ངས་པོ་རྒྱལ་མཚན།
༼བློ་བཟང་བསྟན་འཛིན་ལགས་ཀྱིས་ཕྱག་ལས་གང་གནང་ཡང་ཕུགས་བསམ་དང་དམིགས་ཡུལ་ཡོད་པ་རང་གི་སྔར་གྱི་དམ་བཅའ་རི་དབང་ལྟ་བུ་དེ་ལས་ནམ་ཡང་འགྱུར་བ་མེད་པར་བབ་བརླིང་བརྟན་གསུམ་གྱི་སྒོ་ནས་དུས་ཚོད་ནམ་བྱུང་ལ་སློབ་སྦྱོང་དོན་གཉེར་ལྷོད་མེད་མཛད་པ། ཆབ་སྲིད་ལྟ་བ་ཟབ་ཅིང་བོད་རྒྱལ་ཁབ་ཆེན་པོ་དང་མི་རིགས་ཀྱི་ཆེད་རང་སྲོག་བློས་གཏོང་བྱ་བར་ཐེ་ཚོམ་སྤུ་ཙམ་ཡང་མི་མཛད་པའི་ཕུལ་བྱུང་གི་ན་གཞོན་དཔའ་བོ་ང་ཚོ་རྒན་རབས་རྣམས་ཀྱང་མི་རབས་གསར་པའི་སྣེ་འདྲེན་འདི་ལྟ་བུའོ་སྙམ་སྟེ་བསྟོད་པའི་མེ་ཏོག་དབང་དུ་འཐོར་དགོས་པ་ཞིག་ཡོད་དོ།༽
ཞུམ་མེད་ཀྱི་རྒྱལ་གཅེས་པ་བློ་བཟང་བསྟན་འཛིན་མཆོག་ནི་ངོ་གནོངས་མི་དགོས་ཁ་བ་རི་པའི་ཕུལ་བྱུང་དཔའ་བོ་གཞོན་བུ་ཤེས་ཡོན་ཅན་ཞིག་དང་རྒྱ་གཞུང་གིས་གསར་བརྗེའི་དར་དམར་འོག་འཚར་ལོངས་བྱུང་པའི་མི་རབས་གསར་པ་བོད་ཀྱི་ན་གཞོན་རྣམས་ཀྱི་ཚབ་མཚོན་ཡང་ཡིན།
ཁོང་ནི་ སྤྱི་ལོ་ ༡༩༦༦ ལོར་བོད་ཀྱི་རྒྱལ་ས་ལྷ་སའི་སྦྲ་ནག་ཞོལ་དུ་སྐྱེད་མཆེད་་་་་་་་་་་་་་་་་་་་སྐྱེད་མ་སྒྲོལ་དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་ལ་གཅེན་པོ་བཞི་དང་གཅེན་མོ་གཉིས། གཅུང་མོ་གཅིག་བཅས་སྤུན་ཉེ་བདུན་ཡོད། ཁོང་དགུང་ལོ་ཆུང་དུས་ནས་ཡབ་འཇིག་རྟེན་ཕྱི་མར་གཤེགས་ཀྱང་། རང་གི་བུ་ཕྲུག་གསོ་སྐྱོང་མཁས་པའི་དྲིན་ཅན་སྐྱེད་མའི་འོག་དགུང་ལོ་བརྒྱད་ནས་བཅུ་གསུམ་བར་ལྷ་ས་བོན་སོད་སློབ་ཆུང་དུ་བསྐྱོད། དགུང་ལོ་བཅུ་བཞི་ནས་བཅུ་དགུ་བར་ལྷ་ས་སློབ་འབྲིང་ཨང་དང་པོར་སློབ་སྦྱོང་གནང་། སྤྱི་ལོ་ ༡༩༨༧་ལོ་ནས་བོད་ལྗོངས་སློབ་གྲྭ་ཆེ་མོར་སློབ་ཞུགས་གནང་བའི་མུར་སྤྱི་ལོ་ ༡༩༨༨ ལོའི་ཕྱི་ཟླ་ ༣ ཚེས་ ༥ ཉིན་བློ་བཟང་བསྟན་འཛིན་ལགས་ ཀྱིས་ལྷ་སར་བོད་རང་བཙན་གྱི་སྐད་འབོད་བྱས་པར་བརྟེན་སྐྱིས་རས་ཉེན་རྟོག་པས་ཉིན་དེར་འཛིན་བཟུང་བྱས་ཏེ་རྒུ་ཚ་བཙོན་ཁང་དུ་འཁྲིད།ཁོང་འཛིན་བཟུང་བྱས་ཡོད་པ་ དང་ སྐབས་དེ་དུས་ཁོང་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་གྲའི་སློབ་མ་ཞིག་ཡིན། ལོ་དེའི་སྤྱི་ཟླ་ ༤ ཚེས་ ༡༦ ནིན་ཁྲིམས་ཐོག་ནས་དངོས་སུ་འཛིན་བཟུང་བྱས་པའི་ཁྱབ་བསྒྲགས་བྱས་ཏེ་ཚེས་ ༢༥ ཉིན་བོད་ལྗོངས་སློབ་གྲྭ་ཆེ་མོའི་སློབ་ཕྲུག་ཁོངས་ནས་ཕྱིར་ཕུད་བྱས་རླུང་འཕྲིན་ནང་གསལ་བསྒྲགས་ཀྱང་བྱས།
སྤྱི་ལོ་ ༡༩༨༩ ཟླ་ རྒྱ་དམག་ཡོན་ཧྲེ་ཧྲན་བསད་པའི་ཉེས་མིང་འོག་ལོ་གཉིས་རྗེས་སུ་སྲོག་ཐོག་གཏོང་རྒྱུའི་ཁྲིམས་ཐག་བཅད་ཡོད་ཀྱང་༸གོང་ས་མཆོག་གི་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་འདུ་ཞིག་ལ་ཞུམ་མེད་དཔའ་བོ་མཆོག་གི་སྐུ་སྲོག་ལ་ཉེན་གནས་ཡོད་པའི་སྐོར་མཛུབ་སྟོན་གནང་བས་རྒྱལ་སྤྱིའི་འགྲོ་བ་མིའི་ ཐོབ་ཐང་ལས་ཁང་དང་བོད་དོན་རྒྱབ་སྐྱོར་བ་ཚོའི་གནོན་ཤུགས་ལ་བརྟེན་ཕྱི་ལོ་ ༡༩༩༡ ལོར་རྒྱ་ནག་གཞུང་གིས་ཉེས་པ་ཆག་ཡང་དུ་བཏང་སྟེ་སྲོག་ཐོག་གི་ཉེས་ཆད་དེ་ཚེ་བཙོན་བཟོས་ཡོད་པ་རེད། རང་གི་ལང་ཕྱོགས་ནམ་ཡང་འགྱུར་བ་མེད་པར་བཙོན་ཁང་དུ་བཞུགས་རིང་སྲོག་དང་སྡོས་པའི་ངོ་རྒོལ་ལས་འགུལ་ཐེངས་གསུམ་གྱི་གདོང་མཆོངས་དབུ་འཁྲིད་གནང་བས་འདོམ་གང་གྲུ་བཞིའི་མུན་ཁང་ནང་ཟུར་བཅུག་ཐེངས་བཞི་ཙམ་བཅུག་མྱོང་ཡོད། ཐེངས་དང་པོ། རྒུ་ཚར་ཟླ་བ་གསུམ་རིང་ཟུར་བཅུག་བྱས་པ་དང་། ཐེངས་གཉིས་པ། གྲྭ་བཞི་བཙོན་ཁང་ནང་བོད་དོན་ཚོགས་པ་བཙུགས་པའི་གསང་གནས་ཕྱིར་ཤོར་གྱིས་སྤྱི་ལོ་ ༡༩༨༩ ཟླ་ ༨ ཚེས་ ༣ ཉིན་ ཁོང་གི་ད་དུང་ལོ་འདི་རང་ལ་གྲྭ་བཞི་བཙོན་ཁང་ནང་ལ་མི་སྣ་ལྔ་ལས་གྲུབ་པའི་གསང་བའི་ཚོགས་པ་བཙུགས། ཡི་ཕམ་པ་ཞིག་ལ་དེའི་ཁོངས་མི་དོན་གྲུབ་ཟེར་བས་བཙོན་པའི་དོ་དམ་འགོ་ཁྲིད་ལ་ངོས་ལེན་བྱས་པས། དེ་མ་ཐུག་ཏུ་ཉེས་རྟོག་པས་ཞུམ་མེད་ཀྱི་དཔའ་བོ་མཆོག་གི་མལ་གདན་བསྔོགས་ཏེ་ཚོགས་པའི་མི་ཡིག་ཆ་ཁ་ཤས་ལག་ཏུ་ཐེབས་རྐྱེན་ཞུམ་མེད་ཀྱི་དཔའ་བོ་མཆོག་ལ་གདོང་ལ་རས་ནག་པོ་བཀབ་སྟེ་རྐང་ལག་ལྕགས་སྒྲོག་གིས་བཅིངས་ནས་གྲྭ་བཞི་ནས་ཨུ་ཏྲེ་ཏུད་༼བོད་རང་སྐྱོང་ལྗོངས་ཀྱི་བཙོན་ཁང་ཨང་གསུམ་པ།༽ལ་འཁྲིད་འདོམ་གང་གྲུ་བཞིའི་མུན་ཁང་དུ་ཟུར་འཇུག་བྱས། ཉིན་གཉིས་པར་ཚོགས་མི་དགའ་ལྡན་བཀྲིས་དང་ཟླ་བ། མིག་དམར་བཀྲིས་བཅས་རྐང་ལྕགས་ལགས་ལྕགས་བརྒྱབ་སྟེ་འདོམ་གང་གྲུང་བཞིའི་ནང་དུ་ཟུར་འཇུག་བྱས། ཞོགས་པ་ཞིག་གློ་བུར་དེ་རིང་ཁྲིམས་བསྒྲགས་ཀྱི་ཚོགས་ཆེན་ཡོད་ཅེས་བརྗོད་བྱུང་དུས་ཚང་མ་འཇིགས་ཡེ་བར་ཞུམ་མེད་དཔའ་བོ་མཆོག་དམར་བསད་གཏང་རྒྱུ་རེད་བསམས་ཏེ་ཁ་ཤས་ཀྱི་ཁོང་ལ་སེམས་གསོ་བཏང་བ་དང་། ཁ་ཤས་ཀྱིས་ནིན་རྟེན་སྤྲད་དེ་ཚང་མ་དངངས་འཚབ་ངང་གནས་ཀྱང་ཞུམ་མེད་དཔའ་བོ་མཆོག་གིས་སེམས་འཚབ་སྤུ་ཙམ་ཡང་མེད་པའི་ཐོག་སྐད་གཟེངས་མཐོན་པོས་ངས་བྱས་པའི་ལས་དོན་ནི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་ཡིིན་རྐྱེན་ངའི་ཚེ་ལ་རྐྱེན་ངན་བྱུང་ཡང་ང་ལ་སེམས་ཁྲལ་གང་ཡང་མི་འདུག་པས་ཁྱེད་རྣམས་ཐུགས་ཁྲལ་གཏན་ནས་མཛད་མི་དགོས་ཞེས་ལུས་སེམས་བག་ཕེབས་ལྷོད་ལྷོད་ཀྱི་ངང་ནས་བཙོན་གྲོགས་ཚོ་དགའ་ཤོར་དགོས་གསུངས་བཤད་གནང་། ཆུ་ཚོད་དགུ་པ་ཙམ་ལ་བཙོན་པ་ཚང་མ་ཁྲིམས་བསྒྲགས་ཚོགས་འདུར་སྐོང་ནས་མིག་དམར་བཀྲིས་དང་ཟླ་བ་གཉིས་བཙོན་ཁང་ནས་བྲོས་རྒྱུའི་འཆར་གཞི་བཏིང་ཚུལ། དེར་རོགས་མི་བློ་བཟང་བསྟན་འཛིན་ཟུར་དུ་ཐག་གཅོད་བྱ་རྒྱུ་དང་དགའ་ལྡན་བཀྲིས་ལ་ལོ་དགུ་སྤར་རྒྱུ། ཚོགས་མི་དོན་གྲུབ་ཀྱིས་རང་འཁུར་ངོས་ལེན་ཞུས་པས་ཉེས་མེད་ཆགས་ཡང་གཏང་རྒྱུ་དང། ཚོགས་མི་མིག་དམར་བཀྲིས་དང་ཟླ་བ་གཉིས་ཕྲལ་དུ་སྲོག་ཐོག་བཏང་། སྤྱི་ལོ་ ༡༩༩༠ ལོར་རྒྱལ་གཅེས་དཔའ་བོ་ལྷག་པ་ཚེ་རིང་རྒྱ་ཇག་གིས་གདུག་རྩུབ་ཆེན་པོས་ལྐོག་གསོད་བཏང་བ་ལ། ཞུམ་མེད་དཔའ་བོ་མཆོག་གིས་བཙོན་ཁང་ནང་ལ་དོན་ཚན་གཉིས་འཁོད་པའི་ཕྲེད་དར་བཟོས་ནས་རྒྱ་ཇག་གི་གདུག་རྩུབ་ལ་ངོ་རྒོལ་གནང་ཡོད། དང་པོ། ཡིད་སྐྱོ་བོའི་ངང་ནས་འདས་པོ་ལྷག་པ་ཚེ་རིང་ལ་མྱ་ངན་ཞུ་ཞེས་དང་། གཉིས་པ། གསོན་པོར་གནས་པའི་ཆབ་སྲིད་བཙོན་པའི་གནས་བབ་བསྒྱུར་ཅོས་བྱེད་དགོས་ཞེས་པ་དེ་གཉིས་རེད། ཞུམ་མེད་དཔའ་བོ་མཆོག་གིས་རུ་ཁག་འགོ་ཁྲིད་ལ་ད་ལྟའི་གནས་ཚུལ་འདིའི་ཐད་ཁྱེད་རང་ཚོ་དང་སྐད་ཆ་བཤད་ཀྱི་མིན། སྐད་ཆ་ཤོད་ཡུལ་ལོ་ཀས་ཅུད་༼ངལ་སྒྱུར་ཁང་།༽དང། ཁྲིམས་ཁང་། རང་སྐྱོང་ལྗོངས་བཅས་ཡིན་པས་འགོ་ཁྲིད་མཐོ་བ་འཁྲིད་ཤོག་ཅེས་ཨུ་ཚུགས་མཐར་སྐྱེལ་ངང་བསྡད་པས་དགོང་དྲོ་གང་ཙམ་ཞིག་ལ་བཙོན་ཁང་ལས་བྱེད་སླེབས་ནས་ལྷག་ཚེ་རིང་ཤི་བའི་འགན་འཁྲི་རྩད་གཅོད་དགོས་ཅེས་རེ་བ་བཏོན་པས། ཁྱེད་རང་ཚོས་ཆ་རྐྱེན་ག་རི་བཏོན་ཡང་ང་ཚོས་ཁས་བླང་གི་ཡིན། འོན་ཀྱང་ཁྱེད་ཚོས་དེ་རིང་གི་ལས་འགུལ་འདི་མཚམས་འཇོག་བྱེད་དགོས་དུས། དགོས་འདུན་ཁག་ལྔ་ཡིག་ཐོག་ཏུ་བྲིས་ཏེ་སྤྲད། ༼དང་པོ། བཙོན་པ་ཚང་མ་སྐུ་ཕུང་མཇལ་བར་གཏོང་དགོས། གཉིས་པ། ལྷག་པ་ཚེ་རིང་ཤི་བའི་འགན་འཁྲི་རྩད་གཅད་ནས་ཐག་གཅོད་བྱེད་དགོས། གསུམ་པ། རྒྱུན་དུ་ཆབ་སྲིད་བཙོན་པར་དོན་མེད་ཉེས་རྡུངགཏོང་བཞིན་པ་ཉེས་ཅན་མི་ལ་འཛིན་པའི་སྲིད་ཇུས་ལག་སྟར་བྱས་དོན་མེད་རྡུང་རྡེག་གཏང་མི་ཆོག བཞི་པ། ཆབ་སྲིད་བཙོན་པ་ནད་པ་ཡིན་ཕྱིན་སྨན་ཁང་ལ་འགྲོ་བའི་གོ་སྐབས་བཙོན་པ་གཞན་དང་གཅིག་མཚུངས་དགོས། ལྔ་པ། གཟའ་ཟླ་བ་དང་སྤེན་པ་ལས་སྨན་ཁང་བསྟེན་མི་ཆོག་པ་དེར་བསྒྱུར་བཅོས་གཏང་དགོས་པ་མ་ཟད། ན་ཚ་རྩད་མ་ཆོད་པའི་ཨེམ་ཆི་ཕྱིར་འཐེན་བྱས་ཡོན་ཏན་གནས་ཚད་མཐོ་བར་རྐུབ་སྟེགས་སྤྲད་དགོས་པ་བཅས་རེད།༽
སྐབས་དེ་དུས་རིགས་ཞེན་ཅན་གྱིས་བཙོན་པ་རྒྱལ་མཚན་ཆོས་འཕེལ་དང་བྱམས་སྨོན་གྱིས་ཞུམ་མེད་ཀྱི་དཔའ་བོ་མཆོག་ལ་ད་ལྟའི་ལྷག་པ་ཚེ་རིང་གི་དོན་རྐྱེན་དེའི་འགན་འཁུར་ཁྱེད་རང་གིས་བྱས་ཚེ་ཁྱེད་རང་ལོ་གཉིས་སྲོག་ཐོག་གི་ཉེན་ཁ་ལས་བརྒལ་ཡོད་པས་དོན་རྐྱེན་དེའི་འགན་གཞན་ཞིག་ལ་སྤྲད་ན་གང་འདུག་ཅེས་བཤད། ཞུམ་མེད་དཔའ་བོ་མཆོག་གི་ངས་ལས་ཀ་མ་བརྩམས་གོང་བསམ་བློ་བཏང་སྟེ་འཆར་གཞི་བཏིང་པ་ཡིན། འགོ་ངས་བརྩམས་མཇུག་ཁུངས་འཁྱོལ་བ་མི་འདུག་ཅེས་མི་གཞན་ལ་རྩིས་སྤྲོད་བྱ་རྒྱུ་ངའི་དམིགས་ཡུལ་ཞིག་མིན་ལ་ཉེས་འགན་ཅི་འདྲ་ཞིག་ཕོག་ཀྱང་གཙོ་བོའི་འགན་འཁྲི་ང་རང་གིས་འཁྱེར་ཏེ་གནས་ཚུལ་ག་པར་ཐུགས་ཀྱང་བློ་འགྱོད་རྩ་བ་ནས་མེད། རྒྱ་མི་ང་ལ་ཉེས་འགན་ལྗིད་པོ་བཟོས་ཟིན་པས་ག་དུས་གསད་མིན་མི་ཤེས་ཀྱང་འཆི་རྒྱུར་གྲ་སྒྲིག་བྱས་ནས་བསྡད་ཡོད། འོན་ཀྱང་ང་རང་གསད་གོང་ལ་བོད་མི་མང་ལ་ཕན་ཐོགས་པའི་ལས་ཀ་ཕྲན་བུ་ལས་མེད་ཀྱང་བྱེད་ཐུབ་ན་རང་གི་དམིགས་ཡུལ་དང་འཚམས་པ་ཞིག་ཡོང་གི་འདུག་ཅེས་གསུངས།
སྤྱི་ལོ་༡༩༩༡ ཟླ་ ༣ ཚེས་ ༥ ཉིན་མཐོ་རིམ་ཁྲིམས་ཁང་གི་ལས་མི་སླེབས་ནས་ང་ཚོས་ཁྱེད་རང་ཡག་པོ་ཆགས་ཀྱི་རེད་བསམ་པའི་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོས་དེ་རིང་ཐག་གཅོད་གཏན་འབེབས་བྱེད་རྒྱུར་ཁྱེད་རང་གི་ཉེས་ཆས་ལོ་གཉིས་སྲོག་ཐོག་ནས་ཚེ་བཙོན་ལ་ཉེས་ཡངས་བཏང་རྒྱུ་ཡིན་ཞེས་ལོ་ངོ་གཅིག་དང་དགུ་ཙམ་རིང་ཉིན་མཚན་དབྱེར་མེད་ངང་བརྒྱབ་པའི་ཕྱག་ཞབས་གཉིས་ཀར་ལྕགས་སྒྲོག་གིས་བཅིངས་པ་ལས་བཀྲོལ་ནས་ལོ་གཉིས་སྲོག་ཐོག་ནས་ཉེས་པ་ཚེ་བཙོན་ལ་ཕབ།
སྤྱི་ལོ་ ༡༩༩༡ ཟླ་ ༤ ཚེས་ ༦ རྒྱ་ནག་ལ་ཡོད་པའི་ཨ་རི་གཞུང་ཚབ་སྐུ་ཞབས་ (James Lilley) ལགས་གྲྭ་བཞི་བཙོན་ཁང་དུ་གཟིགས་སྐོར་ལ་ཕེབས་སྐབས་ཞུམ་མེད་དཔའ་བོ་མཆོག་གིས་གྲྭ་བཞི་བཙོན་ཁང་གི་དངོས་ཡོད་གནས་ཚུལ་དང་། ཆབ་སྲིད་བཙོན་པར་རྒྱ་གཞུང་གིས་བལྟ་སྟངས། ད་ཡོད་ཆབ་སྲིད་བཙོན་པའི་ལྟ་བ་དང་བསམ་ཚུལ། བོད་པའི་བསམ་བློའི་འཁྱེར་ཚུལ་བཅས་ཡི་གེར་བྲིས། རྒན་བསྟན་པ་དབང་གྲགས་ལགས་ཀྱིས་ཐེ་ཚོ་སྤུ་ཙམ་མེད་པར་ཡི་གེ་རིལ་རིལ་བཟོས་ཏེ་སྐུ་ཞབས་འཇེམ་སེ་ལེ་ལིའི་ལག་པར་སྤྲོད་སྐབས་སྐུ་ཞབས་ཁོང་གི་ཅི་ཡིན་མི་ཤེས་པའི་གློ་བུར་གྱི་གནས་ཚུལ་དེར་ཧང་སང་པའི་རྣམ་པས་རང་གི་ལག་པ་ཁ་ཕྱེ་ནས་ལྟ་སྐབས་སྐད་སྒྱུར་བ་རྒྱ་མོས་ཡི་གེ་འཕྲོག་སྟེ་བཙོན་ཁང་འགོ་ཁྲིད་ཚེ་རིང་རིན་ཆེན་ལ་སྤྲད། དེ་ནས་ཉིན་ཤས་སྐུ་ཞབས་འཇེམ་སེ་ལི་ལིར་ཕུལ་བའི་ཡི་གེ་དེའི་དོན་རྐྱེན་ཚ་ཚ་འུར་འུར་ངང་བཙོན་པར་དྲི་རྩད་སྐབས། ཞུམ་མེད་དཔའ་བོ་མཆོག་གིས་ཡི་གེ་ངས་བྲིས་པ་ཡིན། སྤྲོད་མཁན་སྐུ་ཞབས་བསྟན་པ་དབང་གྲགས་ལགས་རེད། འོན་ཀྱང་སྐུ་ཞབས་ཁོང་གིས་ཡི་གེའི་ནང་དོན་ཤེས་ཀྱི་མེད་ལ་བཙོན་པ་སུ་ཞིག་གིས་ཀྱང་དོན་རྐྱེན་དེའི་སྐོར་ཅི་ཡང་ཤེས་ཀྱི་མེད། དེའི་ནང་ག་རི་འཁོད་ཡོད་མེད་ཁྱེད་རང་ཚོའི་ལག་པར་ཡོད་པས་སྐད་ཆ་དྲི་དགོས་པའི་གཞི་རྩ་མེད་ཅེས་འཇིག་ཞུམ་སྤུ་ཙམ་མེད་པར་ལན་འདེབས་གནང་། ཡང་བསྐྱར་ཁོང་གཉིས་འདོམ་གང་གྲུ་བཞིའི་ནང་ལ་ཟུར་བཅུག་བྱས།
གནས་ཚུལ་དེའི་རྐྱེན་པས་སྤྱི་ལོ་ ༡༩༩༡ ཟླ་ ༤ ཚེས་ ༢༧ ཉིན་ཞུམ་མེད་དཔའ་བོ་མཆོག་དང་རྒན་བསྟན་པ་དབང་གྲགས་སོགས་མི་སྣ་ལྔ་གསང་ཐབས་ཀྱི་ཀོང་པོ་བཙོན་ཁང་དུ་བསྐྱལ་རྒྱུར་ལག་ལྕགས་ཀྱིས་སྦྲེལ་ཏེ་ཤར་རླུང་རྟགས་ཅན་ནང་ཁྲིད་པ་བཙོན་པ་གཞན་ཚོས་སྒོའི་སེར་སིང་ནས་མཐོང་སྐབས་མི་བཟོད་པའི་སེམས་ཁྲལ་གྱིས་ཁོང་ཚོ་གང་དུ་ཁྲིད་མིན་གོང་གཏུགས་དང་འུར་མཆོངས་བྱ་རྒྱའི་འཆར་གཞི་བྱས། སྐབས་དེ་དུས་སྐུ་ཞབས་གཡུ་ལོ་མཆོག་གིས་བྱ་བའི་ཁེ་གྱོང་ལ་དགོངས་པ་ཆེ་བཞེས་ཀྱིས་བཙོན་གྲོགས་ཚོར་དེ་ལྟར་མི་བྱ་རྒྱུ་ལམ་སྟོན་གནང་བ་བཞིན་ཁོང་ཚོས་ཀྱང་དེ་ལྟར་ཁས་ལེན་བྱས། ཤར་རླུང་རྟགས་ཅན་ནང་ཉིན་གཉིས་དང་མཚན་གཅིག་རིང་ལྟོ་ཆུ་ཐེངས་གཅིག་ལས་མི་སྤྲད་པར་ཞབས་ཕྱག་གཉིས་ཀར་ལྕགས་སྒྲོག་བཅིངས་ནས་བཀྲེས་ལྟོགས་དང་ལམ་ངན་གྱི་ངལ་དུབ་ཤིན་ཏུ་ཆེན་པོའི་ངང་ནས་བོད་ཀྱི་ཤར་ཕྱོགས་ཀོང་པོར་ཡོད་པའི་འདམ་ཆུ་བཙོན་ཁང་(ཡོངས་གྲགས་སྤོ་བོ་སྤྲ་རྨོག་བཙོན་ཁང་)ལ་བསྐྱལ། དེར་འབྱོར་མ་ཐག་ཏུ་ཆུ་ཐིག་གཅིག་ཙམ་མི་སྤྲད་པར་ལམ་སེང་ཞུམ་མེད་དཔའ་བོ་མཆོག་དང་སྐུ་ཞབས་བསྟན་པ་དབང་གྲགས་ལགས་རྣམ་གཉིས་དཀའ་ཚེགས་ཆེན་པོའི་སྒོ་ནས་གྲོད་ཁོག་ལྟོགས་པར་མུན་ནག་འདོམ་གང་གྲུ་བཞིའི་ནང་དུ་བཅུག་སྟེ་ལྟོ་ཆས་ཉིན་རེར་སྲང་གཅིག་ལས་སྤྲད་ཀྱི་མེད། ཞུམ་མེད་དཔའ་བོ་མཆོག་གིས་དུས་རྟག་ཏུ་ཆབ་བཙོན་ཚོར་ང་ཚོ་ཆབ་སྲིད་བཙོན་པ་ཚང་མ་མི་གཞན་གྱིས་རྒྱུད་སྐུལ་སོགས་གཏན་ནས་མེད་པར་རང་ཉིད་ཀྱི་བོད་རང་བཙན་སླར་གསོའི་ཆེད་དུ། ལས་ཀ་བྱས་ནས་བཙོན་ཁང་དུ་ཆབ་སྲིད་ཀྱི་དོན་དུ་ཡོངས་པར་རྟེན་ད་ཆ། རྒྱ་མའི་ཆབ་སྲིད་ཀྱི་གཡོ་འོག་མགོ་སྒུར་ན་དེ་ནི་རྐང་རྗེས་ལག་བསུབ་ཡིན་པས་ང་ཚོས་དེ་ལྟ་བྱེད་མི་ཉན། ཆབ་སྲིད་བཙོན་པ་རྣམས་ཀྱི་ཉེས་དོན་ཉེས་གསོག་པ་དེ་དག་ལ་མི་དཔེ་བཟང་པོ་བསྟན་ཐུབ་པ་བྱེད་དགོས། བཙོན་ཁང་དུ་སློབ་སྦྱོང་གི་གོ་སྐབས་དབེན་ཡང་རང་ཉིད་ཀྱིས་གོ་སྐབས་དམ་དུ་བཟུང་ནས་སློབ་སྦྱོང་བྱེད་དགོས་ཞེས་ཚང་མ་ལམ་སྟོན་གནང་གི་ཡོད། སྤྱི་ལོ་ ༡༩༩༤ ལོར་༸གོང་ས་མཆོག་ཐུགས་རྗེའི་བཀའ་དྲིན་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་། བོད་དོན་རྒྱབ་སྐྱོར་བ་ཚོའི་གནོན་ཤུགས་ལ་བརྟེན་ཚེ་བཙོན་ནས་ངོ་ལོ་བཅོ་བརྒྱད་དུ་ཉེས་པ་ཕབ། སྤྱི་ལོ་ ༡༩༩༢ འགོ་ཁྲིད་མཐོ་བ་རྣམས་བཙོན་ཁང་ཁག་ལ་བལྟ་སྐོར་དུ་ཡོང་དུས། རྒྱ་མིས་གཡོ་ཁྲམ་གྱིས་བཙོན་ཁང་ནང་དུ་མ་ཡོད་ཡོད་ཚུལ་གྲ་སྒྲིག་མང་པོ་བྱས། སྐབས་འདིེར་ཞུམ་མེད་དཔའ་བོ་མཆོག་དང་རྒྱལ་མཚན་ལགས་གཉིས་ཀྱིས་”བཙོན་ཁང་གི་སྒྲིག་སྲོལ་ལམ་ལུགས་ལ་བསྒྱུར་བཀོད་གཏོང་དགོས་”ཞེས་པའི་ནང་དུ། བོད་མི་རིགས་ཞེས་པ་ནི་གཙོ་བོ་ཤ་མར་གྱིས་འཚོ་བའི་མི་རིགས་ཤིག་ཡིན། ཡིན་ནའང་བཙོན་ཁང་ནང་མར་ནི་བོད་ཀྱི་གོ་གསར་སྐབས་ལ་འཆར་ཅན་གཙོན་པ་རེར་རྒྱ་མ་གང་ཡོད། དེ་ཡང་དངོས་སུ་ལག་པར་སླེབས་དུས་སྲང་ཁ་ཤས་ལས་མེད། ཤ་ནི་ཕག་ཤ་རྙིང་པ་ལྕུག་ཁ་ཤས་རུལ་སུང་དུ་ཕྱིན་པ། མི་ལ་ནད་གཞི་བཟོ་མཁན་ལྟ་བུ། གྲོ་ཞིབ་ནང་སོ་བརྩེ་བ་དང་རྡེའུ་མང་པོ་ཡོད་པ། སྨན་ཁང་ཐབས་ཆག་ཅིག་ཡོད་ཀྱང་སྨན་ནི་ལས་ཁུངས་ཁག་གི་དུས་ཚོད་ཡོལ་ཟིན་པ་སོང་ཙང་ནད་གཞི་དྲག་ཏུ་འགྲོ་རྒྱུའི་ཚབ་ལ་ནད་གཞི་སྡུག་ཏུ་འགྲོ་ཡི་ཡོད་པ་སོགས་ནི་ཀྲུང་ཏུད་ཀྱི་འགོ་ཁྲིད་ལ་ཐུགས་ཁག་མེད། སྲིད་གཞུང་རང་གི་བོད་རིགས་ཀྱི་བཙོན་པར་མཐོང་ཆུང་བྱས་སྤུས་ཀ་སྡུག་པ་དང་། ཚད་གཞི་ཉུང་ཉུང་ལས་མ་སྤྲད་པ་དག་གི་རྒྱུ་མཚན་གང་ཡིན་ཙམ་ཞིག་བྲིས་ནས་དེར་ཡོད་ཆབ་བཙོན་ཚང་མའི་མིང་བྲིས་ཏེ་ཡི་གེ་ཤེས་ཚང་ཀློག་ཏུ་བཅུག རྒྱ་སྟར་གྱིས་ཡི་གེ་ལྟ་སྐོར་བར་སྤྲད། ཡང་བསྐྱར་སྤྱི་ལོ་ ༡༩༩༤ ཞུ་ཡིག་ཞིག་སྤྲད་གནང་ཡོད། ད་ཆ་ཞུམ་མེད་དཔའ་བོ་བློ་བཟང་བསྟན་འཛིན་ལགས་རྒྱལ་ས་ལྷ་སའི་ནུབ་ངོས་སུ་ཆགས་པའི་ཆུ་ཤུལ་བཙོན་ཁང་གནས་སྤོ་བྱས་ཡོད། ད་སྐབས་ཁོང་མཁལ་མའི་ན་ཚས་སྐེད་པ་དགྱེད་དགུར་དཀའ་བ་དང་། ཞབས་དང་པུས་མོར་ན་ཟུག་ཚད་མེད་གཏོང་བ། སྲོག་རླུང་གིས་སྙིང་ཁར་རྡོ་ཆེན་ཞིག་བཞག་པ་ལྟ་བུ་ཚོར་སྣང་གི་ན་ཟུག་གཏོང་བ། མགོ་བོར་ཟུག་གཟེར་ཡང་ཡང་བརྒྱབ་ཅིང་གཅིན་སྙིའི་ནད་ཡོད་པའི་རྐྱེན་གྱིས་མིག་གི་ནུས་པ་ཉམས་ཏེ་སྐབས་སྤྱན་གཉིས་མི་མཐོང་བ་སོགས་འཕྲོད་བསྟེན་ཧ་ཅང་ཛ་དྲག་གིས་འཇིག་རྟེན་འདིར་འཚོ་གནས་ཐུབ་མི་ཐུབ་ཀྱི་གནས་སུ་གྱར་ཡོད། ད་བར་མི་ལོ་ 24 ལྷག་བཙོན་ཁང་ནང་བསྐྱལ་བ་དང་། ཞུམ་མེད་དཔའ་བོ་བློ་བཟང་བསྟན་འཛིན་མཆོག་ནི་བོད་རང་བཙན་གྱི་སྐད་འབོད་བརྒྱབས་པའི་ཉེས་འོག་མི་རབས་གསར་པའི་ཁྲོད་ཀྱི་བཙོན་ཁང་ནང་ད་ལྟ་བར་རྒྱུན་རིང་ཤོས་བཞུགས་མཁན་རྒྱལ་གཅེས་དཔའ་བོ་ཞིག་ཡིན།
ངས་པོ་རྒྱལ་མཚན།
དཔའ་བོའི་མཛད་རྗེས་དུས་ནམ་ཡང་ང་ཚོའི་སེམས་ནང་གནས།
ངས་པོ་ལགས།
ཐུགས་རྗེ་ཆེ།
བོད་རང་བཙན་གྱི་ཆེད་དུ་དཀའ་ལས་རྒྱག་མཁན་ཞིག་ཡོད་ན་བཙན་བྱོལ་ནང་དུ་རྗེད་འགྲོ་བའི་ཉེན་ཁ་ཡོད་པའི་སྐབས་སུ་ཁྱེད་ཀྱི་རྒྱལ་གཅེས་དཔའ་བོ་ཁོང་གི་ལོ་རྒྱུས་མདོར་བསྡུས་ཤིག་བྲིས་ནས་སྤེལ་བ་གནད་ལ་སྨིན་པོ་ཞིག་བྱུང་།
ཁ་ཉིན་ངས་པོས་སྡུག་པོ་བྲིས་བྱུང་། །ད་ཐེང་ངས་པོས་ཡག་པོ་བྲིས་འདུག །ནོར་བ་འཁྲུལ་བ་ཡོང་བ་ཆོས་ཉིད། །ངས་པོ་ཁོང་ཡང་འཁྲུལ་བའི་སེམས་ཅན། །ཞུམ་མེད་དཔའ་བོ་བློ་བཟང་བསྟན་འཛིན། །འཛིན་བཟུངས་བྱེད་པའི་དུས་སྐབས་དེ་དུས། །དུས་ཟིང་ཆེ་བའི་གྱ་བརྒྱད་ལོ་རེད། །ང་ཡང་དེ་དུས་ལྷ་སར་ཡོད་དོ། །དེ་རྗེས་སྤོ་བོའི་བཙོན་ཁང་བསྐྱལ་ཤིང་། །ཡན་ལག་ཚང་མ་ལྕགས་ཀྱིས་བསྡོམས་ནས། །གདུག་རྩུབ་ཆེན་པོས་མནར་གཅོད་བྱས་ཀྱང་། །འཇིག་ཞུམ་སྤུ་ཙམ་མི་འདུག་གསུངས་མྱོང་། །དུས་དང་དུས་སུ་བསྒྱུར་བཅོས་ཐོངས་ཞེས། །བསམ་བློའི་སློབ་གསོ་ཟེར་བ་བཏངས་དུས། །ང་ཡིས་བསམ་བློ་གཏན་ནས་ནོར་མེད། །མ་ནོར་བསམ་བློ་བསྒྱུར་དགོས་མེད་གསུངས། །བསམ་བློ་ནོར་བ་བསྒྱུར་དགོས་ཡོད་ན། །གྲོགས་པོ་རང་ཚོས་བསམ་བློ་བཅོས་ཤིག །ཁྱོད་ནི་ཡབ་མེས་རྐང་འདྲེན་ངོ་མ། །དེ་ཕྱིར་ཁྱོད་རང་བཅོས་ཤིག་གསུངས་འདུག །སྤོ་བོར་བཞུགས་དུས་དངོས་བྱུང་ལོ་རྒྱུན། །དེ་དུས་སྤོ་བོའི་བཙོན་ཁང་ནང་དུ། །བཙན་གནོན་འོག་དུ་ལོ་བཅུ་ཚུད་པའི། །གཅེན་པོ་དམ་པས་དངོས་སུ་གསུངས་མྱོང་། །
དཔའ་བོའི་ཟུངས་ཁྲག
དགོས་དུས་ཆར་པ།
རང་བཙན་མེད་ཀྱང་།
རང་དབང་རྩད་དགོས།
རང་དབང་རྩོད་དགོས། ལ་བཅོས།
དྲ་གྲོགས་ཚོ་ཕེབས་ནས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ།
རིགས་ཞེན་དཀར་པོ་མྱུག་མིང་འོག་ཏུ་ཡིབ་ནས་ཉོག་གཏམ་ཞེ་དྲག་མི་བཤད་ན་བཟང་། མིག་ཤེལ་དམར་པོ་བརྒྱབ་སྟེ་བལྟས་དམར་པོ་ལས་ཅི་ཡང་མཐོང་ཐུབ།
ཞུམ་མེད་དཔའ་བོ་མཆོག་གི་རྒྱ་དམར་གྱིས་བཙན་བཟུང་བྱེད་དུས་ཁྱེད་ལྷ་སར་ཡོད་ན། ཁྱེད་ཀྱི་མིང་དངོས་གནས་ཅི་ཟེར།
མིག་ཤེལ་དམར་པོ་བརྒྱབ་སྟེ་བལྟས་ན་དམར་པོ་ལས་ཅི་ཡང་མཐོང་མི་ཐུབ། ནོར་བཅོས།
རྒྱལ་གཅེས་དཔའ་བོ་བློ་བཟང་བསྟན་འཛིན་ལ་གུས་བཀུར་ཞུ། ཁོང་གང་མགྱོགས་གློད་གྲོལ་ཐོབ་ཆེད་ལས་འགུལ་སྤེལ་དགོས། ཁོང་ལ་དཔའ་བོ་དང་སྙིང་སྟོབས་ཀྱི་གཟེངས་རྟགས་ཕུལ་དགོས། ཁོང་གི་ཆེད་ལས་འགུལ་སྤེལ་མཁན་མང་པོ་མེད་པ་གང་ཡིན་ནམ།
བཙོན་བྱོལ་ནང་གི་ལས་འགུལ་དང་གསར་འགྱུར་གཅིག་པ་རེད།
དེར་བརྟེན། མཛད་རྗེས་ཅན་རྙིང་པ་རྙིང་པ་ཚོ་ཡ་མེད་འདྲ་པོ་ཆགས་འགྲོ་གི་ཡོད་པ་རེད།
དཔེར་ན། གནས་ཚུལ་རྙིང་པ་གསར་འགྱུར་གྲས་སུ་མི་བརྩི་ལ། མི་མང་ཚོས་ཀྱང་དོ་སྣང་བྱེད་ཀྱི་མེད་པས་སོ།།
འདི་ནི་ངའི་མཐོང་སྣང་ཙམ་ཡིན།
ངས་པོ་རྒྱལ་མཚན་ལགས། ངའི་འཐབ་གྲོགས་ཕྱིར་དྲན་གནང་བར་བཀའ་དྲིན་ཆེ་ཞུའོ།།
བཙོན་བྱོལ། བཙན་བྱོལ་བཅོས།