སྐལ་བཟང་ཉི་མ།
སྤྱི་ལོ་༢༠༠༥ཙམ་ནས་ངས་རང་ཉིད་ཀྱི་སྙུག་མིང་དུ་གཡུ་དྲུག་དཀར་ཞེས་བཏགས་པ་དང་། དེ་ནས་བཟུང་དུས་དེབ་དང་ཚགས་ཤོག དྲ་ཚིགས་བཅས་སུ་རྩོམ་སྤེལ་སྐབས་ཕལ་ཆེར་སྙུག་མིང་འདི་བེད་སྤྱོད་བྱས་པ་ཡིན། འོན་ཀྱང་སྤྱི་ལོ་༢༠༠༩ཙམ་ནས་མི་གཞན་ཞིག་གིས་མིང་འདི་བེད་སྤྱོད་ཀྱིས་ཐོག་མར་བོད་ཀྱི་དུས་བབ་དྲ་ཚིགས་སུ་རྩོམ་པ་པོའི་མཐུན་ཚོགས་སྐོར་གྱི་གསར་འགྱུར་ཞིག་གི་ཞབས་མཆན་དུ་བདག་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་རྒན་ལྷ་མོ་སྐྱབས་ལགས་སུ་གང་བྱུང་མང་བྱུང་ལབ་པ་དང་། དེ་ནས་བཟུང་བོད་ཀྱི་དུས་བབ་དྲ་ཚིགས་ནང་གི་རྩོམ་དང་གསར་འགྱུར་ཅི་རིགས་ཀྱི་ཞབས་མཆན་དུ་སྐད་ཆ་སྣ་ཚོགས་པ་ཞིག་བཤད་བྱུང་པ་དང་། དེ་དང་མཉམ་དུ་གྲོགས་པོ་མང་པོ་ཞིག་གིས་ང་ལ་སྙུག་མིང་དང་འབྲེལ་བའི་གསལ་བཤད་ཅིག་བྱས་ན་ལེགས་ཚུལ་ཡང་དང་བསྐྱར་དུ་བཤད་བྱུང་ལ། ངས་ཀྱང་བོད་ཀྱི་དུས་བབ་རྩོམ་སྒྲིག་པར་ཁ་པར་གྱི་ལམ་ནས་འབྲེལ་གཏུགས་ཀྱིས་མི་དེའི་མྱུར་འཕྲིན་ཁ་བྱང་བདག་ལ་གནང་རོགས་ཞུས་མོད། ཁོས་བོད་ཀྱི་དུས་བབ་ཀྱི་སྒྲིག་སྲོལ་དང་མི་མཐུན་པས་སྤྲོད་མི་ཐུབ་ཚུལ་གྱི་གསལ་བཤད་བྱས་བྱུང་པས། དེ་མུར་ལུས་སོང་། ཉིན་ཤས་སྔོན་ལ་ཡང་བསྐྱར་བདག་གི་སྙུག་མིང་བེད་སྤྱོད་བྱེད་མཁན་དེ་ཡིས་བོད་ཀྱི་དུས་བབ་དྲ་ཚིགས་སྟེང་གི་བྲིས་རྩོམ་ཞིག་གི་ཞབས་མཆན་དུ་འདས་བོ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་ལགས་སུ་གང་བྱུང་མང་བྱུང་ལབ་རྐྱེན་ཁོང་དང་འབྲེལ་ཡོད་སྐོར་ཞིག་གིས་རྩད་གཅོད་བྱས་ཏེ། མཐར་བདག་གི་སྙུག་མིང་དུ་གཏན་འཁེལ་སོང་བ་དང་། བདག་དང་འབྲེལ་ཡོད་ཀྱི་མི་ལ་ཁ་པར་བཏང་ནས་བདག་ལ་ཁ་ཏ་བསླབ་བྱ་བྱས་ན་ལེགས་ཚུལ་སོགས་བརྗོད་འདུག་པས། བདག་གིས་ཡང་བསྐྱར་བོད་ཀྱི་དུས་བབ་རྩོམ་སྒྲིག་པར་ཁ་པར་བཏང་མོད། ཁོང་གིས་བོད་ཀྱི་དུས་བབ་ཀྱི་ངོས་ནས་རྒྱལ་སྤྱིའི་དྲ་རྒྱའི་འགྲོ་ལུགས་ལྟར་མཆན་ལ་སྟངས་འཛིན་བྱེད་ཀྱི་མེད་ཚུལ་བརྗོད་བྱུང་། བྱས་ཙང་དེ་རིང་འདིར་གསལ་བོར་བཤད་རྒྱུ་ཞིག་ལ་ད་ནས་བཟུང་བདག་གིས་སྙུག་མིང་འདི་བེད་སྤྱོད་བྱ་རྒྱུ་མིན་། མིང་འདི་དང་འབྲེལ་བའི་དོན་དག་གང་ཡང་བདག་ལ་འབྲེལ་བ་མེད།
ཅེས་སྐལ་བཟང་ཉི་མས་ཤེས་རབ་དགའ་ཚལ་སློབ་གླིང་ནས་སྤྱི་ལོ་༢༠༡༢ལོའི་ཟླ་༩ཚེས་༡༣ལ།
གྲོགས་པོ་ལགས། ཁྱེད་ཀྱི་སྙུག་མིང་སྙིང་རྗེ་མོ་དེ་ངོ་ཤེས་པ་ནས། ངས་ཉིད་ཀྱི་རྩོམ་ཡིག་དང་ཁྱོད་གཉིས་གསལ་གསལ་དུ་ངོས་ཤེས་པ་ཡིན་ལ། དུས་དེ་ནས་ཁྱེད་ཀྱི་མི་གཤིས་དང་། རྩོམ་ཡིག་གི་གཤིས་ཉམས་དང་འབྲེལ་བའི་སྙུག་མིང་དེ་ལ་ང་ཧ་ཅང་དགའ། འོན་ཀྱང་ལོ་གཅིག་གཉིས་ཤིག་གི་སྔོན་ནས་ཁྱེད་ཀྱི་སྙུག་མིང་དེ་ཉིད་རྐུ་ལ་ཤོར་བའི་སྐད་ཆ་དེ་ཤེས་ཤིང་། དུས་དེར་གཡུ་དྲུག་དཀར་ཞེས་པ་ཞིག་གི་འུ་ས་རཱ་མཐོ་སློབ་ཀྱི་སློབ་མ་ཐུན་མོང་གིས་ཁས་ལེན་ཞིང་། བརྩི་བཀུར་བྱ་འོས་པའ་རྒན་ལྷ་མོ་མཆོག་ལ་འདྲ་མིན་བཤད་ནས་སྐབས་དེར་ཁྱོད་ལ་མིང་ཤས་དང་དཀའ་ངལ་ཞིག་འཕྲད་པ་ངས་ཧ་གོ་ཡོད།
ད་ཐེངས་ཡང་སྙུག་མིང་རྐུ་བའི་བྱེད་པོ་དེས་ཉིད་ཀྱི་སྙུག་མིང་བེད་སྦྱད་ནས་གང་སར་འདྲ་མིན་འཆད་ཡོད་དུས། སྙུག་མིང་དང་པོ་བེད་སྤྱོད་གཏོང་མཁན་ལ་དཀའ་འཕྲད་རྒྱུ་ཡིན་པ་མངོན་གསལ་རེད།
ཡིན་ནའང་ཁྱེད་ཀྱིས་སྙུག་མིང་བོར་བརླགས་བྱུང་བའི་གསལ་བསྒྲགས་ངས་ཁྱེད་ལ་སྔོན་ནས་ཞུས་པ་ལྟར་དེ་ལྟར་བྱས་ཡོད་ན་ཡག་པ་ལ། གང་ལྟར་གཡུ་དྲུག་དཀར་ཞེས་པའི་སྙུག་མིང་དེ་སྔོན་མ་ཞིག་ལ་ཁྱོད་ཀྱིས་ཡིན་ཡང་ལོ་གཅིག་གཉིས་ཤིག་གི་རྗེས་ནས་གཡུ་དྲུག་དཀར་ཞེས་པ་དེ་ཁྱོད་མ་ཡིན་པ་ངས་གསལ་པོ་ཤེས།
ང་མིན་ཟེར་མཁན་འདི་རིགས་ལ་ཡིད་ཆེས་ལྷག་ཏུ་མེད། གལ་སྲིད་སོ་སོར་ནག་ཉེས་མེད་ན་རང་ཚིགས་རི་ལྟར་དུ་བསྡད་ན་སྐད་ཡན་རླུང་བས་བསྒུལ་མི་ཚུགས། སྤྱིར་བཏང་འདི་རིགས་ནི་དོན་དག་ཆེན་པོ་གང་ཡང་མ་རེད། དམངས་གཙོའི་སྤྱི་ཚོགས་ལ་གོམས་འདྲིས་ཡོད་མཁན་ཞིག་ཡིན་ན། དེང་གི་བརྒྱུད་ལམ་ཐོག་གི་ཞབས་མཆན་ (comment)ཟེར་བ་དེའི་གོ་གནས་ཤེས་ངེས་ཡིན། ཕར་ཕྱོགས་ནས་སྐད་བརྒྱབ་ན་ཚུར་ཕྱོགས་དངསནས་ངུ་ཤོར་དུས། སེམས་ན་རྣོངས་ཤིག་དང་ངོ་ལ་རྡུལ་ཞིག་ཡོད་པའི་རྟགས་ཡིན།
ངོ་མ་ཁྱོད་སེམས་ཆུང་རེད། རྩོམ་པ་པོ་ཞིག་གི་སྙུག་མིང་འདི་ལྟར་དོར་ན་སྙུ་མིང་དགོས་བ་མི་འདུག རྐུན་ཕྲུག་དེ་ཁྱོད་ཀྱི་ངོ་ཤེས་སམ་ཡང་ན་ལོ་ཆུང་ཞིག་ཡིན་ས་མ་རེད།
སྐལ་བཟང་ཉི་མ་ལགས། ཁྱེད་ལ་ངོ་མ་ཁག་མི་འདུག མིང་རྐུན་དེ་འདྲ་བོད་ཀྱི་དུས་བབས་ཀྱིས་དག་སེལ་བྱེད་ཐབས་མི་བྱེད་ན། ངོ་མ་ཐབས་སྐྱོ་བོ་རེད། རྒྱུ་སྤུས་ཇེ་ཞན་དུ་འགྲོ་བཞིན་པའི་བོད་ཀྱི་དུས་བབས་སང་སྔོན་གྱི་རྩོམ་སྒྲིག་པ་སྐུ་ཞབས་རབ་གསལ་དང་ལྷག་བསམ་གཉིས་ད་དུང་བཞུགས་ཡོད་ན་ཁྱེད་ལ་རོགས་རམ་བྱེད་ངེས་རེད།
སེམས་ཆུང་རེད་དེང་སང་དྲ་རྒྱའི་ནང་ལ་མཐོ་དམའི་ཚིག་་གང་སླེབས་པ་བདག་པོ་རྒྱག་དགོས་ན་རང་སྡུག་རང་གིས་ཉོས་པའི་རྟགས།
བཀྲ་ཤིས་བདེ་ལེགས།།
གཡུ་དྲུག་དཀར་ཟེར་བའི་སྨྱུག་མིང་འདི་སྙན་མོ་ཞིག་ཡིན་ཡ། ད་དོར་དགོས་བྱུང་བ་འདི་ཐབས་ལམ་ཡག་པོ་ཡིན་མིན་ཤེས་ཀྱི་མི་འདུག་ཀྱང། ད་ཚར་བ་རེད།
བཀུར་འོས་པའི་གྲོགས་སྐལ་་བཟང་ཉི་མ་ལགས། གཡུ་དྲུག་དཀར་གྱི་མིང་བེད་སྤྱོད་གཏོང་མཁན་དེ་ང་ཡིན། མིང་རྐུན་ལབ་ཀྱང་འགྲིག་གི་རེད། ཁྱེད་ལ་དཀའ་ངལ་རབ་དང་རིམས་པར་བྱུང་ཡོད་ན་དགོངས་དག། ངས་་མཆན་བུ་བཀོད་དུས་མི་ཚོས་གཡུ་དྲུག་དཀར་གཞན་ཞིག་ལ་བཀའ་བསྐྱོན་གཏོང་གི་ཡོད་པ་མཐོང་དུས་གཞི་ནས་ངས་གཡུ་དྲུག་དཀར་ཟེར་བའི་མི་གཞན་ཞིག་ཡོད་པ་ཤེས་སོང་། དེའི་སྔོན་གཏན་ནས་ཤེས་ཀི་མེད། ཁྱེད་ཀྱིས་གསུངས་བ་བཞིན་རེད། དེ་སྔོན་མཆན་བུ་འདེབས་མཁན་གྱི་གཡུ་དྲུག་དཀར་དེ་སྐུ་ཉིད་མིན་པར་མ་ཟད། ང་རང་ཉིད་ཡིན་པ་ཁས་ལེན་གཙང་མ་ཞུ་རྒྱུ་དང་ཆབ་ཅིག། དེ་རིང་ནས་བཟུང་སྐུ་ཉིད་ཀྱི་སྙུག་མིང་ཕྱིར་སྐུ་ཉིད་་ལ་འབུད་རྒྱུ་ཡིན་པར་མ་ཟད། ངས་དེ་རིང་ནས་བཟུང་གཡུ་དྲུག་དཀར་ཟེར་བའི་མིང་དེ་བེད་སྤྱོད་གཏན་ནས་བྱེད་ཀྱི་མིན། དེས་ཕྱིར་སྐུ་ཉིད་ཐུགས་བདེ་བོའི་ངང་ནས་རང་གི་པིར་མིང་དེ་བེད་སྤྱོད་གནང་རོགས་ཞུ་ཡ་ཡིན།
དྲང་མོར་བཤད་ན་གོང་གི་རྩོམ་ཡིག་དང་འོག་གི་མཆན་ཚང་མ་གཞི་གཅིག་ཏུ་དབྱེ་བསེས་བྱས་ན། (སྐལ་བཟང་ཉི་མ)ཟེར་བ་དང་དུས་བབ་ནང་གི་(གཡུ་དྲུག་དཀར)ཟེར་བ། གོང་གི་མཆན་བུའི་ནང་གི་(མི་ནས)འདི་དག་དོན་གཅིག་མིང་གི་རྣམ་གྲངས་རེད།
གྲོགས་འཁྱམས་བུ་ལགས། སྐུ་ཉིད་ནས་བསམ་ཚུལ་གསུངས་ན་འགྲིག་མོད། བསམ་ཚུལ་ནི་ནམ་ཡང་བསམ་ཚུལ་ཡིན་པ་ལས་གནས་ཚུལ་མིན་པས། སྐུ་ཉིད་ནས་ཐག་བཅད་ནས་བཤད་ཀྱང་ཐག་ཆོད་པར་མི་འགྱུར་བས། ད་རྙོག་གླེང་འདིའི་བར་ནས་སྐུ་ཞབས་སྐལ་བཟང་ཉི་མ་ལགས་ལ་དཀའ་ངལ་མུ་མཐུད་ནས་མ་སྤྲོད་རོགས། ངས་་སྐལ་བཟང་ཉི་མ་ཟེར་བའི་མི་འདི་མཐོང་མྱོང་མེད་ལ། ཡུལ་གང་ཞིག་ན་ལས་ཅི་ཞིག་སྒྲུབ་མཁན་ཞིག་ཡིན་པའང་ཤེས་ཀི་མེད། གནས་སྐབས་དེ་ཙམ་བྱ།
ཁ་བརྡ་ཚང་འདི་ནད་ཀྱི་བཟུང་དང་ནི་ཡིན་ས་རེད། ཁ་སང་ངས་མཆན་བཏབ་པ་དེ་དག་བཀོད་མི་འདུག ངས་དེའི་ནང་སྤྱི་སྒེར་གང་ལ་ཡང་གནོད་གཞིའི་ཚིག་གཅིག་ཅིང་མེད། གལ་སྲིད་དེ་འདྲ་ཞིག་ཡིན་རྒྱུ་ན་ཡང་ཁྱོད་ཅག་གིས་ཉེ་རྒྱང་བྱེད་བཞིན་བཀོད་གི་ཡོད་ནི་རེད། དཔེར་ན་རེབ་ཐོག་མདའི་རྩོམ་ཆད་དེའི་མཆན་གིས་སྤྱི་ཚོགས་ལ་རྨ་དེ་འདྲ་མང་བོ་བཟོས་སོང་ན་ཡང་བཀོད་རྐྱང་བྱེད་ཀི་ཡོད་པ།
ངས་བཤད་འདོད་པ་ནི་གསང་མིང་འོག་ནས་སྤྱི་ཚོགས་དང་མི་སྒེར་ལ་དཀྲུགས་ཤིང་འཕེན་མཁན་དག་གིས་བསམ་བློ་རེ་གཏོང་ཨེ་ཤེས་བལྟས་ནས་གང་ལྟར་ལས་དེར་མ་འཇུག་རོགས་ཟེར་ནས་གདམས་ཡོད་པ་འདི་ཡིན།
བཀྲ་ཤིས་བདེ་ལེགས།།