བསྟན་འཛིན་གཉེན།
རྒྱ་ནག ངའི་སྡུག་བསྔལ་ཐམས་ཅད་འཛིན་ཅིང
སེམས་ཁམས་ནག་འཐོམས་མེར་གཏོང་བའི་ཐ་སྙད་ཅིག
བོད ཁྲག་དང་ཤ་འཁོན་གྱིས་བཏུམས་པའི
མནར་གཅོད་ཀྱི་འཇིག་རྟེན་ཅིག་ཡིད་ངོགས་སུ་བསྐྲུན་པའི་ཐ་སྙད་ཅིག
ང་སྐྱེས་དགོས་དོན་ཡང རྒྱ་ནག་ལ་ཁོང་ཁྲོ་དང་ང་རྒྱལ་ལངས་ཆེད་དུ་ཡིན་པ་འདྲ་བས
དགོངས་སེལ་ཞུ་དགོས་པ་ཞིག་ནི ང་བླ་མའི་བཀའ་ལས་འགལ་བཞིན་པ་དེ་རེད
ཡིན་ནའང བསྐྱར་དུ་ང་ལ་ཁོང་ཁྲོས་དམྱལ་བར་གཏོང་གི་རེད་ཅེས་མ་གསུངས་རོགས
དམྱལ་བའི་སྡུག་བསྔལ་ཙམ་གྱིས
རྒྱ་ནག་ལ་འཛིན་པའི་ཁོང་ཁྲོ་ཐམས་ཅད་ཞི་ཐུབ་བམ
ཉིན་ཞིག་ང་ཤི་རྗེས ངའི་ཕུང་བོར་ལྷག་པའི་དྲོད་རྟ་རྔ་ཙམ་གྱིས་ཀྱང
རྒྱ་ནག་ལ་འཛིན་པའི་ཁོང་ཁྲོ་དང་ང་རྒྱལ་འཛིན་ཐུབ་ངེས་ཡིན
བླ་མས་བྱམས་སྐྱོང་གནང་བའི་མི་ལོ་ལྔ་བཅུའི་ཡོད་ཚད་ང་དང་བྲལ་ཐབས་མེད
ཡིན་ནའང རྒྱ་ནག་གི་ཁྲམ་པས་གནམ་འོག་སྒྲིབ་ཡོང་དུས
ང་དང་བླ་མའི་བསླབ་བྱའི་བར་དུའང་
གླེགས་མི་འཁེལ་པའི་རླུང་འཚུབ་གཡུག་སྟེ
ང་ བླ་མའི་བསླབ་བྱ་དང་རྒྱང་ཐག་རིང་བ་གསལ་བོར་ཚོར་གྱི་འདུག
ང་ལ་གཟིགས་རོགས ང་ཅི་ཞིག་ཆགས་འདུག་གམ
ང་རང་དུད་འགྲོ་ཆགས་འདུག་གམ སྲོག་གཅོད་ཤན་པ་ལྟ་བུ་ཆགས་འདུག་གམ
ངའི་སེམས་ཀྱི་བཟོད་པ་རྣམས་ཡོངས་སུ་མེས་འཚིགས་སོང
ང་རྒྱ་ནག་འདི་དུམ་བུར་གསོད་གཏུབ་བྱེད་པ་ལ་ཐེ་ཚོམ་ཅི་ཡང་མེད
འཇམ་དཔལ་གཤིན་རྗེའི་གཤེད་ཀྱིས་ཐག་གཅོད་གནང་རོགས
སེམས་མེད་པའི་མི་ཞིག་བསད་ན་་་་་་་ཉེས་པ་འབབ་ཚོད་མི་འདུག་ལ
དྲང་པོ་དྲང་བཞག་ཅིག་ཡང་ནས་བསྐྱར་དུ་བསད་སོང་བས
ངའི་ལུས་སེམས་ལ་མནར་གཅོད་ཅི་ཞིག་བྱུང་ཡང
ཞེད་སྣང་ཅུང་ཙམ་མེད་ཡ གཤིན་རྗེའི་གཤེད་ལགས
༢༠༠༨། ༤། ༡༤། ཉིན།
དྲང་མོ་དྲང་བཞག་ཅིག་བསད་ན་སེམས་ཚོར་ག་འདྲ་སྐྱེ་བ་ལ་ཡང་ཡང་བསམ་དགོས་པ་ཞིག་དུ་སྣང། དེས་ནི་རི་རབ་རྡིབ་ཀྱང་དྲང་བདེན་མིན་པའི་ལས་བྱེད་མི་རུང་བའི་ཚོར་སྣང་ཞིག་གཏེར་ཐུབ་བམ་སྙམ།
བོད་ཀྱི་ནུབ་ཕྱོགས་སུ་ས་རྒྱ་ཆེ་བའི་གོས་དཀར་པོ་གྱོན་མཁན་ཚོར་རྒྱ་དཀར་པ་དང་། བོད་ཀྱི་ནུབ་ཕྱོགས་སུ་ཡོད་པའི་མི་རིགས་མི་འདྲ་བས་ས་རྒྱ་རྒྱ་མཚོའི་བར་ཐུག་པ་དེ་ཚོས་གོས་ནག་པོ་གྱོན་པ་མང་བས་ཡུལ་མིང་དུ་བོད་པས་རྒྱ་ནག་ཅེས་བཏགས་པར་ངེས་འདུག