རྔ་བ་རྒྱལ་ཁམས་པ།
————-
ཨ་བྷིར་ཧེམ་(Aberaham)དང་ཡ་ཧུ་དཱ་བའི་གནའ་ཆོས།
དེ་ཡང་གཟུང་འཛིན་ཕྱིན་ཅི་ལོག་གི་རྣམ་རྟོག་ལས། རྒྱུད་ལྔས་བསྡུས་པའི་ཁམས་གསུམ་སྲིད་པའི་ཁྱིམ་གཞིས་ཆེན་པོ་འདི་ཉིད་གྲུབ་ཅིང་། ཆགས་གནས་འཇིག་སྟོང་གི་འཕོ་འགྱུར་དང་། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལ་་འཇིགས་ཤེས་པའི་འགྲོ་བ་མིའི་རིགས་ཕལ་མོ་ཆེ་ ཞིག་ནི། སྡུག་བསྔལ་དེ་དག་ལས་ཐར་འདོད་ཀྱི་འདུན་པས་བསྐུལ་ཏེ། རང་རང་གི་རྣམ་དཔྱོད་ལ་བརྟེན་ནས་ལྟ་གྲུབ་དང་། ཆོས་ལུགས་མི་འདྲ་བ་སྣ་ཚོགས་པར་འཇུག་ཅིང་སྐྱབས་སུ་འཛིན་པར་བྱེད་དོ།། དེ་ལས་སྣོད་བཅུད་ཀྱི་འཇིག་རྟེན་དཀོན་མཆོག་གིས་བཀོད་པར་སྨྲ་བའི་ཡུ་ཤིའི་ལྟ་ བ་དང་། འཚེ་བ་ཆོས་སུ་འདོད་པའི་ཁ་ཆེའི་གྲུབ་མཐའ། དེ་གཉིས་ཀྱི་རྩ་བའམ་རྨང་གཞིར་གྱུར་བ་ལྗོས་ཀྱི་ཆོས་ལུགས་ཏེ། ཆོས་བརྒྱུད་ཆེ་གསུམ་དུ་གྲགས་པའི་གྲུབ་མཐའ་དེ་དག་གི་རྩ་བའི་ཁུངས་གཏུགས་སའམ་ འབྱུང་ཁུངས་ངོ་མ་ནི། དེ་དག་གི་སྤྱི་མེས་ཨ་བྷིར་ཧམ་ཞེས་འབོད་པ་དེ་ཉིད་ཡིན་ལ། དེ་ཡང་ཨ་བྷིར་ཧམ་གྱི་ལོ་རྒྱུས་སྐོར། ཕྱི་གླིང་ཡ་ཧུ་དཱ་བའི་གནའ་བོའི་ཆོས་གཞུང་དང་། ཁ་ཆེའི་ལོ་རྒྱུས་ཀྱི་ཡི་གེ་ཆེན་མོ་དག་ན་འདི་སྐད་ཅེས་གླེང་སྟེ།
ཁོང་གི་མཚན་གྱི་རྣམ་གྲངས་ལ་ཨ་བྷིར་རམ་ཏེ༼བྱམས་བརྩེའི་ཨ་ཕ༽དང་། ཨ་བྷིར་ཧམ་སྟེ༼མིའི་རིགས་ཀྱི་སྐྱེད་ཡབ༽ཅེས་པ་སོགས་འབོད་ཚུལ་མི་འདྲ་བ་ཁ་ཤས་ འདུག གང་ལྟར་ཀྱང་། ཁོང་ནི་ཡོར་གྱི་གྲོང་ཁྱེར་མེ་སོ་ཕོ་ཁྲ་མེས་ཡན་ཞེས་པ་ད་ལྟའི་ཨེ་རག་རྒྱལ་ཁབ་ ཀྱི་ཤར་ལྷོའི་ས་ཁུལ་གྱི་གྲོང་ཁྱེར་ཡོར་ཞེས་པ་དེ་ཉིད་དུ། ཡུ་ཤིའི་མ་འཁྲུངས་ཡར་སྡོན་གྱི་ལོ་༡༥༠༠ནས་༢༡༠༠བར་དུ་ཕལ་ཆེར་སྐུ་འཁྲུངས་པ་ ཞིག་ཡིན་ཞེས་བཤད་པ་ཙམ་ལས། ཡིད་རྟོན་འོས་པའི་འཁྲུངས་དུས་ཁ་གསལ་གང་ཡང་མི་འདུག གལ་སྲིད་དེ་བདེན་པའི་དབང་དུ་བཏང་ན། བདག་ཅག་གི་སྟོན་པ་འཁྲུངས་དུས་ལས་ཆེས་སྔ་མོ་ཞིག་སྟེ། རྒྱ་གར་ན་ཨར་ཡའི་མི་རིགས་ཐོག་མར་སླེབས་བཞིན་པའི་སྐབས་དང་། རྒྱ་ནག་ན་སྲང་རྒྱལ་རབས་ཀྱིས་རྒྱལ་སྲིད་སྐྱོང་བའི་དུས་ཤིག་གོ། འགའ་རེས་ཨ་བྷིར་ཧམ་ཞེས་པ་འདི་དངོས་གནས་མི་ནང་བཞིན་ཞིག་སྐབས་དེ་དག་ཏུ་ཕེབས་ ཡོད་མེད་ཡང་དོགས་གནས་ཤིག་ཡིན་ཞེས་བཤད་པའང་མཐོང་ངོ་།། ཨ་བྷིར་ཧམ་གྱི་ཁྱིམ་རྒྱུད་ནི་ལྷ་སྐུ་ཚོང་ལས་ཀྱིས་འཚོ་བ་སྐྱེལ་མཁན་ཞིག་ཡིན་ ཞིང་། ཁོང་གིས་ལོ་ན་ཕྲ་མོའི་སྐབས་རང་གི་ཕའི་ཚོང་ཁང་ནང་གི་ལྷ་སྐུ་གཏོར་བཤིག་བྱས་ སྟབས། བྷ་བྷེ་ལོན་གྱི་རྒྱལ་པོ་ནེམ་རོ་སྒྲིས་ལྷ་ལ་མ་གུས་པའི་ཉེས་པ་བསྒྲགས་ཏེ་གསོན་ སྲེག་བྱས་ཀྱང་། དཀོན་མཆོག་གི་བྱིན་མཐུས་བསྲུངས་པས་ཚིག་མ་ཐུབ་ཟེར། ཁོང་གི་ཡབ་ཁྲེ་ར་མཆོག་ནས་ཁོང་དང་ཆུང་མ་ས་ར། ཚ་བུ་ལོ་གྲི་སོགས་ཁྱིམ་གཞི་རྩ་ལག་བཅས་ཁྲིད་ནས་་དཀྱིལ་ཤར་རྒྱལ་ཁབ་སིས་རས་ཡ་ དང་། ཨེ་ལྗབ་ཀྱི་བར་ན་ཡོད་པའི་ཁ་ནན་ཏེ་ད་ལྟའི་པ་ལི་སི་གྲན་གྱི་ཆ་ཤས་ཧ་རན་ཞེས་ པའི་ས་ཁུལ་དུ་ཕེབས་ནས་དེ་གར་གཞིས་ཆགས། ཨ་བྷིར་ཧམ་དགུང་གྲངས་༧༥སྟེང་དཀོན་མཆོག་གིས་ལུང་བསྟན་ཏེ། ༼ཁྱོད་རང་གི་ཕ་ཁྱིམ་དང་ས་ཆ་ནས་ཕྱིར་སོངས་ཤིག ངས་ཁྱོད་ཀྱི་མི་རྒྱུད་དེ་ཆེན་པོ་ཞིག་ཏུ་བཟོ་ཡོང་། སུས་ཁྱེད་ལ་ཡག་པོ་བྱས་ན་དེ་ལ་ངས་བྱིན་གྱིས་རློབ། སུས་ཁྱེད་ལ་ངན་པ་བྱས་ན་དེ་ལ་ངས་སྡུག་པོ་གཏོང་། འཛམ་གླིང་ཐོག་གི་མི་ཁྱིམ་ཚང་མས་ཁྱོད་ལས་བྱིན་རླབས་ཞུ་བ་ཞིག་འོང༽ཞེས་གསུངས་ པ་ལྟར། ཞབས་ཐང་ལ་རི་ཀླུང་མང་བོ་བརྒྱུད་ནས་ཨེ་ལྗབ་ཏུ་འབྱོར། དེར་བཞུགས་རྒྱུན་རིང་མི་གཞན་པས་ཆུང་མ་ས་ར་ཐོབ་ཆེད་ཁོང་གསོད་པར་དྭོགས་ནས། ས་ར་དེ་བཞིན་ཁོང་གི་སྲིང་མོར་བརྫུས་ཏེ་བུད་མེད་ཀྱི་སྒེར་ཁང་ཞིག་ན་ལོགས་སུ་ བསྡད། ས་རྩོད་འཐབ་འཁྲུགས་ཤིག་གི་རྗེས་སུ། རང་ཉིད་ཀྱི་ཚ་བུ་ལོ་གྲིར་ས་ཆ་གང་ཞིག་དགོས་གདམ་ཀ་བྱེད་དུ་བཅུག་པར། ལོ་གྲིས་ལྗོར་སྒྲེན་གྱི་ས་ཆ་བདམས་ནས་དེར་ཕེབས་ཤིང་། ཨ་བྷིར་ཧམ་རང་ཉིད་ཁ་ནན་ཏེ་པ་ལི་སི་གྲན་རང་ན་གནས་རང་འཇགས་གནང་། ཡང་། དཀོན་མཆོག་གིས་ཨ་བྷིར་ཧེམ་ལ་༼ཁྱོད་ཀྱི་རིགས་རྒྱུད་འདི་ནས་མི་ལོ་བཞི་བརྒྱའི་ བར་བྲན་གཡོག་གི་ངོ་བོར་གནས་མོད། དེ་ནས་རང་རང་གི་ནོར་སྐལ་དང་ས་ཆ་ནེལ༼དཀྱིལ་ཤར་གྱི་ནུབ་ཕྱོགས་ན་ཡོད་པའི་གཙང་ བོ་ཞིག་༽ནས་ཨོ་སྤུ་ར་གྲེས་སི་༼ དཀྱིལ་ཤར་གྱི་ཤར་རྒྱུད་ན་ཡོད་པའི་གཙང་བོ་ཞིག་གི་མིང་༽བར་ཐོབ་པར་འགྱུར༽ཞེས་ ལུང་བསྟན། དེ་ལྟར་མོད་ཀྱི་ཁོང་གི་ཆུང་མ་ས་ར་(ལྗོས་མི་རིགས)ལགས་ཀྱིས་མོ་རང་ལོ་ན་མཐོན་ པོར་སླེབས་པས་ཕྲུ་གུ་སྐྱེ་མི་ནུས་སྟབས། ཨ་བྷིར་ཧམ་ལ་མོ་རང་གི་བྲན་མོ་ཨེ་ལྗབ་ཀྱི་མི་རིགས་ཧ་སྒུར་(ཨ་་རབ་ཁ་ཆེས་རྒྱུད )ཞེས་པ་དང་མཉམ་དུ་ཉལ་བོ་ཡོང་བར་སྐུལ་མ་པྱས། དེ་ནས་ཨ་བྷིར་ཧམ་དགུང་གྲངས་༨༦སྟེང་བྲན་མོ་ཧ་སྒུར་དང་ལྷན་དུ་ལུས་འབྲེལ་བས་ཧ་ སྒུར་མངལ་སྦྲུམ་ཏེ། ཨ་ཤིའི་མོལ་ཞེས་པའི་བུ་དང་བོ་དེ་སྐྱེས་སོ།། ལར་ནས་ཨ་བྷིར་ཧམ་དང་ཁོང་གི་ཆུང་མ་ས་རའི་མཚན་དངོས་ལ། ཨ་བྷིར་རམ་དང་ས་རིས་ཞེས་འབོད་ནའང་། དཀོན་མཆོག་གི་བཀས་ཨ་བྷིར་ཧམ་དང་ས་ར་སྟེ༼མི་ཚོགས་ཀྱི་མེས་པོ་༽ཞེས་གསར་དུ་ བཏགས་པར་བཤད། སྐབས་ཤིག་ཏུ་ཆ་རྒྱུས་མེད་པའི་བྱེས་པ་མི་གསུམ་ཨ་བྷིར་ཧམ་གྱི་གཟིམས་གུར་ནང་ ཡོང་བར་ཁོང་གིས་སྣེ་ལེན་ཧ་ཅིང་གྲ་རྒྱས་པོ་དེ་འདྲ་གནང་ཞིང་། ཁོང་ཚོ་ཕྱིར་ལོག་སྐབས་ཨ་བྷིར་ཧམ་ལ་ཁོང་གི་ཆུང་མ་ས་རར་ཕྲུ་གུ་ཞིག་བཙའ་ངེས་ ཞེས་དང་། དཀོན་མཆོག་གིས་ཁོང་གི་ཚ་བུ་ལོ་གྲིའི་བཞུགས་གནས་སོ་སྒྲམ་གྲོང་ཁྱེར་ནང་བདུད་ ཀྱི་འདུ་འགོད་མང་བས་ངོས་ནས་འཇིགས་པར་བྱེད་ཡོང་ཞེས་བཀའ་གནང་སོང་ཞེས་ཟེར་ནས་ ཕྱིར་ཕེབས། བྱེས་མི་དེ་གསུམ་ནི་དཀོན་མཆོག་གི་བཀའ་འཁྱེར་མཁན་ལྷའི་རིགས་ཅན་གྱི་ཕོ་ཉ་ཡིན་ ཞེས་ཟེར་རོ།། ཡུན་རིང་མ་འགོར་བར་སོོ་སྒྲམ་ཞེས་བའི་གྲོང་ཁྱེར་འཇིགས་ཤིང་། ལོ་གྲིའི་ཆུང་མས་དཀོན་མཆོག་གི་བཀའ་མ་བརྩིས་པར་གྲོང་ཁྱེར་ནས་ཕྱིར་ཐོན་སྐབས། འཇིགས་བཞིན་པའི་གྲོང་ཁྱེར་ལ་ཁ་ཕྱིར་བལྟས་བྱས་པས་བྱེ་ཀློང་དུ་ཐིམ་སྟེ་གྲོངས། ཨ་བྷིར་ཧམ་གྱིས་དཀོན་མཆོག་གི་བཀའ་བཞིན་རང་གི་བུ་ཨ་ཤས་མེལ་དང་། རང་ཁྱིམ་ན་ཡོད་པའི་ཕོ་རིགས་ཚང་མའི་འདོམས་ཀྱི་པགས་པ་བྲེག ལུང་བསྟན་ལྟར་ཆུང་མ་ས་ར་ལོ་ན་༩༠ཐོག་སེམས་ཅན་དང་ལྡན་པར་གྱུར་ཏེ། ཁོང་ཚོ་རང་ཉིད་ཀྱི་བུ་གཅིག་པུ་ཨ་ས་ཁུ་ཞེས་པ་དེ་སྐྱེས། སྐབས་དེར་ཨ་བྷིར་ཧེམ་དགུང་ལོ་༡༠༠སོན་ཞིང་། ཨ་ས་ཁུ་སྐྱེས་ནས་ཞག་བརྒྱད་པའི་ནང་འདོམས་པགས་བྲེག དེ་ནས་བཟུང་འདོམས་པགས་བྲེག་རྒྱུ་དེ་ཡུལ་སྲོལ་གོམས་གཤིས་ཤིག་ཏུ་ཆགས་འདུག ཆུང་མ་ས་རས་ཕྲག་དོག་གིས་ཨ་བྷིར་ཧམ་བསྐུལ་ཏེ། ཁོང་གི་ཆུང་མ་གཉིས་པ་ཧ་དགར་མ་བུ་གཉིས་མྱ་ངམ་གྱི་བྱེ་མའི་ཐང་ཞིག་དུ་སྤྱུགས་ སྟབས། མ་བུ་དེ་གཉིས་ཀྱིས་དཀའ་སྡུག་མང་བོ་ཞིག་མྱངས་འདུག་མོད། དཀོན་མཆོག་གི་ནུས་པས་ཁོང་གཉིས་སྐྱབས་ཤིང་། ཧ་དགུར་ལ་ཁྱོད་ཀྱི་བུ་ཨ་ཤ་མལ་ནས་རང་གི་བུ་རྒྱུད་བཅུ་གཉིས་བརྒྱུད་དེ། རྒྱལ་ཁབ་ཆེན་པོ་ཞིག་འཛུགས་སྐྲུན་པྱེད་པར་བདག་གིས་རྒྱབ་སྐྱོར་དང་རོགས་མགོན་ ཞུ་བར་ཁས་འཆེ་བ་ཡིན་ཞེས་བཤད། དེ་ནས་ཧ་དགུར་དང་ཨ་ཤ་མལ་གཉིས་ད་ལྟའི་ཨ་རབ་ཀྱི་ལྷོ་ནུབ་རྒྱ་མཚོ་དམར་པོར་ འབོད་པའི་ཤར་རྒྱུད་དུ་ཡོད་པའི་གྲོང་ཁྱེར་མེག་ཁ་ཞེས་པར་སོང་ནས་ཁང་ཆུང་ཞིག་ ཏུ་གནས་བཅས་ཤིང་། ཨ་བྷིར་ཧམ་རྒྱུན་པར་ཁོང་གཉིས་ཀར་གཟིགས་རྟོགས་ལ་ཕེབས། དཀོན་མཆོག་གིས་ཨ་བྷིར་ཧམ་གྱི་དད་པ་བརྟན་པོ་ཡོད་མེད་ཚོད་སྒམ་ཆེད། ཨ་བྷིར་ཧམ་ཁྱོད་ཀྱིས་རང་ཉིད་བུ་ཨ་ས་ཁུ་རི་བོ་མོར་ཡའི་སྒང་དུ་ཁྲིད་ནས་ང་ལ་ དམར་མཆོད་ཐོངས་ཞེས་བཀའ་ཕེབས། ཨ་བྷིར་ཧམ་གྱིས་རང་གི་བུ་ཆུང་རི་བོ་མོར་ཡའི་ཐོག་ཁྱེར་ཏེ་གྲི་བཏོན་ནས་དམར་ མཆོད་གཏོང་ཉེར། དཀོན་མཆོག་གིས་བུ་དེ་ཕྱག་ཏུ་བཞེས་འདུག་པར་གཟིགས་པས་དད་པ་བླ་ལྷག་ཏུ་འཕེལ། དེ་ལྟ་མོད་ཀྱི་ལོ་བརྒྱ་ཕྲག་དུ་མའི་རྗེས་སུ། ཁ་ཆེའི་མཁས་པ་ཚོས་དམར་མཆོད་སྐབས་དཀོན་མཆོག་གིས་བསྐྱབ་རྒྱུ་དེ་སྔ་སྐྱེས་ཀྱི་ བུ་ཨ་ཤ་མལ་ཡིན་པ་ལས་ཨ་ས་ཁུ་མ་ཡིན་ཞེས་ཐག་གཅོད་བྱས་འདུག དེ་ནས་རིང་བོར་མ་ཐོགས་པར་ཆུང་མ་ས་ར་ཚེ་དུས་བྱས་ཤིང་། ཨ་བྷིར་ཧམ་གྱིས་ཧེབ་རོན་གྲོང་ཁྱེར་ནང་ས་ཆ་ཆུང་ངུ་ཞིག་ཉོས་ཏེ། དུར་སྒམ་ནང་ས་འོག་ཏུ་སྦས་པ་ནས་དུར་འཇུག་གི་སྲོལ་ཀ་དེ་ཉིད་དར་བར་བཤད།་ བུ་རྒན་པ་ཨ་ཤ་མལ་གྱི་རོགས་རམ་འོག་ཨ་བྷིར་ཧམ་གྱིས་བྱེ་མའི་ཁྲོད་ནས་ཁ་ཆེ་དག་ གིས་ཆེས་ཤིན་ཏུ་རྩ་ཆེན་དུ་བརྩིས་པའི་ལྷ་ཁང་ཁ་ཨ་བྷ་ཞེས་པ་བཞེངས་སྐྲུན་མཛད་ ཅིང་། དེ་རྗེས་ཨ་བྷིར་ཧམ་གྱིས་རང་གི་བུ་གཞོན་པ་ཨ་ས་ཁུ་དང་བུད་མེད་རིས་བྷེ་ཁ་ཟེར་ བ་གཉིས་གཉེན་སྟོན་གྱི་གོ་སྒྲིག་ཞུས་། བཟའ་མི་དེ་གཉིས་ཀྱི་བུ་གཉིས་པའི་མིང་ལ་རྒྱ་ཁོབ་ཟེར་ཞིང་། ཁོང་ནི་དཀྱིལ་ཤརགྱི་རྒྱལ་ཁབ་ཨིས་བཟུ་རལ་གཞི་འདིང་མཁན་དེ་ཡིན་པར་བཤད། ཨ་བྷིར་ཧམ་དགུང་གྲངས་ཤིན་ཏུ་མཐོན་པོར་སླེབས་མོད། དཀོན་མཆོག་གི་བཀས་བུད་མེད་གཞན་པ་ཞིག་ཁབ་ཏུ་བསུས་པའི་མཚན་ལ་ཁིའི་ཁྲོས་ར་ཞེས་ འབོད་ཅིང་། དམ་པའི་བྱིན་རླབས་ལས་བུ་དྲུག་སྐྱེས་བར་གྲགས་ཤིང་། དེ་དག་ལས་ཁ་ཤས་ནི་ཨ་རབ་ཀྱི་མིའི་མཚན་དང་ལྡན་པར་གྲགས། ཨ་བྷིར་ཧམ་དེ་བཞིན་དགུང་གྲངས་༡༧༥ཐོག་སྐུ་གཤེགས། ཁོང་གི་བུ་ཨ་ས་ཁུ་དང་ཨ་ཤ་མལ་གཉིས་ཆ་ཕ་རྒན་དུར་འཇུག་གི་མཛད་སྒོའི་ནང་ཞུགས་ ནས། ཡབ་ཀྱི་སྐུ་གདུང་དེ་ཉིད་ཆུང་མ་ས་ར་དང་ལྷན་དུ་གྲོང་ཁྱེར་ཧེས་བྷི་རོན་གྱི་ས་ ཕུག་ཏུ་སྦས།
དེ་ནས་རིང་བོར་མ་ཐོགས་པར། རུས་རྒྱུད་གཅིག་ཀྱང་ཁྲག་རྒྱུད་མ་འདྲ་བའི་སྤུན་མཆེད་འདི་དག་གི་རྒྱུད་པ་ཕྱི་ མ་རྣམས་ཀྱིས། ཆོས་བརྒྱུད་དང་རིགས་རུས་ཀྱི་ཆེ་མཐོང་བརྩད་ནས། ད་ལྟའི་ཁ་ཆེ་དང་ལྗོས་མི་རིགས་བར་གྱི་རྙོག་གྲ་སེལ་དཀའ་བ་འདི་བྱུང་་འདུག་གོ།
ངོ་སྤྲོད་བྱས་པ་ལེགས།
འདོམས་པགས་བྲེག་ཟེར་བ་ལས་མཇེ་ཤུན་བཤུས་ཞེས་བྲིས་ན་མི་འབྱོར་རམ།
རྔ་བ་རྒྱལ་ཁམས་པ་ལགས། གསར་བ་ཅིག་བརྗོད་གཞི་བྱས་པ་ཐུགས་རྗེ་ཆེ། འོན་ཀྱང་ང་ཚོས་འདི་ལྟ་བའི་ཚིག་སྦྱོར་བེད་སྤྱོད་མ་བྱས་ན་ལེགས། ༼འཚེ་བ་ཆོས་སུ་འདོད་པའི་ཁ་ཆེའི་གྲུབ་མཐའ།༽
ངོ་མ་བཟང་གི ཚིག་གི་སྦྱོར་བ་སྤེལ་སྟངས་ཇེ་མཛེས་གཏོང་ཐུབ་ན་ལེགས།
ཡེ་ཤུའི་དམ་པའི་གསུང་རབ་དེབ་གཅིག་བོད་སྒྱུར་བྱས་པ་མཐོང་སོང་ལ་ད་དུང་ཕྱི་གླིང་བ་ཕྱི་ཆོས་བོད་དུ་སྤེལ་མཁན་ཚོས་དེ་འདྲའི་སྒྲུང་དེང་འགའ་རེ་བོད་ཡུལ་དུ་འགྲེམ་སྤེལ་བྱེད་བཞིན་འདུག ཡིན་ན་ཡང་ཁ་ཆེའི་ཀུ་རན་བོད་སྒྱུར་མཐོང་བས། དེའི་ཕྱོགས་སུ་ངོ་སྤྲོད་བྱེད་མཁན་རེ་ཡོད་ན་དགའ་བ་ལ།
ཡེ་ཤུའི་དམ་པའི་གསུང་རབ་ལ་མཚོན་ན་ཁོ་ཚོའི་མཁས་པ་ཚོས་སྔ་རྗེས་སུ་མང་པོ་ཞིག་བརྩམས་ཏེ་དབྱིན་སྐད་ཡིན་ནམ་གང་ལྟར་དེ་ལ་སྦ་ཡེ་སྦལ་དུ་འབོད་བཞིན་འདུག ཡིན་ན་ཡང་ཁ་ཆེ་ལ་མཚོན་ན་ཀུ་རན་ཟེར་བ་དེ་གཞུང་གཅིག་རང་གི་མིང་ཡིན་ནམ་དེ་ལ་ཡང་སྔ་རྗེས་སུ་བརྩམས་ཏེ་མང་དུ་འགྲོ་བཞིན་པ་ཞིག་ཡིན་གྱི་འགྲེལ་བཤད་རེ་ཡོད་ན་དགའ་བ་ལ།
ཨ་ཁ་ཁ་་་་་་ད་ཡིན་ན་་་་་་་་།
ཨི་ཟ་ལམ་གྱི་གསུངས་རབ་ཀོ་རན་ཟེར་བ་ལེའུ་བརྒྱ་དང་བཅུ་བཞིའི་བདག་ཉིད་ཅན་འདི་ལྷ་སྲས་མོ་ཧ་མད་ཁོ་རང་ཞལ་བཞུགས་པའི་དུས་སུ་ཞལ་སློབ་ཚོས་ཡི་གེར་བཀོད་པ་དེ་ལས་ད་ལྟ་བར་དུ་སྣོན་འཕྲི་བཅོས་བསྒྱུར་བྱས་མེད་ཟེར་གྱིན་འདུག བོད་སྐད་དུ་བསྒྱུར་བ་འདྲ་ནི་མཇལ་མ་སོང་། ྐླུ་སྨྱོན་ལགས་ཀྱིས་རྩད་གཅོད་གནང་འདོད་ན་ཀ་ཤི་མིར་གྱི་བོད་པ་ཁ་ཆེ་བ་ཚོར་དྲིས་ན་གོ་རྒྱུ་རེད།
ཁ་ཆེ་ཆོས་ལུགས་ལ་རྩ་བ་ལྔ་ཡོད་ཅེས་གོ་མྱོང་། དེ་དང་ཁ་ཆེ་ཕ་གླུ་ལས། དགོང་ལོ་བཅུ་ལ་ཕེབས་པའི་ཚེ། དང་པོ་དྲང་པོའི་གཏེར་མཛོད། གཉིས་པ་ཁྲིམས་ཀྱི་འབྱུང་ཁུངས། གསུམ་པ་ངོ་ཚའི་རྒྱ་མཚོ། བཞི་བ་སྦྱིན་པའི་རྒྱ་སྒོ། ལྔ་པ་ཆོས་གནང་བ་ཅེས་གསུངས་ཡོད་པ་འདི་ལ་འབྲེལ་བ་ཅི་ཡོད་མཁྱེན་ལྡན་རྣམས་ཀྱིས་གསུངས་འཚལ།། །།