང་འཕེལ་དང་ཉམས་སླར་གསོའི་ཆེད་མི་རིགས་འདི་ཉིད་འཛམ་གླིང་འདིར་ཡུན་རིང་གནས་ཆེད་འཛུགས་སྐྲུན་གྱི་ལས་འགུལ་དེ་གཙོ་བོ་ཡིན་པ་སྨོས་ཅི་དགོས། ཡིན་ན་ཡང་བོད་ནང་གི་ཛ་དྲག་གི་གནས་ཚུལ་གྱིས་རྐྱེན་པའི་མི་རྒྱུ་གཉིས་ཀྱིས་གདུང་སེམས་མཉམ་བསྐྱེད་དང་ལས་འགུལ་ཤུགས་ཆེར་ད་བར་སྤེལ་དང་སྤེལ་བཞིན་པ་ཡིན་པ་ནི་བོད་མི་ཀུན་གྱིས་མཁྱེན་གསལ་ལྟར་རེད། མ་འོངས་པ་ཡང་དགོས་ངེས་བྱུང་ན་སྐབས་དང་དུས་ལ་ལྟོས་ནས་སྔར་ལས་ལྷག་ལས་འགུལ་སྤེལ་རྒྱུ་ཡིན་པ་བཤད་ཅི་དགོས། བོད་ཀྱི་རིས་མེད་གདན་ས་ཁག་དང་བཤད་གྲྭ་ཁག་ནི་བོད་མི་རིགས་ཀྱི་དགོས་ངེས་བྱུང་ན་གདོང་མཆོང་དཔའ་བོ་ངོ་མ་དེ་རེད། བོད་མི་རིགས་ཀྱི་སྲོག་རྩ་འཛིན་པའི་འཛམ་གླིང་ཞི་བདེ་སྐྲུན་མཁན་གྱི་ཤེས་ཡོན་པ་ཐོན་པའི་ནང་བསྟན་མཐོ་སློབ་ཁང་ཆེན་པོ་དེ་ཡང་རེད། ད་དུང་ཆོལ་་གསུམ་ཆིག་བསྒྲིལ་གྱི་་མཚོན་རྟགས་དང་ཆོས་བརྒྱུད་རིས་མེད་ཀྱི་མཚོན་རྟགས་བླ་མེད་ཞིག་ཀྱང་རེད། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག བོད་རྒྱལ་ལོ།།
སྤྱིར་གདན་ས་ཁག་གཞུང་འབྲེལ་ལས་འགུལ་མ་གཏོགས་མི་སྤེལ་གྱི་ཐག་གཅོད་བྱས་པ་གོ་ཡང་མ་བྱུང་ལ་བྱས་པའི་གནས་ཚུལ་ཡང་མི་འདུག དགོས་ངེས་ཀྱི་གནས་ཚུལ་བྱུང་ན་སུ་ཡིན་ཡང་ཆོག །
ད་རི་ངས་དྲ་གྲོགས་ཚོ་ལ་གལ་གནད་ཆེ་བའི་དྲི་བ་འགའ་ཞིག་ཡོད།
༡ ང་ཚོའི་བཙན་བྱོལ་གཞུང་ངམ་སྒྲིག་འཛུག་འདི་ཉིད་ཀྱི་མགོ་ཁྲིད་དེ་ཡིན་གཅིག་མིན་གཅིག་དབུ་མའི་ལྟ་གྲུབ་མཁས་ལེན་མཁན་ཞིག་དགོས་རེད་དམ?
༢ འོས་འདེམ་སྐབས་ཆབ་སྲིད་ཚོགས་པ་དཔེར་ན་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་། གཞོན་ནུ་ཚོགས་པ་སོགས་ནས་འོས་མི་མེད་པ་དེ་མང་གཙོ་མཚན་ཉིད་དང་ལྡན་པ་རེད་དམ?
༣ ད་ལྟའི་མང་གཙོ་ཡིན་ཟེར་བ་འདི་བོད་ཀྱི་ཐུན་མོང་མ་ཡིན་པའི་མང་གཙོ་ཟེར་བ་དེ་རེད་དམ། མང་གཙོའི་རྒྱལ་ཁབ་གང་འདྲ་ཞིག་ལ་དཔེ་བྱས་ནས་མང་གཙོ་བཏགས་པ་རེད?
༤ བླ་ཆེན་དང་མི་ཆེན་རེ་ཟུང་གི་བསམ་ཚུལ་དང་མ་མཐུན་ན་མི་མང་གི་མངོན་འདོད་གང་ཡིན་རུང་རྩིས་མེད་ཁོ་ནས་ལས་འགུལ་ལ་བཀག་རྒྱ་བྱེད་པ་འདི་དག་མང་གཙོ་སུའི་ལུགས་སྲོལ་རེད་དམ?
༥ བླ་ཆེན་མི་ཆེན་ཁ་ཤས་ཀྱི་འདོད་མོས་གང་ཡོད་གཞུང་གི་ལང་ཕྱོགས་ཡིན་ཟེར་ཞིང་། དེ་ལ་སྐྱོན་བརྗོད་བྱས་ན་དེ་ནི་རྒྱ་དམར་ལ་ལག་འབྲེལ་ཡོད་པ། ཤུགས་ལྡན་ཚོགས་པ་སོགས་བཙན་བྱོལ་སྤྱི་ཚོགས་ནས་བཀར་བཞིན་པ་སྨྲ་བརྗོད་རང་དབང་ལྡན་པའི་མང་གཙོ་རེད་དམ?
གོང་གི་དྲི་བ་རྣམས་དོགས་བསེལ་ཙམ་དུ་ཞུས་པ་ལས་གཞན་དུ་མི་དགོངས་པར་ལེན་གནང་བའི་རེ་བ་ཡོད།
བོད་ཀྱི་འདས་མ་ད་གསུམ་གྱི་གནད་དོན་ཆེ་ཕྲ་ཚང་མའི་ནང་ལ་བོད་ཀྱི་དགོན་སྡེ་ནི་བོད་དོན་ཐད་ལ་ཆུ་ལ་གཤེར་བ་བཞིན་ནམ་ཡང་ཁ་འབྲལ་མི་རུང་བའི་ཆ་ཤས་གལ་ཆེན་ཆེན་ཞིག་ཡིན་པ་སྨོས་ཅི་དགོས། དགོན་པའི་རང་ཚུགས་མ་བརླགས་པར་གནས་ཐུབ་ཚེ་མ་འོངས་པར་བོད་དོན་བདེན་རྩོད་ཀྱི་ལོ་རྒྱུས་ཀྱི་བདེན་དཔང་ཡོད་ན་མེད་ན་གཅིག་བུ་དེ་རེད།
གནའ་སྔ་མོ་གདན་ས་ཁག་གི་མཁན་པོ་ཚོས་ཀོ་ཐག་གློད་ནས་སྡེ་པ་གཞུང་གི་འགོ་ཁྲིད་དང་ལྷན་དུ་བྱས་ཉེས་ཤོར་ནས་བོད་འདི་རྒྱ་ལག་ཏུ་སྐྱེལ་ཚར་བ་རེད། ད་དུང་། བྱས་ཉེས་ཤོར་གིན། ཨ་ཁ། མི་རབས་རྗེས་མ་རྣམས་ཀྱིས་ཁ་གཏོང་ཡས་རྒྱུ་མ་གསོག་རོགས། ལར་ནས་གནས་ཚུལ་འདི་བདེན་པ་མིན་པའི་རེ་བ་ཡོད།
རེད་བཙན་བྱོལ་གྱི་གསུངས་པ་དེ་རང་རེད། བདེན་པ་ཡིན་གྱི་མ་རེད་བདེན་ན་དངོས་གནས་བླ་རྒན་ཀླད་པ་རང་རེད།
༧གོང་ས་མཆོག་གིས་ཨི་ཊ་ལིར་བོད་མི་རྣམས་ལ་གསུངས་པའི་བཀའ་སློབ་ནས་འདྲེན་བཀོད་བྱས་པ་ཡིན།
རྒྱ་གར་གཞུང་ལ་ཆ་བཞག་ན་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་གཞུང་དང་ཐད་ཀར་ཡིག་ཆ་བཞག་ཡོད་པ་དེ་འདྲའི་ཐོག་ནས་འགྲོ་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། མ་གཞི་ང་ཚོ་བོད་པ་རང་གི་ཐོག་ནས་ཀོ་ཐག་ཕྲན་བུ་གློད་ཡོད། ཕྱི་ལོ་ ༡༩༤༧།༡༩༤༨ དེ་འདྲའི་སྐབས་སུ་རྒྱ་གར་རང་བཙན་ཐོབ་ཡོད། ཕྱི་ལོ་ ༡༩༤༩ ལོ་རྒྱ་ནག་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་རེད། ཕལ་ཆེར་ཕྱི་ལོ་ ༡༩༤༨ ལོར་རྒྱ་གར་གཞུང་གིས་བོད་གཞུང་ལ་ཉེན་བརྡ་ཞིག་བཏང་ཡོད། དེང་སྐབས་རྒྱ་ནག་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པ་དེས་བོད་ལ་ཉེན་ཁ་ཡོད་པས། ཁྱེད་རང་ཚོར་འཆར་གཞི་ག་རེ་ཡོད་ཅེས་བོད་གཞུང་ལ་ཉེན་བརྡ་ཞིག་བཏང་འདུག དེ་དུས་བོད་གཞུང་བཀའ་ཤག་ནས་ང་ཚོའི་ངོས་ནས་ཉེན་ཁ་གང་ཡང་མཐོང་གི་མི་འདུག་ཅེས་ལན་སྤྲད་ཡོད་པ་རེད་ཟེར། ཀོ་ཐག་གང་འདྲ་གློད་འདུག་གམ། ང་ཚོའི་གདན་སའི་མཁན་པོ་རྣམ་པ་དང་དགེ་འདུན་ཚོར་ཚོགས་ལ་མང་ཇ་དང་འགྱེད་ཡག་པོ་ཞིག་བྱུང་ན་དེ་གས་འགྲིག་གི་ཡོད།
འབྲུག་རྒྱལ་པོའི་རྐུབ་ལ་གོས་ཐུང་མེད་ཀྱང་ཀོ་ཐག་མ་གློད་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་དེབ་སྐྱེལ་བྱས་ཐུབ་ཡོད། མི་འབོར་འབུམ་བཞི་ལྷག་ལས་མེད། བོད་རྒྱལ་ཁབ་ཆེན་མོ་ལ་ལྟོས་དང་། ངུ་ཤོར་ཡ་དང་སེམས་སྐྱོ་ཡ་རེད། ཀོ་ཐག་རྐྱང་རྐྱང་གློད་བསྡད་ནས་མཐའ་འདི་ལ་བསྐྱེལ་བ་རེད།
ཨ་ཁ་མངའ་རིས་འཕྲིན་ལས་ཟེར་བ་ཁྱོད་ཀྱིས་དྲི་བ་ཁག་ལ་ལན་ཐེབས་ངེས་ཤེས་པ་ཡོད་ཀྱང་ད་ལྟར་དུས་ཚད་ཀྱི་རྐྱེན་པའི་བྱུང་མ་སོང་རྗེས་སུ་རིམ་གྱིསབཤད་ཆོག སྤྱི་ན་ཁྱེད་ཀྱིས་དྲི་བ་དྲིས་གཏང་ལ་ལྟས་ན་སྤྱི་ཡོངས་ནས་ཆབ་སྲིད་ཀྱི་མཁྱེན་རྒྱ་ལ་ཐེ་ཚོམ་ཟ།
མངའ་རིས་འཕྲིན་ལས་ཀྱི་དྲི་བ་ཡག་པོ་འདུག ལན་དམིགས་བསལ་གང་ཡང་མེད། དྲི་བ་༤༽ ནང་བླ་ཆེན་དང་མི་ཆེན་རེ་ཟུང་ཞེས་པའི་བླ་ཆེན་དེ་སུ་ལ་ངོས་འཛིན་གནང་གི་ཡོད? དེ་འདྲའི་ལུགས་སྲོལ་དེ་དགོན་པ་གྲྭ་ཚང་ནང་ལ་ཡོད་རེད། བོད་པའི་ཆབ་སྲིད་ནང་ལ་དེ་འདྲ་ཨེ་ཡོད། ཡིན་ནའང་བླ་ཆེན་མི་ཆེན་ལ་བརྩིགས་ཆེན་པོ་བརྩི་སྲོལ་དེ་ད་དུང་ཡང་དུས་རབས་ཉེར་གཅིག་ནང་ལ་ཡོད།
བློ་བཟང་ཚེ་རིང་ལགས་ཁྱེད་རང་གི་གསུང་པ་དང་རྒྱ་གུང་ཁྲན་ཏང་གི་བཤད་པའི་ཁ་ཕྲལ་རིང་ལུག་པ་ཉུང་ཤས་ཞེས་པ་གཉེས་གོ་དོན་ཅིག་ཡིན་ནམ་
གདན་ས་ཁག་ལ་ཐུགས་རྗེ་ལེགས་འབུལ་ཞུ་དགོས་ད་དགོས། དབུས་སྒྲིག་འཛུགས་ཀྱི་ལས་འགུལ་ནི་སྲང་ལམ་དང་གལ་གནད་ཅན་གྱི་གཞུང་ལམ་དུ་ཐོན་པའི་ལམ་ལུགས་མེད་ལ། དྲི་གཙང་སྤོས་ཀྱི་ལྡིང་ཁང་ན་བཞུགས་ཏེས་ཞལ་ལ་མར་ཁུས་རྒྱངས་ནས་ཞལ་འདོན་དགུ་སྐྱོར་དང་བྱང་ཆུབ་སེམས་མཆོག་འདོན་རྒྱུ་དེ་རེད། བྱས་ཙང་དེ་ནི་གདན་ས་ཁག་གིས་གནང་དང་གནང་བཞིན་པ་ཡིན་ཙང་དབུས་སྒྲིག་འཛུགས་ཀྱི་ལམ་སྟོན་དང་ཡོངས་སུ་མཐུན་པ་རེད་ལ་གཞུང་ལམ་དང་སྲང་ལམ་དུ་ཐོན་མི་དགོས་པའི་ཁེ་བཟང་ཡང་རེད། མ་ཟད་ལས་འགུལ་འདི་རྒྱ་མིས་ངོས་ལེན་ཡོད་མདོག་ཁ་པོ་རེད་ལ་ལམ་དབུ་མའི་ས་ལམ་གྱི་རྒྱ་བོད་འབྲེལ་མོལ་ལ་འཁོར་ཡུག་གཙང་མ་བསྐྲུནད་པ་ཡིན་ཙང་འབྲས་བུ་རང་སྐྱོང་མངོན་འདོད་འབད་མེད་དུ་འགྲུབ་རྒྱུ་གདོན་མི་ཟའོ།
དགེ་ལྡན་པའི་གྲྭ་ཚང་ཁག་ཏུ་བོད་དོན་ལས་འགུལ་གྱི་སྐོར་ལ་སྒྲིག་གཞི་གསར་པ་ཞིག་བཞགས་ཡོད་རབ་བཤད་པ་འདི་མི་བདེན་པའི་སྨོན་ལམ་ཐོབ། གལ་སྲིད་བདེན་པ་ཡིན་ན། གཞུང་དགའ་ལྡན་ཕོ་བྲང་ཞེས་པའི་མིང་ཞིག་མེད་ཀྱང་དེའི་རྒྱུན་ཡོད་པ་རེད་ཟེར་བ་བདེན་པ་རང་ཏུ་གྱུར་པ་རེད། དེ་ལྟར་ན་དམངས་གཙོ་མེད་ལ་རང་དབང་ཡང་མེད་ངེས་རེད། ཆིག་སྒྲིལ་མེད་ལ་འདྲ་མཉམས་ཡང་ག་ལ་ཡོད། ཆིག་སྒྲིལ་དང་འདྲ་མཉམས་རང་དབང་དང་ཐོབ་ཐང་མེད་པའི་སྤྱི་ཚོགས་རྙིང་པའི་བོད་གཞུང་དགའ་ལྡན་ཕོ་བྲང་ཟེར་བ་དེའི་རྫས་རྒྱུན་ནི་ཡོད་མེད་ཀྱི་ཁྱད་པར་དེ་ཙམ་མེད་དོ།
མངའ་རིས་ལགས་ཀྱི་དྲིས་ལན་དུ།
༡༽ མགོ་འཁྲིད་དེ་ཡིན་ཅིག་དབུ་མའི་ལྟ་གྲུབ་ཅན་ཞིག་དགོས་ད་དགོས། རྒྱུ་མཚན་དབུ་མའི་ལྟ་གྲུབ་མེད་ན་འོས་གཞིའི་ཆ་རྐྱེན་མ་ཚང་བ་ཡིན་ཙང་འོས་མིར་ལངས་ཐབས་མེད། དེ་ནི་བོད་དང་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་ཐབས་ལམ་འདི་མ་གཏོག་ལྷག་མེད་ཙང་ཡིན་རྒྱུ་རེད། བྱས་ཙང་བཀའ་ཤག་རྙིང་པས་གསར་པར་གདམ་པའི་གདམ་ངག་དེ་གཅིག་པུ་རེད།
༢༽ གཞུང་འབྲེལ་མིན་པའི་ཚོགས་པ་དེ་ཚོ་འོས་མིར་སླེབས་པ་ཡིན་ན་ངོས་ལེན་མེད་པ་མ་ཟད་ཁ་རྡུང་དྲག་པོ་འཕོགས་རྒྱུ་ཉག་གཅིག་ཡིན་ཙང་། ཁོ་ཚོ་འོས་མིར་སླེབས་རྒྱུའི་འཁོར་ཡུག་དེ་མེད་པ་རེད། དཔེར་ན་ཁ་སང་དེ་རིང་གི་གནས་སྟངས་ལ་གཟིགས་ན་ཤེས། བྱས་ཙང་དམངས་གཙོ་མཚན་ཉིད་ལྡན་པ་ཞིག་མ་རེད།
༣༽ བོད་ཀྱི་མཐུན་མོང་མ་ཡིན་པའི་དམངས་གཙོ་ཟེར་བ་དེ་ཡིན་རྒྱུ་རེད། དམངས་གཙོ་ཚད་ལྡན་གྱི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་དཔེ་བླངས་བ་ཞིག་མ་རེད་འདོད། དེ་མིན་གཞན་གང་འདྲ་ཞིག་ལ་དཔེ་བླངས་བ་མི་ཤེས།
༤༽ སུའི་ལུགས་སྲོལ་ཡིན་མིན་མི་ཤེས།
༥༽ སྨྲ་བརྗོད་རང་དབང་ཆ་ཚང་ལྡན་པའི་དམངས་གཙོ་ཚད་ལྡན་ཞིག་མ་རེད་འདོད།
དྲི་བར་ལྟས་ནས་ཁ་རུ་ཁ་ཐུག་གི་ལན་ཡིན་མ་གཏོག་རྣམ་རྟོགས་འདྲ་མིན་གང་ཡང་ལྷད་མེད།
གསེར་འབྲུག་ལགས་ཐུགས་རྗེ་ཆེ། སེར་བྱེས་ངག་སྟོབས་ལགས་ཀྱི་ལེན་ལ་བསྒུག་ཡོད། ཕྲན་ནས་ཆབ་སྲིད་ཀྱི་འགྲོ་སྟངས་མ་ཤེས་པ་ཡིན་ཙང་དྲི་བ་ཞུས་པ་ལས་ཤེས་ན་མ་ཡིན་པ་དགག་ཅིང་ཡིན་པ་འཐད་ལྡན་དུ་བསྒྲུབ་དགོས་པ་ལས་དྲི་བ་ཞུ་དོན་མེད།
༧གོང་ས་མཆོག་གིས་ཨི་ཊ་ལིར་བོད་མི་རྣམས་ལ་གསུངས་པའི་བཀའ་སློབ་ནས་འདྲེན་བཀོད་བྱས་པ་ཡིན།
རྒྱ་གར་གཞུང་ལ་ཆ་བཞག་ན་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་གཞུང་དང་ཐད་ཀར་ཡིག་ཆ་བཞག་ཡོད་པ་དེ་འདྲའི་ཐོག་ནས་འགྲོ་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། མ་གཞི་ང་ཚོ་བོད་པ་རང་གི་ཐོག་ནས་ཀོ་ཐག་ཕྲན་བུ་གློད་ཡོད། ཕྱི་ལོ་ ༡༩༤༧།༡༩༤༨ དེ་འདྲའི་སྐབས་སུ་རྒྱ་གར་རང་བཙན་ཐོབ་ཡོད། ཕྱི་ལོ་ ༡༩༤༩ ལོ་རྒྱ་ནག་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་རེད། ཕལ་ཆེར་ཕྱི་ལོ་ ༡༩༤༨ ལོར་རྒྱ་གར་གཞུང་གིས་བོད་གཞུང་ལ་ཉེན་བརྡ་ཞིག་བཏང་ཡོད། དེང་སྐབས་རྒྱ་ནག་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པ་དེས་བོད་ལ་ཉེན་ཁ་ཡོད་པས། ཁྱེད་རང་ཚོར་འཆར་གཞི་ག་རེ་ཡོད་ཅེས་བོད་གཞུང་ལ་ཉེན་བརྡ་ཞིག་བཏང་འདུག དེ་དུས་བོད་གཞུང་བཀའ་ཤག་ནས་ང་ཚོའི་ངོས་ནས་ཉེན་ཁ་གང་ཡང་མཐོང་གི་མི་འདུག་ཅེས་ལན་སྤྲད་ཡོད་པ་རེད་ཟེར། ཀོ་ཐག་གང་འདྲ་གློད་འདུག་གམ། ང་ཚོའི་གདན་སའི་མཁན་པོ་རྣམ་པ་དང་དགེ་འདུན་ཚོར་ཚོགས་ལ་མང་ཇ་དང་འགྱེད་ཡག་པོ་ཞིག་བྱུང་ན་དེ་གས་འགྲིག་གི་ཡོད། རྒྱལ་བའི་བཀའ་རང་རེད་ད་དུང་གཞུང་འབྲེལ་མིན་པའི་ལས་འགུལ་མི་སྤེལ་རྒྱུ་གནང་ཡོད་ཚེ་བཀའ་སློབ་འདི་ཉིད་ཀྱི་གསལ་བཤད་ངོ་མ་ཆགས་ཡོད།
ལས་འགུལ་བྱེད་སྟངས་ན་ནོར་བ་རེད་དོ།
སྐྱབས་བཅོལ་གྱི་གནས་བབ་འོག་དམངས་གཙོ་ཚད་ལྡན་དགོས་ཟེར་ན་ཡོངས་རྒྱུ་མེད་པ་ཚང་མས་མཁྱེན་ཤག་རེད། མ་འོངས་པ་བོད་རང་བཙན་ཐོབ་དུས་དམངས་གཙོ་ཚད་ལྡན་དགོས་ཟེར་ན་ཏག་ཏག་རེད།
གདན་སའི་ཞབས་འདྲེན་རེད་་ད་ཡིན་མགོ་བདེ་བཟོ་བསམ་ཀི་ཡོད་ནི་རེད་ད། ད་ཡིན་བོད་དོན་སྣང་མེད་བྱེད་འདོད་ཀི་ཡོད་པ་འདྲ་།
༡༨༽ མིང་མེད་རྡོ་རྗེ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༤ གི་ཆུ་ཚོད་ ༢༣ སྐར་མ་ ༤༥
ལས་འགུལ་བྱེད་སྟངས་ན་ནོར་བ་རེད་དོ། རེད་དོ། དེ་མ་རེད་དོ་ལ་བཅོས་ནས། གདན་ས་ཁག་ལ་ཐུགས་རྗེ་ཆེ་ཞུ་འོས་པ་ཞིག་རེད། ཟེར་བ་འདི་བདེན་པ་བདེནད་ཀྱང་རེད་སྙམ་མོ། །
གནས་ཚུལ་འདིའི་རིགས་ཆིག་སྒྲིལ་གྱི་བཀག་རྡོ་ཆེན་པོ་ཞིག་རེད།
འཇམ་དབྱངས་ནོར་བུས་འདི་ཟེར་གྱི་འདུག
སྒྲིག་འཛུཊ་ཤིག་ཆགས་ཚར་དུས་རེ་བ་རྒྱག་ས་ལྷག་གི་ཡོད་པ་མ་རེད།
འདོན་སྤེལ། ༢༠༡༢/༠༧/༠༢
ཉེ་བའི་ལོ་འགའི་ནང་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིམ་པར་བྱུང་པའི་ཐད། རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལུགས་སུ་བཅར་འདྲི་ཞུས་ཡོད།
དྲི་བ། བཀའ་སྤྱི་གཉིས་ཀྱིས་བོད་ནང་གི་མེར་བསྲེགས་ལས་འགུལ་ཐོག་ཕྱག་ལས་གནང་སྟངས་ལ་འདོད་པ་ཁེངས་ཀྱི་ཡོད་མེད་དང་། མེད་ཚེ་ལས་དོན་གང་འདྲ་ཞིག་བརྩམ་དགོས་པར་མཐོང་གི་ཡོད་དམ།
ལན། ད་སྐད་ཆ་དྲང་པོར་བཤད་ན། སྔོན་མ་བཙན་བྱོལ་གཞུང་ཞིག་ཡོད་པ་རེད། ད་ལྟ་སྒྲིག་འཛུགས་ཡིན་གཞུང་མིན་ཟེར་གྱི་ཡོད་པ་རེད། དེར་བརྟེན་ང་ལ་ཅི་གང་ལབ་རྒྱུ་མེད། སྒྲིག་འཛུགས་ཤིག་ཆགས་ཚར་དུས་རེ་བ་རྒྱག་ས་ལྷག་གི་ཡོད་པ་མ་རེད། སྔོན་མ་ནས་རེ་བ་བཅོལ་བསྡད་ན་མར་ཆགས་ཡོང་དུས། ངས་མང་པོ་བཤད་བསྡད་ན་ཆོ་མི་འདུག ཕན་ཐོགས་ཀྱི་མི་འདུག དངོས་ནས་རང་གི་གཞུང་ཡིན་ན་བརྩེ་དུང་ཞུ་དགོས་པ་རེད། ད་འདི་སྒྲིག་འཛུགས་ཤིག་རེད། ད་ང་རང་ཚོ་བོད་མི་སོ་སོ་རང་ཉིད་ཀྱི་ངོས་ནས་ཤུགས་རྒྱག་དགོས་ཀྱི་འདུག འདི་ལ་རེ་བ་བཅོལ་ནས་བསྡད་ན་ཆོ་གཅིག་ཀྱང་མི་འདུག འདི་ནས་ཅིག་མ་འགྲིག་པར་ཁ་བཏང་སྟེ། ལས་ཀ་ཞིག་བྱེད་དགོས་པ་རེད་ཟེར་ནས་ལབ་ས་ཡོད་པ་མ་རེད། ཁོ་ཚོར་འདི་ལས་ལྷག་པ་ཞིག་འཇོན་རྒྱུ་ཡོད་པ་མ་རེད། དཔེར་ན། མི་མིག་མེད་མཁན་ཞིག་ལ་མཐོང་དགོས་པ་རེད་ཅེས་ལབ་ན་འགྲིག་གི་མ་རེད། ཁོ་ཚོས་ད་ལྟ་ད་དུང་རྒྱ་ནག་ལ་རེ་བཅོལ་བསྡད་ཡོད་པ་རེད།
ཆོས་སྲིད་ཁ་ཁ་ཕྱེས་ནས་འགྲོ་དགོས་པ་རེད་ཅེས་ནམ་རྒྱུན་བཤད་བསྡད་པ་དེ་རེད། དགོན་པར་དགོན་པའི་འགན་ལྕི་བོ་ཞིག་ཡོད་པ་རེད། ཆབ་སྲིད་པ་ཡིན་ན་ཆབ་སྲིད་པའི་འགན་ཁུར་ལྕི་བོ་ཞིག་ཡོད་པ་རེད། གོང་ས་མཆོག་གིས། ང་ཚོའི་གདན་སའི་མཁན་པོ་རྣམ་པ་དང་དགེ་འདུན་ཚོར་ཚོགས་ལ་མང་ཇ་དང་འགྱེད་ཡག་པོ་ཞིག་བྱུང་ན་དེ་གས་འགྲིག་གི་ཡོད། ཅེས་པ་གསུངས་འོས་པ་ཞིག་རེད། གདན་སའི་ལས་དོན་ལ་འགན་ཡོད་པའི་ཐོག་ནས་གསུང་གི་ཡོད་པ་རེད། གཞན་དག་གིས་འགན་མ་ཁུར་བའི་སྐད་ཆ་རང་བཤད་གི་ཡོད་པ་རེད། ང་དགུ་ལོའི་སྔོན་དང་མི་འདྲ་བར་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མཇུག་བསྒྲིལ་ཚར་བ་རེད། ཡིན་ཡང་དགའ་ལྡན་ཕོ་བྲང་ད་དུང་མུ་མཐུད་དུ་གནས་གི་རེད། ད་ལྟའི་གནས་སྐབས་ལ་དགེ་འདུན་པས་ཆབ་སྲིད་ལ་ཐེ་གཏོགས་བྱེད་པའི་དུས་ཚོད་ཡོལ་ཚར་བ་རེད། ཡིན་ཡང་བོད་ཀྱི་ལོ་རྒྱུས་ཐོག་གི་བོད་རང་དབང་གི་ཆེད་དུ་ལས་འགུལ་སྤེལ་མཁན་ནི་དགེ་འདུན་པ་དང་བཙུན་མ། མང་ཚོགས་དཀྱུས་མའི་ཁྲོད་ནས་ཆོས་ལ་དད་པ་ཡོད་མཁན་ཚོ་མ་གཏོགས་མ་བྱུང་བ་རེད། ཆོས་དད་མེད་མཁན་ཚོ་ག་རེ་བྱས་ནས་མ་བྱུང་བ་རེད། འདི་ཤེས་དགོས་པའི་གནད་ཅིག་ཡིན། མ་གཏོགས་གདན་ས་ཁག་གིས་གོང་ས་མཆོག་གི་བཀའ་ལ་རྒྱབ་གཏོད་བྱེད་གི་མ་རེད་ལ། རྔ་མོང་ལྟོགས་ཁ་ནས་རང་ཚུགས་སྲ་ཐག་ཐག་བཟུང་བསྡད་ཡོད་པ་རེད། གྲྭ་ཇ་མང་ཇ་གཅིག་བུར་མགོ་འཁོར་ནས་བསྡད་མཁན་དེ་འདྲ་མ་རེད་དོ།
ང་ཚོའི་བཙན་བྱོལ་གཞུང་ངམ་སྒྲིག་འཛུག་འདི་ཉིད་ཀྱི་མགོ་ཁྲིད་དེ་ཡིན་གཅིག་མིན་གཅིག་དབུ་མའི་ལྟ་གྲུབ་མཁས་ལེན་མཁན་ཞིག་དགོས་རེད་དམ། ཉེ་ལམ་དུ་ང་ཚོ་གཞིས་ཁྱིམ་ནང་སྤུན་ཟླ་མང་པོས་རང་ལུས་མེར་བསྲེགས་བཏང་བས་མ་གཏོགས་། བོད་ནང་བོད་པ་ཚོས་གང་ཞིག་ཡེས་་ན་གསལ་བོ་མི་ཤེས་། ངའི་གྲོགས་པོས་ཡང་རང་ལུས་མེར་བསྲེགས་བཏང་དེསཁོང་གི་ཡུལ་མི་དང་ཉེ་འཁོར་ཧ་ཅང་སྡུག་པོ་བྱུང་བ་རེད་། རང་ལུས་མེར་བསྲེགས་ཛ་དྲག་དུ་གྱུར་སྟེ་རྒྱུ་མཚན་ག་རེ་ཡོད་། རྒྱ་ཡུལ་དུ་མི་མང་དྲག་པས་དཀའ་ངལ་ཡོད་ཕྱིར་ང་ཚོ་མི་རེ་གཉིས་ཤི་བ་ལ་དུད་འགྲོ་ཞིག་ཤི་བ་ལས་གཞན་དོ་སྣང་བྱེད་རྒྱུ་མ་རེད། དེས་ན་ང་ཚོ་བོད་མི་སེམས་ཤུགས་ཅན་ཚོའི་སྐུ་ཚེ་འཚོ་ཞིང་བཞུགས་ནས་མུ་མཐུད་དེ་རྒྱུན་འཁྱོངས་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་ཡིན་པ་སྨོས་ཅི་དགོས།
གངས་རི་ནས་ཆད་པའི་བཙན་བྱོལ་བ་ཚོ། སྙིང་དབུས་ན་གནས་བའི་བོད་མི་རིགས།
བསྟན་དགྲ་རྒྱ་དམར་ཚང་གི་ཆེ་སྐྲག་ས་དང་འཇིགས་ས་ནི་གྲྭ་བའི་སྡེ་དང་གཞོན་ནུའི་སྡེ་གཉིས་གཙོ་བོ་ཡིན་པ་རེད། དེ་མིན་སློབ་ཕྲུག་གི་སྡེ་སོགས་ཁ་ཤས་ཡོད་པ་རེད། ད་གྲྭ་བའི་སྡེ་ཡིས་རྒྱ་འདྲེ་ཚང་གི་སྐྲག་སྙིང་ལ་སྙིང་རྗེ་དང་འདོད་བློ་སྐོང་བ་ནི་ལས་ཉེས་ཞིག་གི་མགོ་འབུར་བ་ཡིན་པ་རེད།
བོད་གཞུང་དགའ་ལྡན་ཕོ་བྲང་། དེ་ནས་བཙན་བྱོལ་གཞུང་། ད་ལྟའི་སྒྲིག་འཛུགས་ཚོགས་པ་ནི་ད་ལྟ་བར་དགྲ་བོ་རྒྱ་དམར་ཚང་གི་སྔོན་ནས་མགོ་བོ་སྒུར་རྐྱང་བྱས་བ་དང་བྱེད་པ་ལས་དགྲ་བོའི་མདུན་ནས་མཆེ་བ་གདེང་བའི་སྤོབས་པ་མེད་པ་རེད། བྱས་ཙང་རྒྱ་དམར་ཚང་གི་བཙན་དཀའ་དང་གཡོ་འོག་ནས་འགུལ་མ་ཐུབ་པར་བསྡད་བསྡད་པ་རེད། འདི་ལྟར་མི་མཐུད་དུ་འགྲོ་ཚུལ་མེད་པ་ཞིག་ཡིན་པ་ཉིན་རེ་ནས་ཉིན་རེར་ཤེས་གསལ་རེད། དེ་ན་སྟག་ཞིག་གི་མཆེ་སྡར་གཉིས་ལྟ་བུའི་གཞོན་ནུའི་སྡེ་དང་གྲྭ་བའི་སྡེ་བཀུམས་ནི་ཡོད་ན་དེ་ནི་རང་ཅག་གི་མགོ་བོ་གཅོག་སྤྱད་ཞིག་ལས་གཞན་གང་ཡང་མེད།
དེ་མིན་བསམ་མེད་ཁ་ཤས་ཤིག་གིས་གྲྭ་བའི་ལས་ཆོས་བྱེད་པ་ཁོ་ན་ལ་འདོད་པ་ནི་བོད་ནང་ལ་ནང་ཆོས་བྱེད་དབང་མེད་པའི་སྡུག་བསྔལ་མ་ཤེས་བ་དང་བོད་ནང་དུ་ལོག་འདོད་མེད་པར་ཁ་སྦྱིན་བདག་ལ་ཤོར་ཡོད་ནི་ཁ་ཤས་ཤིག་ལོས་ཡིན་འདོད་ཡོད། བོད་ནང་གི་གདན་ས་ཁག་ནས་ཆོས་བྱེད་པའི་རང་དབང་བླང་ནས་ཆོས་བྱས་ན་དེ་ནི་རྩ་བ་ཤོར་ནས་ཡལ་ག་མ་འཐམ་པའི་རྟགས་རེད།
དྲྭ་གྲོགས་རྣམས་ལ་དགོངས་སེལ་དང་འབྲེལ་གུས་པ་གལ་ཆེ་བའི་རྒྱུགས་སྤྲོད་ཀྱི་རྐྱེན་པའི་མངའ་རིས་འཕྲིན་ལས་ཟེར་བ་དེ་ལ་ལན་གང་མགྱོགས་བརྒྱབ་ཐུབ་མ་སོང་། ད་ཆར་དྲི་བ་དང་པོ་གསུམ་གྱི་ལན་གང་ཤེས་བྲེལ་ཚུབ་ཀྱི་ངང་བརྒྱབ་ཡོད་ན་ཤེས་ལྡན་རྣམས་ཀྱིས་གཟུ་བོར་གནས་པའི་དཔྱད་ཞིབ་གནང་རོགས། ༄། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ད་ལྟའི་སྲིད་སྐྱོང་བ་བཀའ་བློན་ཁྲི་པ་དབུས་པའི་འཛིན་སྐྱོང་བཀའ་ཤག་ཡིན་ན་དབུ་མའི་ལམ་གྱི་ཆབ་སྲིད་ཀྱི་ལྟ་བ་འཛིན་མཁན་ཞིག་ངེས་པར་དགོས། གང་ཡིན་ཞེ་ན་དབུས་བོད་མིའི་སྒྲིག་འཛུགས་འདི་རྒྱལ་སྤྱི་ཆབ་སྲིད་པ་སུས་བལྟས་ཀྱང་མང་གཙོ་ཚད་ལྡན་གྱི་ལམ་ནས་འོས་ཤོག་ཐོབ་པའི་གཞུང་དེ་ཡིན་པ་མ་ཟད་དགུ་བཅུ་གོ་གྲངས་ནས་མི་མང་བརྒྱ་ཆ་དྲུག་བཅུ་རེ་གྲངས་ལྷག་དབུ་མི་ལམ་གྱི་ལྟ་བ་ལ་རྒྱབ་སྐྱོར་དང་། ད་དུང་སྟོང་ལོ་གསར་པའི་དམིགས་བསལ་ཚོགས་ཆེན་སྐབས་སླར་ཡང་བོད་ཕྱི་ནང་གཉིས་ནས་སྔར་ལྷག་དབུ་མའི་ལམ་ལ་ཤུགས་ཆེར་རྒྱབ་སྐྱོར་གནང་བ་དང་། ད་ལྟའི་བཀའ་བློན་ཁྲི་པ་ལ་ཡང་ལོངས་ཕྱོགས་དེའི་ཐོག་རྒྱབ་སྐྱོར་ཚད་མཐོ་ཐོབ་པ་ཡིན་པ་ནི་བོད་མི་ཤེས་་ལྡན་ཀུན་གྱི་མཁྱེན་ངེས་རེད། དེས་ན་མི་མང་གི་འདོད་པ་དང་མི་མཐུན་པའི་གཞུང་གི་ཆབ་སྲིད་བསྐྱངས་གཏང་ཞིག་མང་གཙོ་གཞུང་གང་ལ་ཡང་མེད། བཀའ་བློན་ཁྲི་བ་འོས་གཞི་སུས་གཏོན་ཀྱང་ཆོག་ལ། སྔ་ལོ་ཡང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་སོགས་ཚོགས་པ་དང་སྐྱིད་སྡུག་མང་པོ་ནས་བཀའ་བློན་དང་སྤྱི་འཐུས་ཚང་མ་འོས་གཞི་བརྒྱ་ཕྲག་བརྒལ་བ་བཏོན་ཡོད་པ་རྒྱུན་དུ་བོད་ཐོག་འགན་འཁུར་དང་སེམས་ཚོར་ཡོད་མཁན་ཞིག་ཡིན་ན་ཅི་ལ་མི་ཤེས་སམ། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཚོགས་པ་གང་ལ་ཡང་འོས་གཞི་གཏོན་ཆོག་མི་ཆོག་གི་བཀག་རྒྱ་གང་ཡང་བཟོས་མེད་པར་མ་ཟད་ལམ་ལུགས་ཡང་མེད་པས་ཁྱེད་ཀྱིས་གང་རྨི་ལམ་གཏོང་བཞིན་ཡོད། འོན་ཀྱང་འོས་གཞི་གཏོན་སྐབས་ཚོགས་པ་དེའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་མཐུན་པའི་འོས་ཆོས་ཚང་བའི་མི་སྣ་གདམས་དགོས་པ་མ་ཟད་མང་མི་ལ་ཡང་ལྟ་གྲུབ་དེའི་ཐོག་རྒྱབ་སྐྱོར་ཡོངས་བར་ཕྱི་གསལ་ནང་གསལ་འབྲེལ་བཤད་གནང་དགོས་པ་ནི་ལྟ་གྲུབ་ཡོད་པའི་ཚོགས་པ་ཞིག་གི་ལས་འགན་གཙོ་བོ་དེ་ཡིན། ད་གཟོད་མི་མང་གི་རྒྱབ་སྐྱོར་ཐོག་ན་ལྟ་བ་དེའི་ཐོག་གཞུང་འཛིན་ཆོག་པ་དེ་མང་གཙོ་ལམ་ལུགས་རེད། དེ་ལྟར་མ་བྱུང་བ་དེ་ཚོགས་པ་སོ་སོའི་འགན་མ་ཆོག་པ་ལས་སུ་ལ་ཡང་ཁག་འགེལ་ས་མེད། འོས་ཆོས་ཚང་བའི་མི་ཞིག་ཡིན་ཕྱིན་གང་ཟག་སུ་ཡིན་གྱི་ཁྱད་པ་ཡང་མེད་ལ་ཆབ་སྲིད་ཀྱི་ལྟ་བ་གང་འདྲ་འཛིན་ཀྱང་འོས་གཞི་ལོངས་ཆོག་ཀྱང་མཐའ་མ་དེ་མི་མང་གི་རྒྱབ་སྐྱོར་གང་ཐོབ་པའི་འོས་མི་དེ་ཡིན་པ་ལས། མི་ཉུང་ཤས་ཀྱི་འདོད་པ་དང་མཐུན་མིན་གྱི་དབང་གིས་མིན་པ་དེ་ནི་མིང་དོན་མཚུངས་པའི་མང་གཙོའི་གཞུང་གང་ལ་ཡང་མེད། འོས་གཞི་ལོངས་པའི་སྐབས་ཆབ་སྲིད་ཀྱི་ལྟ་བ་གང་ལ་རྒྱབ་སྐྱོར་ཐོབ་པ་དེ་ལས་འོས་ཐོབ་པའི་རྗེས་ལ་ལྟ་བ་གཞན་ཞིག་ཀྱང་མེད་པ་དེ་མང་གཙོ་རིག་པའི་ལྟ་གྲུབ་དངོས་དེ་རེད། མདོར་ན་ད་ལྟའི་དབུས་བོད་མིའི་སྒྲིག་འཛུགས་འདི་མི་མང་གི་མངོན་འདོད་དང་མཐུན་པའི་ཆབ་སྲིད་ཀྱི་ལྟ་བ་དེའི་ཐོག་འགྲོ་དགོས་པ་ནི་མི་མང་གི་བཀའ་ལུང་རེད། དེས་ན་མི་ཉུང་ཤས་ཤིག་གི་སོ་སོའི་འདོད་པ་དང་མཐུན་མིན་གྱིས་རྒྱུ་མཚན་བྱས་ཏེ་མང་གཙོ་ཡང་དག་མ་རེད་ཟེར་བ་དང་། དེའི་ཆེད་ཁུངས་ལུང་མེད་པའི་གཏམ་རྙོག་གང་མང་བཤད་བཞིན་པ་འདི་དག་མང་གཙོ་ཁ་ལ་འཁྱེར་བ་མ་གཏོགས་དོན་དུ་རང་ཉིད་ཀྱིས་མང་གཙོ་མཁས་མི་ལེན་པ་མ་ཟད་མི་མང་གི་ཐོབ་ཐོང་རྡོག་རོལ་བཏང་བ་རང་རེད། དེ་ལྟར་མ་ཡིན་ན་ད་ཆར་ས་གནས་གང་ཞིག་ཡིན་ན་ཡང་ཆོག་ཆབ་སྲིད་ཀྱི་ལྟ་བ་གང་ཞིག་ལ་རྒྱབ་སྐྱོར་ཐོབ་མིན་གྱི་བསམ་ཤོག་ཙམ་ཞིག་བསྡུས་ན་ཡང་དབུ་མི་ལམ་ལ་མང་མོས་ཡིན་པ་གཟུར་གནས་སུས་ལྟས་ཀྱང་ཤེས། ས་གནས་གང་ཞིག་ལ་དེ་ལྟར་བསམ་ཤོག་བསྡུ་འདོད་ཡོད་ན་དཔོག་པ་ཆེན་པོའི་གྲ་སྒྲིག་ཆ་ཚང་ཡོད། གལ་སྲིད་ལྟ་བ་དེ་ལས་གཞན་ཞིག་གདམས་ཚེ་གུས་ཞབས་ཀྱང་ཡོད།དེས་ན་རྒྱུ་མཚན་མེད་པའི་མཁྱོག་བཤད་རིགས་ཉུང་ན་མཛེས་སོ་སྙམ། རང་ཉིད་ཀྱི་ལྟ་བ་དང་མི་མཐུན་ན་ཡང་གུས་ཞབས་དང་བརྩི་འཇོག་བྱེད་དགོས་པ་དེ་གུ་ཡང་མང་གཙོའི་ལྟ་གྲུབ་རེད། ད་ཆར་ལྟ་བ་དེ་ལ་བོད་པ་ཚང་ནི་འཛིན་གྲྭ་དང་པོ་ཡས་མས་ཀྱི་སློབ་ཕྲུག་ཆུང་ཆུང་ཞིག་རེད་འདོད། ད་ལྟ་དེ་ཙམ་ཡིན་རྗེས་སུ་དུས་ཚད་བྱུང་ན་ལན་རིམ་བཞིན་ཡོད།།
གྲྭ་པའི་སྲིད་དོན་ལས་ཀར་ཞུགས་སྐབས་སྲིད་བླ་མའི་སྐྱོང་ན་ཡག་པོར་མེད་ཟེར། ཡང་གྲྭ་པའི་སྲིད་ལ་ཇུས་གཏོགས་མི་བཟོ་རྒྱུའི་སྐད་ཆ་ཡོང་སྐབས་མགོ་བདེ་ཚུལ་དང་། ད་དུང་གདན་སའི་ཞབས་འདྲེན་རེད་ཟེར། ཧ་ཧ་ཧ་་་ད་ཡིན་ན་གཏམ་ཉོག་འདི་དག་དྲྭ་འབུ་ཚོས་དུས་ཚོད་ཆོད་ཐབས་ཙམ་ལས། འདི་བདེན་ནོ་སྙམ་པའི་ལེགས་བཤད་ཚིག་གཅིག་མེད་པར་མ་ཟད། གཞུང་དང། ༧གོང་ས་མཆོག །བཀའ་ཟུར་ཟམ་གདོང་རིན་ཆེ་ལ་སོགས་པའི་བཀའ་དྲིན་ཅན་གྱི་མི་སྒེར་དང་ཚོགས་པ་སོགས་ལ་ནི་རྒྱ་དམར་སྲིད་གཞུང་གི་སྐྱོན་བརྗོད་དང་ངན་སྨས་ལས་ཀྱང་མང་བ་དང་། ད་དུང་ནང་ཁུལ་དཀྲུགས་ཤིང་མཁན་ནི་རྒྱུན་ལྡན་དུ་ཡོད་བཞིན་པའི་གསེར་འབྲུག་སྡེ་ལྔ་ཞེས་པ་དང་། མངའ་རིས་འཕྲིན་ལས། རིགས་ཞེན་དཀར་པོ། མིང་མེད་རྡོ་རྗེ། སྤྱང་ཤོས། གནམ་ནས། ལྷ་མཚོ་ སོགས་ནི་རྒྱུན་ལྡན་དུ་ཁ་བརྡ་དྲྭ་ནང་ཡོད་ཡོད་པ་ཡིན་རུང་། རྒྱ་དམར་གཞུང་གིས་བྱ་སྤྱོད་ངན་དགུ་སྣ་ཚོགས་གང་འདྲ་སྤེལ་ཡང་ཁོང་ཚོ་མིག་མེད་པ་ནང་བཞིན་དང་། ངག་ལྐུག་པ་ནང་བཞིན། རྣ་བ་ཡོན་པ་ནང་བཞིན་བྱས་ཏེ་འདུག་བཞིན་ཡོད། ཁ་ནས་བཤད་པ་ཙམ་མ་ཡིན་པར་དོན་ངོ་མའི་བསྟན་སྲིད་སྤྱི་ལ་ཕན་པའི་ལས་དོན་ཞིག་ཡོད་ན་ཁྱོད་ཚོའི་ལག་ལན་དུ་ཁེལ་བར་བྱོས་དང་། ཁྱོད་ཚོས་ཁ་དབྱངས་ལྟར་བོད་མི་ཚ་ཚང་ལ་འགན་ནི་ཡོད། ཁྱོད་ཚོ་ལ་རང་དབང་ནི་ཡོད། ལྷག་བསམ་ནི་ཡོད་་་་་འཇོན་ཐང་ནི་ཡོད་་་ཤེས་ཡོན་ནི་ཡོད་་་བདེ་སྐྱིད་དང་རང་དབང་་་་་རང་བཙན་དགོས་པ་གལ་ཆེ་ཡིན་པར་ཁྱོད་ཚོས་ཤེས་གྱི་ཡོད། ད་འོ་ན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཁྱོད་ཚོ་ལ་ག་གར་དགོས་པ་རེད་་་་་
ལག་ལེན་་་་་་་ཆ་ཚང་་་ག་རེ་དགོས་་་་་་་་་ནོར་བཅོས་
ད་དུང་ནང་ཁུལ་དཀྲུགས་ཤིང་མཁན་ནི་རྒྱུན་ལྡན་དུ་ཡོད་བཞིན་པའི་གསེར་འབྲུག་སྡེ་ལྔ་ཞེས་པ་དང་། མངའ་རིས་འཕྲིན་ལས། རིགས་ཞེན་དཀར་པོ། མིང་མེད་རྡོ་རྗེ། སྤྱང་ཤོས། གནམ་ནས། ལྷ་མཚོ་ སོགས་ནི་རྒྱུན་ལྡན་དུ་ཁ་བརྡ་དྲྭ་ནང་ཡོད་ཡོད་པ་ཡིན་རུང་། རྒྱ་དམར་གཞུང་གིས་བྱ་སྤྱོད་ངན་དགུ་སྣ་ཚོགས་གང་འདྲ་སྤེལ་ཡང་ཁོང་ཚོ་མིག་མེད་པ་ནང་བཞིན་དང་། ངག་ལྐུག་པ་ནང་བཞིན། རྣ་བ་ཡོན་པ་ནང་བཞིན་བྱས་ཏེ་འདུག་བཞིན་ཡོད། ་་་ཟེར།
༢༨༽ འཇམ་གཅེས་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༦ གི་ཆུ་ཚོད་ ༥ སྐར་མ་ ༥༠
ཁྱེད་རང་གི་འཇམ་ཚིག་གཅིག་ཀྱང་མཐོང་མ་བྱུང་བ་འདི་ཅི་ཡིན་ནམ། ལགས།
འཇམ་ཚིག་སྨ་སའི་ཡུལ་ཞིག་གནས་འདིར་མེད་པའི་རྒྱུ་མཚན་ལས་གཞན་གང་ཡང་མིན།
གདན་ས་གདན་ས། གདན་ས་ཟེར་ན་དགེ་ལུགས་པ་གཅིག་པོ་མ་རེད། ས་བཀའ་རྙིང་ཇོ་ནང་བོན་དང་བཅས་པ་ལ་གདན་ས་ཡོད། དགོན་པ་ཡོད། སྡེ་ཡོད། མང་པོ་ཡོད། ཁྱོད་ཚོས་སྐད་ཆ་བཤད་དུ་གཟབ་ཙམ་གནང་དགོས། གདན་ས་ཟེར་ན་ཆོས་ལུགས་གཅིག་ཡིན་པའི་བཟོ་འདྲ་པོ།
རྒྱ་གུང་ཁྲན་ལ་ཁ་ཕྱོགས་དུས་འཇམ་འཇམ་དང་གཅེས་གཅེས། བོད་མི་ནང་ཁུལ་དུ་ཁ་ཕྱོགས་དུས་རྩུབ་རྩུབ་ཀྱིས་ལམ་དབུ་མའི་ལྟ་གྲུབ་དང་མི་མཐུན་པ་ཐམས་ཅད་༧གོང་ས་མཆོག་དང་དབུས་སྒྲིག་འཛུགས་ཀྱི་དགྲ་ཟླ་ཡིན་རབས་དང་རྒྱ་ཉུལ་དང་ལྟ་ལོག་པ་མུ་སྟེགས་པ་ཡིན་རབས་ལུང་པ་གང་བཤད་ནས་མི་དམངས་བར་དབྱེན་དཀྲུགས་ཀྱི་རྩོམ་རིམ་པ་ཐོན་སོང་ལ། དེའི་གཤམ་འོག་ཏུ་དྲ་འབུ་ཚོས་ང་ཡིན་ཁོ་ཡིན་ཟེར་ནས་ད་ཆ་བཙན་བྱོལ་ཆུང་ཆུང་འདི་ག་པར་སྐྱེལ་རྩིས་འདུག། དེའི་འགན་ཚང་མ་ཤར་ཁུག་ལ་སོགས་པའི་དབྱེན་དཀྲུགས་ཀྱི་ལས་རྩོམ་པ་ཚོས་འཁྱེར་དགོས།
རེད་ཡ། འཇམ་གཅེས་ཏང་ཡོན། ཀྲུང་གོས་བྱ་སྤྱོད་ངན་དགུ་སྣ་ཚོགས་སྤེལ་ཡང་ད་དུང་བོད་མི་རིགས་ཀྱི་ལྷན་སྐྱེས་ཐོབ་ཐང་རང་བཙན་ཡིན་ཞེས་བརྗོད་མི་ཆོག་པ་འདྲ་ཞིག། དེ་སུའི་ལམ་ལུགས་རེད། མིག་མེད་པའི་ལོང་བ་དང་། ངག་ལྐུགས་པ། རྣ་བ་མེད་པའི་འོན་པ་དེ་སུ་རེད།
འཇམ་གཅེས་ལགས་སུ། ཡང་བསྐྱར་འིདར་སྤྱན་འབུལ་ཇུས་པ།
༢༡༽ མིང་མེད་རྡོ་རྗེ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༥ གི་ཆུ་ཚོད་ ༡ སྐར་མ་ ༡༥
༡༨༽ མིང་མེད་རྡོ་རྗེ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༤ གི་ཆུ་ཚོད་ ༢༣ སྐར་མ་ ༤༥
ལས་འགུལ་བྱེད་སྟངས་ན་ནོར་བ་རེད་དོ། རེད་དོ། དེ་མ་རེད་དོ་ལ་བཅོས་ནས། གདན་ས་ཁག་ལ་ཐུགས་རྗེ་ཆེ་ཞུ་འོས་པ་ཞིག་རེད། ཟེར་བ་འདི་བདེན་པ་བདེནད་ཀྱང་རེད་སྙམ་མོ། །
ལགས། ངས་ནི་རང་གི་ལངས་ཕྱོགས་བཤད་པ་ཙམ་ལས། འདིར་རྒྱན་ལྡན་དཀྲུགས་ཤིང་གི་ཚིག་ག་ཝར་འདུག སྟོན་གནོངས་དང་། འཇམ་གཅེས་ལགས།
མིག་གསེར་འབྲུག་མིང་ཅན་ཁྱོད་ལ་ལེགས་ཉེས་འབྱེད་ནུས་པའི་རྣམ་དཔྱོད་ཀྱིས་ཤེས་རབ་ཁབ་མིག་ཙམ་ཞིག་ཡོད་ན་ཉོན་ཤིག །ལམ་དབུ་མའི་ལྟ་གྲུབ་དང་མཐུན་མིན། བོད་རང་བཙན་ཡིན་མིན་སོགས་ཁྱོད་ཚོས་གང་བཤད་རུང་ཁྱོད་ཚོས་སྨ་བརྗོད་རང་དབང་ལོས་ཡིན། ཡིན་ན་ཡང་རྒྱུ་མཚན་དེ་དག་ཁ་ལ་འཁྱེར་ནས་༧གོང་ས་མཆོག་དང་རང་གཞུང་ལ་ཟུར་ཟ་དང་། ངན་སྨས་ལོ་རེ་ནས་ལོ་རེ་དང་། ཟླ་རེ་ནས་ཟླ་རེའི་བར་དུ་མང་རུ་མང་རུ་བཟོ་བཞིན་འདི་ཁྱོད་ཚོས་བོད་སྤྱི་པའི་རྩ་དོན་ཡིན་ནམ། འོ་ན་ཁྱོད་ཚོ་༧གོང་ས་ཡིན་བཞིན་ནོར་བུ་ལས་ལྷག་པའི་རྣམ་དཔྱོད་དང་། ཉམ་མྱོང་། ཤེས་ཡོན། ལྷག་བསམ། བོད་མི་དང་འཛམ་གླིང་མི་མང་གིས་ཡིད་ཆེས་དང་རེ་ལྟོས་ཞུ་སའི་བུ་རྒོད་ཞིག་ཡིན་ནམ། དེ་ཡིན་ན་ངའི་གང་དུ་བཤད་པ་དེ་དག་ནོར་བ་ལོས་ཡིན། དེ་མིན་ཁྱོད་ཚོས་ང་ལ་གུང་ཕྲན་ཏང་ཡོན་དང་། རྒྱ་མིའི་སོ་བ་སོགས་ག་རེ་ལབ་ན་ལོབ་དང་། ཁྱོད་ཚོས་སྡུག་སེམས་བདེ་བར་ཕན་ཅུང་ཟད་རེ་ཡོད་སྲིད། ངའི་མཐོང་སྣང་ལ་གང་དུ་ཞུས་བཞིན་མི་ངན་ཁྱོད་ཚོས་བྱ་སྤྱོད་ནི་ངོ་ཚ་ཁྲེལ་གཞུང་མེད་པ་མ་ཟད་ད་དུང་དཀྲུགས་ཤིང་གི་ལས་ཁོ་ན་བརྩོམ་ནས་དུས་འདའ་བ་མཐོང་། གང་མཐོང་པ་དེ་དག་དེ་རིང་ཐེར་འདོན་བཟོས་པ་ཡིན། ཁྱོད་ཀྱིས་བཤད་པ་བཞིན་བཙན་བྱོལ་སྤྱི་ཚོགས་འདི་སུས་སྐྱེལ་མིན་བཤད་ཚོད་ཐིག་ཁག་པོ་འདུག ད་དུང་རང་བཙན་ཁ་ལ་འཁྱེར་བཞིན་པའི་ཐོག་ནས་དཡུལ་གཞན་ཞིག་ཡོད་པ་ཡང་བཤད་ཚོད་ཐིག་ཁག་པོ་འདུག་གོ །
དམིག་ཡུལ་་་་་་་་་་་་་་་་་་ནོར་བཅོས
http://www.tibettimes.net/news.php?showfooter=1&id=6574 ང་གཅིག་པུའི་སྐྱོད་ངརྗོད་གལ་ཡིན། མི་བདེན་ཁ་བྱང་འདིར་ནས་ལྟོས་དང་ཤེས་ངེས་རེད།
རེད་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་སུ་རེད།ཆོས་ཕྱོགས་ནས་༧གོང་ས་༧ མཆོག་ལ་བླ་མར་འཛིན་ཏེ་དད་མུས་མི་ཞུ་མཁན་དོལ་ཚོགས་ལས་གཞན་ཡོད་ཚོད་མེད། ཆབ་སྲིད་ཀྱི་ལྟ་བ་མཐུན་མིན་ཐད་ལམ་དབུ་མ་ལ་མོས་མཐུན་མེད་མཁན་ཚང་མ་༧གོང་ས་༧ མཆོག་ལ་སྐུར་འདེབས་བྱེད་མཁན་གྲལ་དུ་བཞག་ཚེ་བོད་མི་ཕལ་ཆེ་བ་རང་བཙན་འདོད་མཁན་ཡིན་པ་སྨྲོས་མེད་རེད། དེ་ལྟར་ན་ཁ་ཆེ་དྲག་པ་མ་རེད་དམ།
་་་་་། བར་ལམ་ཚོགས་པ་དང་མི་སྒེར་རེ་ཟུང་ནས་བཙན་བྱོལ་ནང་གཞུང་མེད་པར་གྱུར་བས་རེ་བ་རྒྱག་ས་མི་འདུག་ཅེས་ཁུངས་མེད་ཟུར་ཟ་བྱེད་པ་དང་འགན་ཁུར་མེད་པར་རྣམ་རྟོག་སློང་བའི་གཏམ་འཆལ་སྤེལ་དང་སྤེལ་མུས་ལ་སོང་། རྒྱ་ཆེའི་མང་ཚོགས་ནས་དུས་དང་རྣམ་པ་ཀུན་ཏུ་དབུ་མ་འཁོར་བར་གཞིས་བྱེས་མཉམ་འཛོམས་དང་བོད་རང་དབང་སླར་གསོ་འབྱུང་ཐབས་སུ་རང་ཚུགས་བརྟན་པོ་གནང་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།
འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ཐུགས་ཕམ་འབྱུང་གཞིའི་གནད་དོན་འདི་རིགས་ནི་༸རྒྱལ་བའི་སྐུ་ཕྱྭ་དང་ཐད་ཀར་འབྲེལ་བ་ཡོད་པར་སོང་བཀའ་སློབ་ཇི་ཕེབས་ཀྱི་གནད་དོན་འདི་དག་ལ་བོད་མི་ཚང་མས་ཐུགས་སྣང་དགོས་རྒྱུ་ནི་གལ་འགངས་ཧ་ཅང་ཆེན་པོ་ཞིག་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་ ༡༦ ནས་བཟུང་མི་ལོ་དྲུག་ཅུའི་རིང་བོད་རྒྱལ་ཁབ་དང་མི་རིགས་ལ་བཀའ་དྲིན་བྱམས་སྐྱོང་མཛད་པའི་སྐུ་དྲིན་ལ་བསམ་ཤེས་མེད་པར་ ཚོགས་པ་དང་མི་སྒེར་རེ་ཟུང་གིས་ཡི་མ་རངས་པར་དྲིན་ལན་ལོག་འཇལ་གྱིས་སྤྱི་ཚོགས་ནང་ཁུངས་མེད་སྐད་ཅོར་རྒྱག་བཞིན་པ་དེ་ནི་ཧ་ཅང་གི་ཐབས་སྡུག་གི་བྱ་སྤྱོད་ཅིག་ཡིན།
བོད་མི་རིགས་ཆགས་འཇིག་གི་གནས་སྟངས་ཧ་ཅང་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་མགོན་པོ་གང་ཉིད་མཆོག་ཐུགས་ཕམ་ཡོང་གཞིའི་ལས་དོན་འདིའི་རིགས་རྩ་བ་ནས་མི་ཡོང་བར་བྱས་ན་༸རྒྱལ་བ་དགྱེས་པའི་མཆོད་པའི་ནང་ནས་མཆོག་ཏུ་གྱུར་བས་དེ་ལུགས་ཡིད་འཇགས་ཐོག འབྱུང་འགྱུར་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་རང་ཉིད་ཀྱི་ལྟ་གྲུབ་དང་ལངས་ཕྱོགས་བརྟན་པོ་བཟུང་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་པའི་ལམ་བཟང་དེའི་སྟེང་གཡས་འཁྱོག་གཡོན་འཁྱོག་མེད་པར་ཤར་སྐྱོད་ཐུབ་པ་གནང་སྟེ་ཚོགས་པ་དང་མི་སྒེར་རེ་ཟུང་གིས་རྗེས་སུ་མ་འབྲང་པར་ཐུགས་ཕམ་ཡོང་གཞིའི་རིགས་འདི་ལྟ་བུ་རྩ་བ་ནས་མི་ཡོང་བ་ཞུ་རྒྱུ་བཅས།།
བཀའ་ཤག་ནས ༢༠༡༢ ཟླ་ ༨ ཚེས་ ༣༡ ལ།
ལམ་དབུས་མའི་དགོས་དོན་བསྒྲུབས་ནས། དེ་ནས་གཞི་ནས་རང་བཙན་དགོས་ན་ཡང་སྒྲུབ་པའི་དུས་དང་གོ་སྐབས་ཡོད།
འོནད་ཀྱང་ད་ལྟ་༸གོང་ས་ཆེན་མོ་བཅུ་བཞི་པ་བཞུགས་རིང་ལ་བོད་རྒྱའི་དཀའ་རྙོག་བསལ་བར། བོད་རང་བཙན་རྩོད་པ་འདིས། གཉིས་ཕན་དབུས་མའི་ལམ་གྱི་སྒྲུབ་འབྲས་སོན་པ་ལ་གནོད་པ་དང་། དུང་རྒྱང་འགྲོ་བ་མཐོང་མི་ཐུབ་པ། ཨ་ཡིན་ནམ།
ངས་སྒེར་ལ་མི་དགའ་ནས་འདིར་བཤད་པ་མིནད་ཀྱང་། སྤྱི་ལ་བསམས་ནས་བཤད་ཐལ་ཤོར་བས། ཀུན་གྱིས་དཔྱད་པར་འཚལ། །
ཚོགས་སྐྱིད་ ༡༡ གི་གསལ་སྒྲག་ལ། ཐུགས་རྗེ་ཆེ་ཞེས་ཞུའོ། །
སྤྱིར་བཏང་ཆོས་བྱེད་རབ་བྱུང་བས་ཆབ་སྲིད་ལ་ཇུས་གཏོགས་ཞེད་པོ་ཞིག་གནང་གིན་བཞུགས་ན་ཡག་པོཞིག་མ་རེད་མོད། འོན་ཀྱང་དེས་ཆོས་སྲིད་གཉིས་ཐ་དད་དུ་དབྱེ་དགོས་པའི་རྒྱུ་མཚན་མེད་དེ། ཆབ་སྲིད་བྱས་ན་ངེས་པར་དུ་མ་རབས་བྱ་དགོས་པའི་ཁྱབ་པ་མེད་ལ། ལྷ་ཆོས་དགེ་བ་བཅུ་ཞེས་པ་དེ་ཡང་འཇིག་རྟེན་མི་ཆོས་ཀྱི་རྨང་གཞི་ཡིན་ཞིང་། འཇིག་རྟེན་ཡ་རབས་བཟང་སྤྱོད་མཐའ་དག་ནི་ལྷ་ཆོས་དགེ་བ་བཅུའི་རྣམ་འགྱུར་ཙམ་ཞིག་ཡིན་པའི་ཕྱིར། ཡ་རབས་བཟང་སྤྱོད་དང་མཐུན་པའི་ཆབ་སྲིད་ནི་འཕྲལ་བདེ་ཕུགས་འཕེར་དང་ཞི་བདེ་
རང་དབང་གི་རྩ་བ་ཡིན་པའི་ཕྱིར།
འཇམ་གཅེས། ངས་༧གོང་ས་མཆོག་ལ་མཚན་སྨོད་གང་དུ་ཞུས་འདུག། ཁྱོད་མིག་བགྲད་ནས་བལྟོས་དང་། ངས་བརྗོད་བཞིན་པ་དེ་ཁྱོད་དང་ཁྱོད་འདྲ་མང་པོ་ཞིག་གིས་༧གོང་ས་མཆོག་ཁ་རྩེར་འཁྱེར་ནས་རང་ལྟ་མཆོག་འཛིན་དང་གཞན་ལྟ་འབུར་བཅོམས་བྱེད་པའི་ལམ་ལུགས་འདི་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། བྱས་ཙང་དེ་ནི་ངའི་ལྷན་སྐྱེས་ཀྱི་ཐོབ་ཐང་དང་འབྲེལ་ཡོད། མ་ཟད་ཁྱོད་ནང་བཞིན་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཀྱི་མིག་མེད་ཀྱང་ང་ལ་འགྲོ་བ་མི་སྤྱི་ལ་ཁྱབ་པའི་ཐོབ་ཐང་དེ་ཡོད་རྒྱུ་རེད་པ། མངའ་རིས་འཕྲིན་ལས་ལགས་ཀྱིས་གསུང་པ་དེ་དེ་བཞིན་ནོ།
ཧ་ཧ་་་་དྲྭ་དཀྲུགས་མངའ་རིས་འཕྲིན་ལས། ངོ་ཚ་ཁྲེལ་གཞུང་བྲལ་བས་ལོག་གཏམ་མིན་ན་གང་ཡིན། དོན་དམ་པའི་༧གོང་ས་མཆོག་ལ་བླ་མའི་འདུས་ཤེས་བཞག་མཁན་ཡིན་ཚེ། བླ་མའི་བཀའ་བཞིན་སྒྲུབ་པ་ནི་བླ་མ་མཉེས་པའི་རྒྱུ་ངོ་མ་དེ་ཡིན་པ་མི་ངན་ཁྱོད་ཀྱི་མ་ཤེས་པར། ད་དུང་ཆོས་ཕྱོགས་ནས་བླ་མ་ཡིན་ཁུལ་དང་། སྲིད་ཕྱོགས་ནས་༧གོང་ས་མཆོག་ལས་ཀྱང་ཁྱོད་ལྷག་མདོག །ཁ་ཞེ་གཉིང་མེད་ངང་ནས་༧གོང་ས་ཡིད་བཞིན་ནོར་བུ་མཆོག་ལ་དད་གུས་ཡོད་མཁན་དང་ཡིད་ཆེས་ཡོད་མཁན་གྱི་མི་བུ་ཞིག་ཡིན་ཚེ་ཆོས་སྲིད་གང་གི་ཕྱོགས་ནས་ལམ་སྟོན་དང་བཀའ་སློབ་གང་གནང་ཡང་དེར་གཞིར་བཟུང་འགྲོ་དགོས་པ་དེར་བླ་མ་འམ་བཤེས་གཉེན་བརྟེན་ཚུལ་ངོ་མ་དེ་ཡིན་པ་ལས། དེ་མིན་ཌ་རི་འདྲ་བ་མགོ་གཉིང་དང་། དྲིལ་བུ་འདྲ་བ་ལྕེ་གཉིང་འཁྲབ་པ་ནི་རང་མདོག་ཕྱི་རུ་མངོན་བྱེད་ཙམ་དུ་ཟད། ད་དུང་མི་ངན་ཁྱོད་རང་རྣ་བའིདབང་པོ་མ་ཉམ་པར་ཡོད་ན་ཉོན་ཤིག །བོད་མི་མང་ཆེ་བ་རང་བཙན་འདོད་མཁན་ཡིན་ཞེས་སྨྱོས་གཏམ་དེ་ག་རེ་བྱས་ནས་བཤད་པ་ཡིན། དེ་ལྟར་ཡིན་ན་༧གོང་ས་མཆོག་དང་བོད་མི་མང་སྤྱིས་མཐུས་ལྷན་ཚོགས། གཞན་ཡང་དམིག་གསལ་ཚོགས་ཆེན་སྔར་ཕྱིའི་ཁག་ནང་ཞུགས་མཁན་ཚང་མིའི་མི་མང་གི་མངོན་འདོད་རྩིས་མེད་བཏང་བར་ཁྱོད་ཀྱིས་་ལོག་བཤད་བཟོས་པ་མ་ཡིན་ནམ། ངས་མཐོང་ཐོས་མྱོང་གསུམ་ཐོག་ནས་བཤད་ན། གཞིས་བྱེས་བོད་མིའི་རྒྱ་ཆ་བདུན་བཅུ་བརྒྱད་བཅུ་ནས༧གོང་ས་ཡིད་བཞིན་ནོར་བུའི་ལམ་སྟོན་གང་གནང་ན་དེར་ཡིད་ཆེས་དང་། གུས་རྩིས་ཡོད་པ་དེ་འཛམ་གླིང་ཁྱོན་ཡངས་དང་བོད་མའི་གཞིས་བྱེས་གཉིང་ཀྱི་ནང་དུ་ཡོངས་སུ་གྲགས་པར་མཐོང་། མི་ཤེས་ན་སྡུག་ཁར་བདག་པོ་རྒྱོབ་ནས་འདུག་དང་ཤོད་ཅིག་ལབ་ནས་བཙན་དབང་གཏང་མཁན་སུ་ཡང་ཡོང་གི་མ་རེད།
ཧ་ཧ། འཇམ་གཅེས། ངས་༧གོང་ས་མཆོག་ལ་མཚན་སྨོད་གང་དུ་ཞུས་འདུག། ཁྱོད་མིག་བགྲད་ནས་བལྟོས་དང་། ཁྱོད་དེ་འདྲའི་རྣམ་དཔྱོད་ལྡན་ཡོད་ན་༧གོང་ས་མཆོག་གིས་རང་བཙན་ལྟ་གྲུབ་པར་དགྲ་ཟླར་འཛིན་ནས་ཁ་གཏད་དུ་ལོངས་ཤོག་ཞེས་ནམ་ཡང་གསུང་ཡོད་རྒྱུ་མ་རེད། ངས་བརྗོད་བཞིན་པ་ནི་ཁྱོད་དང་ཁྱོད་འདྲ་བ་མང་པོས་༧ གོང་ས་མཆོག་ལ་དད་པ་ཡོད་མདོག་གིས་ཁ་སྙད་དེས་དབུ་མ་དང་རང་བཙན་ལྟ་གྲུབ་བར། བླ་མ་ནས་སློབ་མའི་བར། མི་རབས་རྒན་པ་ནས་མི་རབས་གཞོན་པའི་བར་དབྱེན་དཀྲུགས་ཀྱིས་རང་ལྟ་མཆོག་འཛིན་དང་གཞན་ལྟ་འབུར་བཅོམས་བྱེད་པའི་ལམ་ལུགས་ལ་ངས་ངོ་རྒོལ་མཐའ་གཅིག་ཏུ་ཞུ་གི་ཡོད། ང་ལ་ཁྱོད་འདྲ་བའི་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་མེད་ཀྱང་འགྲོ་བ་མི་སྤྱི་ལ་ཁྱབ་པའི་ལྷན་སྐྱེས་ཀྱི་ཐོབ་ཐང་དེ་ཡོད་རྒྱུ་རེད་པ།
ཁྱོད་ཚོས་༧གོང་ས་མཆོག་ལ་མཚན་སྨས་དང་ཟུར་ཟ་བཟོས་པ་ནི་མིག་བགྲད་མི་དགོས་པ་བཙུམ་ནས་ལྟས་ན་ཡང་གསལ་གསལ་ཐིང་ཐིང་མཐོང་ངེས་རེད། སྐབས་འཚོ་རིང་ལུགས་པ་ཁྱོད་ཚོས་དེ་སྔར་ད་བར་དུ་འདི་ལྟ་བུ་མགོ་གཉིང་མ་བཤད་ནས་དུས་ཚོད་ཡོལ་བ་ཡིན་པ་ཡང་ཤེས་གི་ཡོད། མདོར་བསྡུས་ནས་བཤད་ན་གཞིས་བྱེས་བོད་མི་ཆེས་ཉུང་ཤས་འམ་རེ་ཟུང་མ་གཏོགས་༧གོང་ས་མཆོག་དང་ཁོང་གིས་བཞེངས་ཕྱོགས་ལ་ཤར་སྤྱོད་གནང་བཞིན་པའི་བཙན་བྱོལ་སྒྲིག་འཛུགས་ལ་ཡིད་ཆེ་དང་གུ་རྩིས་སྔར་ཞུས་དང་ཞུ་བཞིན་ཡོད་ལ། ད་དུང་མི་མཐུད་ནས་ཞུ་ངེས་ཡིན། ཁྱོད་ཚོས་བཤད་འཆལ་གཏམ་དེ་ཚོའི་རྐྱེན་བྱས་ནས་ཉེར་ཆར་ལྭ་དག་ཏུ་གནང་བས་བཀའ་སློབ་དང་། ཨེ་ཕྲ་གླིང་ནས་གནང་བས་བཀའ་སློབ་དག་ལ་ཡག་པོ་བལྟོས་དང་ཤེས་ངེས་རེད། ད་དུང་ཁྱོད་ཚོ་ལ་འགྲོ་བ་མི་ཡི་ལྷན་སྐྱེས་ཐོབ་ཐང་དགོས་ན་རྩོད་ས་ནོར་བ་རེད། ང་ཚོ་མི་ཡུལ་དུ་བཙན་བྱོལ་ཡོང་དགོས་བྱུང་བ་འདི་༧གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱིས་བཟོས་བཞག་པ་གང་ཡང་མེད། དེ་ལས་འདྲེ་ཤར་སྒོ་དང་ཀླུད་ནུབ་སྒོ་ལྟ་བུ་མ་ཡིན་པར་སྨྱུག་ཁ་དགྲ་ལ་ཕྱོགས་དང་ཨ་མའི་བུ་ཡིན། དེ་མིན་ལས་འགན་དམིགས་བསལ་ཅན་དེ་འདྲ་ཡོད་ན་མ་གཏོགས་བཙན་བྱོལ་ནང་ཁུལ་དུ་དཀྲུགས་ཤིང་མ་བཟོ་ཤིག །
ཤར་སྤྱོད་ཞེས་པར་་་་་་་་་་་་སྐྱོད་དུ་བཅོས་དགོས
མིང་དོན་གོ་ལྡོག་ཏུ་སོང་བའི་འཇམ་གཅེས་ཏང་ཡོན་ཁྱོད་ཉོན་ཅིག།
ཁྱོད་ལེགས་ཉེས་དབྱེ་འབྱེད་ཀྱི་རྣམ་དཔྱོད་མིག་ཡོད་མདོག་བཤད་སོང་ཡང་། དོན་ལ་མཚན་སྨོད་དང་བསམ་ཚུལ་གྱི་ལེགས་ཉེས་དབྱེ་འབྱེད་མི་ཤེས་པའི་ལོང་བ་ཁྱོད་ཀྱིས་༧རྒྱལ་བ་རིན་པོ་ཆེས་དམངས་གཙོ་མར་གསོལ་བསྩལད་གནང་བཞགས་པ་དེ་ཁྱོད་ཚོས་ཡར་བསྡུ་རྩིས་བྱེད་པའི་ལམ་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ལ། དེ་འདྲའི་རྨི་ལམ་སྐྱིད་པོ་དེ་ནམ་ཡང་མངོན་འགྱུར་མི་སྲིད་པ་ཞིག་རེད། ཁྱོད་ཀྱིས་མིག་བཙུམས་ནས་ངེད་ཚོའི་བསམ་ཚུལ་དེ་མཚན་སྨོད་ལ་བསྒྱུར་གང་ཐུབ་བྱེད་ལ། ཀྲུང་གོའི་བོད་ལྗོངས་དྲ་བ་དང་། བོད་ལྗོངས་ཉིན་རེའི་ཚགས་པར། བོད་ལྗོངས་ཆ་ཕྲིན་སོགས་ཀྱི་སྟེང་དུ་བཀོད་པའི་ཏཱ་ལའི་བླ་མར་སྒྲོ་འདོགས་ཀྱི་ཚད་འགལ་སྐུར་འདེབས་དེ་ཁྱོད་མིག་བགྲད་ནས་ལྟ་མི་ནུས་པ་ནི་ཅི་འདྲའི་ཡ་མཚན་མ་རེད་པས། ཁྱོད་དེ་འདྲའི་དད་པ་དང་གུས་རྩི་བླ་ན་མེད་པ་ཞིག་ཡོད་ན་ཁྱི་ཁ་དེ་ཚོར་བསྐོར་མི་ཐུབ་པ་ཅི་ཡིན་ནམ། བྱས་ཙང་ངས་ནམ་རྒྱུན་ཁྱོད་ལ་བརྗོད་བཞིན་པའི་གུང་ཁྲན་ཏང་ཡོན་ཟེར་བ་དེ་དོན་ལ་གནས་ཡོད་ལ་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་གསོས་ཕྲུག་ཡིན་པ་ངོས་འཛིན་ལ་འགྱུར་བ་མེད།
བསམ་མེད་གསེར་འབྲུག་ལོག་སྤྱོད་པ་དང་ཁྱོད་ཀྱིས་ཕྱོགས་གཏོགས་ཀུན་ཉོན་ཤིག །སྤྱིར་མང་གཙོའི་རྒྱལ་ཁབ་ཞིག་ལ་མཚོན་ན་ལྟ་བ་འདྲ་མིན་དང་ལོངས་ཕྱོགས་འདྲ་མིན་ཡོད་ཆོག་ལ། ངེས་པར་དུ་ཡོད་དགོས་པ་ཡང་ཤེས་ཀྱི་ཡོད། ཡིན་ན་ཡང་དེང་སང་མིན་ངན་ཁྱོད་དང་ཁྱོད་ལྟ་བུ་ཁ་ཤས་ནས་ཆབ་སྲིད་ཀྱི་གོ་བ་ལོག་ལམ་དུ་འགྲེལ་ཏེ་༧གོང་ས་མཆོག་གིས་གསོལ་བསྩལ་གནང་བཞགས་པ་ཡང་དག་པའི་མང་གཙོས་ལམ་བཟང་འདིར་མི་ངན་ཁྱོད་ཚོས་སྤྱི་སེམས་དང་ལ་རྒྱལ་ཁ་ལ་ཁྱེར་ཞོར་སྒེར་དོན་ཆུང་ངུ་རེའི་ནད་མ་ཆོག་པའི་སྤྱོད་ངན་པ་ཁོག་བཅངས་ཐོག་དུམ་བུ་ཁ་བྲལ་དུ་གཏོང་འདོད་རུང་རྨི་ལམ་ནང་གི་སྟོང་བསམ་ཙམ་ལས་གང་མི་འགྲུབ། ཤེས་ཡོས་ཡོན་མཁྱེན་རྒྱལ་ཡངས་པའི་ལྟ་གྲུབ་སྨ་བ་མཁན་མི་སྒེར་དང་ཆབ་སྲིད་ཚོགས་པ་འགའ་རེའི་གཞུང་གིས་སྒྲུབ་མི་ནུས་པའི་ལས་དོན་རླབས་ཆེན་བསྒྲུབས་མཁན་ཡང་འཛམ་གླིང་འདིར་ཉུང་ཉུང་གཏན་ནས་མིན། རྒྱུ་མཚན་དེའི་དབང་གི་མང་གཙོའི་རྒྱལ་ཁབ་ཁག་གི་ནང་དུ་ཚོགས་པ་འདྲ་མིན་ཡོད་པ་ཡིན། འོན་ཀྱང་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་དུ་ཡོད་པའི་ཚོགས་པ་ཁ་ཤས་དང་མི་ངན་ཁྱོད་འདྲ་བ་ཁ་ཤས་ནི་དེ་ལས་ཟློག་སྟེ་ག་དུས་ཡིན་རུང་། ཕྱི་དགྲ་དང་ཐུག་དུས་མར་ནང་བཞིན། ནང་ཕུ་ནུ་ཐོག་ཏུ་ལྕགས་འབུག་ནང་བཞིན་ཟེར་ལྟར་ལས་བོད་སྤྱི་པའི་ལས་དོན་འདི་ཡིན་ཞེས་ཤིག་ཙམ་ཡང་སྟོན་རྒྱུ་མེད་ཁར། ༧གོང་ས་མཆོག་གི་དགོངས་གཞི་དང་། མི་མང་གི་མངོན་འདོད་ལ་དུས་རྟགས་ཏུ་ལོག་པ་སྨར་བ་ནི་ཁྱོད་ཚོས་རང་གཤིས་སུ་གྲུབ་ཡོད་པར་སོ་སོའི་སོ་སོར་ཞིབ་འཇུག་མཐིལ་ཕྱིན་པ་རེ་བྱོས་དང་ཤེས་ལས་ཆེ།
འོ་རེད་་་་་་་་་་་ད་དུང་ཁྱོད་ཚོས་མ་འོངས་པར་༧གོང་ས་མཆོག་དང་རང་གཞུང་གི་མཛད་གཙོ་རྣམ་པར་ངན་སྨས་དང་སྐུར་འདེབས་ག་དུས་བཟོས་པ་ཡིན་རུང་། གུས་རང་ངོས་ནས་་ལེ་ལན་རྔ་དང་རྔ་ལྕག་གི་དཔེར་བཞིན་ཚར་མི་གཅོད་ཀ་མེད་རེད། མགོར་གསེར་སྐུ་བཞགས་དང་རྡོ་ལུ་བཞགས། །བྱིན་རླབས་མེད་ན་འདྲ་འདྲ་ཡིན། །ཡིད་ཕ་མའི་བཅད་ཤ་བའི་བཅད། །བྱང་སེམས་མེད་ན་འདྲ་འདྲ་ཡིན། །ཞེས་པར་བཞིན་༧གོང་ས་མཆོག་དང་རང་གཞུང་ལ་ངན་སྨས་སྐུར་འདེབས་ཕྱི་ནང་སུའི་བཟོས་ན་ཁྱད་པ་སྤུ་ཙམ་མེད། དྲྭ་གྲོགས་ལྷན་རྒྱས་ནས་མི་འདི་དག་གིས་བྱ་སྤྱོད་ཤེས་དགོས་པ་གལ་ཆེན་པོ་ཡིན།
ཨ་ཁ་ཁ འདི་ན་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་དྲག་པོ་བྱེེད་བཞིན་འདུག དེ་འདྲའི་ཞེད་སྣང་ལ།
ཁ་སྤུ་དཀར་པོ་སྡུག་སྐད་འདོན་མ་ཡོང་། བོད་སྤྱི་བའི་དོན་དུ་བཤད་པ་ལས་སྒེར་དོན་གང་ཡང་བཤད་མེད། ཞེད་སྣང་འདུག་ན་གནས་གཞན་དུ་དེངས་ཤིག འདིར་ཡོང་དགོས་མ་རེད། ཇུས་མེད་ཇུས་གཏོགས་ག་རེ་བྱས་ནས་བཟོ་གི་ཡོད་དམ།
གཏམ་ཨ་པས་བཤད་རྒྱུ་དེ་ཨ་མས་བཤད། ཁྱོད་ཁྱི་ཁ་བཙུམས། རྫིག་རྫིག་གཏོང་རྒྱུ་བཞོགས་ཨ། ཁྱོད་འདྲ་བ་ཏང་ཡོན་ག་ཚོད་ཡོད་ན་ཤོག་ཨ། དུས་རབས་འདིར་ཚང་མ་འདྲ་མཉམ་ཡིན། མ་ཟད་ད་དུང་དམངས་གཙོའི་སྐོར་བཤད་རྒྱུ་བཞོགས་ཤིག། དམངས་གཙོའི་སྐོར་ཁྱོད་ལས་ང་ཆ་རྒྱུས་མང་ཡོད་ལ་བཤད་རྒྱུ་ཡང་མང་ཡོད། དམངས་གཙོ་ཚད་མཐོ་བའི་རྒྱལ་ཁབ་ནང་ཚར་ལོངས་བྱས་ཡོད། མ་གཞི་ནས་གཅིག་བསྡུས་རིང་ལུགས་འོག་ཚར་ལོངས་བྱུང་བའི་ཏང་ཡོན་ཁྱོད་ཚོར་དམངས་གཙོའི་གོ་རྟོགས་སྤུ་ཙམ་ཡང་མེད་པ་མ་ཟད་ཅི་ཞིག་ལ་དམངས་གཙོ་ཟེར་མིན་དང་གང་འདྲ་ཞིག་ལ་དམངས་གཙོ་ཟེར་མིན་མི་ཤེས་ཙང་སྨྲ་བརྗོད་རང་དབང་ལ་རྡོག་རོལ་གཏོང་བའི་ལམ་ལུགས་འདི་དར་བ་རེད། བྱས་ཙང་གཟབ་ཙམ་མ་བྱས་ན་ལ་མོ་ཕར་ནང་གི་གུང་ཁྲན་གྱིས་བཤད་པ་ནང་བཞིན་ཆགས་ཡོང་ང་། ལར་ནས་གཅིག་བསྡུས་རིང་ལུགས་ལ་འདི་འདྲ་མ་གཏོགས་བཤད་རྒྱུ་ཅང་མེད་པ་རེད། ཧ་ཧ་ཧ་ཧ་ཧ་ཧ།
བཀུར་འོས་དྲ་གྲོགས་འཇམ་གཅེས་ལགས་ཞུ་རྒྱུ། ཁྱེད་ང་ལ་དགོངས་ཚོམ་དགོས་དོན་མེད་རྒྱ་གར་མང་གཙོའི་ལུང་པ་ལ་བོད་པས་མང་གཙོའིི་ཁེ་དབང་ལོངས་སུ་སྤྱད་ནས་སྨྲ་བརྗོད་རང་དབང་བྱས་པ་ལ་དམར་པོའི་ལྟ་ངན་ཅན་གྱི་མི་བུ་དག་ངར་ཡོང་བ་ནི་ཕོ་རོག་དཀར་པོ་རེད་ཧ་ཧ་ཧ་། ཁྱོད་ཆོས་བྱེད་མཁན་བླ་མས་གཡང་དུ་འཆོང་གསུང་ཡང་ཇི་བཞིན་སྒྲུབ་མཁན་ཞིག་ཡིན་ཚོད་འདུག་པས། ཆབ་སྲིད་ལ་ཐེ་ཇུས་བྱས་ན་ག་བ་ཡོང་ཆོས་དང་ཆབ་སྲིད་ཁ་ཁ་སོ་སོ་ཡིན། དེ་གཉིས་ཉ་ཉུང་མཉམ་སྲེ་བྱས་པས་འདི་བྱུང་བ་རེད། ཁྱོད་རང་ཆོས་དང་ཆབ་སྲིད་གལ་གང་ཆེ་གནས་ཆུང་ལ་དྲི་མཁན་ཡིན་ཡིན་ས་རེད་ཆབ་སྲིད་མ་གནང་ན་ལེགས།
ད་དུང་འཇམ་གཅེས་ཁྱོད་མདུན་དུ་མཐོན་མཁན་བུ་ལུས་ཅན་ཞིག་ཡིན་ཚེ་ཁྱོད་མིང་བརྫུན་རྒྱབ་ལ་ཡིབ་དགོས་དོན་མེད། ང་ནི་མངའ་རིས་ཕྲིན་ལས་ཡིན་མིང་བརྫུའི་འོག་ནས་ཆབ་རྫུ་་ཁྲབ་མཁན་དེ་འདྲ་མིན། ཆབ་སྲིད་ཀྱི་ལྟ་བ་གླེང་སྐབས་ཆོས་ལུགས་ཀྱི་རྨོངས་དད་བྱེད་མཁན་མིན། ཆོས་ནི་གང་ཟག་སྒེར་སོ་སོ་ཐར་པ་ཐོབ་རྒྱུ་ཡོད་པ་དེར་བླ་མའི་གདམས་ངག་དགོས་པ་སོགས་ཤེས་ནས་དད་པ་བྱེད་མཁན་ཡིན་པ་ལས། མི་རིགས་གཅིག་དང་རྒྱལ་ཁབ་གཅིག་གི་ལྟ་སྤྱོད་ཆོས་བཞིན་བྱས་ན་ཚང་མ་མཉམ་དུ་སངས་རྒྱས་རྒྱུ་ཡོད་པ་ངས་ཁས་ལེན་བྱེད་ཀྱི་མེད། བྱས་ཙང་གཞུང་གི་ཆབ་སྲིད་ཚང་མ་ཆོས་དང་མཐུན་པ་བླ་མའི་བཀའ་དང་མཐུན་པ་བྱེད་དགོས་ཟེར་བ་ནི་དུས་རབས་ཉི་ཤུ་བོད་ས་མ་ཤོར་སྔོན་གྱི་ལྟ་བ་དང་སྐད་ཆ་རེད།
དམངས་གཙོའི་གོ་རྟོགས་སྤུ་ཙམ་ཡང་མེད་པ་མ་ཟད་ཅི་ཞིག་ལ་དམངས་གཙོ་ཟེར་མིན་དང་གང་འདྲ
མངའ་རིས་ཕྲིན་ལས། ཁྱོད་ཀྱིས་སྐྱག་དྲི་ཁ་བས་སྐད་ཆ་དེ་རེད། ངས་གང་དུ་ལན་མང་བཤད་དགོས་པའི་འགག་རྩ་ཡང་འདི་རེད། མདོར་བསྡུས་ནས་བཤད་ན་༧གོང་ས་མཆོག་གི་མཚན་དངོས་སུ་མ་སྟོན་པ་ཙམ་ལས་དོན་ངོ་མར་བོད་པའི་ཁ་རྒྱུན་ལས་་་དངོས་སུ་བུ་མོ་བཤད་ཀྱང་། ཤུག་ལ་བག་མའི་གོ་དགོས་ཞེས་པ་བཞིན་མ་ཡིན་ནམ། འོ་ན་འདས་པའི་དུ་རབས་དང་། རྒྱལ་རབས་དང་། ལོ་རབས་སོགས་མང་པོ་བཤད་དགོས་པ་མི་འདུག །༧གོང་ས་བཅུ་བཞི་པའི་ཆོས་སྲིད་ཀྱི་ཐུགས་འགན་གཞེས་ནས་ན་ཉིན་བར་དུ་ཁྱོད་ཀྱིས་ཉ་ཉུང་མཉམ་བསྲེས་བཟོས་པ་མ་ཟད་དེའི་དབང་གིས་བོད་པའི་གནས་སྟངས་འདི་རེད་ཟེར་བ་མ་ཡིན་ནམ།
གསེར་འབྲུག་སྡེར་དཀྲུགས་ཉོན་ཤིག །མང་གཙོའི་གོ་རྟོགས་མེད་པ་དང་། མང་གཙོ་ཟེར་ན་གང་ཡིན་མི་ཤེས་པའི་དབང་གིས་བླུན་གཏམ་རྫོགས་ཡ་མེད་པ་དེ་ཚོ་བཤད་དགོས་བྱུང་བ་རེད། མང་གཙོ་ཟེར་ན་གཞུང་ལས་མི་མང་དབང་ཤུག་ཆེ་བ་ཡོད་པའི་རྒྱུ་མཚན་གྱི་མང་གཙོ་ཟེར། དེ་འདྲའི་མི་མང་དབང་སྒྱུར་འོག་ཏུ་ཡོད་པའི་སྲིད་གཞུང་ལ་མང་གཙོའི་སྲིད་གཞུང་ཟེར་གྱི་ཡོད། དེ་འདྲ་ཡིན་དུས་ཁྱོད་ཚོ་ཕོ་རོག་དཀར་པོ་ཉུང་ཤས་ཀྱིས་དཀྲུགས་གཏམ་བཤད་པ་དེ་དག་མང་གཙོའི་བསམ་ཚུལ་མཚོན་གྱི་འདུག་མིན་ཡག་པོར་དཔྱོད་དང་། གལ་སྲིད་མཚོན་པ་ཡིན་ན་དེ་ནས་ཁྱོད་ཀྱིས་གང་དུ་སྨོས་མ་ཐག་པ་བཞིན་གཅིག་བསྡུས་ལམ་ལུགས་ཡིན་པ་ལས། དུས་ནམ་ཡང་མང་གཙོའི་གོ་དོན་མི་འཇུག་པ་ཤེས་དགོས།
རྒྱ་ནག་གིས་བརྟན་ལྷིང་ནི་ཡོད་ཚད་ལས་གལ་ཆེ་ཟེར། བོད་གཞུང་གིས་གཅིག་སྒྲིལ་ནི་ཐམས་ཅད་ལས་གལ་ཆེ་ཟེར། ཀླུ་མཁར་བྱམས་ཀྱིས་དམངས་གཙོ་ནི་ཀུན་ལས་གལ་ཆེ་ཟེར། འཇམ་གཅེས་ཀྱིས་མང་གཙོ་ཤེས་པ་ནི་ཅི་བས་གལ་ཆེ་ཟེར། ཚོགས་པ་ ༡༡ གིས་༧སྐྱབས་མགོན་རིན་པོ་ཆེ་ཐུགས་མ་ཕམ་པ་ལས་གལ་ཆེ་བ་ཞིག་མེད་ཟེར། ཚང་མ་བདེན་པ་འདྲ་པོ་འདུག
མང་གཙོ་དངོས་གནས་སྐྱག་འཇམ་ཁྱོད་རང་ཤེས་མེད་པ་ལ་ད་དུང་༧གོང་ས་༧ཆོག་ལ་འུད་བསྟོད་བྱེད། གང་མང་བ་དེ་གཙོ་ཆེ་བ་ཡིན་ཙང་ལམ་དབུ་མ་ཟེར་བ་དེ་དཀའ་ངལ་ཆགས་པ་རེད་ད་བར་ཆོས་ནས་ཇི་སྐད་བཤད་པའི་དབུ་མ་ལ་གང་མཚམས་ཡིད་ཆེས་བྱས་པ་རེད། ད་ནི་མི་ལོ་དེ་དག་གི་རིང་དབུ་མར་ཡིད་བྱས་པའི་མཇུག་འབྲས་སུ་རང་རིགས་གཞིས་ལུས་པ་རྣམས་ཐུག་ནས་ཕྱི་རུ་ཡོད་མཁན་རྣམས་ལ་རེ་བ་ཇི་ལྟར་བྱས་ཀྱང་། དབུ་མ་དབུ་མ་ཟེར་ནས་རྒྱ་ལ་ངོ་དགའ་སྤྲེལ་ལད་ཁྲབ་ནས་མི་ལོ་མང་པོ་ཁོ་ཚོ་མགོ་སྐོར་འོག་ཚུད་ཡོད་པ་ཤེས་ནས། ད་ང་རང་ཚོའི་གཅིག་བྱས་ན་མ་གཏོགས་ཁོ་ཚོ་ལ་ལྟས་འཇོན་ས་མ་རེད་དབུ་མ་ནི་དབུ་མ་རང་རེད། སྟོང་མི་སྟོང་། ཡོད་མེད། བདག་གཞན་སོགས་གཉིས་འཛིན་སྤངས་པའི་ཐབས་ལམ་དེས་རྒྱ་བོད་གང་ཡང་མིན་པ་འཛམ་བུ་གླིང་ལ་གྲམ་རྒྱུའི་ཉམས་ལེན་རེད་འདུག་བསམ་ནས་འུ་ཐུག་སྟེ་རང་ལུས་བོད་སྤྱི་བའི་དོན་དུ་ཕུལ་བ་རེད། དེ་འདྲ་སོང་ཙང་ཤེས་ལྡན་ཟུར་གནས་ཚང་མས་ཐབས་ལམ་གཞན་དང་གཞན་འཚོལ་ནས་ལས་འགུལ་སྣ་མང་སྤེལ་བཞིན་པ་དེ་ལྟར་རེད། ལས་འགུལ་སྤེལ་སྐབས་དགོས་པ་རྒྱུ་མཚན་འགྲེལ་བཤད་བྱེད་དུས་ཚིག་ཕྲན་བུ་འདྲ་མིན་ཐོན་པ་ལ་རྒྱལ་བ་རིན་པོ་ཆེ་ལ་ཁ་གཏོང་གི་འདུག རྒྱལ་བ་རིན་པོ་ཆེ་ཐུགས་མ་དཀྲུགས་ཟེར་བ་ནི་བྱབ་ཆུང་རེད་དོ། །
ཡིན་ཡིན་ཁྱོད་ལ་སོགས་པའི་དྲ་ཕྲུག་མང་པོ་ཞིག་༧གོང་ས་༧མཆོག་བེད་སྤྱོད་བྱེད་རྒྱུ་དེ་ལག་ཆ་ཡིན་པ་ལས་དོན་དངོས་གང་ཡིན་མི་ཤེས། སྲོང་བཙན་ནས་ད་བར་རེད་ཁྱོད་ཀྱི་མ་ཤེས་རེད་ཁུངས་ལྡན་ལོ་རྒྱུས་ལ་ལྟོས་དང་ནང་འཁྲུགས་ཚང་མ་ཆོས་པས་བྱས་ཡོད། མི་མང་གི་རྒྱུ་ནོར་མང་བ་གདན་སའི་དགེ་འདུན་གྱི་སྤྱི་རྫས་ལྟ་བུ་རེད། རྒྱལ་ཁབ་ཀྱི་མ་རྩ་མང་ཆེ་བ་མཆོད་རྟེན་རྐྱང་བཞེངས་ཡོད་གཟིགས་དང་། རྒྱལ་ཁབ་བདེ་སྲུང་ཆེད་གང་བྱས་འདུག་དངོས་ཡོད་བཤད་པ་ཡིན་མཐོང་ཆོས་རེད་ལྐུགས་པ་ཀྱེ།
ཁྱི་ཁ་མངོག་ན་སྐྱག་དྲི་མ་གཏོགས་གང་ཡང་ཁ་ཡ་མེད་པ་བཞིན་ཆོས་སྲིད་གང་ཅིའི་ཐད་ནས་མི་ངན་ཁྱོད་ལ་གང་འདུག་ཤེས་སོང་། ད་ཁ་ཁར་འདུག་ཤིག་ང་ལ་ཁྱི་ཁ་མངོག་ཡས་དུས་ཚོད་ཀྱང་་མེད་ལ་མངོག་རིན་ཡོད་པ་ཡང་མ་མཐོང་། བོད་ནང་གི་ལས་འགུལ་དེ་དག་ཡང་ལམ་དབུ་མར་མི་འདོད་པའི་རྣམ་པར་སྒྱུར་འདོད་པ་ནི་ངོ་མ་ཁྱོད་ལ་སྙིང་འདྲ་རྗེ།
https://www.facebook.com/permalink.php?story_fbid=348231901929734&id=100003964218625
འདི་ན་ཡོད།
ཡོད་ང་དེ་ག་རང་ལ་ཡོ། དེ་ངའི་ཁ་བྱང་ཡིན། ཁྱོད་ཚོས་ག་རེ་བྱེད་རྩིས་ཡོད་དམ་ང་ངོ་མ་ཞེད་ཀྱི་འདུག་ཧ་ཧ་ཧ་་ཧ་ཧ
ཁོ་རེ་འཇམ་སྐྱག་དབུ་མའི་གྲུབ་འབྲས་བཤོད་དང་། རང་བཙན་ལ་ལོ་རྒྱུས་བཤད་རྒྱུ་ཡོད་རྒྱབ་ལྗོངས་ཡོད་རྒྱ་ནག་མཉམ་ཆབ་སྲིད་ལམ་ཁ་དེ་མ་གཏོགས་ག་རི་བྱེད་རྒྱུ་འདུག་བཤོད་བུ་སྨད་ཀྱེ།
ལམ་དབུ་མའི་དགེ་མཚན་༧གོང་ས་ཡིད་བཞིན་ནོར་པུའི་གསུང་པ་ལས་ལྷག་ཚད་ང་ལ་གང་ཡང་བཤད་ཡ་མེད་ལ་བཤད་དགོས་ཡང་མེད། བཤད་འདོད་ཡང་མེད། མི་ངན་ཁྱོད་ནང་བཞིན་ལ་བཤད་ན་ཕན་ཐོག་ཡང་མེད། བཤད་པའི་དགོས་པ་ཡང་མེད། བཤད་སའི་སྣོད་དུ་ཡང་མི་རུང་།
མངའ་རིས་ཕྲིན་ལས་ལགས་ཀྱིས་འཇམ་གཅེས་ཟེར་བ་འདི་ལ་སྐད་ཆ་བཤད་ཡ་མེད་བཟོས་འདུག དབུ་མའི་ལམ་ལ་འགྲོ་གི་ཟེར་མཁན་ཚོ་ལ་མཐའ་གཏུགས་ན་༧གོང་ས་མཆོག་ཁ་ལ་ཁྱེར་གྱི་མ་གཏོགས་མེད་པར་གསལ་པོ་རེད་ག
མགོ་སྐོར་འོག་ཏུ་ཚུད་ཅིང་བོད་མིའི་གཅིག་སྒྲིལ་གྱི་ནུས་བ་ཐོར་ཞིགས་སུ་བཏང་བཅལས་གྲུབ་འབྲས་ལས་ཡོད།
ནོརར་བཅོས།
༦༩༽ རིག་པའི་བུ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༧ གི་ཆུ་ཚོད་ ༡༡ སྐར་མ་ ༤༣
མགོ་སྐོར་འོག་ཏུ་ཚུད་ཅིང་བོད་མིའི་གཅིག་སྒྲིལ་གྱི་ནུས་བ་ཐོར་ཞིགས་སུ་བཏང་བའི་གྲུབ་འབྲས་ཡོད།
༦༧༽ འཇམ་གཅེས་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༧ གི་ཆུ་ཚོད་ ༡༠ སྐར་མ་ ༥༧
ལམ་དབུ་མའི་དགེ་མཚན་༧གོང་ས་ཡིད་བཞིན་ནོར་པུའི་གསུང་པ་ལས་ལྷག་ཚད་ང་ལ་གང་ཡང་བཤད་ཡ་མེད་ལ་བཤད་དགོས་ཡང་མེད། བཤད་འདོད་ཡང་མེད། མི་ངན་ཁྱོད་ནང་བཞིན་ལ་བཤད་ན་ཕན་ཐོག་ཡང་མེད། བཤད་པའི་དགོས་པ་ཡང་མེད། བཤད་སའི་སྣོད་དུ་ཡང་མི་རུང་།
ཧ་ཧ་དེ་རེད་ཁྱེད་རྣམས་༧གོང་ས་༧མཆོག་ལག་ཆ་བེད་སྤྱོད་བྱེད་རྒྱུ་ལས་གཞན་སྡད་མེད། དབུ་མ་བཤད་སའི་སྣོད་དེ་སུ་རེད་༧གོང་ས་༧བེད་སྤྱོད་བྱེད་མཁན་ཚོ་སྣོད་དུ་རུང་བ་ཡིན། དེ་མིན་དབུ་མ་བཤད་ན་བགད་མོ་ཤོར་ཡ་ལས་མ་འདས་སོ། ངོ་མ་༧གོང་ས་༧མཆོག་ལ་སྐུར་འདེབས་བྱེད་མཁན་ལམ་དབུ་མ་ཁོང་གི་བཀའ་རེད་ཟེར་མཁན་ཚོ་རེད། དེས་ན་༧གོང་ས་༧མཆོག་བགྲེས་ཡོལ་དུ་ཕེབས་ཟིན་པ་རེད། ལམ་དབུ་མ་ཡང་དུས་ཚོད་ཡོལ་བ་རེད་ཟེར་ན་ཁྱེད་ཅག་མི་སྨྲ་བའི་གཏུལ་ཞུགས་བཟུང་བ་ལས་འོས་མེད་དོ། །
ལམ་དབུ་མ་རྒྱབ་སྐྱོར་ཆ་ཚང་ཡོད་ལགས།
བོད་གཞུང་མང་གཙོ་ཆགས་ཀྱང་རྒྱ་གར་གྱི་འོག་རེད་ལ་སྒེར་བདག་ཆགས་ཀྱང་རྒྱ་གར་གྱི་འོག་རེད། ང་ནི་ཕན་སྐར་ལི་གཅིག་ཀྱང་ཐོགས་བྱུང་མེད། ང་རང་ཡོད་ན་མེད་ན་༧གོང་ས་ཡིད་བཞིན་ནོར་བུ་ཡིན། དེའི་རྗེས་རྒྱ་གར་གཞུང་མང་གཉིས་ཡིན། ༧རྒྱལ་བ་རིན་པོ་ཆེའི་ངའི་ཕ་མ་དང་ཁྱད་པར་མེད། ཁོང་ལ་ཁ་གཏོང་མཁན་ཚང་མ་ངའི་དགྲ་ཡིན། རྒྱ་བོད་སུ་ཡིན་ཡང་ཁྱད་པར་མེད།