གནས་ཚུལ་མཁོ་གཏོང་བ་འདུས་བྱུང་ཕུན་ཚོགས་ཚེ་རིང་།
རྗར་མེ་ནི་བོད་ཀྱི་ཁང་པ་དེ་ནི་༧སྐྱབས་མགོན་ཐམས་ཅད་མཁྱེན་པ་མཆོག་ནས་༧མགོན་སྐྱབས་ཀྱི་མཚན་འཛིན་དབུ་ཁྲིད་གནང་བ་དང་། བྲག་གཡབ་༧སྐྱབས་མགོན་བློ་ལྡན་ཤེས་རབ་མཆོག་གིས་ཆོས་ཕྱོགས་ཀྱི་དབུ་ཁྲིད་གནང་མུས་ཐོག་འཛམ་གླིང་ནང་གདེངས་འཇོག་ཚད་ལྡན་ཡོད་པའི་བོད་ཀྱི་ཤེས་རིག་གི་བསྟི་གནས་ཤིག་ཀྱང་ཡིན། བསྟི་གནས་དེར་ལོ་གཅིག་ལ་བྱེད་སྒོ་ཆེ་ཆུང་བསྡོམས་པས་སུམ་བརྒྱ་ལྷག་སྤེལ་གྱིན་ཡོད་པ་ལས་བྱེད་སྒོ་ཁག་ཅིག་གཙུག་ལག་སློབ་གྲྭ་ཆེ་ཁག་དང་། འགྲེམས་སྟོན་ཁང་དུ་མ། དེ་བཞིན་ཚོགས་པ་གཞན་དང་མཉམ་འབྲེལ་གྱིས་སྤེལ་མུས་རེད།
དེ་ནས་སྙག་ངག་སྒྲོག་སྦྱང་དང་། བོད་ཀྱི་དེང་དུས་རྩོམ་རིག་སྒྱུ་རྩལ་གྱི་ངོ་སྤྲོད་མཚན་ཚོགས།
(Tibet in Frankfurt)ཧྥིརང་ཧྥར་ཌི་ནང་བོད་ཀྱི་ངོ་སྤྲོད་ཅེས་པའི་མིང་ཐོག་ནས་རྗར་མེ་ནོ་བོད་ཀྱི་ཁང་པས་ཟླ་རེར་བོད་ཀྱི་ཡུལ་གོམས་གཤིས་ལུགས་དང་། ཆོས་ལུགས་སྲོལ་རྒྱུན། རྩོམ་རིག་སྒྱུ་རྩལ། རོལ་མོ། གློག་བརྙན་ལ་སོགས་པའི་སྐོར་ངོ་སྤྲོད་ཞུ་བའི་ལེ་ཚན་ཞིག་ལོ་གཉིས་ནས་བཟུང་རྒྱུན་མཐུད་དེ་གཉེར་མུས་རེད། ལེ་ཚན་དེར་བོད་རིགས་ཤེས་ཡོན་ཅན་དང་། རིགས་གཅེག་རྐང་འཛིན་པ་སོགས་གདན་ཞུ་ཞུ་བཞིན་ཡོད། ད་རེས་ཟླ་བ་དགུ་པའི་ཚེས་ཉི་ཤུ་བརྒྱད་ཀྱི་དགོང་དྲོ་དེང་དུས་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དང་། སྙན་ངག་སྒྲོག་སྦྱང་ཞེས་པ་བརྗོད་བྱར་བྱས་ནས་སྐུ་མགྲོན་རྣམས་པའི་སྙན་ལན་དང་། དཔར་རིས་བརྒྱུད་སྤྱན་ལམ་དུ་ལྟར་ཕུལ་ཞུ་རྒྱུ་རེད་འདུག བརྗོད་བྱའི་ནང་དོན་གཙོ་བོ་ནི། བོད་དུ་འཚོ་སྡོད་གནང་བཞིན་པའི་རྩོམ་པ་པོ་ཁག་གཅིག་ངོ་སྤྲོད་དང་། ཁོང་རྣམ་པས་ལྗགས་རྩོམ་གནང་བའི་བརྩམས་ཆོས་ཁག་ཅིག་རྗར་མན་སྐད་དང་། བོད་སྐད་ཐོག་སྒྲོག་སྦྱང་གིས་མཚོན་སྙན་ངག་ཁག་ཅིག་ཀྱང་གྱེར་འདོན་ཞུ་རྩིས་ཡོད་འདུག
ད་རེབ་ཀྱི་མཚན་ཚོགས་གཙོ་གཉེར་བ། ཨ་ལྕེ་ཚང་ཟླ་བ་ལྷ་མོ་དང་། འདུས་བྱུང་ཕུན་ཚོགས་ཚེ་རིང་། རེད་འདུག