ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ། ༢༠༡༢.༩. ༢༡ – ༢༣ བར།
ཚོགས་ཆེན་འདི་སྐབས་བཞི་བའི་རྒྱུན་ལས་གསར་འདེམས་དང་བསྟུན་ནས་བོད་ཀྱི་གནད་དོན་དང་འབྲེལ་བའི་བརྗོད་གཞི་འགའ་རེའི་ཐོག་ལ་བགྲོ་གླེང་གི་ཚོགས་འདུ་ཞིག་ཡིན། དེ་བས་ཚོགས་མི་གསར་རྙིང་ཚང་མ་ཚོགས་ཞུགས་བྱེད་རྒྱུ་གལ་ཆེན་པོ་ཡིན། ཚོགས་མི་ཞིག་ལ་མཚོན་ན་ཚོགས་ཆེན་ལ་ཞུགས་རྒྱུ་འདི་རང་གི་འོས་འགན་གཙོ་བོ་ཞིག་ཀྱང་ཡིན། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་འགར་མགྲོན་ཤོག་བཏང་བ་བཞིན་ཚོགས་འདུའི་མཛད་སྒོར་དུས་ལྟར་འབྱོར་ཐུབ་པའི་རེ་བ་ཡོད། གཞན་ཡང་ཚོགས་འདུར་ཟུར་ཞུགས་གནང་མཁན་ཡོད་ན་ཡང་དགའ་བསུ་ཞུ། དྲི་བ་འདོན་པའི་ཐོབ་ཐང་ཡང་ཐོབ།
རྡ་ས་ཉེ་འཁོར་ན་ཡོད་པའི་ཚོགས་མི་རྣམས་ཀྱིས་མི་བཞི་རེས་ལྷན་དུ་གླ་འཁོར་རེ་གླས་ནས་ཕེབས་ན་འདི་ནས་ཡར་མར་གྱི་ལམ་གླ་རྩིས་རྒྱག་ཆོག
ཐག་རིང་ནས་ཕེབས་པའི་ཚོགས་མི་གཉིས་རེས་ལྷན་དུ་ཉིན་རེར་སྒོར་༥༠༠ལས་མ་བརྒལ་བའི་མགྲོན་ཁང་གླས་ན་ཡང་འགྲོ་སོང་གཏོང་འཐུས།
ཚོགས་བཅར་བ་རྣམ་པས་གསལ་བརྡ་འདིའི་གཤམ་མཆན་ནང་དང་གློག་འཕྲིན་དང་ཁ་པར་གང་རུང་བརྒྱུད་ནས་ཐོ་འགོད་གནང་རོགས་ཞུ།
གཤམ་གསལ་བགྲོ་གླེང་གི་བརྗོད་གཞི་ཁག་ལ་བགྲོ་གླེང་བ་རྣམ་པས་གྲ་སྒྲིག་གང་ལེགས་གནང་ཡོད་པའི་རེ་བ་ཡོད། གལ་ཏེ་བརྗོད་གཞི་ལ་ལའི་སྐོར་ལ་དང་བླང་གཏམ་བཤད་གནང་མཁན་གཞན་དག་ཡོད་ན་ཡང་དགའ་བསུ་ཞུ། ཚོགས་མི་རྣམ་པས་ངེས་པར་བརྗོད་གཞི་ཁག་དང་འབྲེལ་བའི་བསམ་འཆར་ལྷུག་པོར་གནང་དགོས་པ་དང། རྒྱུན་ལས་གསར་བའི་འོས་མི་སུ་འོས་དག་ལ་བསམ་བློ་ལེགས་པར་བཏང་ནས་ཚོགས་ཞུགས་ཀྱི་འོས་འགན་ལེགས་སྒྲུབ་ཐུབ་པའི་རེ་བ་ཡོད།
ཉིན་དང་པོའི་ལས་རིམ།
༡༽ ༡༠:༠༠ སྐུ་མགྲོན་རྣམས་བཞུགས་གྲལ་དུ་འཁོད་རྒྱུ།
༢༽ ༡༠:༠༥ སྐུ་མགྲོན་གཙོ་བོ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་སྣང་གསལ་སྒྲོན་མེ་ཞལ་འབྱེད་དང་འབྲེལ་བོད་མི་རིགས་དང་བསྟན་སྲིད་ཆེད་སྐུ་སྲོག་བློས་བཏང་གནང་བ་རྣམ་པ་དང་ཁྲིམས་ཆད་མནར་གཅོད་མྱོང་བཞིན་པའི་དཔའ་བོ་དཔའ་མོ་ཡོངས་ལ་མྱ་ངན་གུས་འདུད་སྐར་མ་གཅིག་ཞུ་རྒྱུ།
༣༽ ༡༠:༡༠ མཐུན་ཚོགས་ཀྱི་ཕྱི་འབྲེལ་དྲུང་ཆེ་བུད་དྷ་སྐྱབས་ལགས་ཀྱིས་ཚོགས་ཆེན་ངོ་སྤྲོད་དང་འབྲེལ་པེན་གྱི་སྐོར་ལ་གཏམ་བཤད་གནང་རྒྱུ།
༤༽ ༡༠:༢༥ མཐུན་ཚོགས་ཀྱི་དྲུང་ཆེ་གངས་སྲས་ལགས་ཀྱིས་ལོ་གསུམ་གྱི་ལས་སྡོམ་སྙན་སྒྲོན་དང་འབྲེལ་བའི་གཏམ་བཤད་གནང་རྒྱུ།
༤༽ ༡༠:༤༠ མཐུན་ཚོགས་ཀྱི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་ཚོགས་ཆེན་དང་འབྲེལ་བའི་གཏམ་བཤད་གནང་རྒྱུ།
༥༽ ༡༡:༡༠ སྐུ་མགྲོན་གཙོ་བོ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་བཀའ་སློབ་གསུང་བཤད་གནང་རྒྱུ།
བགྲོ་གླེང་གི་བརྗོད་བྱ་ཁག་དང་བགྲོ་གླེང་བ།
ཀ༽ ༡༡:༥༥ བགྲོ་གླེང་གི་བརྗོད་གཞི་དང་པོ། བོད་ཀྱི་རྩོམ་རིག་གོང་སྤེལ་དང་རྩོམ་པ་པོ་གསོ་སྐྱོང་སྐོར་གླེང་བ།
བགྲོ་གླེང་བ། སྤྲོ་ཚིགས་ཆོས་གྲགས། ཉི་མ་རྒྱལ་མཚན།
ཁ༽ ༢:༠༠ བགྲོ་གླེང་གི་བརྗོད་གཞི་གཉིས་པ། བོད་ཀྱི་སྐད་ཡིག་འཁྲིད་ཐབས་ལེགས་བཅོས་སྐོར་གླེང་བ།
བགྲོ་གླེང་བ། གཡུ་སྒང་འོད་ཟེར། (བགྲོ་གླེང་གནང་རོགས་རེ་ཡོད་པའི་རེ་བ་ཡོད།)
ག༽༣:༣༠ བགྲོ་གླེང་གི་བརྗོད་གཞི་གསུམ་པ། ཁྲིམས་ཆད་ཕོག་པའི་རྒྱ་ནག་ནང་གི་རྩོམ་པ་པོའི་སྐོར་གླེང་བ།
བགྲོ་གླེང་བ། རྡོ་རྗེ་དབང་ཕྱུག (བགྲོ་གླེང་གནང་རོགས་རེ་ཡོད་པའི་རེ་བ་ཡོད)
ཉིན་གཉིས་པའི་ལས་རིམ།
ང༽ ༩:༥༠ བགྲོ་གླེང་གི་བརྗོད་གཞི་བཞི་བ། བོད་ནང་གི་ཞི་རྒོལ་རིམ་བྱུང་གི་འཕེལ་རིམ་དང་དོན་སྙིང་སྐོར་གླེང་བ།
བགྲོ་གླེང་བ། ཚངས་དབྱངས།(བགྲོ་གླེང་གནང་རོགས་རེ་ཡོད་པའི་རེ་བ་ཡོད)
ཅ༽ ༡༡:༠༠ བགྲོ་གླེང་གི་བརྗོད་གཞི་ལྔ་བ། བོད་ནང་གི་ཤེས་ཡོན་ཅན་རྣམ་པའི་བསམ་བློ་དང་འོས་འགན་སྐོར་གླེང་བ།
བགྲོ་གླེང་བ། རེ་མདོ་སེང་གེ ཨ་རིག་དགེ་མཐོང།
ཆ༽ ༢:༠༠ བགྲོ་གླེང་གི་བརྗོད་གཞི་དྲུག་པ། བཙན་བྱོལ་ནང་གི་ཤེས་ཡོན་ཅན་རྣམ་པའི་བསམ་བློ་དང་འོས་འགན་སྐོར་གླེང་བ།
བགྲོ་གླེང་བ། བསམ་གླིང་ཚེ་རིང་ལྷ་མོ། ཀླུ་མཁར་བྱམས།
ཇ༽ ༣:༣༥ བགྲོ་གླེང་གི་བརྗོད་གཞི་བདུན་པ། བོད་རྒྱ་སོག་ཡུ་གུར་དང་བཅས་པའི་རྩོམ་པ་པོའི་མཉམ་འབྲེལ་དང་འོས་འགན་སྐོར།
བགྲོ་གླེང་བ། རྨོག་རུ་བསྟན་པ། ཆབ་བྲག་ལྷ་མོ་སྐྱབས།
ཉིན་གསུམ་པའི་ལས་རིམ།
ཉ༽ ༡༠:༠༠བགྲོ་གླེང་གི་བརྗོད་གཞི་བརྒྱད་པ། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཡར་རྒྱས་གཏོང་ཐབས་སྐོར་གླེང་བ།
བགྲོ་གླེང་བ། སྒྲོལ་དཀར་སྐྱབས། (རྒྱུན་ལས་རྣམ་པ་དང་ཚོགས་མི་ཚང་མས་བསམ་འཆར་འདོན་རྒྱུ)
ཏ༽ ༡༡:༥༠ བགྲོ་གླེང་གི་བརྗོད་གཞི་དགུ་བ། སྒྲིག་གཞི་བསྐྱར་བཅོས་དང་བྱུང་སོང་རྩིས་ཁྲའི་སྐོར། (རྒྱུན་ལས་རྣམ་པ)
ཐ༽ ༢:༠༠ གྲོས་ཆོད་ཁག་གཏན་འབེབས།
ད༽ ༣:༢༠ རྒྱུན་ལས་གསར་འདེམས་དང་ལས་བགོ
པེན་བོད་ཀྱི་རྩོམ་པ་པོའི་ཡིག་ཚང་ནས། ༢༠༡༢།༩།༢
འབྲེལ་བ་གནང་ས།
tibpen2002@gmail.com
9218232996,9805345852,9805875642,
བཞི་པ་ལ་བཞི་བ་བྲིས་པ་མང་བ་དང་། པ་པོ་བདག་སྒྲ་ཉིད་ཐོབ་སར་བགྲོ་གླེང་བ་ཞེས་བ་ཡིག་ཀྱང་བྲིས་འདུག འདི་ནི་བགློ་གླེང་དང་པོ་འདིན་ནས་འགོ་ཚུགས་འདོད་ཡོད་ལགས།
སྟོང་པ་ལ་སྟོང་བ་དང་བུམ་པ་ལ་བུམ་བ་སོགས་མང་ནི་རེད་ཡ་
ཡིན་ནའི་གལ་ཆེན་པོ་ཅང་མ་རེད་
མིང་ཙམ་རེད།
༣༽ གངས་ཟླ་ལགས།
ཁྱེད་རང་གིས། ཡིན་ན་ཡང་། དེ། ཡིནའི་བྲིས་པ་ནི། ཤིན་ཏུ་ནོར་ཙབ་བའི་ལྷ་སའི་ཁ་སྐད་ཅིག་རེད་དོ།
ཨམ་སྐད་ངག་གི་སྦྱོར་བ་ལ།།
རྗེས་འཇུག་ཅུ་དང་མཐའ་མེད་མཐར།།
མིང་དང་བདག་པོ་སྟོན་པའི་ཚིག།
ག་ད་ན་བ་མ་ལྔ་ལ།།
པ་པོ་ག་ལ་ག་གོ་ཡང་།།
ང་འ་ར་ས་ལ་མཐའ་མེད།།
ང་ལ་ང་ངོ་རེ་ཟུང་དང་།
བ་བོ་ར་ལ་ར་རོ་དང་།།
མ་མོ་ཅན་ལྡན་ཀུན་མཉམ་དུ།།
འཇུག་པ་མ་ནོར་ཤེས་བར་བྱ།།
ཆོལ་གསུམ་བོད་མིའི་བློ་ལ་ཟུངས།།
དཔེར་ན།
ག་ད་ན་བ་མ།
ཡག་ག། ཡག་གོ། ཡག་པ། ཡག་པོ། མེད་པོ བསྟོད་པ། དཔོན་པོ། སྦྱིན་པ། ཐོབ་པོ། འཐེབ་པ། ལྡོམ་པོ། སྡོམ་པ། ལྟ་བུའོ།
ང་འ་ར་ས་ལ་དང་མཐའ་མེད།
བཟང་ངོ་། བཟང་ང་། བཟང་བོ། གསང་བ། །དགའ་བོ། མཐའ་བ། དཀར་རོ། དར་ར། དཀར་བོ། དར་བ། བྲོས་བོ། ནུས་བ། གྱོལ་བོ། འགྲེལ་བ།། ཁྲོ་བོ རྔ་བ། ལྟ་བུའོ།
ག་ང་ད་ན་བ་མ་འ་ར་ལ་ས་དང་མཐའ་མེད་མཐར།
གྲོགས་མོ། བཟང་མ། ལྟད་མོ། རྒན་མོ། ལྟེབ་མ གཡེམ་མ། དགའ་མ། སྡར་མ། ཁོལ་མ། བྲོས་མ། རྔ་མ། ལྟ་བུའོ།
བཀྲ་ཤིས་བདེ་ལེགས་ཡོད་པ་དང་ཆབ་གཅིག་ང་ཡོང་མ་ཐུབ་ན་ཅིག་གིས་པ་པོ་བ་བོ་མ་མོ་ང་ངོ་ར་རོ་ག་གོ་འདིའི་སྐོར་ལ་གཏམ་བཤད་ཡག་གོ་ཞིག་གནང་རོགས་ཞུ།
འདི་ལྟའི་བགྲོ་གླེང་གལ་ཆེན་རེད། རྣམ་པ་ཚོ་སྐུ་ཚེ་བརྟན་པར་སྨོན།
ཨམ་སྐད་ངག་གི་སྦྱོར་བ་ལ།།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཆོལ་གསུམ་བོད་མིའི་བློ་ལ་ཟུངས།།
ཟེར་ན་ཧམ་པ་ཆེ་དྲགས་པ་མིན་ནམ།
ནུས་བ། གྱོལ་བོ། འགྲེལ་བ།། རྔ་བ། ལྟ་བུ་ལ། ནུས་པ། གྱོལ་པོ། འགྲེལ་པ། རྔ་པ། ལ་པ་ཉིད་ཐོབ་དགོས།
འདི་ནི་རླབས་ཆེན་རེད་ལ། གཟི་བརྗིད་ལྡན་པ་ཞིག་ཀྱང་ཡིན་པས་གོ་སྒྲིག་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཀརྡོ་ལགས་ཧམ་པ་ཡིན་ནི་མ་རེད། སྐད་ཡིག་དང་ངག་བརྡ་སོགས་ལ་སྦྱང་བ་ནི་མི་དེའི་རང་གི་ལུས་ལ་རྒྱན་ཆ་མང་ཙམ་བཏགས་པ་དང་གཅིག་པ་རེད། ངས་མཐོ་སྒང་གི་བོད་མི་འདི་རྒྱན་ལ་དགའ་བོ་ཡོད་པ་སྔ་ས་ནས་ཤེས་ཡོད་པས་སྐྱོན་ནི་མ་རེད། ཁྱེད་རང་གི་མི་འདོགས་ཟེར་ན་ཡང་ཤོར་སོང་ནས་ཀྱང་ཡོད་ནི་མ་རེད། འདི་ན་དེ་འདྲ་ཞིག་ཡོད་ནོ་ཤེས་བ་ཙམ་གྱིས་འགྲིག་སོང་བ་ཡིན།
་ཡིན་ནི་མ་རེད། ཅེས་པའི་ནི་སྒྲ་འདི། བོད་སྤྟི་སྐད་ལ་མི་རན།
ཁྱོས་མ་གོ་ནིའི་བོད་སྐད་དང་ཁྱོས་མ་ཤེས་ནིའི་བོད་ཡིག་མང་ནི་རེད། དེ་ན་མགོ་སྒུར་རལ་སློབ་སྦྱོང་ངལ་སྲལ་ལེན་བྱོས། རྗེས་ཕྱོགས་ཡག་གོ་ཞིག་ཆག་གའི་རེ་དོགས་ཡོད། ཧ་ཧ་ཧ། ད་ཨེ་གོ་འི། འདི་ཨམ་སྐད་རེད། ཀརྡོ་ལགས།
ཁྱོད་ཀྱིས་མི་གོ ཚབ་ལ། ཁྱོས་མི་གོ་ཞེས་བྲིས་པ་མི་འཐད་དེ། ཁྱོས་ཞེས་པ་ནི། ཁྱོ་གས་སམ། ཁྱོ་ག་ཡིས་མི་གོ་ཞེས་པ་གོ་བ་ང་ནི་། ཁྱེ་རང་གི་མ་ཡིན་ལ་། དུས་ནམ་ཡང་བྱེད་འདོད་མེད་ལགས། ཧ་ཧོ། སྐུ་རྩེད་དང་བཅས།
རྩོམ་པ་བོའི་མཐུན་ཚོགས་ནི་ཨ་མདོ་ཁ་ཤས་ཀྱིས་ཕྱི་རྒྱལ་ལ་ནག་ཚོང་རྒྱག་ས་ཡིན་པ་དང་།ཀུན་ཐར་ཟེར་བ་སོགས་ཀྱི་ལྷམ་གོན་གོན་བྱས་ཚར་དུས་ཅང་མེད་ངེས། ལྷག་པར་ཆབ་བྲག་གི་ཕ་ཡུལ་གཅིག་པ་དང་ཟུར་བསྟེན་དགའ་རོགས་སོགས་ཀྱི་ཁ་རྒྱབ་རེ་ས་རང་རེད།
ལོ་ཁ་ཤས་སྔོན་ལ་དྭགས་ཁ་སྐད་དུ་བྲིས་པའི་དུས་དེབ་ལ་དྭགས་པ་སློབ་སྦྱོང་ཆེར་མེད་མཁན་ཀུན་ལ་གོ་སླ་བ་འདུག་ཟེར། དུས་དེབ་དེ་༧གོང་ས་མཆོག་ལ་སྤྱན་འབུལ་ཞུས་པ་ན། ཀློག་པར་མཛད་དེ། འདི་ལ་གོ་རྒྱུ་ཞིག་གང་ཡང་མི་འདུག་གསུངས་པ་ལ། ལ་དྭགས་བོད་ཀྱི་སྤྱིའིསྐད་སྲུང་འདོད་མཁན་མང་ཆེ་བ་གྲྭ་པ་དང་། བོད་ཡིག་ཤེས་ཚད་ཆེན་པོ་ཡོད་པ་རྣམས་ཀྱིས་་སྐྱབས་མགོན་རིན་པོ་ཆེའི་གསུང་ལ་མངོན་བསྟོད་ཞུས་ཏེ། དུས་དེབ་དེ་མེད་པར་ཆགས་བཅུག་ཀྱང་། བོད་ཡིག་ཤེས་ཚད་ཆུང་བ་རྣམས་ཀྱིས་ལ་དྭགས་ཁ་སྐད་དུ་བྲིས་པ་ལ་ཀློག་སླ་བར་མཐོང་སྟེ། ལ་དྭགས་ཁ་སྐད་ལ་བྲིས་པའི་དཔེ་ཆ་རེ་ཡོད་པར་མཐོང་། བཀའ་བསྟན་གསུང་འབུམ་བཅས་ཀྱི་ཡི་གེའི་དག་ཆ་རིམ་པས་མེད་པར་འགྲོ་བ་ལ་བག་ཟོན་མེད་པ་དག་གིས་འདི་འདྲའི་རིགས་རང་གིས་ཀྱང་འབྲི། གཞན་འབྲི་བ་པོ་རྣམས་ལ་ཡང་དགའ་བསུ་བྱེད་དགོས་པར་མཐོང་ངོ་།།
གངས་སྲས་ཀྱིས་ལས་སྡོམ་ག་རེ་བཤད་རྒྱུ་ཡོད་རེད། ཡོད་མེད་མི་ཤེས་པའི་སྤྱི་ཚོགས་མེ་ལོང་ནང་མཇེ་དང་གཉའ་མའི་སྐོར་དེ་བཤད་ན་མ་གཏོགས་གང་ཡོད། བུད་ཌྷ་སྐྱབས་ཟེར་བས་ཕྱི་རྒྱལ་ལ་འགྲོ་མ་ཐུབ་པའི་ངན་སྨྲས་འདོད་རྒྱུ་ེང་རེད།
ཨམ་སྐད་ངག་གི་སྦྱོར་བ་ལ།།
འབྲེལ་སྒྲ་གསུམ་དང་བྱེད་སྒྲ་གསུམ།།
འཇུག་པ་གཅིག་དང་གཅིག་པ་ཡིན།
ཀི་གི་འི་གསུམ་རྗེས་འཇུག་ཅུར།།
ད་བ་ཡང་འཇུག་ད་ས་ཀི།
ན་མ་ར་དང་ག་ང་གི།
ས་འ་ལ་དང་མཐའ་མེད་འི།།
ཆོལ་གསུམ་བོད་མིའི་བློ་ལ་ཟུངས།།
༜༜ ༜༜ ༜༜ ༜༜ ༜༜
ཨམ་སྐད་ངག་གི་སྦྱོར་བ་ལ།།
ཀིས་གིས་འིས་གསུམ་བྱེད་སྒྲ་ཡིན།
འཇུག་པ་འབྲེལ་སྒྲ་ཉིད་དང་མཚུངས།།
མིང་གང་གང་ལ་མཐའ་མེད་པར།།
ཕལ་ཆེར་ས་མཐས་འཐུས་བ་ཡིན།།
ཆོལ་གསུམ་བོད་མིའི་བློ་ལ་ཟུངས།།
༜༜ ༜༜ ༜༜ ༜༜ ༜༜
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་སྐབས་བཞི་པར་བཀྲ་ཤིས་བདེ་ལེགས་དང་ཚོགས་འདུ་ལེགས་འགྲུབ་ཡང་བ་དང་ཚོགས་པ་ཡར་རྒྱས་ཡོང་བའི་སྨོན་ལམ་འདེབས།
༧པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡོང་ལ་བཀྲ་ཤིས་བདེ་ལེགས་ཞུ།།
ང་ཚོགས་མི་གསར་བ་ཞིག་གི་ངོས་ནས་ཚོགས་ཆེན་ལ་ཡོང་མ་ཐུབ་པར་འགྱོད་པ་ཆེན་པོ་སྐྱེས་སོང་། ང་རང་ད་ལྟ་ལ་དྭགས་ལ་ཡོད། སྔོན་ནས་ཚོགས་ཆེན་ལ་ཞུགས་འདོད་ཧ་ཅང་ཆེན་པོ་ཡོད་ཀྱང་། ཚོགས་ཆེན་བརྡ་ཁྱབ་སྔོན་ལ་ངའི་གནམ་གྲུ་འཛིན་བྱང་ཉོས་ཚར་ཡོད་པ་དང་། དེ་ཡང་ཕྱི་ཟླ་བཅུ་བའི་དང་པོ་ལ་གཏན་འཁེལ་སོང་ཡོད་པས་ཡིན།
ངས་ད་ཐེངས་ཐོག་དང་པོའི་ཚོགས་ཆེན་ལ་དགོངས་པ་ཞུ་དགོས་པ་ངའི་ངོས་ནས་ངོ་ཚ་ཞིག་དང་ འགྱོད་པ་ཞིག་ཡིན་ཡང་ མཐུན་ཚོགས་ཀྱི་འགན་འཛིན་མཆོག་ལ་དགོངས་པ་མི་ཞུ་ཐབས་མེད་ཆགས་སོང་། དགོངས་འགལ་མེད་པ་ཞུ་ཞུ།
ང་ཚོགས་འདུ་ལ་དངོས་སུ་ཞུགས་མ་ཐུབ་ཀྱང་། ངས་འདི་ནས་རྗེས་སུ་ཡི་རངས་དང་གུས་བརྩི་བྱེད་བཞིན་ཡོད་ལགས།
མི་ཁ་ཤས་ཀྱིས་ཟུར་ཟ་དང་ཉོག་བཤད་ལ་མ་ལྟོས་པར། ཚོགས་འདུ་ལ་དོན་སྙིང་ལྡན་པ་དང། བགྲོ་གླེང་ལ་གྲུབ་འབྲས་ཐོབ་པ། གྲོས་ཆོད་ལ་བོད་གཞིས་བྱེས་ཡོངས་ཀྱི་རྩོམ་པ་པོས་དགའ་བསུ་ཐོབ་ཞིག་ཡོང་བའི་ཡིད་ཆེས་ཡོད།
གཞན་ཡང་གསུང་བཤད་དང་བགྲོ་གླེང་ཚང་མ་དྲ་ལམ་བརྒྱུད་ནས་ཀློག་ཐུབ་པ་དང་ཉན་ཐུབ་པ་ཞིག་ཡོང་བའི་རེ་བ་བྱེད་བཞིན་ཡོད།
མཐར་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་འདི་བཞིན་རྒྱལ་སྤྱིའི་རྩོམ་པ་པོ་མཐུན་ཚོགས་ནང་བཞིན་རང་དབང་གི་རྩོམ་པ་པོ་མཐུན་ཚོགས་ཞིག་དང་སྤྱི་ཚོགས་ཀྱི་ཕན་བདེ་བླ་ན་མེད་པའི་གྲུབ་འབྲས་ཅན་ཞིག་དུ་འགྱུར་བའི་སྨོན་པ་རྩེ་གཅིག་ཏུ་བཏབ་པ་ལགས་སོ།། ༢༠་༩་༢༠༡༢ལ་ཡོན་ཏན་རྒྱ་མཚོས་ཕུལ།
ཡིད་རངས་པ་ལ། ཡང་འཇུག་ས་ཡོད་ཀྱང་། ངས་འདི་ནས་རྗེས་སུ་ཡི་རངས་བྱེད་་་ ངས་འདི་ནས་རྗེས་སུ་ཡི་རང་བྱེད། ལ། ཡང་འཇུག་ས་མེད།
ལགས་སོ།
གནམ་གྱི་བུ་བཞིན་དུ་ཚོགས་བཅར་མ་ཐུབ་པའི་ཚོགས་མི་གཞན་དག་གིས་ཀྱང་ཚོགས་ཆེན་གྱི་བརྗོད་གཞི་གང་རུང་སྐོར་དང་ལྷག་པར་རྒྱུན་ལས་གསར་འདེམས་ཀྱི་འོས་མི་བཅས་ཀྱི་སྐོར་ནས་འདིར་མཆན་རེ་འདོགས་ཐུབ་ན་ཡང་རང་གི་འོས་འགན་སྒྲུབ་སྟངས་ཤིག་ཡིན།
ང་རང་ཚོགས་འདུ་དེར་ཞུགས་མ་ཐུབ་པར་འགྱོད་པ་བྱུང་། ཚོགས་འདུ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ།
པེན་བོད་ཀྱི་ཚོགས་མི་ཡིན་ཟེར་ཞིང་། རྩོམ་བྱང་འདྲ་བྲིས་ཁུལ་བྱ་ཚེ་ཡིག་ནོར་མང་བས་རྩོམ་ཡིག་ཡེ་ནས་མི་འཁྱོངས་བའི་གསར་འབྱོར་བ་དེ་འདྲ་འགའ་ཞིག་དང་འཕྲད་སོང་།
ཚོགས་མི་དངོས་གནས་ཡིན་མིན་མི་ཤེས།
ཚོགས་འདུའི་རེ་འདོད་བཞིན་བདེ་ལེགས་ཡོང་བའི་རེ་བ་ཆེ། བཀྲིས་བདེ་ལེགས། སྐུ་ཁམས་བཟང་།
བཀུར་འོས་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་ལ་ཞུ་རྒྱུ། ངའི་མིང་ལ་བློ་བཟང་གྲགས་པ་ཟེར་གྱི་ཡོད། ཕ་ཡུལ་ལི་ཐང་ནས་ཡིན། ༡༩༩༩་ལོའི་ཟླ་འཇུག་ཏུ་བོད་ནས་རྒྱ་གར་རུ་བྲོས་བྱོལ་དུ་ཡོང་པ་ཡིན། ད་ལྟ་ཁྲིམས་ལུགས་ཀྱི་སློབ་གཉེར་བྱེད་བཞིན་ཡོད། སྤྱིར་ཚོགས་པ་ཞིག་ལ་མཚོན་ན། མཐོ་དམན་བར་གསུམ་གྱི་འཕོ་གྱུར་དང་ཆགས་འཇིག་ཡོང་པ་ནི་འགྲོ་སྟངས་ཤིག་རེད། ཚོགས་མི་དང་ལས་ཁུར་བ་རྣམས་ལ་བཟང་ངན་གྱི་བཤད་རྒྱུ་འདྲ་མིན་ཡོང་པའང་སྤྱི་ཚོགས་ཀྱི་འགྲོ་སྟངས་ཤིག་རེད། དེ་ལ་དོ་སྣང་དང་གལ་ཆེན་དུ་རྩིས་མི་རན་སྙམ། བཙན་བྱོལ་བོད་དུ་རྩོམ་པ་པོའི་མཐུན་ཚོགས་ཤིག་འཛུག་ཐུབ་པ་དང་། དེ་ནས་ཆེ་ཆུང་ལ་མ་ལྟོས་པར་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྒྱུ་རྩལ་ལ་སོགས་གོང་འཕེལ་གཏོང་པར་ཕྱག་ལས་གནང་པ་ནི་གཟི་བརྗིད་ཅིག་མཐོང་གི་འདུག ང་རང་ཡིན་ནའང་ཚོགས་པ་འདིའི་ནང་འཛུལ་འདོད་ཡོད། ང་ནི་ཁྱེད་རྣམ་པ་ནང་བཞིན་རྩོམ་རིག་སྒྱུ་རྩལ་ཐད་མཁས་པ་དེ་འདྲ་དང་སྤྱི་ཚོགས་སུ་མིང་ཡོད་པ་དེ་འདྲ་མིན་མོད། ཡིན་ནའང་ང་ནི་རྩོམ་རིག་ལ་དགའ་ཞན་ཡོད་མཁན་ཞིག་དང་། རྒྱུན་དུ་ནས་དྲ་ལམ་དང་ཚགས་ཤོག་སྒང་རྒྱ་བོད་དབྱིན་གསུམ་གྱི་རྩོམ་ཡིག་སྤེལ་གང་ཐུབ་བྱེད་མཁན་ཞིག་ཡིན། ལོ་ཙྭ་བའི་ལས་རིགས་ལའང་དགའ་ཞན་ཡོད་མཁན་ཞིག་ཡིན། དེ་སྔོན་ཁ་བརྡ་དྲ་བ་དང་ཀ་ཁོང་དྲ་བས་སྒྱུ་རྩོམ་འབྲི་མཁན་གྱི་གོ་སྐབས་བསྩལ་པར་བརྟེན། རྒྱ་ནག་གི་མི་རིགས་སྲིད་ཇུས་མཚོན་པའི་སྒྱུ་རྩོམ་གང་མང་སྤེལ་ཐུབ་པ་བྱུང་ཡོད། ད་རེས་བཀུར་འོས་ཚོགས་པ་ངོས་ནས་ང་རང་ཚོགས་མིར་འཛུལ་བའི་ཐོབ་ཐང་དང་། དེ་ལ་འཛུལ་གནང་ཆོག་པའི་འོས་བབས་སོགས་གཟིགས་ན། ང་ལ་ཚོགས་པ་འདིའི་ནང་ཇི་ལྟར་འཛུལ་དགོས་པ་དང་ཆ་རྐྱེན་ག་རེ་ཡོད་མེད་ཐད་བཀའ་བསླབ་ལམ་སྟོན་ཞིག་གནང་པར་མཁྱེན།
ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་པ་ནས།
ཁ༽ ༢:༠༠ བགྲོ་གླེང་གི་བརྗོད་གཞི་གཉིས་པ། བོད་ཀྱི་སྐད་ཡིག་འཁྲིད་ཐབས་ལེགས་བཅོས་སྐོར།
བརྗོད་གཞི་འདི་དངོས་གནས་ཁ་ཚ་དགོས་གཏུག་རང་རེད།
རྩོམ་པ་པོ་རྣམས་ནས་གླེང་ཟིན་ཆེན་པོ་དག་ལ་ཡང་བགྲོ་ཡང་སློག་མིན་པར། ཆུང་ཚགས་སྐད་ཡིག་ཉམས་པའི་རྐྱེན་རྩ་ནས་ཀྱོར་ཐུབ་ན་དངོས་གནས་མི་རིགས་ཤིག་གི་བླ་སྲོག་སྐྱབས་ཐུབ་པ་རེད་སྙམ།
བགྲོ་བསྡུར་གནད་སྨིན་གྱིས་སློབ་སྡེ་ཁག་ཏུ་ལག་བསྟར་ལ་ཕན་པའི་ལམ་སྟོན་རེ་ཡོང་རེར་བསྒུག་ཡོད།
ཐུགས་རྗེ་ཆེ།
ཚོགས་འདུ་གོ་སྒྲིག་པ་དང་ཚོགས་ཞུགས་པ་ཡོངས་ལ་ཁ་དྲོ་བཀྲ་ཤིས་ཞུ།
མཆན་ཨང་གྲངས་༡༤ དེའི་རིགས་བཀག་དགོས་བ་ཞིག་ཏུ་མཐོང་སོང་།
བློ་བཟང་གྲགས་པ་ནི་ན་གཞོན་རྩོམ་པ་པོ་ཞིག་ཡིན་པས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མིར་ཞུགས་ཆོག་པ་བཀའ་དྲིན་ཆེ།
དཔལ་ལྡན་ཕྱི་འབྲེལ་དྲུང་ཆེ་རྩོམ་པ་པོ་བུདྷ་སྐྱབས་ལགས་ཀྱིས་ཕྱི་ཕྱོགས་ལ་འབྲེལ་བ་མང་ཙམ་གནང་ནས་རང་རེའི་བོད་ཀྱི་ཐུན་མིན་རྩོམ་རིག་འདི་འཇིག་རྟེན་ཧྲིལ་པོར་ཡོངས་ཁྱབ་ཡོང་བར་ཐུགས་ཤུགས་སྐྱོན་རོགས་གནང་།
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་སྐབས་བཞི་བ་རྒྱལ་ཁའི་ངང་མཇུག་བསྡུས་ནས་ཐེངས་འདིར་གྲོས་ཆོད་གང་བྱུང་རྣམས་ལག་ལེན་ལ་བསྟར་ཐུབ་པའི་སྨོན་འདུན་ཞུ།
གཞན་། མཐུན་ཚོགས་ལ་སྔར་ནས་ཆད་ཡོད་པའི་བུ་ལོན་རྣམས་ད་རེབ་བཏང་སྙོམས་སུ་མི་འཇོག་པར་བསྡུ་ལེན་དང་། ཕྱིན་ཆད་མི་བུ་སྒེར་བར་ཚོགས་པའི་གཞུང་དངུལ་བུ་ལོན་ལ་མི་འཇོག་པའི་རེ་འབོད་ཞུ།
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ལ་བུ་ལོན་ཆད་པའི་ཚོགས་མི་སུ་ཡིན་གྱིས་ངོ་ཚ་དང་ལས་རྒྱུ་འབྲས་ཁྲེལ་ལྡན་བག་ཡོད་པའི་ཀུན་སློང་ཁུར་ནས་མཐུན་ཚོགས་ལ་དུས་ལྟར་བུ་ལོན་སྤྲོད་འཇལ་ཡོང་བའི་རེ་འབོད་ཞུ།
ཚོགས་མི་རྙིང་པ་ཚང་མ་ཡོ་རོབ་དུ་ཡོད་མ་རེད་དམ། དེ་ནས་ཚོགས་བཅའ་ཡོང་གིན་ཡོད་རེད་དམ།
དགོས་པ་དང་རྒྱུ་མཚན་མང་པོ་ཞིག་གིས་བགྲོ་གླེང་ཚོགས་ཆུང་བཙུགས་ཏེ་འཚོགས་འདུ་བསྐོང་ཚོགས་གནང་བ་རེད། དགའ་འོས་པའི་དོན་དག་ཅིག་ལས། ཁྱད་གསོད་བྱེད་དོན་མེད། དགའ་མགུ་ཡི་རང་ཡོད།
ད་དུང་ཡིན་ན་ཡང་མུ་མཐུད་ནས་དེ་ལྟ་བུའི་བགྲོ་གླེང་འཚོགས་འདུ་མང་པོ་ཞིག་སྤེལ་ནུས་ན་ཕན་ངེས་པས།
རྗེས་ཕྱོགས་ཡིན་ན། བགྲོ་གླེང་བསྐོང་ཚོགས་ག་དུས་བསྡུ་བ་ཡིན་ན། ཚོགས་ཞུགས་མི་སྣ་གྲངས་འབོར་མང་པོ་ཞིག་བསྡུ་བའི་རེ་བ་ཞུ་བཞིན་ཡོད། ང་ལ་མཚོན་ན། པེན་བོད་ཀྱི་རྩོམ་པ་བོ་མཐུན་ཚོགས་ཤེས་སྔ་མོ་ནས་གོ་མྱོང་ཡོད་པ་ལས། གང་ན་ཡོད་པ་དང་། སྒྲུབ་བྱ་གཙོ་བོ་ཅི་ཞིག་ཡིན་པ་སོགས་ཀྱི་ཐད་ནས། ཆ་རྒྱུས་གང་ཡང་མེད། དེ་འདྲ་ཡིན་དུས་ང་དང་ང་ལྟ་བུའི་ཁུག་ཀྱོག་རེ་ན་འཛུལ་ནས་བསྡད་ཡོད་པ་དག་ལ་ཕན་པ་རྒྱ་ཆེན་པོ་འདུག་སྙམ།