གདན་ས་ཁམས་ནང་ཆེན་ཝམ་ལུང་དགོན་ཡིན་ཞིང་། རྒྱལ་སྤྱིའི་ཁོངས་སུ་བོད་ཡིག་ཡིག་གཟུགས་སྒྱུ་རྩལ་ལ་སྙན་གྲགས་རྒྱས་པའི་མི་ཕམ་རྣམ་རྒྱལ་རིན་པོ་ཆེ་ནས་བོད་ཀྱི་སྲོལ་རྒྱུན་གྱི་ཡིག་གཟུགས་སྐོར་གསུང་བཤད་གནང་རྒྱུ་དང་། ཁོང་གི་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན་གནང་རྒྱུ། ད་དུང་ཁོང་དང་ལྷན་དུ་ཡིག་གཟུགས་མཁས་པ་ཕུན་ཚོགས་ལྡུམ་ཁང་དང་དཔེ་མཛོད་ཁང་འདིའི་འགན་འཛིན་པད་མ་གསུམ་ནས་ཡིག་གཟུགས་འབྲི་སྟོན་གནང་རྒྱུ་ཡིན་པ་ལ་ཕེབས་རོགས་གནང་།
༢༠༡༢ ལོའི་ཟླ ༩ ཚེས་ ༢༩ གཟའ་སྤེན་པ།
ཕྱི་དྲོ་དུས་ཚོད་ ༣ པ་ནས་ ༥་བ་བར།
ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དུ།
བསམ་ཚུལ་འདི་ཡག་ཀི་ཟེར། བོད་ཡིག་ནང་འརི་རོགས། ཐུགས་ཆེ།
Global Tibetan Mass Movement
In recent history, since 2008 Tibetans inside Tibet has been continuously protesting against Chinese wrong policy implemented in Tibet over 60 years long and unprecedented brutality and repression in Tibet has resulted a drastic action by Tibetans against Chinese communist party. Tibetans inside Tibet had geared up their freedom movement since yr. 2009 and next three consecutive years, so much so that currently 3 to 4 self-immolations takes place in a single week or several case of two people set themselves emblazed together very recently. Whereas, we the exiled Tibetans seemed has no more interest about Tibet’s issue or what’s really happing inside Tibet and we do live on normal life including our highly respected Lamas (Kyabgons), politicians and organizations. Merely words of condolence and prayers do not fulfill the true aspiration of those most recent great 51 Tibetan martyrs and others who had sacrificed their precious life and everything for the nation every now and then. Although some kind of movements were launched by CTA, kashag , Kyihtue ,NGOs and by individual from time to time in connection to the solidarity of Tibetan people inside Tibet. Nevertheless, these are simply a demonstration which has no more far reaching impact globally and particularly on China. I appreciate our great Si-kyong for making awareness of Tibet issue all over the world at and appeal to the world leaders for their support and sympathy on Tibet. I am truly moved by current flame of truth relay movement ignited by Tibetan parliament in exile. However, that still can’t give a pinch to our giant enemy to change her hardline policy in Tibet rather it is time and money consuming for us to some extent. To be very clear, I am totally optimist to give my comment on CTA. I also highly appreciate Tibetan youth congress for their indefinite hanger strike in New York and New Delhi etc. And, an individual activist or freedom fighter such as Mr. Dorjee Tsetan lak and so on. Somehow, we are still lacking something behind to a breaking news,shake the whole world and tense economic giant, China. Well, to my personal point of view, it is absolutely high time for central Tibetan Administration, NGOs. In fact, all the exiled Tibetan people to gear up our strategy or political movement to meet our common goal ultimately. What if we are failed to seize the opportunity of the historical greatest time of Tibetan martyrs, the time of spreading the wave of heroic self- immolation of Tibetans in Tibet which no nation in the world has hold that record at all time in the past history. People inside Tibet can hardly do anything greater than this next to the phase of self-immolation movement. Apparently, self-immolation will not continue for coming decades and time may come that people inside Tibet feel helpless and fed up with exiled Tibetans in free world for our mode of freedom struggle to resolve Tibet’s issue. Once that situation hit in Tibet , it pretty sure Tibet is going to die sooner or later. Here, I have brought a little idea to strengthen ourselves at world stage by the so called Global Tibetan mass movement . This movement should not base on prompted emotion rather thoughtful and systematic from beginning to the end. For a better result, we need time to study or analyze about pros and cons possibly associate with this dynamic movement. It would definitely wise to analyze and calculate overall situation such as time, palace and expenditure before preceding the movement. This movement should be launched at a time all over the world covering all significant places in the world like hitting a heavy rainstorm. Major places such as well recognized world organizations, president palaces or house of parliaments etc. (Places or locations has to be discussed judiciously) The most important concern is about human resources. In this movement, forming a group of at least 50 to 100 voluntary Tibetans under the leadership of two or three competent persons has to be given first priority. After forming a hundreds of such dedicated and disciplined groups shall distribute to the marked location either in western or eastern world. (Leaders can be highly respected lama or politician, teacher, musician and so forth. This has to be discussed and request individually to lead the group before assigning the task. These selected persons should be well trained to manage their own group according to the terms and norms of the movement base on non-violence. Our voice or demands should be uniform in front of world media. Financial strength is another important factor to be considered and discussed. ) Goal 1.To ease agonizing situation facing by Tibetan inside Tibet currently. 2. Solve Tibetan issue through dialogue only with world support eventually. Time & place It should be fixed smartly by judging all the circumstances. Duration Indefinite strike will continue if and unless a concerned authority give a clear response against our common demands whatsoever. (kind of indefinite hunger strike in front of UN in USA by 3 Tibetans in the beginning of this year organized by Tibetan youth congress.) Impact Let the whole world to speak on Tibet at a same time where no nation has fear to speak on Tibet against China. China will be left alone and feel inferior as she can’t break the unity of whole world against her. The world media will surely focus on Tibetan freedom movement. Let the people inside Tibet be happy and be proud of us. Note: This is just a roughly idea or draft from my level. To all the dignitaries who are gathered for the 2nd special general meeting held in Dharamsala. Kindly, raise this issue in the meeting or discuss about it if anybody found it as a sensible and constructive suggestion toward the essence of ongoing 2nd general meeting. Thanking you in anticipation. By: Gyaton B. Dhargyal
To khabdha ,kind translate this and post on home plage. Thank you so much.
དག་མཆན་ཞིག་གནང་རོགས།
བྷྲྰུྃཿཡིག་གི་དོན་དག་ཤེས་པ་ནི་ལྟ་ཅི་ཡ། གཟུགས་ཀྱང་འབྲི་ཤེས་མི་འདུག་པས་མི་ཤེས་རྣམ་རྒྱལ་བཏགས་ན་མི་ལེགས་སམ།
རིགས་གཞུང་རྩ་གཏོར་པ་ཁྲོན་པའི་སྦལ་བ་རང་རེད་།
ཡིག་གཟུགས་ནི་དུས་ཚོད་དང་བསྟུན་ནས་སྒྱུ་རྩལ་གྱི་གཟི་ཁ་རྣོ་ངར་ཇི་ཆེ་རེད། འདི་ལ་གསར་གཏོད་ཀྱི་སྒྱུ་རྩལ་ནི་དེ་བས་ཡོད་ངེས། དེའི་ཕྱིར། ཕྱི་ནང་གི་ཡི་གེའི་གཟུགས་ལ་དུས་རབས་ཀྱི་འཕོ་བསྒྱུར་ལ་གཞིགས་པའི་འགྱུར་བ་ཇི་སྙེད་ཡོད་པ་ནི་བསྙོན་དུ་མེད། རང་རེའི་བོད་ལ་ཡང་དེ་ལྟར་ཡོད་དགོས།
ཡིག་གཟུགས་ནི་དུས་ཚོད་དང་བསྟུན་ནས་སྒྱུ་རྩལ་གྱི་གཟི་ཁ་རྣོ་ངར་ཇི་ཆེ་རེད། འདི་ལ་གསར་གཏོད་ཀྱི་སྒྱུ་རྩལ་ནི་དེ་བས་ཡོད་ངེས། དེའི་ཕྱིར། ཕྱི་ནང་གི་ཡི་གེའི་གཟུགས་ལ་དུས་རབས་ཀྱི་འཕོ་བསྒྱུར་ལ་གཞིགས་པའི་འགྱུར་བ་ཇི་སྙེད་ཡོད་པ་ནི་བསྙོན་དུ་མེད། རང་རེའི་བོད་ལ་ཡང་དེ་ལྟར་ཡོད་དགོས།
ད་ཐེངས་ཀྱི་ལས་གཞི་དེར་ཡི་རང་ཞུ་རྒྱུ་ཡིན།
བཅོས་འགྱུར་ནི་གསོན་སྟོབས་དང་ཡར་རྒྱས་ཀྱི་གཞི་མ་རེད། ཨ་རིས་སྔོན་མ་ནང་བཞིན། བྱ་སྒྲོའི་རྩ་བའི་སྨྱུ་གུ་བེད་སྤྱད་ནས། ཡིག་གཟུགས་རྙིང་པ་རྐྱང་བྲིས་བསྡད་ཚེ་ད་གཟོད་ང་ཚོས་ལོངས་སྤྱོད་པའི་དྲ་རྒྱ་དང་། གློག་ཀླད་སོགས་ག་ལ་ཡོང་། གཙོ་བོ་འདི་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ན་ཚར་མར་འགྱུར་བ་འགྲོ་བཞིན་ཡོད།
དེར་བརྟེན། འདིར་ཕེབས་པའི་ཡིག་གཟུགས་སྒྱུ་རྩལ་པ་རྣམས་ཀྱིས་གཟུགས་མི་འདྲ་བའི་ཐོག་ནས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གསར་གཏོད་མཛད་པ་ནི། སྒྱུ་རྩལ་དང་གསར་གཏོད་ཀྱི་སྙིང་བོ་ཡོད་པས། བསྟོད་འོས་པར་འདུག
ང་ཚོ་ཅིའི་ཕྱིར་སྔོན་གྱི་མེས་པོའི་གསར་གཏོད་དེའི་སྟེང་དུ་ཤི་འཐམ་རོ་འཐམ་བྱས་ནས། ཅིའི་ཕྱིར་ང་ཚོའི་ཀླད་པ་མ་འགུལ་བ་ཡིན་ནམ། ཅིའི་ཕྱིར་སྔོན་གྱི་རིག་གཞུང་རྩ་ཆེན་པོ་དེ་ཚོའི་སྙིང་པོ་ལེན་ནས། དེ་ལས་གཏིང་ཟབ་པ་དང་རྒྱ་ཆེ་བ་གསར་གཏོད་མི་བྱེད་པ་གང་། ཅིའི་ཕྱིར་རྙིང་པ་རྣམས་ལ་འདི་ཕྱི་གཉིས་ཀྱི་སྐྱབས་ལ་བཅོལ་ལམ། ཅིའི་ཕྱིར། བོད་པ་འཚོ་དགོས་ན། བོད་པ་ཡར་རྒྱས་འགྲོ་དགོས་ན། བོད་པ་རྣམ་པར་རྒྱལ་དགོས་ན་གསར་གཏོད་བྱ་དགོས། བོད་ཀྱི་སྒྱུ་རྩལ་པ་ཚོས་ང་ཚོའི་འགོ་བོ་ཁྲིད་ནས་གསར་གཏོད་ཀྱི་ལམ་ཁ་གདིང་དུས། ཟུར་ནས་རིན་ཐང་ཆུང་བའི་ཟུར་ཟ་དང་ཆལ་གཏམ་མ་སྤེལ་ན་མི་ལེགས་སོ།
སྔོན་མ་བོད་ཡིག་གི་ཚེགས་དང་བར་སྟོང་བཟོ་དགོས་པའི་བསམ་འཆར་བཤད་སོང་ལ། ད་དུང་མུ་མཐུད་བསམ་བློ་གཏོང་དགོས་ཀྱི་འདུག ད་ལྟ་ཚན་རིག་པས་བཤད་ན། བར་གཏོང་ཡོད་པའི་ཡི་གེ་དེ་དག་གི་ནང་དོན་བློ་ལ་འཛིན་བདེ་བ་ཡོད་པ་བཤད་ཀྱི་འདུག དེ་སྔོན་མ་ང་ཚོས་བསམ་བློ་འཁོར་མྱོང་མེད། ད་དུང་། གློག་རྡུལ་གྱི་ལག་རྩལ་ལ་ཚེགས་བར་ནི་གལ་ཆེན་པོ་རེད་འདུག དེ་ང་ཚོས་བསམ་བློ་གཏོང་མེད། ང་ཚོས་སྔོན་གྱི་འདི་ཡག་པོ་འདུག དེ་ག་རང་ཡིན་ཟེར་ན། གསར་གཏོད་ཀྱི་མེ་ལྕེའི་སྟེང་ལ་ཆུས་བརྫིས་སོང་།
འབྲས་བུ་ནི། ད་དུང་རྙིང་པ་འདིའི་སྟེང་ཁོ་ནར་འཚོ་བཞིན་པ་མ་རེད་དམ།
གཟབ་ན་ཡང་འབྲི་མི་ཤེས་ནི། མགྱོགས་པོ་ཡང་འབྲི་མི་ཐུབ་ནིའི་ཡིག་གཟུགས་འདི་འདྲ་ནི་རིས་ཡིག་གི་སྒྱུ་རྩལ་ཙམ་ལས་གཞན་ཡོད་ས་མ་རེད། བོད་ལ་ནི་ཕན་མི་ཐོག་པའི་དཀའ་ལས་རང་རེད། དལ་དལ་ལྷོད་ལྷོད་ངང་དམིགས་ཡུལ་ཆེན་པོ་ཞིག་མེད་པར་བྲིས་ཡོན་པ་གསལ་བོ་རེད། ཡིན་ན་ཡང་། མཐའ་ཤིང་འདྲ་མིན་རྒྱབ་ནས་བཙོང་ན་ཉོ་ནི་མེད་འགྲོ་བསམ། ཁང་ངོ་དང་གྱང་ངོ་ལ་སྣར་རྒྱུར་ཡག་པོ་ཡོད་ས་རེད། ལྷག་དུ་ཕྱི་གླིང་སྒྱུ་རྩལ་བ་ཚོ་ལ་དགོས་བ་འདྲ་བོ་འདུག།
བོད་ལ་ཡིག་གཟུགས་མང་སྐྱོན་ལས། ཉུང་སྐྱོན་མེད། འོནད་ཀྱང་། ཡིག་གཟུགས་སྒྱུ་རྪལ་ལ་ངོམས་མཐའ་མེད་དགོས།
སྤྱིར་བཏང་ང་ཚོའི་བོད་ཡུལ་ལ་སྲོལ་རྒྱུན་གྱི་རི་མོའི་སྒྱུ་རྩལ་དང་ཡིག་གཟུགས་རྣམ་པ་སྣ་ཚོགས་ཤིག་ཡོད་པ་ནི་ཐུགས་སྣང་ཅན་ཚོས་མཁྱེན་གསལ་རེད་ལ། དེ་དག་ནི་ང་ཚོར་ཕ་མེས་ཡང་མེས་ཚོས་བཞག་པའི་གཅེས་ནོར་ཞིག་ཀྱང་རེད། ཡིན་ནའང་གཟུགས་མཛེས་མར་རྒྱན་ཆས་བརྒྱན་ན་དེ་བས་མཛེས་སྡུག་ལྡན་པ་ལྟར་བོད་ཀྱི་སྲོལ་རྒྱུན་གྱི་རི་མོ་དང་ཡིག་གཟུགས་གཞིར་བྱས་ནས་མཛེས་རྩལ་སྟོན་ཐུབ་ན་ཡག་ཐོག་ཡག་བརྩེགས་ལས་རིག་གཞུང་གཏོར་བཞིག་བྱས་པར་ངོས་འཛིན་ག་ལ་ནུས། ད་བར་དུ་ང་ཚོའི་སྤྱི་ཚོགས་སུ་བློ་རིག་གིས་བརྡར་ཤ་བཅད་ནས་སྔོན་དུ་ཐོན་པའི་མི་སྣ་ཚོར་དགའ་གུས་ཡི་རངས་ཀྱི་ཚབ་ཏུ་གནའ་དེང་གི་ཤེས་ཡོན་ལ་རྨོང་པའི་གླེན་རྒན་མཁྲེགས་བཟུང་ཅན་ཚོས་སྐུར་འདེབས་དང་དམའ་འབེབས་ཀྱིས་རྐང་པ་ནས་འཐེན་གང་ཐུབ་བྱས་དང་བྱེད་མུས་ལ་བརྟེན་ནས་ད་ལྟའི་བོད་ཀྱི་གནས་སྟངས་སྐྱོ་བོ་འདི་འདྲའི་ཚད་ལ་སླེབས་པ་རེད། ལར་ནས་མི་ཕམ་རྣམ་རྒྱལ་རིན་པོ་ཆེའི་ཡིག་གཟུགས་ཀྱི་སྒྱུ་རྩལ་འགྲེམས་སྟོན་བྱེད་རྒྱུ་ཡིན་པ་ལས་ང་ཚོས་སུས་ཀྱང་ཁོང་གི་ཡིག་གཟུགས་སྒྱུ་རྩལ་འགྲེམས་སྟོན་བྱེད་འཆར་ཡོད་པ་དེ་མིག་གིས་མཐོང་མེད། དེ་བས་ཁོང་གི་སྒྱུ་རྩལ་ལ་རྒྱུས་ལོན་གང་ཡང་མ་བྱས་པར་སྐྱོན་བརྗོད་དང་དམའ་འབེབས་བྱེད་ཀྱིན་ཡོད་པ་ནི་བོད་ཀྱི་རིག་གཞུང་དང་གནས་བབ་ལ་འགན་ཁུར་སྤུ་ཙམ་མ་བླངས་པར་ཕྲག་དོག་ཁོ་ན་ལས་མ་འདས། གནས་ལུགས་དང་རྒྱུ་མཚན་གང་ཡང་མེད་པར་རང་མི་རིགས་དང་རིག་གཞུང་ལ་ཕན་སེམས་བཅང་ནས་དཀའ་བ་ཁྱད་བསད་ཀྱིས་ཕྱག་ལས་གནང་བཞིན་པའི་སྐྱེ་བུ་དམ་པ་ཚོར་ཕྲག་དོག་གིས་མ་བཟོད་ནས་སྐུར་འདེབས་དང་དམའ་འབེབས་བྱེད་པ་ནི་ཁྲོན་པའི་གཏིང་རུམ་དུ་རྨོང་གཉིད་ལ་ཐིམ་པའི་སྦལ་རྒན་ངོ་མ་དེ་ཡིན་པ་ར་ཕྲོད་གསལ་པོ་རེད། གང་ལྟར་འུ་ཅག་བོད་མི་རིགས་ཀྱི་ལས་དབང་ཉག་ཕྲ་བའི་སྐབས་འདིར་མི་ཕམ་རྣམ་རྒྱལ་རིན་པོ་ཆེ་དང་ཁོང་དང་འདྲ་བའི་ལ་ཞེན་དང་སེམས་ཤུགས་ཅན་ཚོས་བོད་བསྟན་སྲིད་མི་རིགས་དང་རིག་གཞུང་གི་ཆེད་དུ་དཀའ་སྤྱད་འབད་བརྩོན་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཁོང་རྣམ་པའི་བྱ་བ་རླབས་པོ་ཆེ་ལམ་ལྷོངས་ཡོང་བའི་སྨོན་འདུག་ཞུ།།
བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་པ་མི་ཕམ་རྣམ་རྒྱལ་རིན་པོ་མཆོག་ནས་རིགས་ཞེན་ལྷག་བསམ་དཀར་པོས་རིག་གནས་ཤུལ་འཛིན་དར་སྤེལ་གཏོང་བར་ཕན་ནུས་ལྡན་པའི་མཛད་འཕྲིན་སྤེལ་བར་ངས་སྙིང་ཁུངས་རུས་པའི་གཏིང་ནས་རྗེས་སུ་ཡེ་རང་ཞུ་བ་དང་ཆབས་ཅིག་བསམ་ཚུལ་འགའ་གླེང་འདོད་བྱུང་།།
།ཡིག་གཟུགས་སྒྱུ་རྩལ་བོད་ལ་དར་ནས་ཧ་ལམ་མི་ལོ་བཞི་སྟོང་ལྷག་འགྲོ་བཞིན་ཡོད་པ་ལོ་རྒྱུས་སྨྲ་བ་མང་ཆེ་བའི་བསམ་ཚུལ་མཐུན་པ་ཡིན། དེང་སྐབས་བོད་ཀྱི་ཡིག་གཟུགས་ཀྱི་གནས་བབས་དང་མ་འོངས་པར་གསར་གཏོད་འཕེལ་རྒྱས་ཅི་འདྲ་གཏང་དགོས་པའི་སྐོར་དེ་ཁོང་ལྟ་བུ་མིང་དུ་གྲགས་པའི་སྒྱུ་རྩལ་པ་རྣམས་ཀྱི་ལས་འགན་ཡིན་སྙམ་བཞིན་ཡོད། ངས་ཁོང་ཀྱི་བཀའ་མོལ་ཞིག་གོ་མྱོང་བ་དེ་ནི་༼ང་རང་སྤྲུལ་སྐུ་ཞིག་གི་གོ་མིང་འཛིན་བཞིན་ཡོད་ཀྱང་། ང་ལ་གྲུབ་རྟགས་དེ་འདྲ་ནི་སྟོན་རྒྱུ་མེད་འོན་ཀྱང་ང་རང་ནས་ད་བར་སྦྱངས་བའི་ཡིག་གཟུགས་ཀྱི་སྒྱུ་རྩལ་འདིའི་ཐོག་ནས་ནམ་འཚོའི་བར་ངས་བོད་རྒྱལ་ཁབ་དང་མི་རིགས་འདི་ལ་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་ཞབས་འདེགས་ཞུ་རྒྱུ་ཡིན་༽ ཟེར་བ་འདི་རེད། ཁོང་གི་གསུངས་ཚིག་འདི་གོ་ནས་བཟུང་ངས་ཁོང་སྤྲུལ་སྐུ་ཞིག་གི་གོ་བབས་ནས་ཤ་ཟད་རུས་ཐུག་ཏུ་གནས་པའི་བོད་མི་རིགས་འདིའི་ཆགས་འཇིགས་ལ་ཁ་བཤད་ཙམ་མིན་པར་དོན་དངོས་ཐུགས་འཁུར་ལག་ལེན་ཐོག་འབད་པའི་སྒྱུ་རྩལ་པ་ཞིག་ལ་ངོས་བཟུང་བ་ཡིན། ད་དུས་ཁོང་དང་ཁོང་ལྟ་བུའི་ཡིག་མཁན་མི་ཉུང་བ་ཞིག་གིས་ཡི་གེའི་རིག་གཞུང་བསྟན་བཅོས་དང་བྲིས་དཔེ་བཅུ་ཕྲག་ཁ་ཤས་པར་དུ་བསྐྲུན་ནས་བོད་ཀྱི་ཐུན་མིན་གྱི་སྒྱུ་རྩལ་ཉམས་འགྱུར་ལྡན་པའི་བྲིས་་གཟུགས་སྣ་ཚོགས་ཀྱི་སྲོལ་རྒྱུན་མ་ཉམས་པར་རྒྱུན་འཛིན་དང་དར་སྤེལ་བཏང་ཡོད་པ་འདི་ནི་དགའ་འོས་པའི་གནས་ཚུལ་ཞིག་རེད། འོན་ཏེ་དེང་སྐབས་བོད་མིའི་སྤྱི་ཚོགས་ཐོག་གློག་ཀླད་ཁྱབ་ཚད་ཇེ་ཆེར་འག྄ོ་བ་དང་ཆབས་ཅིག་བོད་
ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་མཐོང་ཆེན་གྱི་ཚད་ད་དུང་མི་འདང་བའི་གནས་ཚུལ་འོག་བོད་ཀྱི་བྲིས་གཟུགས་འབྲི་བའི་སྲོལ་རྒྱུན་ཡང་རིམ་བཞིན་ཉམ་དམས་སུ་འགྲོ་བའི་ཉེན་ཁ་མཐོང་བ་ནི་ང་ཚོ་ཚང་མས་ལོད་ཤེས་སྙམ་ནས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་མཐོང་ཆེན་བྱ་དགོས་པའི་འབོད་སྐུལ་ཡང་མཉམ་དུ་ཞུ་བཞིན་ཡོད།། །།
སྤྱིར་དེང་རབས་བོད་ལ་ཆེད་གཉེར་གྱི་ཡིག་མཁན་དཀོན་ཞིང་བྲིས་པའི་ཐོབ་ཐང་ལག་ཁྱེར་དང་བྲིས་ཀྱི་རིན་ཐང་གི་
ཚད་ཀྱང་འདི་དང་འདིའོ་ཞེས་བརྗོད་དཀའ་བ་ལྟར་གྱུར་པའི་རྐྱེན་གྱིས་ང་ཚོས་དུས་དང་མཐུན་པའི་རང་ཉིད་ཀྱི་ཐུན་མིན་གྱི་ཡིག་གཟུགས་སྒྱུ་རྩལ་འདི་ལ་སྲུང་སྐྱོབ་དང་ཆེ་མཐོང་མེད་པར་གྱུར་བ་ཡིན། ང་ཚོས་མིག་དཔེ་ལྟ་འོས་པ་དང་མི་རུང་བའང་ཡོད་ཀྱང་དུས་དང་མཐུན་པའི་རང་ཉིད་ཀྱི་མི་རིགས་འདིའི་རིག་གཞུང་བྱེ་བྲག་པ་ཡིག་གཟུགས་ཀྱི་སྒྱུ་རྩལ་འདི་་སྲོང་སྐྱོབ་ག་འདྲ་བྱེད་དགོས་མིན་ཐག་རིང་ལྟ་མི་དགོས་པར་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་ལ་མཚོན་ན། རྒྱ་་ཡུལ་གྲོང་ཁྱེར་ནང་གི་ཟས་ཁང་དང་མགྲོན་ཁང་སོགས་སུ་སོང་ཚེ་ཚོང་གཉེར་བ་དེ་དག་གིས་རི་མོ་དང་ཡིག་གཟུགས་ཀྱིས་མཛེས་ཉམས་ཐོན་པ་བྱས་ནས་ཟ་ཁང་གི་རིམ་པ་ཇེ་མཐོ་ཡོང་ཐབས་བྱས་ཡོད། ཐ་ན་རྒྱ་ཡུལ་ཕྱོགས་ཀྱི་གྲོང་མཐའི་མི་སེར་དག་གིས་ཀྱང་ལོ་གསར་སྐབས་སུ་དུད་ཚང་སོ་སོས་ས་གནས་དེའི་བྲིས་པ་གདན་དྲངས་ནས་སྒོ་ཁར་བཀྲ་ཤིས་མཚོན་པའི་ཡི་གེ་འབྲི་སྲོལ་ཡོད་པ་ཙམ་གྱི་ཐོག་ནས་རྒྱ་མིས་བྲིས་གཟུགས་ལ་མཐོང་ཆེན་དང་བརྩི་མཐོང་འཛིན་པའི་རྣམ་པ་མཐོང་ཐུབ། དེས་མ་ཚད་པར་རྒྱ་ཡུལ་གྱི་བྲིས་པ་མཁས་ཅན་དང་དེའི་བྲིས་གཟུགས་ལ་རིན་ཐང་གི་ཚད་ངེས་ཅན་ཡོད་ཅིང་། ཡི་གེ་འབྲུ་གཅིག་ལའང་སྒོར་ཁྲི་སྟོང་སྦྱིན་ནས་ཉོ་ཚོང་བྱེད་མཁན་དང་ཉར་ཚགས་བྱེད་མཁན་ཡོད་པའི་ཐོག་ནས་བྲིས་ཀྱི་རིན་ཐང་དང་བྲིས་པའི་ཐོབ་ཐང་མཚོན་ཐུབ། དེས་ན་མ་འོངས་པར་ཅི་འདྲ་བྱས་ནས་བོད་ཀྱི་བྲིས་གཟུགས་མུ་མཐུད་ནས་སྔོན་སྲོལ་རྒྱུན་འཛིན་དང་གསར་གཏོད་དར་སྤེལ་གཏོང་བ་དང་ཆབས་ཅིག་ཅི་འདྲ་བྱས་ནས་བྲིས་པའི་ཐོབ་ཐང་དང་བྲིས་ཀྱི་རིན་ཐང་ཇེ་མཐོ་གཏང་དགོས་པ་ནི་ང་ཚོའི་མདུན་དུ་གནས་པའི་གནད་དོན་གལ་ཆེན་ཞིག་རེད་འདུག་སྙམ།། །།