མཁོ་འདོན་པ། གསར་འགོད་པ་རྡོ་རྗེ་ཆེ་རིང།
ཕྱི་ལོ་ཟླ་ཚེས། ༢༠༡༢.༩. ༢༡ – ༢༣
ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་བདེ་ལྡན་གཙུག་ལག་ཁང་དུ།
ཉིན་དང་པོར།
ཕྱི་ཚེས་༢༡ཉིན་གྱི་ཞོགས་པའི་༡༠:༠༠ སྟེང་ཚོགས་ཞུགས་སྐུ་མགྲོན་རྣམས་བཞུགས་གྲལ་དུ་འཁོད་ཅིང་། ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་བཞིན་སྐུ་མགྲོན་གཙོ་བོ་རོང་ཆེན་བསྟན་པའི་སྒྲོན་མེ། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་སྣང་གསལ་སྒྲོན་མེ་ཞལ་འབྱེད་དང་། བོད་མི་རིགས་དང་བསྟན་སྲིད་ཆེད་སྐུ་སྲོག་བློས་བཏང་གནང་བ་རྣམ་པ་དང་ཁྲིམས་ཆད་མནར་གཅོད་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་ངག་བཅད་མྱ་ངན་གུས་འདུད་སྐར་མ་གཅིག་ཞུས་ཤིང་ཚོགས་ཆེན་དངོས་སུ་དབུ་འཛུགས་བསྐྱངས།
དེ་རྗེས་མཐུན་ཚོགས་ཀྱི་ཕྱི་འབྲེལ་དྲུང་ཆེ་བུད་དྷ་སྐྱབས་ལགས་ཀྱིས་ཚོགས་ཆེན་ངོ་སྤྲོད་དང་རྒྱལ་སྤྱིའི་PEN སྐོར་ལ་གཏམ་བཤད་གནང་རྗེས་དྲུང་ཆེ་གངས་སྲས་ལགས་ཀྱིས་ལོ་གསུམ་གྱི་ལས་སྡོམ་སྙན་སྒྲོན་ཞུས།
ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་ཚོགས་ཆེན་དང་འབྲེལ་བའི་གཏམ་བཤད་གནང་བ་དང་སྐུ་མགྲོན་གཙོ་བོ་ཀིརྟི་རིན་པོ་ཆེ་མཆོག་གིས་བཀའ་སློབ་གསུང་བཤད་གཟབ་རྒྱས་གནང་མཐར་ བགྲོ་གླེང་བ་སྤྲོ་ཚིགས་ཆོས་གྲགས་དང་ཉི་མ་རྒྱལ་མཚན་གཉིས་ཀྱིས་བརྗོད་གཞི་དང་པོ་ “བོད་ཀྱི་རྩོམ་རིག་གོང་སྤེལ་དང་རྩོམ་པ་པོ་གསོ་སྐྱོང་སྐོར་གླེང་བ”ཞེས་པའི་བགྲོ་གླེང་དང་དྲི་བ་དྲིས་ལན་རྒྱས་པ་བྱས་རྗེས་ཉིན་གུང་གསོལ་ཚིགས་ལ་རོལ།
ཉིན་གུང་ཆུ་ཚོད་༢:༠༠ སྟེང་བགྲོ་གླེང་བ་གཡུ་སྒང་འོད་ཟེར་ལགས་ཀྱིས་བརྗོད་གཞི་གཉིས་པ་“བོད་ཀྱི་སྐད་ཡིག་འཁྲིད་ཐབས་ལེགས་བཅོས་སྐོར་གླེང་བ”ཞེས་པར་དྲི་བ་དྲིས་ལན་གྱི་ལམ་ནས་བགྲོ་གླེང་རྒྱས་པ་བྱས།
ཆུ་ཚོད་༣:༣༠ སྟེང་བགྲོ་གླེང་བ་རྡོ་རྗེ་དབང་ཕྱུག་ལགས་ཀྱིས་བརྗོད་གཞི་གསུམ་པ།༼ ཁྲིམས་ཆད་ཕོག་པའི་རྒྱ་ནག་ནང་གི་རྩོམ་པ་པོའི་སྐོར་གླེང་བ༽ཞེས་པར་གཏམ་བཤད་རྒྱས་པ་གནང་ཞིང་དྲི་བ་དྲིས་ལན་དང་ཚོགས་གཙོ་ལྷ་མོ་སྐྱབས་ལགས་ཀྱིས་གོང་གི་བརྗོད་གཞིའི་སྟེང་ཕྱིའི་རྒྱལ་ཁབ་ཁག་གི་སྲོལ་དང་ལུགས་དཔེར་དྲངས་ནས་སླར་ཡང་བསམ་ཚུལ་ལྷུག་པོར་བརྗོད་མཐར་ཉིན་མོ་དེ་རིང་གི་ལས་འཆར་བཀྲ་ཤིས་བདེ་ལེགས་ངང་ཡོངས་སུ་མཇུག་སྒྲིལ་བྱས་ཡོད་པའོ།།
ཡག་པོ་འདུག
ཡི་རངས་ཞུ།
གཏམ་བཤད་དང་བགྲོ་གླེང་སྐོར་སྙིང་བསྡུས་རེ་འགོད་ཐུབ་ན་ཕན་ས་རེད་མ་གཏོགས་མཛད་རིམ་གཅིག་པུ་གཏོང་བསྡད་ན་འདོད་བློ་མི་ཚིམ་ཀི།
གསང་གྲོལ་གྱི་གསུང་པ་དང་རེ་འདོད་གཅིག་པ་ཡིན།
ཟླ་༩ པའི་ཚེས་༡༠ཉིན་རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་ཚོགས་ཆེན་ཐེངས་༧༨ དེ་ཀོ་རི་ཡའི་གྲོང་ཁྱེར་ཆིས་ཀྲིག་ནང་འཚོགས་ཡོད་པ་དང་། ཚོགས་ཆེན་གྱི་བརྗོད་གཞི་ནི་༼རྩོམ་རིག གསར་འགོད་དང་འགྲོ་བ་མིའི་ཐོབ་ཐང་།༽ཞེས་བ་རེད་འདུག ཚོགས་ཆེན་གྱི་གདན་ཞུས་སྐུ་མགྲོན་དུ་ནོར་སྤེལ་རྩོམ་རིག་བྱ་དགའ་བཞེས་མཁན་གཉིས་གཙོས་་ཨ་རིའི་ཧ་ཝར་ཊིར་གཙུག་ལག་སློབ་གྲྭའི་སློབ་དཔོན་ཆེན་མོ་དང་གྲགས་ཅན་རྩོམ་པ་པོ་ཁག་ཅིག་་ཡོད་འདུག ཐེངས་འདིའི་ཚོགས་ཆེན་སྟེང་ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་སྐུ་ཚབ་ཞུགས་ཡོད་མི་འདུག་མོད། ཁོང་ཚོས་རེ་སྐུལ་ལྟར་རྒྱ་རིགས་སྨྱུག་ཚོགས་ཀྱི་ཚོགས་གཙོ་ཡན་ཐེན་ཆིས་ལགས་ནས་བོད་ནང་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་བྱུང་བཞིན་པར་དོ་སྣང་སྤྲོད་དགོས་པ་དང་། བོད་ཁུལ་དུ་ཆོས་དད་རང་དབང་དང་སྨྲ་བརྠོད་རང་དབང་མེད་པ། ལྷག་པར་ཏུ་དགོན་སྡེ་ནང་རྒྱལ་གཅེས་རིང་ལུགས་ཀྱི་་སློབ་གསོ་ལས་འགུལ་སྤེལ་བཞིན་པ་དེར་་གྲྭ་བ་ཚོ་འདོད་མོས་མེད་པར་རང་སྲོག་བློས་བཏང་སྟེ་ཞི་བའི་ངོ་རྒོལ་དྲག་པོ་བྱེད་བཞིན་པ་རེད་ཅེས་བརྗོད་ཡོད་འདུག གསར་འགྱུར་ཞིབ་ཕྲ་རྒྱ་ཡིག་གི་འབྲེལ་ཐག་འདི་ལ་གཟིགས་རོགས་ཞུ། http://www.peacehall.com/news/gb/intl/2012/09/201209132330.shtml
ཡར་ནས་བསྒྲགས་གི་མར་ནས་བསྒྲགས། ཚོགས་ག་ཁག་གིས་གསལ་བསྒྲགས་བྱེད་ས་བྱེད་ན་ཁ་བརྡ་ཚོགས་པས་ཚོགས་བརྡ་གཏོང་གླ་ལ་སྒོར་རྡོག་འགའ་རེ་ཨེ་རེག་གི་ལྟོས་ན་ཡག་པོ་ཡོད་པ་རེད། འདུའི་རིགས་གླ་ཡོད་གསལ་བསྒྲགས་གི་ཁོངས་སུ་ཚུད་པ་རེད་འདོད། འཇིག་རྟེན་འགྲོ་ལུགས་ཙམ་བཤད་པ་ལས་དགག་པ་རྒྱབ་པ་རྩ་བ་ནས་མིན།
བགྲོ་གླིང་གི་དོན་དག་མདོར་བསྡུས་རེ་འཇོག་ཐུབ་ན་ཡག་པོ་འདུག
ཀློག་འདོད་ངང་སྒུག་བསྡད་ཡོད་ད།
ཁོང་ཚང་ལ་ཚོགས་འཚོགས་འཛོམ་འཛོམས་ཀྱི་ལས་རིམ་ཞིག་ལས་ཅང་མེད། དེ་མིན་ན་ཕྱིར་སྤྱོད་ནས་ནང་ལ་མ་ལོག་པའི་གནས་ཚུལ་དག་རེད།
བགྲོ་གྲེང་ཡག་པོ་ཡོང་བའི་རེ་བ་ཆེ
གསར་འགོད་པ།
དེ་རིང་བཀྲ་ཤིས་བདེ་ལེགས་མ་གཏོགས་བགྲོ་གླེང་ལ་དགག་བསྒྲུབ་བྱེད་མཁན་དེ་འདྲ་མ་བྱུང་ད།
ཉིན་གཉིས་པ་དང་གསུམ་པའི་སྐབས་བཀྲ་ཤིས་བདེ་ལེགས་ཕར་བཞག་ནས་དོན་དག་དངོས་ཞིག་གསུངས་རོགས་གནོང་། དེ་མིན་ད་དུང་། དྲི་འདོན་པ་དང་དྲིས་ལན་རྒྱག་མཁན་ཚང་མའི་མིང་དང་། དོན་གྱི་སྙིང་པོ་དྲ་རྒྱའི་སྟེང་ཕུལ་ཐུབ་ན། ཀློག་པ་པོ་ཚང་མར་ཐུགས་ཕན་བྱུང་ས་རེད།
མཐར་པེན་བོད་ཀྱི་རྒྱལ་སྤྱིའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཚང་མའི་སྨྱུག་ཐོག་རང་ནས་བོད་རྒྱལ་ཁབ་སླར་གསོས་ཕྱོགས་ལ་རྩོམ་ཡིག་མང་སུ་སྤེལ་རོགས་ཞུ།
གསང་གྲོལ་ལགས་ཀྱིས་གསུངས་པ་དེ་དེ་བཞིན་ནོ།
དེང་གི་བཙན་བྱོལ་རྩོམ་པ་པོ་ཚོས་བཙན་བྱོལ་སྤྱི་ཚོགས་འདི་སྣེ་འཁྲིད་ཐུབ་མིན་ཤེས་ར། གང་ལྟར་རྩོམ་པ་པོ་མཐུན་ཚོགས་ནང་ཞུགས་ན་ནུབ་གླིང་ལ་འགྲོ་རྒྱུའི་ལམ་ཁ་ཉག་ཅིག་ཡོད་པ་སྨོས་མེད་རེད། དེ་ནི་མིག་མཐོང་ལག་ཟིན་མིན་ནམ།
དད་པས་གཞན་ལ་ཕན་བྱེད་སེམས་དེ་བཟང་། །
བཟང་དེ་སེམས་བྱེད་ཕན་ལ་གཞན་པས་དད། །
དང་།
བྱམས་པས་རོགས་དགའ་ཀུན་མཐུན་ལེགས། །
ལེགས་མཐུན་ཀུན་དགའ་རོགས་པས་བྱམས། །
པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་ཆེན་སྐབས་བཞི་པ་ཞེས་གོ་མ་ཐག་མཐུན་ཚོགས་དེ་ཡིས་ཕྱོགས་བསྒྲིགས་བྱས་པའི་
རྩོམ་རིགས་ཀྱི་དཔེ་ཆ། བརྗོད་བྱ་དང་དེབ་ཀྱི་བཀོད་བསྒྲིག་ ཕྱི་ངོས་ཀྱི་རྒྱབ་ཤ་ ད་དུང་དེབ་ཀྱི་སྤུས་ཚད་གང་ཅིའི་
ཐད་བོད་ནང་གི་ཞིང་གྲོང་སྙན་ངག་པ་ཞིག་གིས་བཏོན་པའི་དེབ་ཀྱི་སྤུས་ཚད་ལས་རྦད་དེ་ཞན་པ་དང་ཆེས་སྤྱིར་བཏང་ཅན་ལྟ་བུ་ཞིག་ཏུ་སྣང་བས་མཐུན་ཚོགས་དེ་ཡི་ཚོགས་གཙོ་དང་ཚོགས་ཟུར་སུ་ཡིན་ན་ཡང་གནད་འགག་དེ་ཚོའི་གྲས་བགྲོ་གླེང་ཞིག་གནང་ན་ཡག་པོ་འདུག།