བསྟན་འཛིན་ཟླ་འོད་ཚེ་དབང༌།
སྐར་ཆེན་གྱིས་བསྒྱུར།
ང་རང་ལྕགས་ཀྱི་རྐུབ་སྟེགས་དེར་བསྙེས་བཞིན། མི་ཚོགས་ཀྱི་ངོ་གདོང་བལྟ་དུས། ངའི་སེམས་སུ་སྐྱོ་སྣང་གི་རླབས་ཕྲེང་ཞིག་འཕྱུར་ནས་འོངས། བོད་ནང་དུ་ཞི་བའི་གྱེན་ལངས་བྱེད་མཁན་གཞིས་ལུས་བོད་མི་རྣམས་ལ་མྱ་ངན་གྱི་ཆེད་དུ་དྭང་བླངས་སྒོས་སོ་སོའི་དབུ་སྐྲ་བཞར་མཁན་རྣམས་རེ་རེ་བཞིན་སྐད་བཏང་སོང༌། ངའི་ཡབ་ཆེན་དང་ངེད་གཉིས་ཀྱི་མིང་ནས་ཀྱང་བོས་སོང༌། ང་ཡར་ལངས་སྟེ་མདུན་ལ་སོང༌། ངས་་གཡོན་ཕྱོགས་སུ་བལྟ་སྟངས་ཤིག་གིས་རང་གི་ཡབ་ཆེན་གྱི་གཟུགས་བརྙན་མཐོང་བྱུང༌། སྐད་ཅིག་མ་དེར་ངས་ཁོང་གིས་སྤྱི་ཚོགས་ལ་བཅིངས་བའི་ལྷག་བསམ་དང་སྙིང་སྟོབས་སོགས་དྲན་སོང༌། ལག་ཏུ་ཚོན་ཁྲ་དམར་ནག་གིས་བྲིས་བའི་འབོད་ཚིག་གི་དར་བྱང་དཀར་པོ་ཞིག་ཐོགས་བཞིན་ངའི་མགོ་བོ་སྡུག་བསྔལ་གྱི་ནང་ལ་ཟགས། ངས་རང་གི་མིག་ཟུང་བཙུམས་བཞིན་མྱ་ངན་བྱས། ངའི་སྐྲ་ལོའི་ཉག་མ་རེ་རེ་བཞིན་ས་རུ་ཟགས། འགོག་མེད་ཀྱི་མིག་ཆུའི་ཐིགས་པ་འགའ་ངའི་མཁུར་ཚོས་བརྒྱུད་ནས་ས་རུ་ཟགས། སྐད་ཅིག་མ་དེར།ཨ་མདོ་རྔ་བ་རུ་བོད་མིའི་ཞི་བའི་གྱེན་ལངས་ལ་དམག་དཔུང་གིས་གཅར་རྡུང་བྱེད་བཞིན་པའི་སྣང་བརྙན་དག་ངའི་མིག་ཟུང་དུ་འཆར། ངའི་སྐྲ་ལོའི་ཉག་མ་དག་ས་རུ་ཟགས་ཐེངས་རེར་ངའི་ནང་སེམས་ལ་འགྱུར་བ་ཐེབས་ཤིང་ང་རང་མི་གཞན་ཞིག་ཆགས་སོང༌།
ཕྱི་ཉིན་ངའི་མགོ་རིལ་གྱི་སྣང་བརྙན་དེ་ས་གནས་ཚགས་པར་གྱི་ངོས་སུ་སླེབས་ཤིང་བརྙན་རིས་དེ་ངའི་གྲོགས་པོ་དང་ནང་མི་ཚོའི་སེམས་ཀྱི་ར་བ་ལས་བརྒལ་ཏེ་ཕྱི་སྡོད་བོད་མི་མང་པོའི་སེམས་པའི་གསེང་ལ་འཛུལ། དེ་ནི་ངའི་རེ་བ་དང་ཚོད་དཔག་གི་གཞི་རྒྱ་ལས་བརྒལ་བ་ཞིག་རེད། ངས་བསམ་པར་ཁོང་ཚོས་པར་དེའི་སྟེང་ནས་མཐོང་བ་ནི་སེམས་ཤུགས་ཞེས་བ་དེ་རེད་སྙམ་ལ་སེམས་ཤུགས་དེ་ནི་སྤྱི་ཟླ་བཞི་བའི་ཞོགས་པ་བར་དུ་ངས་རང་ཉིད་ལ་དབང་བའི་སེམས་ཤུགས་དེ་ཡིན་པ་བསམ་བློ་བཏང་མྱོང་མེད། ཉམས་མྱོང་འདི་བརྒྱུད། ངས་བོད་མི་སྒེར་བ་རེ་རེས་གཞན་གྱི་སེམས་ལ་སྐུལ་ལྕག་གཏོང་ཐུབ་ཅིང་གཞན་གྱི་སེམས་སུ་བག་ཆགས་འཇོག་ཐུབ་པའི་ནུས་བ་ཞིག་ཡོད་པ་ཧ་གོ་ཞིང༌། སེམས་ཤུགས་དེ་འཁྱེར་མཁན་གྱི་མི་རྣམས་ནི་སན་ཧཕུ་རན་སི་གོའི་གསེར་མདོག་གི་རྒྱལ་སྒོ་ནས་ལག་ཏུ་འཐབ་རྩོད་ཀྱི་དར་བྱང་ཐོགས་་མཁན་ཞིག་ཡིན་ནའང་འདྲ། གཞན་སན་ཀྲ་ཧཕུའི་གྲོང་ཁྱེར་དུ་མར་མེ་ཁྲོམ་བསྐོར་བྱེད་མཁན་ཞིག་ཡིན་ཡང་ཆོག་
གང་ལྟར། བྱ་སྤྱོད་དང་ལས་འགུལ་ཆེ་ཆུང་ཇི་འདྲ་ཞིག་ཡིན་རུང༌། དེས་ང་ཚོའི་སེམས་སུ་འགྲོ་བ་མིའི་སྡུག་བསྔལ་ནི་འཇིག་རྟེན་ཀུནཁྱབ་ཀྱི་དཀའ་ངལ་ཞིག་ཡིན་པ་དང་གནས་དུས་ཅི་འདྲ་ཞིག་གི་འོག་ཏུ་ཡང་དྲང་བདེན་མ་ཡིན་པའི་བྱ་སྤྱོད་ཀྱི་རིགས་ལ་ངོ་རྒོལ་བྱེད་པ་དང་དེའི་ཁ་གཏད་དུ་ལངས་རྒྱུ་ནི་ང་ཚོའི་རང་སྟེང་གི་འོསའགན་ཡིན།
ངའི་མི་རབས་འདིའི་རྡོག་པའི་སྣེ་མོ་བོད་ནང་ལ་སླེབས་མེད་རུང༌། བོད་མིའི་འཐབ་རྩོད་དང་རང་ཐག་རང་གཅོད་ཀྱི་མེ་ལྕེ་དེ་ང་ཚོའི་སེམས་ངོགས་སུ་འབར། རྒྱ་གར་ལྷོ་ཕྱོགས་སུ་འཚར་ལོངས་བྱུང་སྟེ་ཨ་རིའི་མངའ་སྡེ་མེ་སིས་ཀོའི་གནམ་འོག་ཆེན་པོ་དེར་གཞིས་ཆགས་པའི་མོ་ལོ་ཉེར་གསུམ་ཅན་གྱི་ང་རང་ལ་མཚོན་ན།
ད་དུང་ཡང་བོད་མིའི་སེམས་ཀྱི་ན་ཚ་ཚོར་གྱི་འདུག ང་རང་ནམ་ཡང་ཐུག་མ་མྱོང་པའི་ངའི་མེས་པོ་ཚོ་ནི་རང་གི་ཕ་གཞིས་ཀྱི་སྟེང་དུ་གཞན་གྱི་དབང་བསྒྱུར་མྱོང་མཁན་ཆགས་པ་རེད།
བོད་པའི་བུད་མེད་ཀྱི་སྐྲ་ལོ་ནི་རང་ཉིད་ཀྱི་སྤོབས་པ་དང་མཛེས་སྡུག་གི་ཆ་ཤས་ཤིག་རེད། ངའི་མགོ་རིལ་གྱི་སྣང་བརྙན་དེས་ལོ་མང་རིང་མངོན་འགྱུར་མ་ཐུབ་འི་བོད་མིའི་སེམས་ཀྱི་རང་དབང་དང་རང་བཙན་སྟེ་མིའི་རིགས་ཀྱི་སེམས་ཁོངས་ན་མཛེས་སྡུག་ལྡན་པ་དེ་བསྟན་ཡོད། བོད་ནང་དུ་ད་ལོའི་སྤྱི་ཟླ་གསུམ་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མངོན་སུམ་དུ་མཐོང་བའི་རྒྱ་ནག་གི་སྡུག་རྩུབ་ལ་ངོ་རྒོལ་གྱིས་འགྲོ་བ་མིའི་ཐོབ་ཐང་དང་རང་ཐག་རང་གཅོད་ཀྱི་རེ་འབོད་དྲག་པོ་བྱས་སོང་ལ་ངོ་རྒོལ་དེའི་ནང་དུ་མི་སྐྱ་དང་གྲྭ་བ། ཨ་ནེ། སློབ་ཕྲུག་བཅས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་ཉམས་ཞུགས་བྱས། ད་དུང་ཞི་བའི་གྱེན་ལངས་དེས་རྒྱལ་སྤྱིའི་སྤྱི་ཚོགས་དང་མི་སྒེར་དག་ལ་འབོད་སྐུལ་ཡང་བྱེད་བཞིན་ཡོད། དེ་ནི་བོད་ནང་གི་བོད་མི་རྣམས་ཀྱིས་སོ་སོའི་ཆོས་དང་རིག་གཞུང༌། སྐད་ཡིག་བཅས་རྩ་མེད་དུ་གཏོང་བཞིན་པ་དེར་བཟོད་སྒོམ་བྱེད་མི་ཐུབ་པ་མ་ཟད་མུ་མཐུད་དུ་ཁུ་སིམ་པོར་གནས་མི་ཐུབ་པའི་མངོན་བརྡ་སྟེ་ཕྱི་ལོག་ལ་བསྐུར་བའི་འབོད་བརྡ་ཡང་རེད།
ང་རང་བོད་ཀྱི་བུད་མེད་མགོ་རིལ་ཞིག་ཆགས་རྗེས། ངའི་སེམས་སུ་བཟོད་མི་ཐུབ་པའི་དྲག་་རྒོལ་གྱི་བསམ་བློ་ཞིག་ཡང་ནས་ཡང་དུ་འཁོར་གྱི་འདུག་མོད། ངས་རིམ་བཞིན་ད་ལྟ་བུའི་བསམ་བློ་དེ་བཟང་སྤྱོད་དུ་བསྒྱུར་དེ་རང་གི་ནང་སེམས་ལ་སྟོབས་ཤུགས་སྦྱིན། ངས་ཚུལ་འཆོས་ལྟ་བུའི་་མི་ཚེའི་བདེ་སྐྱིད་ཀྱི་རྒྱབ་ལྗོངས་མཐོང་སོང་ལ་ལྷག་འཕྲོར་ལུས་བའི་རང་ཉིད་ཀྱི་མི་ཚེ་འདི་ཡང་གཟབ་ནན་དང་དོན་དམ་གྱི་སྒོ་ནས་བེད་སྤྱོད་གཏོང་རྒྱུར་ངེས་རྟོགས་རྙེད་སོང༌།
ངས་བསམ་པར་མི་ཞིག་ལ་མཚོན་ན་སེམས་ཤུགས་གཅིག་པོ་མ་ཡིན་པར་ཇི་ལྟར་རྩ་དོན་གྱི་ཆེད་དུ་སློབ་སྦྱོང་བྱེད་རྒྱུ་དང་སློབ་སྦྱོང་དེ་ཡང་དོན་དམ་གྱི་ལམ་ནས་བེད་སྤྱོད་གཏོང་ཐུབ་པ་བྱ་རྒྱུ་དེ་གལ་ཆེན་རེད་སྙམ། མི་སྒེར་བ་གཅིག་གི་སྒང་ནས་བལྟས་ནས་ངེད་ཀྱི་བློས་གཏོང་ནི་ཧ་ཅང་ཆུང་ཆུང་ཞིག་ཡིན་མོད། འོན་ཀྱང༌། ངའི་རེ་བ་ནི་ལས་འགུལ་་ཆེ་ཆུང་ཚང་མ་མཉམ་འབྲེལ་གྱི་སྒོ་ནས་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཕན་བདེའི་སླད་མིའི་རིགས་ཀྱི་རྙོག་འཛིང་ཐ་དག་མེད་པར་བཟོ་རྒྱུ་དེ་རེད།
ང་ཚོ་གནས་སྡོད་བྱེད་སའི་གོ་ལ་འདི་རིག་གཞུང་དང་སྐད་ཡིག། ཆབ་སྲིད། དཔལ་འབྱོར། ས་ཁྱོན་སོགས་ཀྱི་དབྱེ་བགོས་བྱས་ཡོད་རུང༌། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འགྲོ་བ་མིའི་ཆེ་མཐོང་གི་གནད་དོན་ཐད་ང་ཚོ་ཚང་མ་གཞོགས་གཅིག་ཏུ་ལངས་དགོས་བ་མ་ཟད་བོད་ནང་གི་དཀའ་སྡུག་གི་འཐབ་རྩོད་དེ་ཡང་འགྲོ་བ་མིའི་རིགས་ཀྱི་འཐབ་རྩོད་ཞིག་རེད། འཛམ་གླིང་འདིར་འཚོ་སྡོད་བྱེད་བཞིན་པའི་གང་ཟག་སྒེར་བ་ཚང་མར་རང་གི་རྒྱལ་ཁབ་ཀྱི་ནང་དུ་སྐྲག་སྣང༌། གཉའ་གནོན་སོགས་ཅི་ཡང་མེད་པར་འཚོ་བ་སྐྱེལ་རྒྱུའི་ཐོབ་ཐང་ཡོད། ང་ཚོ་བོད་མི་རེ་རེར་མཚོན་ན་ཡང༌། འདི་ནི་གནད་དོན་ཞིག་སྟེ། ང་ཚོས་ཅི་ཞིག་འཐོབ་འདོད་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་ང་ཚོས་ཅི་ཞིག་གི་ཆེད་དུ་གཞན་གྱི་ཁ་གཏད་དུ་ལངས་པ། ང་ཚོས་ད་དུང་ཇི་ལྟར་འཐབ་རྩོད་བྱེད་ཀྱི་ཡོད་མེད་་དེ་རེད།ངས་མདུན་གྱི་མེ་ལོང་ནང་ལ་བལྟ་ཐེངས་རེར། དཀའ་སྡུག་ལ་མ་འཛེམས་པར་དྲང་བདེན་གྱི་ཆེད་དུ་རང་གི་ལུས་སྲོག་བློས་གཏོང་མཁན་དག་གིས་ངའི་སེམས་སུ་དྲན་སྐུལ་བྱེད་པ་ཚོར་གྱི་འདུག། ངེད་ཀྱི་སྐྲ་ལོ་ནི་བོད་མི་ཚོའི་སེམས་ན་རྒྱ་མཚོའི་རླབས་བཞིན་དྲག་ཏུ་འཕྱོ་བའི་བོད་ཀྱི་རྩ་དོན་སླད་ཕུལ་བའི་ལེགས་སྐྱེས་ཆུང་ཆུང་ཞིག་ཡིན།
མིག་ཆུ་ཤོར་དགོས་པ་ཞིག་བྲིས་འདུག འདི་ལྟ་བུའི་བུ་མོ་བོད་པ་ཚང་ལ་མང་ཙམ་ཞིག་དགོས།
མ་གཞི་དེ་འདྲ་རེད་བུ་མོ། སྔོན་མ་དྲན་རྒྱུ་དེ་འདྲ་བྱས་ན་ཨེ་ནས་ཚགས་པར་ནང་ལ་ཐོན། སྐད་གྲགས་ཆགས། སོ་སོས་སོ་སོ་ཡང་ངོ་མ་ཤེས་པ་དེ་འདྲ་ཆགས་ཡོང་གི་རེད། ཉིན་མ་གཅིག་ཁྱེད་རང་ལ་སེམས་ཤུགས་ཡོད་དུས་ཤིག་ལ། གོས་ལོག་ཕུད་ནས་དམར་ཧྲེང་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ནས་ཟས་བཅད་ངོ་རྒོལ་ལ་འདུག་ཕོད་ན། དཔེ་ཁན་ཚ་ཞིག་ཆགས་སྲིད་པ་རེད་ད༎
སྔོན་མ་མ་དྲན་རྒྱུ་དེ་འདྲ་བྱས་་་་་་་་་་་་་་སྒང་གི་དེ་ལ་ནོར་བཅོས་ཡིན
ད་ཡིན་ན་སྟག་སྨྱོན་གྱི་བྱེད་སྟངས་དེ་འདྲ་རེད། མི་ལ་མཚང་འབྲུ་བྱེད་ཨེ་ཐུབ་ལ་འབད་ཀྱིན་འདུག སྐུ་མཁྱེན་དེ་འདྲ་མ་གནང་རོགས། རང་གཞན་གཉིས་ཕན་གྱི་དཔྱད་བརྗོད་རེ་སྤེལ་རོགས།
མགོ་འགྱོགས་མཁན་ཞིག་ཕྱིན་ཆད་དེའི་མགོ་ལ་རྡོ་དང་དབྱུག་པས་བསྣུན་ཅི་ཐུབ་བྱེད་པ་འདི་ནི་རྙིང་ཞེན་ཆེ་བའི་ཁ་ཆེ་དྲག་སྤྱོད་པ་ཁྲ་ལི་པན་དང་ཨ་ལི་ཁེ་ཀྲ་བ་ཚོའི་བྱེད་སྟངས་ཡོད་ན་མེད་ན་དེ་རེད། བོད་རིགས་ཀྱི་དེང་རབས་གཞོན་སྐྱེས་ཤིག་གི་ངོས་ནས་ཁ་ཆེ་དྲག་སྤྱོད་པ་ཚོ་ལ་མིག་དཔེ་རྐྱང་མ་བལྟས་ན་མི་དགའ་འམ།
ང་ལ་གཏིང་ནད་ཆེ་སེ་འདུག་ག། ཀླུ་སྨྱོན་ནམ་ཁོང་གི་ཉེ་གྲོགས་ཤིག་མ་རེད་པ། ཧཧཧཧ
བཀུར་འོས་སྟག་སྨོན་ལགས
་ བསྒྱུར་རྩོམ་དེར་མཆན་བུ་བཏབ་པར་རྗེས་སུ་ཡི་རངས་ཡོད། ངེད་ཀྱི་རེ་བར། དབྱངས་གསལ་སོ་བཞི་ལ་མདུན་ལམ་ཆུང་བའི་སྐབས་འདིེར། ཁྱེད་ཀྱིས་བསམ་བཞིན་དུ་དབྱངས་གསལ་སོ་བཞི་འདི་རང་གི་སྐྱག་ཁུང་ཕྱི་སྤྱད་མ་བྱེད་རོགས། ད་ནི་ང་ཚོས་ཁ་བརྡའི་གསང་མྱུལ་བ་ཞེས་བའི་དཔྱད་བརྗོད་ཞིག་སྤེལ་བའི་དུས་བ་བབ་འདུག་
བསྒྱུར་རྩམ་ཡག་པོ་འདུག ཡིན་ནའང་སྟག་སྨོན་ལགས་ཀྱི་མཆན་བཏབས་པ་ཡག་པོ་དེ་ཙམ་མ་རེད།
ངས་བཤད་པ་ཙམ་རེད། དེ་སྐྱོན་ཆེན་ཞིག་ཡིན་ན་མི་ཁ་ཤས་ངའི་བཤད་པ་ལས་ལྷག་དངོས་གཅེར་ཧྲེང་མར་ངོ་རྒོལ་བྱེད་བཞིན་པ་འདི་ དྲ་བའི་ནང་གཟིགས་རོགས། སྐར་ཆེན་དང་རེ་བ། སྤོབས་པ་མཐའ་ཡས་ལྟ་མང་པོ་ཞིག་མ་ཤེས་ཤེས་ཁུལ་གྱིས་ཚིག་ཐག་བཅད་ནས་བྲིས་ཡོང་གི་འདུག་པ་ཡག་པོ་མ་རེད། ཁྱེད་ཚོའི་སེམས་ངོར་མི་ཤོང་བ་དང་མ་མཐོང་བའི་གནས་ཚུལ་ཞིག་ཡིན་ན་རྦད་དེ་མི་སྲིད་པ་དང་དྲག་སྤྱོད་པ་སོགས་ཟེར་བ་ནི་རང་མཚང་བསྟན་པ་ཙམ་རེད།
you tube-Free tibe naked 1( you tube- Free tibet naked གཟིགས་དང་ཁྱེད་གྱིས་མི་སྲིད་པ་དང་ཆེས་ཐ་ཤལ་གྱི་བསམ་བློ་ཞིག་ཏུ་བརྩི་བའི་དམར་ཧྲེང་མའི་ལས་འགུལ་མཐོང་ངེས་རེད གཞན་ཡང་བོད་ནང་གི་མི་རབས་གསར་བ་ཟེས་བའི་ཚོགས་མི་མྱོན་པ་ཁ་ཤས་གཅེར་བུ་བུད་པར་ཁྱེད་ཚོས་བསྟོད་པ། ངའི་བཤད་པའི་དམར་ཧྲེང་མར་སྡུག་བྱེད་དགོས་པ་ཕྲག་དོག་དང་ཕྱོགས་རེས་རང་རེད གཉིས་ནས་ཁྱེད་ཚོར་ངོ་སྲུང་དང་བསྟོེད་བསྔགས་མ་བྱས་པའ་རེད། རྒྱུ་མཚན་པར་མེད་པར་གཤེ་བ་ནི་འུ་ཐུག་རྟགས་རེད། ཁྱེད་ཚོ་འདྲ་བའི་མི་བློ་ཆུང་ལ་མང་བོ་བཤད་པས་མི་ཕན། ཁྱེད་ཚོ་རེ་འགས་རྩོམ་ཆད་རེ་འབྲི་ཁུལ་བྱས་ཡོད་སྲིད་ཀྱང་དེ་ནི་རང་མགོ་རང་གིས་གཡོག་སྤྱད་ཙམ་དང། རང་ཉིད་ངལ་རྒྱལ་གྱིས་བཟི་སྤྱད་ཀྱི་དུག་ཆུ་ཡིན་པ་ལས་སྤྱི་ཚོགས་ནང་ཕན་པ་དང་དོ་སྣང་ཡོད་པའི་རྩོམ་རིགས་གྲས་སུ་མི་འགྲོའོ། དེ་ཙམ་སློབ་འབྲིང་གི་སློབ་མ་ཚོས་ཀྱང་འབྲི་ཤེས་པ་རེད།
བོད་མིའི་ནང་རང་ཉིད་དང་ངོ་ཚ་གཏིང་ནས་བརྗེད་དེ་། གདུང་སེམས་ཀྱིས་རང་དབང་མེད་པར་ལུས་པོ་དམར་ཧྲེང་མར་ཁྲོམ་ལ་ཐོན་དེ་སྐད་འབོད་བརྒྱག་་མཁན་ཡོང་མི་སྲིད་པ་ཞིག་རེད དེ་ནི་སམས་ཤུགས་ཚད་ཡོད་ཅིག་ལས་མེད་པའི་ཕྱིར་རོ། འདི་ནི་སེམས་ཤུགས་ཚད་ཡོད་ཅིག་དང་དེ་ཡང་དུས་དྲན་དམིགས་བསལ་ཞིག་གི་སྐབས་ལ་མ་གཏོགས་མེད་པ་ལ་འདོད་བློ་མ་ཁེངས་པའི་འཁེང་ར་ཤིག་ཡིན་ཞིག་ཡིན་ནོ
སེམས་ཤུགས་ཚད་ཡོད་ཅིག་ལས་མེད་པའི་ཕྱིར་རོ།
ངས་ཁར་སང་སྟག་སྨྱོན་རྔོན་པས་བསད་སོང་བ་ཡིན་རྒྱུ་རེད་བསྙམས་བྱུང་ཡང་དེ་རིང་སླེབས་འདུག་ག ཁར་སང་ཆང་ཁང་གཞང་ཁང་གང་ཞིག་ཏུ་ཕྱིན་པ་ཡིན།
སྤོབས་པ་ང་དྲན་སོང་ངམ། གྲྭ་དེབ་འདིར་ཉིན་ལྟག་པར་ཡོང་ཐུབ་ཁག་པོ་འདུག ཁ་སང་ཉིན་མ་གཉིས་ལ་ཆང་ཁང་ཞིག་གི་ནང་ལ་སོང་ནས་གཞང་འཚོལ་སྐབས། ཕྱི་རྒྱལ་གྱི་སྐྱེས་ཞིག་གིས་ང་ལྟོས་ནས་བོད་པ་ཡིན་ནམ་ཞེས་བྲིས་སོང་། མོ་རང་ནང་པར་ཞུགས་ནས་ལོ་གསུམ་ཙམ་སོང་བའི་པའི་ཡེ་ཤོས་ཆོས་པ་ཞིག་ཡིན་དང་། ཁམས་དང་ལྷ་ས་སོགས་ལ་གུང་སེང་ལ་སོང་མྱོང་འདུག མོས་ང་ལ་ཤ་ཚ་དང་དགའ་བོ་བྱེད་པ་མ་ཟད་ཆང་མང་པོ་འཐུང་ན་ཡག་པོ་མེད་པོ་མེད་སྐོར་བཤད་པ་མ་ཟད། ཁྱེད་ཁེར་རྐྱང་དུ་ལྷུང་རྒྱུ་མང་དྲགས་པས་ཚོར་བ་མ་སྐྱིད་པ་ཡིན་སྲིད། བོད་པ་ཡོད་ས་ཞིག་ཏུ་སྤོར་ན་སྐྱིད་པ་དང་།
མོ་རང་གི་ནང་ལ་འགྲོ་ཟེར་ནས་མོ་ཊ་ནང་ལ་བཞག་ནས་ཁྲིད་སོང། ཁང་བ་ཐོག་བརྩེགས་གསུམ་དེའི་ནང་ཁྱི་གཉིས་དང་ཞི་མི་གཉིས་འདུག སེམས་ཅན་དེ་ཚོ་ཕན་ཚུན་ཞི་འགྲིག་དང་ཤ་ཚའི་སྒོ་ནས་ཁྱིམ་སྐྱིད་པོ་དེར་ལོངས་སྤྱོད་བཞིན་པ་མཐོང་བས་སེམས་ཚོར་དམིགས་བསལ་ཞིག་བཞག་སོང་། ང་ཚོའི་ནང་སྒེར་སེམས་དང་ངན་གཡོ་ཅན་མང་དྲགས་པས་ཐ་ན་གྲ་དེབ་འདི་ཡང་རང་ཉིད་ལ་མིང་བཟོ་ཆེད་མི་ལ་ཆེད་དུ་ཚིག་གནོན་བཏབས་ནས་ལན་འདེབས་མང་པོ་རག་ཐབས་བྱེད་པ་དག་མཐོང་དུས་། བོད་མི་རྩོམ་པ་པོ་འདི་ཚོ་ཐ་ན་ཕན་ཚུན་གུས་ཞབས་སོགས་དུད་འགྲོ་ཉམས་ཆུང་འདི་ཚོ་ལས་ཀྱང་སྐྱོ་བ་ཅི་ཉེས་དྲན་སོང་་་་་་་་་་་་་་་་་་་་་་་་་་་།
དགོང་མོ་ངེད་གཉིས་ཟ་མ་དང་མཉམ་དུ ་ wein ཉུང་ཉུང་རེ་བཏུང་སྐབས་བོད་སྐོར་མང་པོ་བཤད་སོང་། ལྷག་པར་བོད་མིས་ཁྱི་ལ་གཅེས་སྐྱོང་བྱེད་སྟངས་དེ་ཆེས་ཡ་ང་བ་ཞིག་རེད། སྐབས་རེ་བོད་པ་ཚོ་ཆོས་བཤད་རྒྱུར་མཁས་པ་མ་གཏོཊ་ཉམས་ལེན་སྐྱོ་ཤས་རེད་ཟེར། བོད་ཁྱི་དེ་ཚོའི་ཁོག་པའི་ནང་མིའི་རྣམ་ཤེས་དང་ཐོབ་ཐང་གཅིག་པ་ཡིན་པའི་རྣམ་ཤེས་ཞིག་སངས་རྒྱུ་གྱི་བོན་ས་ཞིག་ཡོད་པ་བདེན་ན། ཚེ་གང་བོ་ཆེས་ཐུང་ཐུང་ལས་མེད་པའི་ལྕགས་ཐག་གིས་སྐེ་སྤུ་ཟད། སྐེ་པགས་རྨས་རྨས་བར་དུ་བཏགས། ཆར་ལྕིབས་དང་ཉི་ལྕིབས་མེད། ལྟོ་ཡང་ཟས་ལྷག་འཐུང་ལྷ་རྙིང་བ་ཁོ་ན་ལས་མི་སྤྲོད་པ་ཆེས་སྙིང་རྗེ་མེད་པའི་རྟགས་རེད་ཟེར། ང་རྩོམ་འབྲི་རྒྱུར་དགའ་བོ་ཡོད་སྐོར་བཤད་སྐབས་བོད་ནང་ཁྱི་ལའང་ཞི་མི་དང་གཡག་ནང་བཞིན་ཐོབ་ཐང་སྤྲོད་འོས་སྐོར་འབྲི་རོགས། དེ་ཡར་རྒྱས་ཕྲན་བུ་གཏོང་ཐུབ་ན་དཔེ་ཡག་པོ་རེད་ཟེར་བ་ལྟར་ངས་ཀྱང་ཨེ་ནུས་ལྟ་གི་ཡིན་ལབ་ཡོད། དྲང་པོར་བཤད་ང་བོད་པ་ཚོར་རྒྱུ་མཚན་བཤད་རྒྱུའི་རེ་བ་དང་ “སྙིང་རྗེ་མེད་པའི་བོད་” ཞེས་པ་ཞིག་འབྲི་རྒྱུའི་སྤྲོ་སྣང་མི་འདུག་པས་ཁྱེད་དང་ཡང་ན་གྲ་གྲོགས་གཞན་པ་རེས་དེ་ཐོག་བྱས་རྗེས་རེ་འཇོག་ཐུབ་བམ།
ཕྱི་རྒྱལ་བ་ཚོས་ཁྱི་ལ་ཕྲུ་གུ་དང་ནང་མི་ནང་བཞིན་གཅེས་སྐྱོང་བྱེད་པ་མ་ཟད། ཁོ་ཚོར་བདེ་སྡུག་གི་ཚོར་བ་གཅིག་མཚུངས་ཡོད་པའི་ཡིད་ཆེས་བྱེད་ཀྱི་འདུག་ལ་དེ་ནི་ཡ་རབས་ཤིག་ཀྱང་རེད། བདེན་མིན་མ་མཐོང་ཡང་ཁ་ཤས་ཀྱིས་ཁྱི་ལ་འཁྲིག་སྲེད་ཀྱི་འབྲེལ་ཡོད་སྐོར་བཤད། བོད་མི་ཆེས་ཀླ་ཀློ་དང་ཆེས་མུ་ནག་ཅིག་ཡིནཔའི་དབང་གིས་དེ་ལྟར་བྱས་པ་མི་ཡིན་པར། ཁྱི་ནི་ཉེན་སྲུང་བ་ཡིན་སྟབས་ངེས་པར་དུ་ངར་མ་དང་ཉེན་ཁ་ཆེན་པོ་ཡོད་པ་དང་། དེ་འདྲའི་ཁྱི་བཙན་པོ་ཞིག་མིའི་སྤྱི་ཚོགས་ཀྱི་དཀྱིལ་དུ་རང་དབང་དུ་ལྷོད་མི་ཐུབ་ཅིང་། ལས་ཀ་མང་བས་རྟག་པ་ཁྲིད་ནས་འགྲོ་ཐུབ་རྒྱུ་མི་སྲིད་ལ། ཁྱི་དགོས་མཁོ་ཡང་ངེས་པར་དུ་ཡོད་པ་རེད། ང་ཚོའི་བོད་པའི་ནང་གོ་སྐབས་ཡོད་ན་གང་ཡང་བྱེད་ཕོད་པའི་མི་ངན་མང། གང་ལྟར་གནས་སྟངས་དང་ངན་གོམས་གཉིས་ཀའི་དབང་གིས་ཁྱི་ལ་དངོས་མནར་གཅོདདང་། མོ་ལ་མཐོང་ངན་པ་ཕོག་བཞིན་པ་བཅོས་འོས་པ་ཞིག་རེད་སྙམ།
ཉིན་གཉིས་པར་ངེད་གཉིས་མཚོ་ངོགས་ལ་སོང་ནས་སྐྱིད་པོ་དཔེ་བསྡད་པ་ཡིན། ལོ་ཕྲན་བུ་ཆེན་པོ་རེད་འདུག ནུ་མ་དང་རྐུབ་སོགས་འདོད་ཆགས་མེ་ནང་བཞིན་འདུག འདང་འགོང་བརྒྱག་མ་ཐུབ་ཀྱང་། མོ་རང་ནང་ལ་ཡོང་ནས་ག་ཚོད་བསྡད་ཀྱང་དགའ་བསུ་ཡོད་ཟེར་བས་ཐེངས་མ་རྗེས་འཛག་ཨེ་འཇུག་ལྟ་གི་ཡིན།
མགོན་པོ་ཕྱག་གཉིས་པ་ཟེར་བ་འདི་མཚམས་རེ་ཞིག་ལ་དངོས་གནས་དྲང་མོ་བྱས་ནས་ཅིག་བཤད་མདོག་མདོག མཚམས་རེར་ཆང་གི་བཟི་ཡོད་པ་ལྟ་བུ། མཚམས་རེར་སྲོག་རླུང་འཕར་བཞིན་ཡོད་པ་ལྟ་བུ། ཡིན་ངོ་མ་ནི་རྩ་གཅིག་མ་ཚངས་བ་ཡིན་ཐག་ཆོད་རེད། མགོན་པོ་ཕྱག་གཉིས་པས་ཁ་བརྡ་ལ་ཡོང་མཁན་ཚང་མར་མིང་འདོགས་དང་མཚངས་འབྲུ། སྡིག་དམོད་དང་ཚིག་རྩུབ་བྱས་བྱས་ནས་ད་ཡིན་ན་ཁ་བརྡ་ལ་ཕེབས་མཁན་མང་ཆེ་བ་བྲོས་སོང་། ཨ། པོ་སྟོ། གཟབ་གཟབ་གྱིས་མ་གཏོགས་ཁ་བརྡ་བྱེད་མཁན་ང་ཚོ་རེ་ཟུང་ཞིག་མ་གཏོགས་ལུས་ས་མ་རེད་ད།
དོན་ངོ་མར། ཁྱེད་ཀྱིས་རང་དོན་གླེང་གི་ཡོད་དམ་ཡང་ན་མཆན་བུ་འདེབས་ཀྱི་ཡོད།