རྒྱ་མཚོ།
ད་རེས་ཀྱི་དམིགས་བསལ་ཚོགས་ཆེན་གྱིས་བོད་ནང་གི་བོད་མི་ཚོར་ལམ་སྟོན་གསལ་པོ་ཞིག་གནང་གི་རེད་བསམ་བསམ་ཡོད། དམིགས་བསལ་ཚོགས་ཆེན་གྱི་བརྗོད་གཞི་འདི་ཚོར་བལྟས་ཡོང་ན། ལམ་སྟོན་ཟེར་བ་དེ་ད་རེས་ཀྱི་དམིགས་བསལ་ཚོགས་ཀྱིས་གནང་རྒྱུ་མིན་པ་འདྲ། རྗེས་མར་བོད་ནང་གི་བོད་མི་ཚོར་ལས་འགུལ་སྤེལ་པྱོགས་ཀྱི་ལམ་སྟོན་སྐོར་ནས་ཀྱང་དམིགས་བསལ་ཚོགས་ཆེན་ཞིག་འཚོག་པའི་རེ་བ་ཞུ་རྒྱུ་ཡིན།
བོད་ནང་གི་ཛ་དྲག་གནས་སྟངས་ཆེད་དམིགས་བསལ་ཚོགས་ཆེན་འཚོགས་ཀི་ཡོད་པ་རེད། བཀའ་སྤྱི་གཉིས་ནས་གཏན་འབེབས་བྱས་པའི་བརྗོད་གཞི་ལ་བལྟས་ན། བོད་ནང་གི་བོད་མི་ཚོས་མུ་མཐུད་རང་ལུས་མེར་སྲོག་ཐོངས། ང་ཚོས་འདི་ནས་གང་ཐུབ་ཐུབ་ཀྱིས་སེམས་ལ་འཛིན། ཡར་མར་ལ་ཁྱབ་བསྒྲགས་བྱེད་ཟེར་བའི་གོ་བརྡ་ཞིག་སྤྲོད་རྒྱུ་གཙོ་བོར་བཟུང་ཡོད་པ་ལས། བོད་ནང་གི་བོད་མི་ཚོར་རང་ལུས་མེར་སྲེག་ལས་འགུལ་མཚམས་འཇོག་ཡོང་ཐབས་དང་། རྒྱ་ནག་གི་ཁྲིམས་ཡིག་ནང་གསལ་བའི་ཐོབ་ཐང་བརྩོན་ལེན་གྱིས་མཚོན་པའི་ལས་འགུལ་སྤེལ་དགོས་པ་གལ་ཆེན་ཡིན་པའི་སྐོར་ནས་ལམ་སྟོན་རེ་གནང་ཐུབ་པ་ཡིན་ན། ཛ་དྲག་གི་སྐབས་འདིར་དགོས་རྒྱུ་དེ་འདི་རེད། ཡིན་ནའང་། འདི་བརྗོད་གཞིའི་ནང་མི་འདུག ག་རེ་ཡིན་ནམ།
ཛ་དྲག་གི་གནས་སྟངས་ངོས་འཛིན་གསལ་པོའི་ཐོག་ནས་དམིགས་བསལ་ཚོགས་ཆེན་འདི་འཚོག་གི་ཡོད་པར་ཡིད་ཆེས་ཡོད། ཛ་དྲག་ཆེ་ཤོས་ནི་བོད་ནང་ན། རང་ལུས་མེར་སྲེག་གི་གྲངས་འབོར་ལྔ་བཅུ་ཐམ་པ་ལོངས་པ་ཡིན་ན། རྒྱལ་སྤྱིའི་ཁྲིམས་ཀྱི་ངོས་ནས་ཡིན་གཅིག་མིན་གཉིས་ཐག་གཅོད་ཅིག་ཡོང་གི་ཡོད་པའི་གླེང་སྟངས་ཁྱབ་བརྡལ་འགྲོ་བཞིན་པ་དང་། ཉེ་ཆར་རང་ལུས་མེར་སྲེག་གི་གྲངས་འབོར་ལྔ་བཅུ་ཐམ་པ་བརྒལ་སྐབས། ཡང་གླེང་སློང་གཞན་ཞིག་བྱེད་མགོ་ཚུགས་ཏེ། གྲངས་ཀ་བརྒྱ་ལོངས་དགོས་པ་སོགས་ཀྱི་གླེང་སློང་ཁྱབ་བརྡལ་ཕྱིན་ནས། གསལ་ཁ་མེད་པའི་གནས་སྟངས་ཤིག་གི་འོག་ན་རེ་བ་ཆེན་པོ་ཞིག་འཁུར་ནས་མེར་སྲེག་གཏོང་གི་ཡོད་པ་འདིར། དམིགས་བསལ་ཚོགས་ཆེན་གྱི་སྟེང་ནས་དམིགས་བསལ་བརྗོད་གཞི་ཞིག་གི་རྣམ་པས་དམིགས་བསལ་ལམ་སྟོན་ཞིག་ངེས་པར་དགོས་ཤིང་། དེ་ཡང་གཞིས་ལུས་རྒྱ་ཆེའི་མི་མང་ལ་འགན་འཁྱེར་རྒྱུའི་ལས་རིམ་མཐའ་དག་གི་ཐོག་མར་ཡོད་དགོས་རྒྱུ་ལ། དེ་ཡང་མི་འདུག ག་རེ་ཡིན་ནམ།
བོད་ནང་གི་ཛ་དྲག་གནས་སྟངས་ཆེད་ཡིན་པའི་དམིགས་བསལ་ཚོགས་ཅེན་འདིའི་སྟེང་ནས། གཞིས་ལུས་མི་མང་ལ་སེམས་ལ་ཉར་རྒྱུའི་ཚིག་དང་རུམ་ལ་འཛིན་རྒྱུའི་བྲོ་ཞིག་ད་རེས་དགོས་པར་མཐོང་གི་ཡོད། རང་ལུས་མེར་སྲེག་མུ་མཐུད་དུ་བཏང་བས་གྲུབ་འབྲས་ཤིག་གང་མགྱོགས་ཐོན་སྟངས་ཡོད་མེད་ཀྱི་གསལ་ཁ་འདོན་དགོས་ཀྱི་འདུག རང་ལུས་མེར་སྲེག་མ་ཡིན་པའི་ལས་འགུལ་སྤེལ་ཕྱོགས་ལ་ལམ་སྟོན་ཡོད་ན་གནང་དགོས་ཀྱི་འདུག ཡིན་ནའང་འདི་ཚོ་བརྗོད་གཞིའི་ཁོང་ལ་སླེབས་མི་འདུག དེ་ག་རེ་ཡིན་ནམ།
འདི་བསམ་ཚུལ་ཧ་ལས་ཡག་པོ་འདུག བོད་ཡིག་ནང་འརི་རོགས་གནང། ཐུགས་ཇེ་ཆེ།
Global Tibetan Mass Movement
In recent history, since 2008 Tibetans inside Tibet has been continuously protesting against Chinese wrong policy implemented in Tibet over 60 years long and unprecedented brutality and repression in Tibet has resulted a drastic action by Tibetans against Chinese communist party. Tibetans inside Tibet had geared up their freedom movement since yr. 2009 and next three consecutive years, so much so that currently 3 to 4 self-immolations takes place in a single week or several case of two people set themselves emblazed together very recently. Whereas, we the exiled Tibetans seemed has no more interest about Tibet’s issue or what’s really happing inside Tibet and we do live on normal life including our highly respected Lamas (Kyabgons), politicians and organizations. Merely words of condolence and prayers do not fulfill the true aspiration of those most recent great 51 Tibetan martyrs and others who had sacrificed their precious life and everything for the nation every now and then. Although some kind of movements were launched by CTA, kashag , Kyihtue ,NGOs and by individual from time to time in connection to the solidarity of Tibetan people inside Tibet. Nevertheless, these are simply a demonstration which has no more far reaching impact globally and particularly on China. I appreciate our great Si-kyong for making awareness of Tibet issue all over the world at and appeal to the world leaders for their support and sympathy on Tibet. I am truly moved by current flame of truth relay movement ignited by Tibetan parliament in exile. However, that still can’t give a pinch to our giant enemy to change her hardline policy in Tibet rather it is time and money consuming for us to some extent. To be very clear, I am totally optimist to give my comment on CTA. I also highly appreciate Tibetan youth congress for their indefinite hanger strike in New York and New Delhi etc. And, an individual activist or freedom fighter such as Mr. Dorjee Tsetan lak and so on. Somehow, we are still lacking something behind to a breaking news,shake the whole world and tense economic giant, China. Well, to my personal point of view, it is absolutely high time for central Tibetan Administration, NGOs. In fact, all the exiled Tibetan people to gear up our strategy or political movement to meet our common goal ultimately. What if we are failed to seize the opportunity of the historical greatest time of Tibetan martyrs, the time of spreading the wave of heroic self- immolation of Tibetans in Tibet which no nation in the world has hold that record at all time in the past history. People inside Tibet can hardly do anything greater than this next to the phase of self-immolation movement. Apparently, self-immolation will not continue for coming decades and time may come that people inside Tibet feel helpless and fed up with exiled Tibetans in free world for our mode of freedom struggle to resolve Tibet’s issue. Once that situation hit in Tibet , it pretty sure Tibet is going to die sooner or later. Here, I have brought a little idea to strengthen ourselves at world stage by the so called Global Tibetan mass movement . This movement should not base on prompted emotion rather thoughtful and systematic from beginning to the end. For a better result, we need time to study or analyze about pros and cons possibly associate with this dynamic movement. It would definitely wise to analyze and calculate overall situation such as time, palace and expenditure before preceding the movement. This movement should be launched at a time all over the world covering all significant places in the world like hitting a heavy rainstorm. Major places such as well recognized world organizations, president palaces or house of parliaments etc. (Places or locations has to be discussed judiciously) The most important concern is about human resources. In this movement, forming a group of at least 50 to 100 voluntary Tibetans under the leadership of two or three competent persons has to be given first priority. After forming a hundreds of such dedicated and disciplined groups shall distribute to the marked location either in western or eastern world. (Leaders can be highly respected lama or politician, teacher, musician and so forth. This has to be discussed and request individually to lead the group before assigning the task. These selected persons should be well trained to manage their own group according to the terms and norms of the movement base on non-violence. Our voice or demands should be uniform in front of world media. Financial strength is another important factor to be considered and discussed. ) Goal 1.To ease agonizing situation facing by Tibetan inside Tibet currently. 2. Solve Tibetan issue through dialogue only with world support eventually. Time & place It should be fixed smartly by judging all the circumstances. Duration Indefinite strike will continue if and unless a concerned authority give a clear response against our common demands whatsoever. (kind of indefinite hunger strike in front of UN in USA by 3 Tibetans in the beginning of this year organized by Tibetan youth congress.) Impact Let the whole world to speak on Tibet at a same time where no nation has fear to speak on Tibet against China. China will be left alone and feel inferior as she can’t break the unity of whole world against her. The world media will surely focus on Tibetan freedom movement. Let the people inside Tibet be happy and be proud of us. Note: This is just a roughly idea or draft from my level. To all the dignitaries who are gathered for the 2nd special general meeting held in Dharamsala. Kindly, raise this issue in the meeting or discuss about it if anybody found it as a sensible and constructive suggestion toward the essence of ongoing 2nd general meeting. Thanking you in anticipation. By: Gyaton B. Dhargyal
དཔེ་ཡག་པོ་བྲིས་འདུག སྐྱབས་མགོན་རྣམས་པ་ཚོས་གྷན་དི་ལྟར་དམངས་ཀྱི་འགོ་ཁྲིད་ནས་བོད་དོན་རྩོད་ན་ཟམ་དོང་བླ་མའི་བཀའ་ལྟར་བདེན་པ་ཉིད་བརྒྱལ་བར་ཐེ་ཚོམ་ཡོད་ས་མ་རེད།
་་་་་ རང་ལུས་མེར་སྲེག་མུ་མཐུད་དུ་བཏང་བས་གྲུབ་འབྲས་ཤིག་གང་མགྱོགས་ཐོན་སྟངས་ཡོད་མེད་ཀྱི་གསལ་ཁ་འདོན་དགོས་ཀྱི་འདུག ་་་་་་ཟེར།
༢པའི་བརྗོད་གཞི་གསུམ་ནི།
༡ བོད་མིའི་སྤྱི་ཚོགས་ནང་ལས་འགུལ་སྤེལ་ཕྱོགས།
༢ རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཕྱོགས།
༣ རྒྱ་གར་དང་ལྷོ་ཤར་ཨེ་ཤའི་ཡའི་ནང་ལས་འགུལ་སྤེལ་ཕྱོགས་བཅས་རེད།
བོད་ནང་གི་བོད་མི་ཚོས་མུ་མཐུད་རང་ལུས་མེར་བསྲེག་ན་ང་ཚོ་བོད་རིགས་སྤུན་ཟླའི་མི་འབོར་ཇེ་ཉུང་དུ་འགྲོ་བཞིན་ཡོད་། མཐའ་མཇུག་དུ་བོད་རིགས་རྩ་མེད་དུ་གཏོང་ངེས་ཡིན། ད་ལྟ་བོད་འཛིན་སྐྱོང་རྣམས་ཀྱིས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བར་མཚམས་འཇོག་འབོད་སྐུལ་གནང་རོགས་ཞུ་དགོས།
བསམ་ཚུལ་ཡག་པོ་བྲིས་གནང་འདུག །ཉམས་འཇོག་གནང་དགོས་ས་མང་པོ་ཡོད་པས་ལམ་ཁ་ཡག་པོ་ཞིག་ལ་ཁྲིད་པའི་རེ་བ་ཡོད།
རྒྱ་མཚོ་ནས་དཔེ་ཡག་པོ་གསུངས་འདུག་ཐུགས་རྗེ་ཆེ་ངོ་ནས་དེ་འདྲ་རེད་དམིགས་བསལ་འཚོགས་ཆེན་ནས་དེ་ལ་ངེས་པར་ཐུགས་སྣང་ཆེ་བར་བཞིས་རོག་ཞེས་འབོད་བསྐུལ་ཞུ་ཁི་ཡོད།