བོད་ནང་གི་ཛ་དྲག་གནས་སྟངས་ལ་གདོང་ལེན་བྱ་ཆེད་དམིགས་བསལ་ཚོགས་ཆེན་ཆེད་སྐོང་གིས་བརྗོད་གཞི་གསུམ་གྱི་སྟེང་ཚོགས་བཅར་བ་༤༣༢ ཚོགས་ཆུང་བཅུ་ལ་བགོས་ཏེ་ད་ལྟ་བགྲོ་གླེང་ཚ་ཚ་འུར་འུར་གནང་བཞིན་པ་རེད། བརྗོད་གཞི་གསུམ་ནི།
༡ བོད་མིའི་སྤྱི་ཚོགས་ནང་ལས་འགུལ་སྤེལ་ཕྱོགས།
༢ རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཕྱོགས།
༣ རྒྱ་གར་དང་ལྷོ་ཤར་ཨེ་ཤའི་ཡའི་ནང་ལས་འགུལ་སྤེལ་ཕྱོགས་བཅས་རེད།
དོན་ཚན་འདི་གསུམ་གྱི་ཐོག་ཚོགས་ཆེན་དུ་དངོས་སུ་བཅར་མ་ཐུབ་པའི་བོད་རིགས་སྤུན་ཟླ་ཡོངས་ནས་ཀྱང་ཉིན་གྲངས་བཞིའི་རིང་རང་རང་གི་བསམ་ཚུལ་དྲ་ཐོག་ཏུ་བཀོད་ནས་བགྲོ་གླེང་བྱེད་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་ཡིན་སྟབས། དོ་སྣང་ཅན་རྣམས་ནས་བསམ་ཚུལ་སྤུངས་ཐུབ་པ་ཡིན་ན། ཚོགས་དྲུང་མང་ཆེ་བས་གློག་ཀླད་ནང་ཟིན་བྲིས་འདེབས་བཞིན་པ་དང་མཉམ་དྲ་ཐོག་གི་གནས་ཚུལ་ལའང་ཐུགས་སྣང་གནང་གི་ཡོད་སྟབས། ཕལ་ཆེར་བསམ་ཚུལ་གནད་འགག་ཅན་རྣམས་ཚོགས་ཆུང་བརྒྱུད་ཚོགས་ཆེན་ནང་སླེབས་མི་ཐུབ་པ་མིན་སྟབས། དེ་ལུགས་གནང་མཁན་ཡོད་ན་བསམ་ཚུལ་གང་མང་སྤེལ་རོགས།
ཐོག་མར་དམིགས་བསལ་ཚོགས་ཆེན་པ་ཕེབས་པའི་སྐུ་མགྲོན་རྣམ་པ་དང་ཟུར་ཉན་པ་རྣམ་པ་དེ་བཞིན་དྲ་ཐོག་ནས་བལྟ་བཞིན་པའི་བོད་རིགས་ཕྱི་ནང་ཀུན་ལ་འཚམས་འདྲི་དང་བསྒྲགས་ གོང་གི་དུན་ཚན་གསུམ་ཅན་གྱི་བརྗོད་གཞི་འདིའི་ཐོག་ཏུ་བསམ་ཚུལ་ཐུང་ངུ་ཞིག་བརྗོད་འདོད་བྱུང་། བདག་གི་བསམ་ཚུལ་དེ་གོང་གི་བརྗོད་གཞི་དེ་དག་ལ་འབྲེལ་བ་ཡོད་མེད་མི་ཤེས་མོད་བདག་གིས་བསམ་ན་འུ་ཚོའི་སྤྱི་ཚོགས་ནང་ལ་ངེས་པར་ཏུ་དགོས་པའི་དོན་དག་ཅིག་རེད་འདོད། འུ་ཚང་ལ་མཚོན་ན་མི་ལོ་བགྲང་བྱ་ང་བཅུ་ལྷག་ལ་ཕྱི་རོལ་གྱི་དགྲ་བོ་ལ་མི་འཐབ་པར་ནང་ཁུལ་དུ་དབུ་མ་དང་རང་བཙན་བར་ནས་མཐའ་མའི་གྲུབ་འབྲས་ལག་སྟོང་འདི་རེད། བྱས་ཙང་། ངས་བལྟས་ན་བོད་ཕྱི་ནང་གཉིས་ཀར་འོས་ཤོག་གི་ལམ་ནས་རང་བཙན་དང་དབུ་མ་གང་ཡིན་ཐག་གཅོད་བྱེད་དགོས་པ་གལ་ཆེན་མཐོང་། རང་བཙན་པས་དབུ་མར་ཁ་བཏང་ནས་བསྡད་པ་དང་དབུ་མ་བས་རང་བཙན་ཟེར་ནས་བསྡད་ན་ཅི་ཡང་མི་ཡོང་པས་དེའི་སྐོར་ལའང་མནོ་བསམ་རེ་གཏོང་རྒྱུ་གལ་ཆེན་རེད། སྤྱི་ཚོགས་མཐུན་སྒྲིལ་ཅན་ཞིག་ཡོང་ན་ཕ་རོལ་པོ་ལ་རྒོལ་ལན་སློག་ངེས་པས་སོ།
ང་ཚོས་ཚོགས་ཆེན་འཚོགས་པའི་དགོས་དམིགས་གཙོ་བོ་ནི་བོད་ནང་གི་ཛ་དྲག་གི་དཀའ་ངལ་སེལ་ཆེད་ཡིན་ཟེར། དོན་འདི་ལ་ཞིབ་བསམ་ཞིག་ཐོངས་དང་། འདི་ནི་དགོད་མོ་མི་ཤོར་འདུག་བཟོད་མི་ཐུབ་པའི་་གནས་ཞིག་རེད་མི་འདུག་གམ། བོད་ནང་གི་ཛ་དྲག་གི་དཀའ་ངལ་མེད་པ་བཟོ་རྒྱུ་ནི་རྒྱ་གུང་ཁྲན་གྱི་ཕུག་འདུན་ངོ་མ་དེ་ཡིན་པ་དང་ང་ཚོས་ནི་ཇི་སྲིད་བོད་ལ་དོན་དམ་པའི་རང་དབང་གི་ཉི་མ་མ་ཤར་གྱི་བར་དུ་བོད་ནང་ལ་འཛམ་གླིང་གི་ཚོགས་སྡེ་ཁག་ལ་འགན་བློ་མི་བཟོད་པའི་ཛ་དྲག་དང་དཀའ་ཁག་ཅི་ཆེར་ཡོད་དགོས་པ་ཞིག་ཡིན་པ་ལས་མེད་པ་བཟོ་བའི་དུས་མིན། མེར་སྲེག་དང་ཟས་གཅོད་སོགས་མི་རྣམས་ཀྱིས་སེམས་ཁུར་བྱེད་དགོས་པ་ཞིག་ང་ཚོས་ངོས་ནས་ཛ་དྲག་གང་དྲག་དྲག་མ་བཟོ་ན་ང་ཚོའི་ཕུག་འདུན་རྩ་དོན་བསྒྲུབ་མི་ཐུབ། ང་ཚོས་རྩ་དོན་བསྒྲུབ་དགོས་ན་ཛ་དྲག་དཀའ་ཁག་རྣམས་ནི་ཐབས་ལམ་ཡིན་པས་འགོག་མི་རུང་། བོད་ནང་ཛ་དྲག་མེད་པ་དཀའ་ངལ་མེད་པ་བོད་མི་རྣམས་འཇམ་གཏིང་གཏིང་ངང་གནས་ཐུབ་པ་བྱུང་སོང་ན་རྒྱ་མིས་བོད་མི་རིགས་རྩ་མེད་དང་རིག་གནས་རྩ་མེད་གཏོང་བདེ་པོ་ཆགས་ནས་རྒྱ་མིའི་ལས་དོན་སྒྲུབ་པ་ཤ་སྟག་ཡིན་པས། དེ་རིང་གི་ཚོགས་ཆེན་འདིའི་ངོ་བོ་ལ་བལྟས་ན་རྒྱ་ཡི་ལས་དོན་བསྒྲུབ་བྱེད་ཅིག་ཏུ་བཟོས་ཟིན་པ་འདྲ།
བཙན་བྱོལ་བོད་མི་ནི། རྩ་དོན་འཐབ་རྩོད་པ་ཡིན་པའི་དུས། ཕུག་རྒྱང་རིང་བའི་རྩ་དོན་ལ་འཆར་གཞི་འདིང་དགོས་པ་དང་། ད་དུང་ལོ་མིང་རིང་ཕྱིར་ལོག་མ་ཐུབ་ལྷག་དགོས་བྱུང་ན། མི་རབས་གསར་བར་བསམ་བློ་དང་ཀུན་སྤྱོད་གཞན་འགྱུར་གྱི་ཉེན་ཁ་ཡོད་པ་མ་ཟད། ཐ་ན་རིགས་འདྲེས་ཀྱི་ཉེན་ཁ་ཡང་མེད་པ་མིན་པས་ཉེན་ཁ་དེ་དག་ལ་གདོང་ལེན་བྱེད་པ་ནི། མི་རིགས་རྒྱུན་གནས་ཀྱི་བྱ་གཞག་རླབས་ཆེན་ཞིག་རེད་སྙམས། ང་ཚོས་མཐོང་བཞིན་པ་ནི། རིམ་གྱིས་གཞིས་ཆགས་ཁག་སྟོང་ཉེན་ཡོད་པ་དེ་ཡིན་ལ། དེའི་རྒྱུ་རྐྱེན་ཡང་། རང་རེའི་གཞོན་ཚོ་ཕྱི་རྒྱལ་དང་གྲོང་ཁྱེར་ཁག་ནང་ལས་ཀ་འཚོལ་སྒྲུབ་ཚེད་འགྲུལ་སྐྱོད་དགོས་པས་གནད་དོན་ལས་བྱུང་པ་ཞིག་ཡིན། གནད་ཐག་གཅོད་ཀྱི་ཐབས་ལམ་ནི། བོད་རིགས་འདུས་སྡོད་བྱེད་སའི་གྲོང་ཁྱེར་ཞིག་བསྐྲུན་ཐུབ་ན། ད་གཟོད་རྩ་དོན་འཐབ་རྩོད་དང་། ལས་ཀ་མཁོ་སྒྲུབ། ངོ་བོ་སྲུང་སྐྱོབ་བཅས་ལ་དོན་ཕན་ཆེ་བའི་གཞི་རྐང་ཞིག་ཟིན་པར་འདོད།
བརྗོད་གཞི་གསུམ་ལ་བསམ་ཚུལ་ཐུང་ཙམ་ཞུས་ན། རྒྱལ་སྤྱིའི་སྟེང་ལས་འགུལ་སྤེལ་རྒྱུ་གཙོ་བོ་རྒྱ་ནག་དང་མཉམ་དུ་མཐུན་ཐབས་བྱེད་པའི་ལམ་ཞིག་གི་སྟེང་ནས་ལས་འགུལ་སྤེལ་དགོས་པ་དོན་གྱི་མཐོང་ཡང་། དེ་ནི་ད་བར་གནང་བ་ལ་རྒྱ་ཕྱོགས་ནས་ཁ་ཡ་ཙམ་མ་བྱས་པའི་སྟེང་ད་དུང་གང་བྱེད་ཀྱི་འདུག་མཁྱེན་གསལ་རེད། ད་ནི་སྤྱི་སྒེར་ཚང་མའི་རྒྱ་ནག་རྒྱལ་སྤྱིའི་སྟེང་ངོ་ཚ་བོ་བཟོ་རྒྱུ་དང་། མི་རྒྱུ་གཉིས་ལ་གྱོང་སྤྲད་རྒྱུ་ཐབས་གཞན་མེད། དེ་ནས་བཙན་བྱོལ་སྤྱི་ཚོགས་སྲ་བརྟན་དང་མཐུན་འབྲེལ་རྡོག་རྩ་གཅིག་དྲིལ་དགོས་གལ་ཆེ་བས་རང་བཙན་དང་དབུ་མ་ཟེར་ནས་གཅིག་གི་གཅིག་ལ་སྐྱོན་བརྗོད་བྱེད་རྒྱུ་ནི་བོད་མི་ནང་ཕན་ཚུན་དཀྲུག་བྱེད་ལག་ཆར་འགྲོ་བཞིན་པ་ནི་རྒྱ་ནག་ལ་དགོས་པ་དེ་ཡིན་པས་མཐོ་དམན་སེར་སྐྱ་ཚང་མས་ཤེས་པར་བྱས་ནས་བོད་མི་རིགས་ཀྱི་དོན་དུ་སྤྱི་སྒེར་སུ་ཞིག་གིས་ལྟ་གྲུབ་གང་འདྲ་ཞིག་གི་ཐོག་ནས་ལས་འགུལ་སྤེལ་རུང་སྐྱོན་བརྗོད་དང་ཁ་བརྡུང་མི་བྱེད་རྒྱུ་བྱས་ན་ཡག མ་འོངས་པར་གྲོས་ཚོགས་དང་བཀའ་ཤག་འོས་འདེམ་སྐབས་ཚོགས་པ་གཞན་པའི་ཚོགས་མི་ཆབ་སྲིད་ལང་ཕྱོགས་སོ་སོའི་ཐོག་ནས་ཡོང་རྒྱུ་དགོས་གལ་ཆེ། ལོ་ལྔ་དབུ་མའི་གཞུང་འཛིན་དང་ལོ་ལྔ་རང་བཙང་གཞུང་འཛིན་བྱུང་བ་ཡིན་ན་གྲུབ་འབྲས་དང་། རྒྱལ་སྤྱིའི་དོ་སྣང་། རྒྱ་ནག་གི་ལང་ཕྱོགས་གང་ཐད་ནས་ཚང་མས་ཤེས་ཐུབ་པའི་ཕན་པ་ཡོད། དེ་མིན་ལང་ཕྱོགས་འགྱུར་བ་མེད་པའི་གཞུང་ལ་གྲུབ་འབྲས་ཡང་འགྱུར་བ་མེད་པ་གནས་བཞིན་པ་མ་རེད་དམ།
མི་རིགས་ཀྱི་སླད་དུ། སྐད་ཡིག་གི་དོན་དུ། རིག་གཞུང་གི་ཕྱིར་དུ་རང་ལུས་མེ་ལ་སྲེག་མཁན་དང་། རྒྱའི་བཙོན་ཁང་ལ་འགྲོ་མཁན་ཚོ་ཚང་མ་རྒྱལ་གཅེས་པ་དང་། ཕུགས་བསམ་པ་རྐྱང་རྐྱང་ཆགས་པ་ནི། གཙོ་བོ་རང་དོན་ཡལ་བར་དོར་ཞིང་། སྤྱི་དོན་ཁུར་དུ་འཁྱེར་བའི་རྒྱུ་མཚན་གྱིས་རེད་ལ། ཡང་ན་རང་བདེ་རྒྱབ་ལ་བསྐྱུར་ཞིང་། བོད་མི་སྤྱི་ཡོངས་ཀྱི་བདེ་བ་དོན་དུ་གཉེར་བས་ཡིན་པར་འདོད། རྡོག་རྩ་གཅིག་སྒྲིལ་ཞེས་པ་ནི། ལྟ་གྲུབ་གཅིག་མ་གཅིག་ལ་གཙོ་བོ་མི་ལྟ་ཞིང་། ཚོགས་པ་གཅིག་མི་གཅིག་ཀྱང་གཏན་ནས་མི་ལྟ། བདེན་དོན་འཐབ་རྩོད་བྱེད་པའི་སྐབས་སུ་ཚོགས་པ་ག་ཚོད་མང་ན་ཡང་རྡོག་རྩ་གཅིག་སྒྲིལ་བྱེད་མི་ཐུབ་པ་ཞིག་གཏན་ནས་ཡིན་མི་སྲིད། ལྟ་གྲུབ་མི་མཐུན་པ་ལ་བརྟེན་ནས་ཚོགས་པ་སོ་སོར་གྱེས་དགོས་པ་ཞིག་ཡིན་ཚེ། ཆོས་ལུགས་མཐུན་སྒྲིལ་ཞེས་པ་དེ་ནི་ནམ་མཁའི་པདྨོ་མ་ཡིན་ནམ། ནམ་ཡང་ལྟ་གྲུབ་མི་མཐུན་པ་རྒྱུ་མཚན་དུ་བྱས་ནས། གཞན་གྱི་མགོ་གནོན་དང་ཡ་མེད་ཀྱི་ལས་བྱས་ཚེ། དེ་ལྟའི་བསྟན་པ་དར་བའི་སྤྱི་ཚོགས་དེ་ལ་ནམ་ཡང་བདེ་སྐྱིད་ཅིག་ཡོད་མི་སྲིད། རྒྱུ་མཚན་ནི། མཐུན་སྒྲིལ་གཏན་ནས་མེད་པས་སོ།།
མཐུན་སྒྲིལ་ཡོད་མེད་ནི་ལྟ་གྲུབ་མང་པོ་ཡོད་མེད་ལ་མི་ལྟ་བར་ལྟ་གྲུབ་གང་འདྲ་ཞིག་ཁྱེར་བའི་ཚོགས་པ་དེར་བརྩི་བཀུར་དང་། གདེང་འཇོག་རེ་བྱེད་ཐུབ་པའི་སྤྱི་ཚོགས་དེར་མཐུན་སྒྲིལ་ཡོད་ལ། ལྟ་གྲུབ་མི་མཐུན་པ་རྩ་མེད་བཟོ་དགོས་པར་འདོད་པའི་བྱ་ལས་སྤྱོད་གསུམ་དང་ལྡན་ལ། རང་གི་ལྟ་གྲུབ་དེ་ལས་གཞན་མི་དགོས་པར་འདོད་པའི་རང་མཆོག་གཞན་དམན་ལྟ་བའི་སྤྱི་ཚོགས་ལ་གཏན་ནས་མཐུན་སྒྲིལ་ཡོད་མི་སྲིད། དེ་ལྟ་ན་སྤྱི་ཚོགས་ཆུང་ལ་ཚོགས་པ་མང་པའི་བཙན་བྱོལ་སྤྱི་ཚོགས་འདིར་གཞོན་ནུ་ཚོགས་པ་གཙོས་བས་ལྟ་གྲུབ་ལ་ངེས་གཏན་མེད་པའི་ཚོགས་པ་ཧ་ཅང་མང་ན་ཡང་། དོན་དངོས་སྟེང་ནས་ལྟ་གྲུབ་མངོན་གསལ་དོད་ཤོས་ནི། བོད་མིའི་སྒྲིག་འཛུགས་དང་། གཞོན་ནུ་ལྷན་ཚོགས་གཉིས་ལྟ་གྲུབ་གསལ་ལ། ཕུགས་ཀྱི་དགོངས་པ་དང་། ལོ་རྒྱུས་ཀྱི་བདེན་དོན་ལ་གཞི་བཅོལ་བའི་ལྟ་གྲུབ་དང་ལྡན་པ་གཙོ་བོ་གཉིས་རེད། འདི་གཉིས་ལས་གཅིག་མེད་སོང་ན། བོད་བཙན་བྱོལ་སྤྱི་ཚོགས་ཀྱི་ཐོད་པ་ནས་མིག་གཅིག་མེད་པར་ཆགས་པ་དང་ཀུན་ནས་མཚུངས།
ཚོགས་པ་གཞན་ཚོར་ལྟ་གྲུབ་དང་ལངས་ཕྱོགས་འདི་ཡིན་གྱི་ངེས་གཏན་མེད་དུས། ལོ་རྒྱུས་ཀྱི་ལྟ་གྲུབ་ལ་གཞི་རྟེན་བཅོལ་བའི་གཞོན་ནུ་ལྷན་ཚོགས་དང་། ཛ་དྲག་གི་དོན་རྐྱེན་མྱུར་དུ་སེལ་བར་ཐབས་བྱུས་བླ་ན་མཐོ་བའི་བོད་མིའི་སྒྲིག་འཛུགས་གཉིས་ལ་རྒྱབ་སྐྱོར་དང་དཔུང་པ་མཉམ་འདེགས་བྱེད་དགོས་པ་ཉིད་དོ།། གཞོན་ལྷན་གྱི་ལངས་ཕྱོགས་བོད་མིའི་སྒྲིག་འཛུགས་དང་མི་མཐུན་པ་རྒྱུ་མཚན་དུ་བྱས་ནས། ཁོང་ཅག་གིས་གང་བྱས་ཀྱི་བྱ་བྱེད་ལས་གསུམ་ཐམས་ཅད་ཆོ་མེད་དང་། དགོས་མེད། དོན་མེད་འབའ་ཞིག་ལ་བལྟས་ནས། ལེགས་ཕྱོགས་ཀྱི་ལས་དོན་ཡང་མི་དགོས་ཐན་ལྟས་ཉིད་དུ་བལྟས་ན། ཡག་རྟགས་ཤིག་དང་མཁས་རྟགས་ཤིག་ཡིན་པར་མི་འདོད་པ་མ་ཟད་། བླུན་རྟགས་འབའ་ཞིག་རེད་ཅེས་མགྲིན་པ་གཟེངས་སུ་བསྟོད་ནས་སྨྲ་བར་སྤོབས།
གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་འགའ་ཞིག་གིས་མི་རིགས་ཀྱི་བདེན་དོན་དང་། རྒྱལ་ཁབ་ཀྱི་རྩ་དོན་ཆེད་དུ་ཟས་བཅད་ངོ་རྒོལ་བྱས་ཏེ། ང་ཚོའི་ཁ་ཐོག་དང་མིག་ཐོག་ནས་མཆི་ལ་ཉེ་བཞིན་པའི་སྐབས་འདིར། བཙན་བྱོལ་ལ་མང་བའི་ཚོགས་པ་གཞན་དག་གིས་ཁོང་ཅག་གི་སླད་དུ་མར་མེ་ཁྲོམ་སྐོར་ཙམ་ཡང་མ་བྱས་པ་ནི། ངོ་མ་ཡིད་སྐྱོ་ལ་སེམས་རྨུགས་པའི་གནས་འབའ་ཞིག་རེད་ཨང་། འུ་ཅག་བཙན་བྱོལ་ཚོགས་པ་དག་གིས་བཙན་བྱོལ་ནས་ལས་འགུལ་སྤེལ་བ་དག་ལ་གདུང་སེམས་མཉམ་སྐྱེད་མི་བྱེད་པར་བོད་ནང་གཅིག་པོ་ནས་གནས་ཚུལ་ཞིག་བྱུང་བར་བསྒུགས་པ་ནི། ཅི་འདྲའི་ཐབས་རྡུགས་ཤིག་མ་རེད་དམ། བོད་ཕྱི་ནང་གཉིས་ཀ་ནས་མི་རིགས་ཀྱི་སླད་དུ་ཚེ་སྲོག་གིས་བདེན་དོན་རྩོད་ལེན་བྱེད་མཁན་མང་པོ་ཡོད་པས་འདྲ་མཉམ་གྱི་ལྟ་ཚུལ་བཟུང་ནས་ཕན་ཚུན་ལ་རྒྱབ་སྐྱོར་དང་། རོགས་འདེགས་བྱེད་ཐུབ་ན། དེ་ནི་ཁ་འཐོར་དགུ་འཐོར་དུ་གནས་བའི་མི་རིགས་འདིའི་མཐུན་སྒྲིལ་གྱི་ནུས་པ་ཐོན་པའི་གནད་གཙོ་བོ་རེད་སྙམ།
རྒྱལ་གཅེས་དཔའ་བོ་རུ་འབོད་འོས་ལ། མི་རིགས་བདེ་སྡུག་ལ་བློ་སེམས་མཐའ་དག་བཅོལ་བའི་ཟས་བཅད་ངོ་རྒོལ་བ་རྣམས་ང་ཚོའི་ཁ་ཐོག་མིག་ཐོག་ནས་ཤི་སོང་ན། སྐབས་དེར་ངོ་རྒོལ་འདྲ་བྱས། མིག་ཆུ་རེ་འདོན་ཁུལ་བྱས་ཀྱང་དགེ་མཚན་ག་རེ་འདུག་ཨང་། ད་ལྟའི་དཔའ་བོ་ཟས་བཅད་ངོ་རྒོལ་བ་གསུམ་གྱི་དགོས་འདུན་དེ་ཉིད་མངོན་གྱུར་ཡོང་ཐབས་སུ་ངེས་པར་མང་ཚོགས་རང་བཞིན་གྱི་ངོ་རྒོལ་ལས་འགུལ་ཞིག་སྤེལ་དགོས་ཀྱི་འདུག གཙོ་བོ་མཉམ་སྦྲེལ་རྒྱལ་ཚོགས་ལ་ཁ་གཏད་པའི་ལས་འགུལ་ཞིག་སྤེལ་ནས། ཟས་བཅད་ངོ་རྒོལ་བ་གསུམ་གྱི་ཚེ་སྲོག་སྐྱོབ་ཐབས་བྱ་དགོས་ཀྱི་འདུག
ཁོང་ཅག་གི་ངོ་རྒོལ་སར་ཆུ་རེ་འཁྱེར་ཁ་བཏགས་རེ་བཟུང་ནས་མིག་ཆུ་འདོན་ཁུལ་བྱེད་པ་ནི། མགོ་བདེ་དྲན་འཕྲུལ་ལ་གོམས་པའི་བྱེད་ཐབས་ཤིག་ཡིན་པ་ལས། རྒྱལ་གཅེས་པ་འདི་དག་གི་བདེ་སྡུག་ལྷག་བསམ་ངོ་ཤེས་པའི་རྒྱབ་སྐྱོར་ཞིག་རེད་གཏན་ནས་མི་འདོད། དོན་དངོས་གཞོན་ནུའི་ལངས་ཕྱོགས་གང་ཡིན་གཙོ་བོ་མ་ཡིན་པར། འདི་དག་གི་རྒྱལ་གཅེས་ལྷག་བསམ་དང་། རང་དོར་སྤྱི་ཕན་གྱི་ལས་བཟང་ལ་མཐོང་ཆེན་དང་རིན་ཐང་ཞིག་སྤྲོད་དགོས་པར་སེམས་ལ། ལྷག་པར་བལྟས་བལྟས་རིག་རིག་ལ་རྒྱལ་གཅེས་པ་འདི་དག་མཆི་ལམ་དུ་འགྲོ་མ་བཅུག་ན་མི་འགྲིག་གམ། རྒྱ་གར་ཉེན་རྟོགས་པས་འདི་དག་གི་ཚེ་སྲོག་མ་བསྐྱབས་པའི་སྔོན་ལ་ང་རང་ཚོ་རང་ཉིད་ཀྱི་ངོས་ནས་གཞོན་ནུའི་ལས་འགུལ་བ་དག་ལ་གདུང་སེམས་མཉམ་བསྐྱེད་ཡོད་པ་ཞིག་དང་། མཉམ་སྦྲེལ་རྒྱལ་ཚོགས་འགུལ་སྐྱོད་ཅིག་ཡོད་པ་ཞིག་བྱས་ནས། བླ་ན་མེད་པའི་ཚེ་སྲོག་གི་རྒྱུན་བཟང་འདི་ཉིད་སྐྱོབ་ཐབས་བྱ་དགོས།
ལྟ་གྲུབ་མང་པོ་ཡོད་པའི་སྤྱི་ཚོགས་དེ་ཉིད་ངན་པ་ཞིག་ཡིན་པའི་ངེས་པ་མེད་ཀྱང་། ལྟ་གྲུབ་ཕན་ཚུན་ལ་བརྩི་བཀུར་དང་། རོགས་འདེགས་མེད་ན་དེ་ནི་ངོ་མ་སྤྱི་ཚོགས་དེ་ཉིད་རྒུད་མཐར་འགྲོ་བའི་སྤྱི་ཚོགས་ཤིག་ཡིན་ངེས་ལ། ཡང་ན་ག་ཚོད་ཁ་སྙན་སྙན་དང་ངོ་འཛུམ་འཛུམ་འདྲ་བྱས་ཀྱང་རྡོག་རྩ་གཅིག་སྒྲིལ་མེད་པའི་སྤྱི་ཚོགས་ཡ་མ་བརླ་ཞིག་ཡིན་པ་ཐག་གིས་བཅད་ནས་བཤད་ཆོག དེ་ལྟ་ན་ང་ཚོའི་ཁ་ཐོག་མིག་ཐོག་ནས་མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་སླད་དུ་ཉིན་གཅིག་ཙམ་མ་ཡིན་པར་དུས་ཡུན་རིང་པོའི་ནང་ཟས་བཅད་ཆུ་བཅད་ཀྱི་བགྱི་བ་དང་ལེན་བྱེད་བཞིན་པའི་གཞོན་ནུའི་ཚོགས་མི་དག་གི་དཀའ་སྡུག་ལ་གོ་ཤེས་བསམ་ཤེས་བྱ་དགོས་ཀྱི་འདུག་ལ། མ་ཟད་ཤིང་སྡོང་ཞིག་གམ་རྡོ་ལོག་ཅིག་རྒྱ་གར་རྒྱལ་ས་ལྡི་ལིར་རིལ་བསྡད་པ་མ་ཡིན་པར་ང་ཚོའི་ཤ་རུས་གདུང་རྒྱུད་གཅིག་པའི་མི་བུ་གསུམ་གྱིས་རླབས་ཆེན་ཚེ་སྲོག་བློས་གཏོང་བྱེད་བཞིན་པ་ཤེས་ན་བཟང་།
མདོར་བསྡུས་ན་ཁོང་ཅག་གི་ཚེ་སྲོག་སྐྱོབ་པ་ལ་ཁོང་ཚོས་གནས་སྐབས་རང་བཏོན་པའི་རྩ་དོན་གྱི་དོན་རྩ་དེ་དག་མངོན་གྱུར་ཡོང་བར་ཚོགས་པ་སྐྱིད་སྡིག་ཁག་གཙོས་པའི་བོད་མིའི་སྒྲིག་འཛུགས་དང་བཅས་པ་མཉམ་སྦྲེལ་རྡོག་རྩ་གཅིག་སྒྲིལ་གྱིས་རྒྱལ་ཚོགས་སོགས་ལ། སྐད་འབོད་ཁྲོམ་སྐོར་དང་། སྙན་ཞུ་གཏམ་གླེང་སོགས་གང་བྱ་དགོས་སར་ཚང་མར་བྱས་ནས། གཞོན་ནུའི་རྒྱུན་ལས་གསུམ་ཤི་སོང་ནའང་འགྱོད་པ་མེད་ཅིག་ངེས་པར་བཟོ་དགོས་ཀྱི་འདུག་སྙམ་པ་དེའོ།།
གོང་གི་དགོངས་ཚུལ་འདི་ནི་ཨ་འདུས་མིག་ཆུ་ལགས་ནས་དུས་བབ་ནང་བཀོད་འདུག་པར་ཡང་དག་ངག་ལ་མཐོང་ནས་འདིར་སྐྱར་བཀོད་ཞུས་པ་ཡིན་པས་རྩོམ་ཡིག་སྤེལ་བ་པོ་མཆོག་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དྲང་བདེན་དང་ལྷག་བསམ་དུས་རབས་ལ་དཔག་པའི་ཤེས་ལྡན་པ་དྲ་གྲོགས་མང་པོ་ཞིག་ནས་གཟིགས་པའི་རེ་བ་ཡོད།
མངའ་རིས་འཕྲིན་ལས་ལགས། དངོས་གནས་ཁྱེད་ཀྱིས་བྲིས་གནང་བའི་གཏམ་དེ་ནི་ཧ་ཅང་གིས་ཡིད་སྨོན་བྱེད་དགོས་པ་དང་མཁྱེན་རྒྱ་ཆུད་ཚོད་མཐོ་བའི་གཏམ་ཞིག་རེད་འདུག ངས་རྟག་པར་བསམ་འཆར་འདི་འདོན་བཞིན་ཡོད་ཀྱང་ཡ་བྱེད་མཁན་ཡོད་མ་རེད། ངེས་པར་དུ་གཏམ་དེ་འདྲ་ལ་རྒྱབ་སྐྱོར་ཡོད།
མངའ་རིས་འཕྲིན་ལས་ཀྱིས་སྨྲ་བརྗོད་ཡག་པོ་བེད་སྤྱོད་བཏང་བཞིན་འདུག
དོན་དམ་གྱི་མཐུན་སྒྲིལ་དང་ཞི་མཐུན་ཞིག་དགོས་ན་མི་ཞིག་དཀོན་མཆོག་ཏུ་སྒོམ་ཞིང་དེའི་འཛུབ་མོ་གང་བསྟན་ལ་ཤར་ཕྱོགས་ཀྱི་བགྲོད་ལམ་རྒྱུད་་རྒྱུ་མིན་པ་གནད་དོན་གང་ཞིག་ཡིན་ཡང་སྐྱེས་པོ་ཀུན་གྱིས་རྟགས་དཔྱད་དང་བསམ་ཚུལ་བརྗོད་རྒྱུའི་རང་དབང་དགོས། གོང་ས་མཆོག་གི་བཀའ་ལ་རྟགས་དཔྱད་བཏང་རྒྱུ་ཁོང་གི་དགོངས་པ་ཡིན་པ་མ་ཟད། སངས་རྒྱས་ཀྱི་དགོངས་པའང་རེད། མི་རེ་ཟུང་གིས་དད་པ་ཁ་ལ་ཁྱེར་ཞིང་སྤྲེད་ལེ་འཁྲབ་ཆེད་ཉམ་ཆུང་ཚོས་སྨྲ་བརྗོད་རང་དབང་ལ་ཚོད་འཛིན་བྱེད་པ་འདི་དོན་དངོས་མི་རིགས་འདི་ཕྱོགས་གཅིག་ལས་འཇིག་རྟེན་གྱི་ཡོད་ཚད་མཐོང་མི་ཐུབ་མཁན་གྱི་ཞ་ར་ཞིག་ཏུ་བཟོས་ཤིང་ལོང་བའི་ཁྲོད་འཆི་རུ་འཇུག་བྱེད་ཅིག་ཡིན་པས་བསམ་བློ་གུ་དོག་དང་རྙིང་ཞེན་པ་འདི་ཚོ་བོད་ཕམ་བྱེད་ཀྱི་སྲོག་རྩ་འདོད། གང་ཡིན་ཞེ་ན། མི་རིགས་ཤིག་གི་ཡར་རྒྱས་ནི་མི་གཅིག་གཉིས་ཤིག་གིས་སྐྲུན་པ་མིན་པ་མི་རེ་རེའི་རང་ནུས་ཀྱིས་རྣམ་དཔྱོད་དང་ལས་དོན་སྒྲུབ་ནས་ཡོང་དགོས་བས་མི་ཀུན་ལ་ཐུན་མོང་གི་བསམ་ཚུལ་བཏང་སའི་ཁོར་ཡུག་ཅིག་ཡོད་ན་མི་རིགས་དེ་གསོན་ཤུགས་རྒྱས་བའི་སྔོན་འགྲོ་ཡིན།
ཧ་ཧ་ཧ་་་མི་ངན་མངའ་རིས་འཕྲིན་ལས་ནས་འདི་འདྲ་བཤད་ཡོང་བསམ་སོང་། ཏག་ཏག་རེད་ལངས་ཕྱོགས་ལ་ངེས་གཏན་མེད་དར་ཅོག་རླུང་གི་འཁྱེར་བ་བཞིན་བཟོས་ན་གྲུབ་འབྲས་ཡག་པོ་ཡོང་ངེས་རེད། མི་ཤས་ན་མི་སྨ་བའི་ངང་དུ་བཞུགས་དང་ཡག་ཤོས་རེད།
ཕྲན་གྱིས་ཆབ་སྲིད་མི་ཤེས་རུང་མང་པོ་ཞིག་གིས་བཤད་སྟངས་ལྟར་བྱས་ན་རང་བཙན་ཁ་ལ་ཁྱེར་ནས་ནང་དོན་རིག་གནས་ལ་རྡོག་རྫུས་བཏང་བའི་ཉེན་ཁ་འདུག །ཆོས་གྲོགས་ཚོས་གཟབ་གཟབ་བྱོས། གོང་ས་མཆོག་གི་མཚན་ནས་སྨོད་པ་དང་ཟུར་ནས་འཕྱ་བ་འདི་རིགས་ལ་ངེད་ཅག་ཆོས་བྱེད་པ་ཡོངས་ཀྱིས་བཟོད་སྒོམ་བྱེད་ཐབས་བྲལ་བས་ད་ནས་བཟུང་དོན་དག་མེད་སར་བླ་མའི་མཚན་བེད་སྤྱོད་མ་བྱེད་རོགས་གནང་། ཚང་མ་འཚུབ་ཆ་ལངས་སུ་བཅུག་ན་ཕན་ཐོགས་མེད་པའི་ལས་ཀ་རེད། །འདས་ཟིན་པ་ནི་འདས་པ་རེད། མ་འོངས་བར་ག་རེ་བྱེད་དགོས་མིན་དེ་གཙོ་བོ་རེད།
རང་བཙན་དང། དབུ་མ་གང་ཡིན་ཀྱང་བོད་མི་ཡོངས་ཀྱི་རང་དབང་དང་བདེ་སྐྱིད་ཀྱི་ཆེད་དུ་ཡིན་པས། བོད་མི་རང་རང་གི་འདོད་བློ་དང་མཐུན་པའི་ནུས་པ་གང་ཡོད་འདོན་དགོས་པ་ལ། དེ་ལས་བཟློག་དེ་ང་ཡག་ཁྱོད་སྡུག་དང་ངེས་བྱས་ཁོས་ཡས་སོགས། ནང་ཁུལ་ལ་ཚིག་ངན་སྣ་ཚོགས་སྨྲ་བ་རྣམས་ནི་ཡག་རྟགས་ཅིག་རྩ་བ་ཉིད་ནས་མིན་པར་མ་ཟད། དེ་རིགས་ནི། ཡང་ན་གསང་བའི་ལས་ཀ་ཞིག་གི་ཆེད་དུ་འམ། ཡང་ན་མི་རིགས་ལ་བསམ་བློ་མི་བཏང་བར་རང་ཉིད་ཁོ་ནས་ཆེད་དུ་ཡིན་པའི་ངོས་འཛིན་ཡོད། ང་ཚོས་རང་དབང་དང་བདེ་སྐྱིད་གྱིས་ཆེད་དུ་བརྩམས་བྱའི་ལམ་ལ། རང་བཙན་དང། དབུ་མ། བདེན་པའི་ཨུ་ཚུག། རང་ཐེག་རང་གཅོད། ཏ་དུང་དེ་ལས་མང་ཡང་རུང་ལ། བོད་མི་རང་རང་གི་ནུས་པ་དང་བསམ་བློ་ལ་དཔག་པའི་ལམ་རྒྱ་ཕྲག་རྒལ་ན་ཡང། ཁ་ནས་རང་དབང་གི་འབོད་སྒྲ་གཅིག་དུ་སྒྲོག་ཅང། ཁོག་དུ་ཞི་བདེ་དང་རང་དབང་གི་འདོད་པ་མཚུངས་བས། ཕུག་མདུན་ལ་བསམ་ཚུལ་མི་མཐུན་པ་ཡོང་མི་སྲིད་དེ། རང་གི་ཁེ་བཟང་ཆེན་པོ་ལ་ཆུང་ངུས་འདོད་པ་རང་གི་འདོན་མི་སྲིད་པའི་སོ། དེ་ལྟར་མིན་པར་འབྲས་མིང་རྒྱུ་ལ་བཏག་ནས་བརྗོད་བྱས་སྟོང་བའི་ཚིག་སྐམ་ཞིག་ལ་དགོས་མེད་གྱིས་རྩོད་སྙོག་བྱེད་པ་ནི་དགྲ་དགའ་གཉེན་སྡུག་གི་ལས་འབའ་ཞིག་ཡིན་པར་ཤེས་དགོས།
ལེགས་བཤད་ལགས་ཀྱི་གསུང་པར་དགའ་བསུ་ཡོད། ཆབ་སྲིད་ལང་ཕྱོགས་གང་ཡིན་རུང་མིན་རུང་ཚང་མ་བོད་མི་རིགས་རིག་གཞུང་དང་བཅས་པའི་རྩ་དོན་ཆེད་རེད། དེ་མིན་༧གོང་ས་མཆོག་གི་བཀའ་ཡིན་མདོག དགོངས་པ་ཡིན་མདོག སོ་སོའི་ལྟ་སྤྱོད་དང་མ་མཐུན་ན་རྒྱལ་བའི་བཀའ་འགལ་རབ། སོ་སོའི་ལྟ་སྤྱོད་མཐུན་ན་དགྲ་ལ་ལག་གཡུག་བྱས་ཀྱང་མ་མཐོང་མ་ཤེས་མདོག་མདོག་བྱེད་མཁན་རྣམས་ནས་དངོས་གནས་བོད་མིས་ཞབས་འདྲེན་ངོ་མ་རེད། དངོས་གནས་མི་སྨྲ་བའི་གཏུལ་ཞུགས་འཛིན་ན་དགའ་ས་རེད།
ལེགས་བཤད་ལགས།
སྐུ་ཉིད་སྲིད་དོན་ལ་ཐུགས་དབྱིངས་དེ་ཙམ་མེད་པ་གང་ཞིག་ལ་ཆབ་སྲིད་གླེང་སྟེགས་ཐོགས་ཡང་ལྷ་ཆོས་རིང་ལུགས་ཀྱི་ཐོབ་ཐང་གླེང་ཡོང་ན་བདེ་མོ་ཞིག་མ་རེད། དེ་ལྟའི་ཐོབ་ཐང་གླེང་དགོས་ན་ཆོས་དོན་ལས་ཁུངས་ཡོད་པ་རེད་ལ་ཆོས་ལུགས་ཀྱི་ཚོགས་ཆེན་ཞིག་ཀྱང་ཚུགས་དགོས་པ་རེད། ༧གོང་ས་མཆོག་གི་མཚན་ནས་སྨོད་པ་དང་ཟུར་ནས་འཕྱ་བ་རིགས་ལ་ངས་ཀྱང་ངོ་རྒོལ་མཐའ་གཅིག་ཏུ་ཡོད། འོན་ཀྱང་ཆབ་སྲིད་གླེང་དུས་ཆོས་ཕྱོགས་གླེང་མ་ཡོང་ན་ཡག་གི་རེད། ཆོས་དང་སྲིད་ཆོས་དང་འཇིག་རྟེན་གཉིས་བྱ་བྱེད་གང་ལ་ཡང་ཆ་མི་མཚུངས་པ་ཞིག་རེད། རེད་དེ་དེ་གཉིས་ཆ་མཚུངས་གཅིག་རང་གཅིག་ཡོད་པ་ནི་ཟ་བཏུང་གཏོང་གསུམ་རེད། ང་གཉིས་སྔ་མོ་ནས་བརྩོད་པ་ཞིག་ཡོད་པ་དེ་ལྷ་ཆོས་རིང་ལུགས་ཀྱི་སེར་མོ་ཚོས་རང་ཉིད་ཀྱིས་ལས་འགན་སྟོན་པའི་ལུང་སྡེ་སྣོད་གསུམ་ལ་ཐོས་བསམ་སྒོམ་གསུམ་དང་འབྲེལ་ནས་རང་རྒྱུད་ལ་ཉམས་སུ་བླངས། འཇིག་རྟེན་མི་ནག་ཚོས་མི་ཆོས་རིང་ལུགས་ཀྱི་ཆབ་དཔལ་རིག་གསུམ་མཚོན་པའི་དེང་དུས་ཤེས་ཡོན་ལ་ཧུར་བརྩོན་ཆེན་པོས་རྒྱལ་ཁབ་སྐྱོང་བའི་བྱ་གཞག་ལ་འབད་ན་ད་གཟོད་རྙོག་འཛིན་སྣ་མང་རང་བཞིན་ཅན་གྱི་འཆིངས་ཐག་འདི་ལས་གྲོལ་སྲིད་པ་རེད། འོན་ཀྱང་བོད་མི་རིགས་འདི་སྣ་སྔ་མོ་ནས་ལྷ་ཆོས་རིང་ལུགས་ཀྱི་སེར་མོ་བ་ཚོས་དགོས་པའི་ལྷ་ཆོས་ཡང་དག་པ་ཞིག་མ་བྱས་པར་མི་དགོས་སྲིད་དོན་ལ་ལག་པ་འཆང་རྐྱང་བྱས། སྐྱ་བོ་མི་ནག་ཚོས་དགོས་པའི་རང་སྲིད་དེ་ཡག་པོ་ཞིག་མ་བསྐྱངས་པར་མི་དགོས་པའི་ལྷ་ཆོས་བྱེད་ཁུལ་བྱས་པའི་འབྲས་བུ་ད་ལྟ་རང་སྟེང་དུ་མྱང་དང་མྱོང་བཞིན་པ་འདི་མ་་རེད་པས།
མཐར་ངས་གསལ་འདེབས་གཅིག་རང་གཅིག་ཞུ་རྒྱུར། སྐུ་ཉིད་དང་འཇམ་གཅེས་ཀྱིས་ནམ་རྒྱུན་༧གོང་ས་མཆོག་ལ་དད་པ་དང་གུས་བརྩི་ཆེ་མདོག་བསྟོན་ཀྱང་། དོན་དངོས་༧གོང་ས་མཆོག་ཞེས་འབྲི་དུས་འགོ་དེར་ཆེ་མཐོང་དང་ཕགས་ནོར་བདུན་གྱི་མཚོན་བྱེད་གྲངས་གནས་༧ དེ་སྣང་ཆུང་དུ་བཞག་ནས་མ་བྲིས་པ་དེས་དད་པ་དང་ཆེ་མཐོང་གུས་བརྩི་ག་ཚོད་ཡོད་མེད་མཚོན་ཐུབ་པ་མ་རེད་པས། ནོར་འཁྲུལ་ཡོད་ན་དགོངས་འགལ་མ་མཛད་རོགས།
དམིགས་བསལ་ཚོགས་ཆེན་དེ་རྒྱལ་ཁའི་ངང་བོད་དང་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ལ་རྣམ་དཔྱོད་རང་བཞིན་ལྡན་པ་དང་། ཐབས་ལམ་རང་བཞིན་ལྡན་པའི་བསམ་ཚུལ་གང་མང་སྤུངས་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། མ་ཟད་དམངས་གཙོ་རང་བཞིན་ལྡན་པའི་ཚོགས་ཆེན་འདིར་ལྟ་གྲུབ་འདྲ་མིན་གྱི་བསམ་འཆར་སྤུངས་དགོས་པ་རེད་ལ། ཕན་ཚུན་གུ་ཡངས་དང་བརྩི་མཐོང་ཆེན་པོས་བསམ་ཚུལ་བརྗེ་ལེན་དང་གྲོ་གླེང་གང་མང་བརྒྱུད་དགག་བཞག་སྤངས་གསུམ་བྱས་ཆོག། དེས་ན་ཆོས་ལུགས་མཐུན་སྒྲིལ་དང་མི་རིགས་མཐུན་སྒྲིལ་ལ་འགན་ལེན་ཐུབ་ལ་ཧུའུ་ཅིན་ཐའོ་ཡིས་མཆམ་མཐུན་གྱི་སྤྱི་ཚོགས་ལྟ་བུ་མ་ཡིན་པར་དོན་དངོས་ཀྱིས་རྡོག་རྩ་ཆིག་སྒྲིལ་དང་མཆམ་མཐུན་གྱི་སྤྱི་ཚོགས་ཞིག་བསྐྲུན་ཐུབ། མཐར་བོད་དང་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ལ་དགོས་ངེས་ཀྱི་འཆར་གཞི་རང་བཞིན་ལྡན་པ་དང་ཐབས་ལམ་རང་བཞིན་ལྡན་པའི་དགོངས་ཚུལ་གལ་ཆེན་རྣམས་འདེམས་སྒྲུག་གིས་ལག་བསྟར་རང་བཞིན་ལྡན་པ་བྱེད་དགོས་པ་དེ་རེད།
Kindly somebody translate this in tibetan as it really new and good idea.
Global Tibetan Mass Movement
In recent history, since 2008 Tibetans inside Tibet has been continuously protesting against Chinese wrong policy implemented in Tibet over 60 years long and unprecedented brutality and repression in Tibet has resulted a drastic action by Tibetans against Chinese communist party. Tibetans inside Tibet had geared up their freedom movement since yr. 2009 and next three consecutive years, so much so that currently 3 to 4 self-immolations takes place in a single week or several case of two people set themselves emblazed together very recently. Whereas, we the exiled Tibetans seemed has no more interest about Tibet’s issue or what’s really happing inside Tibet and we do live on normal life including our highly respected Lamas (Kyabgons), politicians and organizations. Merely words of condolence and prayers do not fulfill the true aspiration of those most recent great 51 Tibetan martyrs and others who had sacrificed their precious life and everything for the nation every now and then. Although some kind of movements were launched by CTA, kashag , Kyihtue ,NGOs and by individual from time to time in connection to the solidarity of Tibetan people inside Tibet. Nevertheless, these are simply a demonstration which has no more far reaching impact globally and particularly on China. I appreciate our great Si-kyong for making awareness of Tibet issue all over the world at and appeal to the world leaders for their support and sympathy on Tibet. I am truly moved by current flame of truth relay movement ignited by Tibetan parliament in exile. However, that still can’t give a pinch to our giant enemy to change her hardline policy in Tibet rather it is time and money consuming for us to some extent. To be very clear, I am totally optimist to give my comment on CTA. I also highly appreciate Tibetan youth congress for their indefinite hanger strike in New York and New Delhi etc. And, an individual activist or freedom fighter such as Mr. Dorjee Tsetan lak and so on. Somehow, we are still lacking something behind to a breaking news,shake the whole world and tense economic giant, China. Well, to my personal point of view, it is absolutely high time for central Tibetan Administration, NGOs. In fact, all the exiled Tibetan people to gear up our strategy or political movement to meet our common goal ultimately. What if we are failed to seize the opportunity of the historical greatest time of Tibetan martyrs, the time of spreading the wave of heroic self- immolation of Tibetans in Tibet which no nation in the world has hold that record at all time in the past history. People inside Tibet can hardly do anything greater than this next to the phase of self-immolation movement. Apparently, self-immolation will not continue for coming decades and time may come that people inside Tibet feel helpless and fed up with exiled Tibetans in free world for our mode of freedom struggle to resolve Tibet’s issue. Once that situation hit in Tibet , it pretty sure Tibet is going to die sooner or later. Here, I have brought a little idea to strengthen ourselves at world stage by the so called Global Tibetan mass movement . This movement should not base on prompted emotion rather thoughtful and systematic from beginning to the end. For a better result, we need time to study or analyze about pros and cons possibly associate with this dynamic movement. It would definitely wise to analyze and calculate overall situation such as time, palace and expenditure before preceding the movement. This movement should be launched at a time all over the world covering all significant places in the world like hitting a heavy rainstorm. Major places such as well recognized world organizations, president palaces or house of parliaments etc. (Places or locations has to be discussed judiciously) The most important concern is about human resources. In this movement, forming a group of at least 50 to 100 voluntary Tibetans under the leadership of two or three competent persons has to be given first priority. After forming a hundreds of such dedicated and disciplined groups shall distribute to the marked location either in western or eastern world. (Leaders can be highly respected lama or politician, teacher, musician and so forth. This has to be discussed and request individually to lead the group before assigning the task. These selected persons should be well trained to manage their own group according to the terms and norms of the movement base on non-violence. Our voice or demands should be uniform in front of world media. Financial strength is another important factor to be considered and discussed. ) Goal 1.To ease agonizing situation facing by Tibetan inside Tibet currently. 2. Solve Tibetan issue through dialogue only with world support eventually. Time & place It should be fixed smartly by judging all the circumstances. Duration Indefinite strike will continue if and unless a concerned authority give a clear response against our common demands whatsoever. (kind of indefinite hunger strike in front of UN in USA by 3 Tibetans in the beginning of this year organized by Tibetan youth congress.) Impact Let the whole world to speak on Tibet at a same time where no nation has fear to speak on Tibet against China. China will be left alone and feel inferior as she can’t break the unity of whole world against her. The world media will surely focus on Tibetan freedom movement. Let the people inside Tibet be happy and be proud of us. Note: This is just a roughly idea or draft from my level. To all the dignitaries who are gathered for the 2nd special general meeting held in Dharamsala. Kindly, raise this issue in the meeting or discuss about it if anybody found it as a sensible and constructive suggestion toward the essence of ongoing 2nd general meeting. Thanking you in anticipation. By: Gyaton B. Dhargyal
Kindly traslate and publicide on khabdha again. Thanks you
གསེར་འབྲུག་ལྡེ་ལྔ་ལགས། ཁྱེད་ནི་འཐབ་རྩོད་པ་སྤྱང་གྲུང་གཉིས་འཛོམས་ཤིག་ཡིན་པ་བཤད་མ་དགོས། གུས་པས་ཆབ་སྲིད་མི་ཤེས་རུང་མི་ཁ་ཤས་ཀྱིས་སེམས་ཤུགས་ཡོད་མདོག་མདོག་གིས་ཡིན་གཅིག་མིན་ནས་ལྷ་ཆོས་རིང་ལུགས་ལ་དམའ་འབེབས་དང་རྡོག་བརྫིས་གཏོང་དགོས་དོན་ག་རེ་ཡིན་ནམ། འདིར་དོགས་པ་ཡོད། ། ཆོས་པས་འཇིག་རྟེན་ལ་ཐེ་གཏོགས་མ་བྱེད་ན་མཐའ་གཅིག་ཏུ་བཟང་དང་ངན་གང་ཡིན་བཤད་ཚོད་མི་ཐུབ་ཀྱང་། ཁྱེད་ཅག་སྲིད་དོན་མཁས་པ་རྣམས་ཀྱིས་རྩོད་སྟངས་དེ་འདྲ་ཞིག་ཨེ་ཡིན་སྙམ། ཧ་ཧ་སྐུ་རྩེད་ཡིན་ད།
ཚོགས་ཆེན་ལ་མིང་དོན་མཚུངས་པའི་གྲུབ་འབྲས་ཞིག་འབྱུང་དགོས་ན།
ཚོགས་འདུ་ལྷུག་པོ་དང་བགྲོ་གླེང་འཁྲུགས་པོ།
གནད་དོན་ཐེར་འདོན་དང་བསམ་ཚུལ་དགག་སྒྲུབ།
ལྟ་གྲུབ་སྣ་མང་དང་བསམ་བློ་གུ་ཡངས།
ཕྱི་གསལ་ནང་གསལ་དང་བཤར་སྦྱངས་རྣོ་ངར་ལྡན་པ་ཞིག་བྱེད་དགོས་པ་རེད།
དེ་འདྲ་ཞིག་བྱ་ཐུབ་ན་ད་བཟོད་དམིགས་བསལ་ཚོགས་ཆེན་ལ་དམིགས་བསལ་འབྲས་བུ་ཞིག་ཡོང་ངེས་ཡིན་པ་རེད།
གསེར་འབྲུག་སྡེར་ལྔ་ཟེར་བ་མི་འདི་ཆོས་ཀྱི་སྔ་རུ་དང་འཇིག་རྟེན་གྱི་ཕྱི་རུ་གཉིས་ཀར་གོ་རྟོགས་དམན་ཞིང་མི་ཤེས་ནའང་འོལ་ཚད་ཀྱི་འུར་སྒྲོག་བྱེད་མཁན་ཞིག་ཡིན་པའི་རང་མཚན་གསལ་པོར་བསྟན་འདུག འོ་ན་ཆོས་ཉམས་ལེན་གནང་མཁན་གྱི་གང་ཟག་ཞིག་གིས་ཆབ་སྲིད་གནང་ན་ནང་ཆོས་ཀྱི་ཉམས་ལེན་ལ་གནོད་ཀྱི་ཡོད་ན་མཛད་པ་དཔག་བསམ་ཁྲི་ཤིང་དང་སྐྱེས་རབས་སོ་བཞི་པའི་ནང་གསུངས་པ་བཞིན་རང་ཅག་གི་སྟོན་པས་སྔོན་སློབ་བ་ལམ་གྱི་གནས་སྐབས་སུ་རྒྱལ་པོ་དང་བློན་པོ་ཤ་སྟག་གི་སྐྱེ་བ་འབུམ་ཕྲག་དུ་མ་བླངས་ཏེ་ཆབ་སྲིད་ཀྱི་རྒྱལ་ཁྲིམས་ཆོས་བཞིན་བསྐྱངས་ནས་མཐར་མངོན་པར་རྫོགས་པ་སངས་རྒྱས་སོང་བ་དང་། སྔོན་བོྱོན་སྟོན་པའི་རྣམ་ཐར་དེ་ཕྱིས་འབྱྱུང་གདུལ་བྱའི་ཉམས་ལེན་གནང་དགོས་པ་ནང་ཆོས་ཀྱི་རྨང་གཞི་ཡིན་པས་ཁྱེད་ཀྱིས་ཆབ་སྲིད་ཀྱི་བྱ་བ་དེ་ཆོས་ཉམས་ལེན་དང་འགལ་ཚུལ་ཇི་ལྟར་བསྒྲུབ་རྩིས་ཡོད། ཡང་ན་སྟོན་པས་ཀྱང་ཆོས་རྣམ་དག་ཅིག་མ་གནང་བ་སངས་རྒྱས་སོང་བ་ཡིན་ནམ། ཆོས་ཀྱི་ཉམས་ལེན་ཟེར་བ་ནི་ལུས་ངག་ཡིད་གསུམ་ཀྱི་བྱ་བ་བཟང་པོ་བྱེད་རྒྱུ་དེ་ཡིན་པས་དེ་ཆབ་སྲིད་པ་དང་འགྲོ་བ་ཀུན་ལ་དགོས་པའི་ཡ་རབ་བཟང་སྤྱོད་ཅིག་དང་སྐྱ་སེར་དབྱེ་བ་མེད་པ་ཀུན་གྱིས་ལག་ཏུ་བླང་དགོས་དགོས་ཤིང་འཇིག་རྟེན་བདེ་བའི་ཐབས་དམ་པ་དེ་ཡིན་པས་སུ་ཡིས་ཀྱང་དོར་མི་རུང་བ་ཁྱེད་ཀྱིས་ཨེ་ཤེས། ཡང་ན་མི་སྐྱ་ཚོར་བདེ་གནས་མི་དགོས་པ་རེད་དམ་བྱ་བཟང་པོ་རྣམས་བདེ་བའི་རྒྱུ་མ་རེད་ཅེས་བཤད་འདོད་པ་ཡིན། མི་སྐྱ་ཚོས་ཆོས་ཉམས་ལེན་བྱེད་མི་དགོས་ཟེར་དུས་བྱ་བ་བཟང་པོ་བྱེད་མི་དགོས་ཟེར་གཉིས་ལ་ཚིག་གི་ཁྱད་པ་ལས་དོན་ལ་ཁྱད་པ་ཏིལ་འབྲུ་ཙམ་ཡང་མེད་པས་རྒྱལ་ཁབ་གང་ཞིག་གི་ཆབ་སྲིད་ཡག་པོ་ཞིག་སྐྱོང་བ་བྱ་བ་སྡུག་པ་ཀྱང་ཀྱང་བྱེད་དགོས་པ་ཁྱེད་ཀྱིས་ཇི་ལྟར་བསྒྲུབ་ཐུབ་བམ།
ངས་མང་པོ་ཞུས་ཟིན་པ་ཡིན། བོད་པའི་བཤད་སྲོལ་ལ་ཡོད་པ་བཞིན། ཕྱིའི་དགྲོ་མགོ་བརྡུང་བྱེད་སྟ་རེ་མེད་པར། ནང་རྫ་རྐུབ་ཕུད་བྱེད་མཐོ་བ་ཟེར་བ་བཞིན་མི་ངན་འདི་ཚོའི་གྲས་ལ་ག་དུས་ཡིན་རུང་ལེགས་བཤད་ཞིག་གང་ཡང་མེད་པ་ཤེས་དགོས། རང་གཞུང་གི་འགོ་བླ་མ་དང་དཔོན་པོའི་མ་ཐོན་རབས་དང་ཆོས་ལུགས་དང་ཆོལ་ཁའི་མ་བྱུང་རབས་རྐྱང་རྐྱང་བཤད་པ་ལས། དོན་དངོས་གནད་ལ་ཁེལ་བས་ལས་འགུལ་དང་། ཆབ་སྲིད། རིག་གནས། ཆིག་སྒྲིལ། གཞན་ཡང་ང་ཚོའི་སྤྱི་ཚོགས་སུ་དགོས་ངེས་པའི་གནད་དོན་མང་པོ་ཡོད་རུང་མིག་ཡ་ཞ་ར་ཆགས་པ་ནང་བཞིན་མཐོང་གྱི་ཡོད་པ་མ་རེད། ད་དུང་དགྲ་བོ་རྒྱ་དམར་གཞུང་ལ་རྒོལ་ལེན་ཡིག་གེ་ན་ཡིག་གཅིག་ཡང་བྲིས་མ་མྱོང་བ་རེད་ལབ་ན་ཡང་མི་ཆོག་པ་གང་ཡང་མེད། རྒྱུ་མཚན་དེའི་ཕྱིར་ན་ངས་སྐྱག་ཁང་ཁ་མངོག་ན་དྲི་མ་སྐྱག་དྲི་ལས་གང་ཡང་མེད་པར་བཤད་དགོས་དོན་ཡང་དེ་བཞིན་ཡིན་ནོ། །
བོད་ནང་གི་ཛ་དྲག་གི་གནས་ཚུལ་ཡང་ཡང་བྱུང་དང་འབྱུང་བཞིན་པ་དེས་ན། གནས་ཚུལ་དེ་རྣམས་མྱུར་མོ་དང་གསལ་བོ་ཤེས་ཆེད། བོད་ནང་གི་ས་གནས་རྫོང་དང་གྲོང་སྡེ་སོགས་རེ་རེ་ནས་རྒྱ་གར་སོགས་སྐྱབས་བཅོལ་རང་དབང་ལུང་པ་རྣམས་སུ་མི་སྣ་རེ་གཉིས་སླེབས་མེད་པར་ཕལ་ཆེར་མེད་པར་ལྟ་བུ་ཡིན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མི་སྣ་དེ་དག་ལ་འབྲེལ་བ་བྱས་ཏེ་བོད་ནང་གི་ས་གནས་སོ་སོའི་བོད་གནས་འབྲེལ་འཐུད་པ་སྐོ་བཞག་གནང་དགོས། དེ་ལྟ་བྱུང་ན་བོད་ནང་གི་ས་གནས་སོ་སོར་ཛ་དྲག་གནས་ཚུལ་བྱུང་མ་ཐག་གསལ་བོ་དང་ཁུངས་ལྡན་གྱི་གནས་ཚུལ་མྱུར་དུ་རག་པ་ལ་ཕན་ཐོག་ཧ་ཀྱང་ཆེ་བ་བསམ། གསར་འགྱུར་བརྒྱུད་ལམ་ཁག་ནས་ཀྱང་མི་སྣ་དག་ལ་འབྲེལ་བ་བྱས་ན་ད་གཟོད་གནས་ཚུལ་རྣམས་ཁུངས་ལྡན་ཡོང་ངེས་ཡིན། གསར་འགྱུར་བརྒྱུད་ལམ་ཁག་ནས་ཀྱང་བོད་ནང་གི་ཛ་དྲག་གི་གནས་ཚུལ་རྣམས་གསར་ལམ་ཁག་ཏུ་ཧབ་ཐོབ་རྒྱབ་སྟེ་སུ་སྔ་གང་མགྱོགས་གིས་གནས་ཚུལ་གཏང་བ་ཙམ་མིན་པ་ས་གནས་སོ་སོར་ལ་ཕན་གནོད་གང་འགྱུར་བ་དང་གཙོ་ཆེ་གནས་ཚུལ་ཁུངས་ལྡན་ཡིན་མིན་སོགས་བོད་གནས་འབྲེལ་འཐུད་པ་མི་སྣ་དེ་དག་ལ་ཡང་ཡང་འབྲེལ་བ་བྱས་ཏེ་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་དགོས་གལ་ཆེ། དེ་ནས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཚུལ་རྣམས་མཁོ་གཏོང་གནང་ན་ནུས་པ་ཆེ་བ་དང་ཆེ་མཐོང་ལྡན་པ་ཡོང་བ་ངེས། ཐབས་ལམ་འདི་ནི་བོད་ནང་གི་ཛ་དྲག་གནས་བབ་རྣམས་རྒྱལ་སྤྱིའི་གདིང་ཆ་སྟེང་སྐྱེལ་བའི་བྱེད་ཐབས་ཡག་ཤོས་སུ་མཐོང་བས་ད་ལན་དམིགས་བསལ་ཚོགས་སྐབས་འདི་ལྟ་བུ་ཐག་གཅོད་གནང་ཐབས་ཡོང་བ་ཅི་ནས་ཀྱང་ཚོགས་ཞུགས་པ་ཡོངས་ཀྱིས་རྒྱབ་སྐྱོར་གནང་ཐུབ་ན་དགེ་མཚན་ཧ་ཀྱང་ཆེ་བ་སེམས། དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་འདི་བཞིན་གྲོས་ཆད་རྣམས་གནད་ལ་འཁེལ་བ་དང་ཚོགས་ཆེན་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུ། བོད་རྒྱལ་ལོ། །
རང་ལུས་མེར་སྲེག་གི་ལས་འགུལ་ཕྱོགས་ནས་སྤྱི་འཐུས་དང་བཀའ་ཤག་གི་ལྟ་ཚུལ་ག་རེ་ཡིན་།
མི་གཞན་ལ་མི་ངན་ཟེར་ནས་ཁ་བཏང་མཁན་རྣམས་ནི་དོན་དངོས་ཁོང་ཚོ་མི་ངན་ཡིན་པའི་ཁྱད་ཆོས་རེད།
མི་ངན་ཞེས་པ་ནི་བཀའ་དྲིན་བསམ་ཤེས་མེད་མཁན་དང་། དུས་རྟག་ཏུ་ཁ་ནང་དུ་ཕྱོགས་ནས་ནང་ཁུལ་དཀྲུགས་ཤིང་ཁོ་ན་བཟོབ་བ་ལས་ཕྱིའི་དགྲ་བོ་ལ་གནས་ལུགས་དང་རྒྱུ་མཚན་གང་ཡང་བཤད་མི་ཐུབ་པརཟེར་གྱི་ཡོད། མདོར་བསྡུས་ནས་བཤད་ན་ཚིག་དེའི་སུ་ལ་གནོན་གྱི་ཡོད་པ་དང་སུ་ལ་ཕོག་གི་འདུག་ན་དེ་མི་ངན་ངོ་མ་ཡིན་པར་ངོས་འཛིན་བྱོས་དང་མ་ནོར་བ་རེད། །
དམིགས་བསལ་ཚོགས་ཐེངས་གཉིས་པའི་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་ཚོགས་ཆེན་གྲུབ་འབྲས་དང་ལྡན་པ་ཞིག་ཡོང་བར་སྨོན་འདུན་ཞུ་རྒྱུ། དམིགས་ཚོགས་ཞེས་མིང་གི་ཐོག་ནས་དོན་རྟོགས་ཐུབ་པར་ལྟར་ད་རིང་གི་དམིགས་བསལ་ཚོགས་ཆེན་ནི་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདོང་ལེན་ནུས་པ་ལྡན་པ་ཞིག་གནང་ཐབས་སྐོར་ལ་བཀའ་བསྡུར་ལྷུག་པོ་གནང་རྒྱུ་དེ་ཡིན་པ་རེད། དམིགས་བསལ་ཚོགས་ཆེན་གྱི་གྲོས་གཞི་རང་གི་ཐོག་ནུས་པ་མཉམ་སྤུང་གནང་ཐུབ་ཚེ་ངེས་པར་དུ་རྒྱལ་སྤྱི་ཁྱོན་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཞིག་སྤྲོད་ཐུབ་ངེས་རེད། དེ་མ་ཡིན་པར་སླར་ཡང་བོད་མིའི་སྒྲིག་འཛུགས་དང་ཚོགས་པ་བྱེ་བྲག་གི་ལངས་ཕྱོགས་དང་སུ་འགྲིག་དང་སུ་ནོར། སུ་བདེན་དང་སུ་རྫུན། སུ་རྒྱལ་དང་སུ་ཕམ་སོགས་ཀྱི་ཐོག་དུས་ཚོད་བཏང་ན་བོད་ནང་གི་ཛ་དྲག་ལ་ཕན་པ་ལས་གནོད་པ་ཆེ་བ་དང་། བཙན་བྱོལ་བོད་མི་ནང་ཁུལ་གྱི་ཆིག་སྒྲིལ་ལ་གཏོར་བཤིགས་ཀྱིས་ཆེད་དུ་དམིགས་བསལ་ཚོགས་ཆེན་བཀོང་ཚོགས་ལྟ་བུ་ཆགས་ཉན་ཡོད་པས་ཚོགས་བཅར་བ་ཡོངས་ནས་དགོངས་པ་ཆེ་བཞེས་ཀྱིས་གྲོས་དེ་གར་བཀའ་བསྡུར་ལྷུག་གནང་ཡོང་བའི་འབོད་བསྐུལ་ཞུ་རྒྱུ།
ཕྲན་གྱི་བསམ་ཚུལ་འགའ་ཤས་ཞུ་རྒྱུར།
༡༽ ལོ་དུས་རྒྱས་བཅད་ཀྱི་ལས་འགུལ་དམིགས་ཡུལ་གཅིག དགོས་འདུན་གཅིག འབོད་སྒྲིག བོད་མིའི་མདུན་བསྐྱོད་ཀྱི་ལས་འགུལ་རྣོ་ངར་ཅན་ཞིག་བོད་མིའི་སྒྲིག་འཛུགས་ཀྱི་སྣེ་འཁྲིད་གནང་རྒྱུ་དང་དེ་ལ་ལངས་ཕྱོགས་དང་ལྟ་བ་དམིགས་བསལ་གང་ཡང་མི་དགོས་པར་བོད་ནང་གི་ཛ་དྲག་གནས་སྟངས་ལ་རྟོགས་ཞིབ་དང་དགོས་འདུན་རྣམས་སྒྲུབ་རྒྱུ། དེ་འདྲའི་ལས་འགུལ་ཞིག་གོ་སྒྲིག་གནང་ན་དེ་ལ་སྤྱི་སྒེར་ཚོགས་པ་ཁག་མཉམ་འབྲེལ་གྱིས་ཕན་ཚུལ་ཆེ་མཐོང་གི་ཐོག་ནས་མཉམ་ལས་གནང་རྒྱུ།
༢༽ བོད་ནང་གི་ཛ་དྲག་གནས་སྟངས་ཀྱི་ཁུངས་ཕེར་ར་འཕྲོད་ཀྱི་དྲིལ་བསྒྲགས་ཡིག་ཆ་ཚད་ལྡན་དང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས་ནས་རྒྱལ་ཁབ་ཁག་གི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཐོག་ནས་རྒྱབ་བསྐྱོར་ཡིག་ཐོག་དུ་ཐོབ་ཐབས་གནང་སྟེ་དམིགས་བསལ་བོད་ནང་གི་ཛ་དྲག་གནས་སྟངས་ལ་རྟོགས་ཞིབ་ཚོགས་ཆུང་རེ་དུས་ཡུན་རྒྱས་བཅད་རིང་གསར་འཛུགས་གནང་ཐུབ་མ་གནང་རྒྱུ།
༣༽ བོད་དོན་རྒྱབ་བསྐྱོར་ཚོགས་པ་ཁག་དང་ཆེད་དུ་གསར་འཛུགས་གནང་བའི་རྟོགས་ཞིབ་ཚོགས་ཆུང་ཁག་གི་སྐུ་ཚབ་ཚོགས་ཆེན་ཞིག་བཀོང་ཚོགས་གནང་རྒྱུ་དང་ཚོགས་ཆེན་དེའི་སྟེང་ནས་བོད་ནང་ལ་རྒྱལ་སྤྱིའི་རྟོགས་ཞིབ་ཚོགས་ཆུང་གཏོང་ཐུབ་པ་དགོས་རྒྱུ།
ཚོགས་ཆུང་གི་སྙན་ཐོའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ནུས་པ་གཅིག་ཏུ་སྒྲིག་ཏེ་རྒྱ་དམར་གྱི་སྲིད་གཞུང་ལ་ད་ལན་གསལ་པོ་ཞིག་སྤྲོད་ཐུབ་པ་བྱེད་དགོས།
ལེགས་བཤད་ནི་ལེགས་བཤད་རང་རརེད་འདུག །ལེ་པོ་བཤད་འདུག་པའི་མངོན་པར་བསྟོད་དོ། །
ལེགས་བཤད་ནི་ལེགས་བཤད་རང་རེད་འདུག ལེགས་པོར་བཤད་འདུག་མངོནཔར་བསྟོད་དོ། །
ཧ་ཧ་་་་དྲ་གྲོགས་རྣམ་པ་་སྐུ་ཁམས་བཟང་་་ཁ་སང་དེ་རིང་་ཚོགས་ཆེན་སྐོར་གླེང་མོ་རིང་པོ་་་་་་་་་་་་་་
མཆན་འདེབས་མཁན་ཚོས་ཚིག་ཉུང་དོན་སྡུས་རེ་བྲི་རྒྱུར་འབད་བརྩོན་བྱས་ན་ལེགས།
དོན་འདུས་རེ་ཞེས་བཅོས་པ་ཡིན་
ངས་ཀྱང་བརྗོད་གཞི་གསུམ་པོ་དེར་རང་གི་བསམ་ཚུལ་ཞིག་ཞུ་ན་འདོད།
༡༽བོད་མིའི་སྤྱི་ཚོགས་ནང་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་དགོས་ཀྱི་འདུག སྐད་ཡིག་དང་རིག་གཞུང་མ་བརླག་ན་མི་རིགས་ཀྱི་ངོ་བོ་ནམ་ཡང་འགྱུར་མི་སྲིད་ལ། མི་རིགས་ཀྱི་ངོ་བོ་མ་འགྱུར་ན་ད་དུང་ལོ་ཇི་ཙམ་བཙན་བྱོལ་ལ་གནས་དགོས་ཀྱང་བོད་དོན་འཐབ་རྩོད་འདི་ནམ་ཡང་གནས་ངེས་རེད།
༢༽རྒྱལ་སྤྱིའི་ནང་བོད་དོན་དྲིལ་བསྒྲགས་ནུས་པ་ལྡན་པ་དང་། རྒྱ་ནག་གི་འཁྱོག་བཤད་ཁག་ལ་དུས་ཐོག་ལན་འདེབས་གནད་སྨིན་དགོས་ཀྱི་འདུག འདིའི་ཆེད་དུ་དམིག་གསལ་གྱི་ཚོགས་ཆུང་ཞིག་ཟུར་འཛུགས་གནང་ཐུབ་ན་ལེགས། སྤྱིར་བོད་མིའི་སྒྲིག་འཛུགས་ནས་ཁྱབ་བསྒྲགས་གང་ལེགས་གནང་ཡོད་ཀྱང་ད་དུང་ཅུང་ཟད་མ་འདང་བའི་ཆ་མེད་དམ་སྙམས།
༣༽རྒྱ་གར་དང་ལྷོ་ཤར་ཨེ་ཤ་ཡའི་ནང་མཐུན་སྒྲིལ་དང་བོད་དོན་གོ་རྟོགས་སྤེལ་བའི་ལས་འགུལ་སྤེལ་དགོས་ཀྱི་འདུག དཔེར་ན་རྒྱ་གར་ལྟ་བུ་ལ་མཚོན་ན་བོད་དོན་གྱི་གོ་རྟོགས་དེ་ཙམ་མེད་པ་ལྟ་བུ་འདུག
ཆོས་ཀྱི་སྔ་རུ་དང་འཇིག་རྟེན་གྱི་ཕྱི་རུ་གཉིས་ཀར་གོ་རྟོགས་ཧ་ཅང་མཐོ་བའི་ལོག་སྨྲ་ལགས།
ཁྱོད་ཀྱིས་ཞྭ་དཔེ་ལྷམ་རུ་བཀབ་ནས་ག་རེ་གནང་ག། འོ་ན་བདག་ཅག་གི་སྟོན་པས་སློབ་པ་ལམ་གྱི་གནས་སྐབས་སུ་རྒྱལ་པོ་དང་བློན་པོར་སྐྱེ་བ་དུ་མར་བཞེས་པའི་སྐབས་སུ་རྒྱལ་པོ་དང་བློན་པོའི་ཆ་བྱད་ཅན་དེ་རབ་བྱུང་གི་ཆ་བྱད་རེད། ཡང་ན་ཁྱིམ་པའི་ཆ་བྱད་རེད་དེ་ཁྱོད་ཀྱིས་ལན་གསལ་པོ་ཡོད་པར་བགྱིས། དེ་ནས་ང་གཉིས་རྩོད་པ་དེ་གཞི་ནས་མགོ་འབུད་ཆོག། དེ་མིན་ན་སྐྱེས་རབས་སོ་བདུན་དང་མཛད་རྒྱས་དཔག་་བསམ་ཁྲི་ཤིང་གི་སྒྲུང་གཏམ་དེ་ཚོ་དུས་རབས་ཉེར་གཅིག་པའི་ཆབ་སྲིད་སྡིངས་ཆའི་སྟེང་དུ་འཁྱེར་ཡོང་ན་ཁྱོད་ནོར་འཁྲུལ་རེད། ཡང་གཅིག་མིན་ན་མངོན་ཤེས་དང་རྫུ་འཕྲུལ་ལ་མངའ་བརྙེས་པ་དང་ཇི་ལྟ་ཇི་རྙེད་ཀྱི་ཤེས་བྱ་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་ཐོགས་པ་མེད་པའི་སྟོན་པ་ཐུགས་རྗེ་ཅན་ནང་བཞིན་པ་ཞིག་མངོན་སུམ་དུ་བྱོན་ནས། ནམ་མཁར་འཕུར་ནུས་པའི་རྫུ་འཕྲུལ་དང་། ཞབས་ཀྱི་ཐེ་བོང་གིས་གླང་ཆེན་འདེགས་ནུས་པའི་སྟོབས་ཤུགས་དེས་རྒྱ་དམར་གྱི་མགྱོགས་མདེལ་མེ་ཤུགས་འཕུར་མདེལ་གྱི་ཁ་གཏད་དུ་སྙིང་རྗེས་ཁྲོས་ནས་དྲག་པོའི་སྐུ་རུ་བཞེངས་ཏེས། གཡས་ཀྱི་རུ་འདྲེན་སྔགས་པ་སྔགས་ནག་དམག་དཔོན་ཆེན་པོ་འཇམ་གཅེས་འཁོར་དང་བཅས་པ་དང་། གཡོན་གྱི་རུ་འདྲེན་བན་དེ་ནག་པོ་ལོག་སྨྲ་ཚར་གཅོད་འཁོར་དང་བཅས་པ་དང་། རྒྱབ་ནས་དཔུང་འདེགས་པ་དང་ཤུལ་འཛིན་པ་བན་དེ་དཀར་པོ་ལེགས་བཤད་ལྷ་དམག་འབུམ་ཕྲག་འཁོར་དང་བཅས་པས་མི་བསུན་རླངས་པོར་སྤྱོད་པའི་སྐྱེ་བོ་མའོ་ཏེང་ཅང་ཧུའུ་སོགས་ཀྱི་སྙིང་རྩ་དམར་པོ་གཅད། སྙིང་ཁྲག་དྲོན་མོ་ཞལ་དུ་བཏབ་ནས་ཐལ་བའི་རྡུལ་དུ་བརླག་པར་མཛད་ན་ད་གཟོད་དད་མོས་རང་བཙན་དང་། ཁྱབ་སྤེལ་རང་བཙན། གོང་འཕེལ་རང་བཙན། རྒྱུན་འཛིན་རང་བཙན། མདོར་ན་ལྷ་ཆོས་རིང་ལུགས་ལ་ཡོད་ཚད་རང་དབང་དང་རང་བཙན་འཐོབ་པར་གདོན་མི་ཟའོ།
རྒྱུ་མཚན་དེས་ན་ངས་ལྷ་ཆོས་རིང་ལུགས་ལ་དད་མོས་བྱས་ཆོག་དང་མི་ཆོག་ཞིག་བཤད་མེད་ལ། འཇིག་རྟེན་མི་ནག་ལས་རབ་ཏུ་བྱུང་བའི་གང་ཟག་ཞིག་ཡིན་ཕྱིན་འཇིག་རྟེན་མི་ཆོས་རིང་ལུགས་ཀྱི་གཡོ་སྒྱུ་ཁྲམ་གསུམ་དང་རྙོག་འཛིང་སྣ་མང་རང་བཞིན་ཅན་གྱི་ཆབ་སྲིད་རིང་ལུགས་ཀྱི་སྡིང་ཆའི་སྟེང་དུ་ཐོན་རྒྱུ་དེ་འདུལ་་བའི་སྡེ་སྣོད་ནང་མེད་ཚོད་ཡིན། བྱས་ཙང་༥༩ ཡར་སྔོན་དུ་གཅིག་གཟིགས་དང་ཆོས་ལུགས་ཀྱི་མི་སྣ་ང་ཡིན་ཟེར་མཁན་ག་ཚོད་གཅིག་གིས། སོ་སོའི་སྲིད་དབང་སྲ་བརྟན་གཏོང་རྒྱུར་འཐབ་རྩོད་རྣོ་ངར་ཆེ་བའི་མཛད་རྗེས་མ་གཏོགས་རྒྱལ་ཁབ་ཡར་རྒྱས་དང་མི་རིགས་ཡར་རྒྱས་ལ་དགོངས་བཞེས་མ་གནང་བའི་འབྲས་བུར་མཐར་སྐུ་ན་ཕྲ་བའི་༧གོང་ས་བཅུ་བཞི་པ་ཆེན་པོ་མཆོག་ལ་འབུལ་རྒྱུའི་སྲིད་དབང་དེ་གསོས་ཐབས་མེད་པའི་ཞིག་རལ་མཐའ་རལ་དུ་སོང་བ་དེ་རེད་པ། བྱས་ཙང་ཆོས་པས་ཆོས་ཡང་དག་པ་ཞིག་བྱས།
ཡང་འཇིག་རྟེན་མི་ནག་ཚོས་ལྷ་ཆོས་ལ་དད་པ་བྱས་ཆོག་ལ་ཉམས་ལེན་ཡང་བྱས་ཆོག། འོན་ཀྱང་འཇིག་རྟེན་རང་བཞིན་གྱི་མི་ཆོས་རིང་ལུགས་ལ་མཐུས་ཤོར་མེད་པ་བྱེད་དགོས་ལ། ཆབ་དཔལ་རིག་གསུམ་མཚོན་པའི་མི་རིགས་གོང་འཕེལ་དང་རྒྱལ་ཁབ་སྐྱོང་བའི་བྱ་གཞག་ལ་འབད་བརྩོན་དང་བྱས་རྗེས་འཇོག་དགོས་པ་དེ་གནད་ཀྱི་དོན་པོ་རེད་མ་གཏོག་ཆོས་པ་ཡིན་ཟེར་རྒྱུ་ཡང་མེད། ཁྱིམ་པ་ཡིན་ཟེར་རྒྱུ་ཡང་མེད། སྐྱ་མིན་སེར་མིན་ར་མ་ལུགས་དེས་དགེ་མཚན་དུ་ཅང་མཐོང་མ་སོང་། དེས་ན་ཆོས་པ་ཆོས་པའི་འགྲོ་སྟངས་ཞིག་ཡོད་པ་རེད་ལ་ཁྱིམ་པ་ཁྱིམ་པའི་འགྲོ་སྟངས་ཞིག་ཀྱང་ཡོད་པ་རེད། དེ་གསལ་པོ་མཁྱེན་དགོས་པའི་གནད་དོན་ཞིག་རེད། འོ་ན་སྟོན་པས་གཟིགས་པ་བཞི་གཟིགས་ཚུལ་དང་ཁྱིམ་དང་ཁྱིམ་མེད་པར་རབ་ཏུ་བྱུང་ནས། མཆོད་རྟེན་རྣམ་དག་དྲུང་དུ་དབུ་སྐྲ་བསིལ། ནཻརཉྫནའི་འགྲམ་དུ་དཀའ་ཐུབ་མཛད། ཞེས་པར་ཇི་ལྟར་འགྲེལ་ལམ། ནང་ཆོས་ཀྱིས་སྤྱོ་ཚོགས་དང་མི་རིགས་རིག་གནས་མིའི་སེམས་ཁམས་སོགས་ལ་སྲིད་ཞུ་ངེས་ཅན་མཛད་ཐུབ་ཀྱང་ཆབ་སྲིད་དང་མི་རིགས་གོང་འཕེལ་རྒྱལ་ཁབ་སྐྱོང་བའི་བྱ་གཞག་ལ་ཕལ་ཆེར་ཁག་པོ་བྱས་པ་རེད་དོ།
ཁྱིམ་ནས་ཁྱིམ་མེད་པར་ཞེས་བཅོས་རོགས།
འོ་ཡ་དེ་རིང་གསེར་འབྲུག་ལོག་སྤྱོད་པ་དེ་ཚུལ་མཆོས་མཁན་པོར་གྱུར་ཟིན་འདུག །ད་ཡིན་ན་ཁམ་ན་ན་བར་དུ་ཚུལ་མཆོས་འཁྲབ་ངེས་རེད།
འོ་ཡ་དེ་རིང་གསེར་འབྲུག་ལོག་སྤྱོད་པ་དེ་ཚུལ་མཆོས་མཁན་པོར་གྱུར་ཟིན་འདུག །ད་ཡིན་ན་ཁ་ན་ན་བར་དུ་ཚུལ་མཆོས་འཁྲབ་ངེས་རེད།
ཡི་གེ་དེ་ཡང་དག་པོ་གོ་བརྡ་འཕྲོད་པ་ཞིག་འབྲི་མི་ཤེས་པར་མང་མང་བཤད་རྒྱུ་བཞོགས།
ཚུལ་འཆོས་མཁན་པོ་ཟེར་ན་༧གོང་ས་མཆོག་གི་བཀའ་ལུང་ཡིན་མདོག་སྨྲས་ནས་སྤྱི་ཚོགས་ནང་སྲིད་དོན་ཆོས་ཕྱོགས་སུ་བསྒྱུར། ལྷ་ཆོས་ཆབ་སྲིད་ལ་བསྒྱུར་ནས་དམངས་ལ་གཉའ་གནོན་སྨ་འབེབས་བཏང་དམངས་གཙོ་དང་སྨྲ་བརྗོད་རང་དབང་གི་ཁེ་དབང་འཕྲོགས་ནས་ཆོས་སྲིད་གང་ལ་ཡང་འདི་ཡིན་ཟེར་རྒྱུ་མེད་པའི་སྐྱོ་གར་གྱི་འཁྲབ་སྟོན་ལེའུ་གསར་པ་གཏོད་བཞིན་པའི་འཁྲབ་སྟོན་པ་་ཏང་ཡོན་དམར་བསྲུང་དམག་དཔོན་འཇམ་གཅེས་ཁྱོད་རང་གིས་ཁྱོད་རང་ལ་བཏགས་པ་དེ་དོན་ལ་གནས་འདུག།