བསེ་རུ།
ཁྱེད་རང་ཕེབས་ཤིག་ཕེབས་ཤིག།
ལ་མོའི་རྒྱབ་ལ་ཕེབས་ཤིག།
ང་རང་ཐང་ཆེན་ཡངས་པོར།།
ཟླ་བར་བསྒུགས་ནས་བསྡད་ཆོག།
ནམ་མཁའ་མཐོན་པོའི་ཉི་མ།།
འཇིག་རྟེན་ཀུན་ལ་གསལ་ཡང་།།
ང་དང་ཁྱེད་ཀྱི་གྲང་ངར།།
སེལ་བའི་ནུས་པ་མི་འདུག།
དགུང་གི་ཟླ་བ་དཀར་པོ།།
སེམས་པའི་སྐྱོ་རོགས་གཅིག་ཡིན།།
སྐར་མ་སྨིན་དྲུག་པ་སངས།།
ག་ལེ་བཞུགས་རོགས་གནང་དང་།།
ཆུ་འཛིན་གདུག་རྩུབ་ཅན་ཁྱོད།།
ངོ་ནག་ཁྲོ་གཉེར་མ་སྟོན།།
བཅོ་ལྔའི་ཟླ་བ་ལྷ་མོས།།
འཛུམ་མདངས་ང་ལ་བསྟན་བྱུང་།།
སྐར་ཚོགས་ཁྲི་མ་འབུམ་གྱིས།།
ཟླ་བར་སྐོར་བ་བརྒྱབ་འདུག།
ང་དང་ཟླ་བ་ལྷ་མོར།།
བསྟོད་སྨད་གླུ་དབྱངས་ལེན་གྱི།།
ཡ་གིའི་ནམ་མཁའ་ཡངས་པ།།
མ་གིའི་ས་གཞི་ཡངས་པ།།
ནམ་མཁའ་ས་གཞིའི་བར་ལ།།
ཀུ་མུད་སེམས་བག་ཡངས་པ།།
ཉི་མས་པདྨ་བསྐྱངས་འདུག།
ཟླ་བས་ཀུ་མུད་བསྐྱངས་བྱུང་།།
ཉི་ཟླ་བརྩེ་བ་ཅན་ལ།།
ཀུན་གྱིས་མིག་དཔེ་མཛོད་དང་།།
དེ་རིང་སླར་ཡང་འདི་དག་དྲན་བྱུང་།
སྐར་མ་སྨིན་དྲུག་འདྲ་བའི།།
ཚང་ཚང་རུག་རུག་མེད་ཀྱང་།།
བྱང་སྐར་སྤུན་འདྲ་བའི།།
ནམ་མཇུག་འཁྱོལ་བ་ཞུས་ཆོག།
གནམ་ལ་མིག་གཅིག་བལྟས་པས།།
མཐོང་རྒྱུ་སྐར་མ་སྣ་ཚོགས།།
ང་ལ་དགོས་པའི་སྐར་མ།།
པ་སངས་ལ་མོ་བརྒྱབ་འདུག།
ནག་ནོག་སྤྲིན་པ་ཁྱོད་རང་།།
ཕར་ཕར་ཕར་ལ་ཕེབས་དང་།།
ཡིད་འོང་ཟླ་བའི་བཞིན་རས།།
མཇལ་བའི་གོ་སྐབས་གནང་དང་།།
ཐོག་དང་གློག་དམར་འཁྱུགས་ཀྱང་།།
ཟླ་བའི་ཚེ་སྲོག་མི་ཆད།།
བར་གེགས་རླུང་འཚུབ་ཁྲོད་ནས།།
མཇལ་བའི་སྐལ་བ་འཐོབ་ཡོང་།།
དྲན་འཛིན་སེམས་ཀྱིས་བྲིས་ནོ།།
ཧ་ཅང་སྙན་པོ་མེད་རུང་།།
དངོས་བྱུང་ལོ་རྒྱུས་འདི་ལ།།
སྙིང་ནས་རྒྱབ་སྐྱོར་ཞུའོ།།
ནམ་འཇུག་ཚེ་འཐར་འཁྱོལ་ཡང་།
སྙིང་པོ་མེད་པའི་ཟ་ཟླ།
རྟག་ཏུ་འཁྲུགས་རྩོད་གྱིས་ལས།
སོ་སོར་ལམ་དུ་སོང་དགའ།
རང་ལ་དགོས་དགོས་མི་ཐོབ།
རང་ལ་དགོས་དགོས་གང་ཡོད།
རང་གི་མིག་ལམ་སྣང་ཡང་།
མི་ཐོབ་འཁོར་བའི་གཤིས་་ལུགས།
ཡིད་འོང་ཟླ་ཞལ་སྒྲིབ་ཀྱང་།
ལྷོ་སྤྲིན་ལྷོང་ལྷོང་ལྷ་མོ།
དེ་ཙམ་སྡང་ཟུག་མ་གནང།
རྩི་བཅུད་དངས་མའི་་འཚོ་བརྟེན།
ལྷོང་ལྷོང་ལྷོ་སྤྲིན་ལྷོ་ཕེབ་ཀྱང་།
ཡིད་འོང་ཟླ་བའི་ཞལ་རས་།
ཁྱོད་ལ་དངོས་ལས་མེད་ན།
ཟླ་ཞལ་གཞན་གྱིས་སྒྲིབ་འགྲོ།
ཐོག་དང་གློག་དྲག་པོས།
ཟླ་ཞལ་མི་གནོད་ངེས་ཀྱང།
མིག་ལ་ཐལ་བའི་བཀང་ན།
ཟླ་ཞལ་མཐོང་བས་དུས་བཀའ།
སེ་རུའི་སེམས་ཀྱི་ཉི་མ།།
ནུབ་ཀྱི་གླིང་གཞི་སྐོར་དུས།།
སེ་རུ་ཟླ་འོད་འོག་ལ།།
དགའ་སྐྱོའི་གླུ་དབྱངས་ལེན་གྱིས།།
སྐར་ཚོགས་ཁྲི་མ་འབུམ་གྱིས།།
ཟླ་བར་སྐོར་བ་བརྒྱབ་འདུག་པའི་བདེན་དཔང་ཅི་ལྟར་འཚོལ། དཔེ་རིས་ག་འདྲ་ཞིག་ལ་ངེས་འཛིན། ཨ་རོ་ཁྱོས་ཆག་གཏམ་འདྲ་ཟིག་བཤད་ཡོད་ནི་འདྲ་ཟིག་རེད་ར།
ངའི་ཁ་འདི་ལ་འདུག་ཚོད་ཟིག་མེད་ཀི། ཁྱོ་སུན་ཡོད་རྒྱུ་རེད་ཨ།
དུང་དུང་སེམས་ལ་འཕྲེང་ནས། །
མཚན་མོའི་གཉིད་ཐེབས་ཆག་དགོས།།
བརྩེ་གདུང་འདི་འདྲ་ཡོད་ན། །
ཝི་ས་ཞུས་ནས་ཤོག་དང་། །