མགོན་པོ་སྐྱབས།
གཉོམ་ཆུང་མི་ལ་ཐུབ་ཚོད་མ་བྱེད།
རྒྱུ་ཆེན་མི་ལ་ངོ་དགའ་མ་བྱེད།
རང་ཚུགས་ཐུབ་པའི་བརྟན་བརླིང་མེད་ན།
མི་གཤིས་ངོ་མའི་རིན་ཐང་བརླགས་འགྲོ།
ཁ་བཤད་ཆུ་བོ་བཞུར་བཞུར་བྱེད་ཀྱང།
ལག་ལེན་ཆུ་ཐིགས་ཙམ་ཞིག་མེད་ན།
གང་སྒྲུབ་བྱ་བའི་ལས་དོན་ཅི་ཡིན།
ངང་ཐུང་ཙམ་ལས་ཕུགས་བརྟན་མི་འདུག།
དྲིན་བྱས་དྲིན་ལན་སེམས་ལ་ཉར་དགོས།
དགྲ་བྱས་སྙིང་ནད་ཁོག་ནས་དོར་དགོས།
རེ་འགའ་རེ་སྐྱིད་ཆོས་ཉིད་འདི་ལ།
དགྲ་ཡང་གྲོགས་སུ་འགྱུར་བའི་དཔེ་ཡོད།
ཕྱི་ཡི་འཇིག་རྟེན་ཁྲ་ཁྲ་སིང་སིང།
སྐྱིད་སྐྱིད་འདྲ་བའི་སྣང་བ་ཤར་ཡང།
རང་སེམས་གཅུན་པའི་ཐབས་མཁས་མེད་ན།
སྐྱིད་་སྣང་འཁོར་བར་སྡུག་གི་གཞི་རེད།
རྣམ་དཔྱོད་རིག་པའི་འདབ་ལག་རྩེན་པ།
འགྱུར་མེད་བརྩོན་པའི་གོ་ཆ་གྱོན་དགོས།
ལེ་ལོའི་འདུ་འཛིའི་རྣམ་གཡེང་ཁྱེར་ན།
ལོ་བརྒྱ་འབད་ཀྱང་སྙིང་བོ་དབེན་པ།
མཛའ་བའི་དུང་བ་གཅིག་ལ་བརྒྱུས་པས།
འཆམ་མཐུན་གསེར་གྱི་ཉ་མོ་ཆ་གཅིག།
མི་འགྱུར་དམ་བཅའ་བརྟན་པོ་མེད་ན།
ལོ་ངོའི་བཞུར་རྒྱུན་ཁྲོད་ནས་ཡལ་འགྲོ
མགོན་པོ་སྐྱབས་ནས།
༢༠༡༢་༩་༡༧་ཉིན།རང་ཤག་ནས།
གཅིག་དགའ་བ་དབྱེ་འབྱེད་དགའ་བ། །
ཀུན་ལ་དགའ་བ་བརྩེ་བས་དགའ་བ། །
རང་ལ་བརྩེ་ན་གཞན་ལ་དགའ་དགོས། །
གཞན་ལ་ཕན་ན་རང་ལ་དགའ་བ། །
མཛེ་མས་ང་ལ་བརྙས་བཅོས་མ་བྱེད། །
མཛེས་མས་ང་ལ་ཐུབ་ཚོད་མ་གཏོང་། །
མཛེམས་མ་ང་དང་གཤིན་བྲལ་མ་གྱིས། །
མཛེས་མ་ང་དང་ཐུག་ཐབས་བརྩོནད་དང་། །
ལེགས་བཤད་ཆུ་བོ་བཞུར་བཞུར།
ལྷག་གསམ་མེ་ཏོག་སྐྱེ་སྐྱེ།
རྣམ་རིག་ཟླ་སྐར་བཀྲ་བཀྲ།
མགོན་སྐྱབས་སྙན་ཚིག་སྙན་ནོ།
ལེགས་བཤད་ཆུ་བོ་བཞུར་བཞུར།
ལྷག་གསམ་མེ་ཏོག་སྐྱེ་སྐྱེ།
རྣམ་རིག་ཟླ་སྐར་བཀྲ་བཀྲ།
མགོན་སྐྱབས་སྙན་ཚིག་སྙན་ནོ།
ལེགས་བཤད་ཆུ་བོ་བཞུར་བཞུར།
ལྷག་གསམ་མེ་ཏོག་སྐྱེ་སྐྱེ།
རྣམ་རིག་ཟླ་སྐར་བཀྲ་བཀྲ།
མགོན་སྐྱབས་སྙན་ཚིག་སྙན་ནོ།