གནས་ཚུལ་མཁོ་གཏོང་བ། ཁྲི་གཡུང་དྲུང་།
དེ་ཡང་རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུ་འདུ་ཚོགས་ཐེངས་དང་པོ་དེ་༢༠༠༧ལོར་དབྱིན་ཇིའི་རྒྱལ་ཁབ་ཏུ་ཚོགས་ཡོད་པ་དང་། ཐེངས་གཉིས་པ་ཕྱི་ལོ་༢༠༠༩ལོར་ཧྥ་རན་སིའི་རྒྱལ་ཁབ་ཏུ་ཚོགས་ཡོད་པ་བཞིན། རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུ་ཚོགས་ཆེན་ཐེངས་གསུམ་པ་(3rd International Seminar of Young Tibetologists)ཉི་ཧོང་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཨོ་ས་ཀའི་ཀོ་བེ་མཐོ་སློབ་( Kobe City University of Foreign Studies,Japan) ཏུ་ཉི་ཧོང་གི་བོད་རིག་པའི་ཞིབ་འཇུག་པ་Kazushi IWAO, Ai NISHIDA, Meishi YAMAMOTO and Seiji KUMAGAI བཅས་ཀྱིས་གོ་སྒྲིག་འོག་ཕྱི་ལོ་༢༠༡༢ཟླ་༩ཚེས་༣ནས་༢༠༡༢ཟླ་༩ཚེས་༧བར་ཏུ་ཚོགས་ཡོད་པ་རེད། ཐེངས་འདིའི་ཚོགས་ཆེན་སྟེང་བོད་ཕྱི་ནང་དང་རྒྱལ་ཁབ་ཉི་ཤུ་ནས་བོད་རིག་པའི་མཁས་དབང་དང་ཉམས་ཞིབ་པ། དགེ་བཤེས། མཐོ་རིམ་སློབ་གྲྭ་བ་སོགས་མི་གྲངས་བརྒྱད་ཅུ་ལྷག་མཉམ་འཛོམས་བྱུང་ཡོད་པ་དང་། དེ་ཡང་ཉིན་རེ་བཞིན་བོད་ཀྱི་གནའ་དེང་གི་ཆོས་རིག་ལོ་རྒྱུས་ལ་ཞིབ་འཇུག་དང་སློབ་གཉེར་མཛད་པའི་གཞོན་སྐྱེས་ཤེས་ཡོན་པ་དང་། ཆེད་མཁས་རྣམས་ཀྱིས་བོད་རིག་པའི་གཞོན་ནུའི་འདུ་ཚོགས་ཐེངས་གསུམ་པའི་ཚོགས་ཆེན་ སྟེང་(3rd international Seminar of Young Tibetologists)རང་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་གྲུབ་པའི་ཆོས་ལུགས་རིག་གནས་དང་། རྒྱལ་རབས་ལོ་རྒྱུས། ཡུལ་གོམས་གཤིས་ལུགས་སོགས་བོད་རིག་པ་དང་འབྲེལ་བའི་བརྗོད་གཞི་སྣ་ཚོགས་པའི་སྟེང་རང་ཉིད་ཀྱི་བསམ་ཚུལ་མཚོན་པའི་དཔྱད་རྩོམ་སྒྲོག་སྦྱངས་གནང་ཡོད་པ་རེད།
མཇུག་བསྡོམས་སྐབས་འབྱུང་འགྱུར་གྱི་སྐབས་བཞི་པའི་རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུ་འདུ་ཚོགས་ཀྱི་ཚོགས་གཙོ་ལ་འཇར་མེན་རྒྱལ་ཁབ་ཀྱི་བྷོན་མཐོ་སློབ་(Boon University) ཏུ་བཞུགས་པའི་མཁས་དབང་ཨཅརྱ་སྐལ་བཟང་ནོར་བུ་ལགས་བདམས་ཐོན་བྱུང་ཡོད་པ་དང་། དེ་བཞིན་སྤྱི་ཁྱབ་དྲུང་ཆེ་ལ་ཉི་ཧོང་གི་བོད་རིག་པའི་ཞིབ་འཇུག་པ་Seiji KUMAGAIལགས་དང་བསྡོམས་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་ཚོགས་མི་དགུ་བདམས་ཐོན་ བྱུང་པ་དང་། སྐབས་ཕྱི་མའི་རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུ་འདུ་ཚོགས་དེ་འཇར་མེན་རྒྱལ་ཁབ་ཏུ་འཚོགས་འཆར་གཏན་འཁེལ་ཡང་བྱས་སོང༌། རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུ་འདུ་ཚོགས་དེ་དག་ཕལ་ཆེར་གྱི་མཇུག་འབྲས་སུ། སྐབས་སོ་སོར་སྒྲོག་སྦྱངས་ཞུས་པའི་དཔྱད་རྩོམ་ལེགས་གྲས་རྣམས་ཕྱོགས་བསྡེབས་ཀྱིས་དེབ་གཟུགས་པར་བསྐྲུན་གནང་བཞིན་ཡོད་པ་དང་། ཚོགས་མི་ལའང་སྤྱིར་བཏང་ཚོགས་མི་དང༌། སྤྱི་ཁྱབ་དྲུང་ཆེ། ཚོགས་ཆེན་བསྡུ་སྐོང་གནང་མཁན་གྱི་གོ་སྒྲིག་ཚོགས་གཙོ། ཚོགས་པའི་ཚོགས་གཙོ་བཅས་ཡོད་པ་སོགས་ཀྱི་གནས་བསྡུས་ཙམ་དུ།
གཡུང་དྲུང་བོན་དྲ་ཚིགས་གསར་འགོད་པས།
བོད་ཕྱི་ནང་གཉིས་ནས་བོད་རིག་པའི་གཞོན་ནུའི་ཚོགས་འདུར་བཅར་མཁན་ཡོངས་ལ་འཚམས་འདྲི་ཞུ།
བོད་རིག་པའི་མཁས་དབང་རྣམས་ལ་རྟེན་འབྲེལ་ཞུ།
གནས་ཚུལ་མཁོ་གཏོང་མཁན་ཁྲི་གཡུང་དྲུང་ལགས་ལ་བཀྲ་ཤིས་བདེ་ལེགས་དང་། ཐེངས་འདིར་ཚོགས་བཅར་གནང་སྟེ་རིན་བྲལ་དཔྱད་རྩོམ་སྒྲོག་སྦྱངས་ཀྱིས་ཚོགས་བཅར་བ་ཡོངས་ཀྱི་ཐུགས་བློ་བསྐང་ཡོད་པའི་རེ་བ་དང་། འབྱུང་འགྱུར་གྱི་ཚོགས་འདུ་རྣམས་ཀྱང་བདེ་ལེགས་ངང་ཚོགས་ཏེ་བོད་རིག་པའི་ཐད་ལ་ཕན་ནུས་མི་དམན་པ་འཐོནཔའི་རེ་སྨོན་ཞུ།
བོད་རིག་པའི་མཁས་དབང་ཟེར་བའི་མིང་བྱང་སྙན་པོ་དེའི་འོག་ཏུ་བོད་སྐད་ཡང་དག་བཤད་ཤེས་མཁན་ག་ཚོད་ཡོད་དམ།
བོད་རིགས་པར་དེ་འདྲའི་རྒྱལ་ཁབ་འདྲ་མིན་ཕེབས་པའི་གཞོན་ནུས་དང་ལེན་གྱི་ཆ་ཤས་ལེན་ནས་ཕེབས་པར་སྙིང་དབུས་འཚམས་འདྲི་བཀྲིས་བདེ་ལེགས་དང་དམིགས་འདུན་ལམ་ལྷོངས་ཡོང་བ་དང་། དེས་དངོས་ཡོད་བོད་པའི་ཆབ་སྲིད་ལ་ཕུགས་བརྒྱངས་རིང་བའི་ཕན་ཐོག་ཡོང་ངེས་ཡིན།
རྣམས་པ་ཚོ་་རྟེན་འབྲེལ་ཞུ།
འབྱུང་འགྱུར་གྱི་སྐབས་བཞི་པའི་རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུ་འདུ་ཚོགས་དེ་སྤྱི་ལོའི་ཟླ་ཚེས་ག་དུས་འཚོགས་རྒྱུ་ཡིན་ནམ།