གྲིབ་གཟུགས།
o ཀླུ་སྨྱོན་ངག་གི་འགྲམ་ཆང་། །འཐོར་བའི་འཆི་མེད་བཞིན་བཟང་། །སྐུ་ཁམས་བདེ་བའི་ངང་དུ། །ལང་ཚོའི་འཛུམ་མདངས་གྲོལ་འདུག།
o ཧ་ཧ་ཧ་་་
o ཁྱེད་ཀྱི་བཞིན་ལ་བལྟས་ན། །བལ་མོ་ཡིན་པ་ཤེས་ནུས། །བལ་མོའི་བཞིན་རས་གཟུགས་བྱད། །ཁོ་བོའི་མིག་ལ་འདྲིས་ཡོད།།
o ང་བོད་པ་ཡིན།
o ཁྱེད་ཀྱི་པར་ལ་བལྟས་དུས། །བལ་པོའི་ཡུལ་དུ་སླེབས་འདུག །ཁྱེད་ཀྱི་གདོང་གི་ཟླ་བ། །བལ་མོའི་བཞིན་ལ་མཚུངས་འདུག།
o འདྲ་བ་ཐམས་ཅད་དངོས་མ་ཡིན།
o སྐུ་གཟུགས་ཆུང་ཆུང་ཡིན་པའི། །ཞལ་རས་སྙིང་ལ་རྗེ་བོ། །སྤྱན་དང་མིན་མ་གཉིས་པོ། །བྱེད་པོས་ཆེད་དུ་བཟོས་འདྲ།།
o ངས་འཇིག་རྟེན་བྱེད་པ་པོ་འདོད་ཀྱི་མེད།
o པིརི་ཏི་འཛིན་ཏ་དང་འདྲའི། །བཞིན་བཟང་ཁྱེད་འདྲའི་མདུན་དུ། །དབྱངས་ཅན་ངག་གི་རྒྱུད་མངས། །མི་འཁྲོལ་རང་དབང་མི་འདུག།
o ཧ་ཧ་ཧ་ཧ་
o ཀླུ་སྨྱོན་འཁྲུལ་འདུག་བསམས་ནས། །ཁྱེད་ཀྱི་པར་མཛོད་བསྔོགས་ཡིན། །བལྟས་ཀྱིན་སྙིང་ལ་བབས་པ། །མཛེས་མ་ཁྱེད་ཀྱི་ཁྱད་ཆོས།།
o རྒན་ལགས།་དེ་རིང་ཚེས་པ་བཅོ་ལྔ་མ་རེད་དམ།
o མཛེས་མར་བསྟོད་ཚིག་འབྲི་བ། །ཉན་ཐོས་ལུགས་ལ་མི་མཐུན། །ཐེག་ཆེན་གསང་སྔགས་ལུགས་ལ། །བསོད་ནམས་འཛད་མེད་འབྱུང་རྒྱུ།།
o བུད་མེད་ཤེས་རབ་རང་བཞིན། །སྤངས་ནས་ནགས་ཁྲོད་དབེན་པར། །ཚེ་དང་སྒྲུབ་པ་མཉམ་ནའང་། །གཉུག་མའི་འོད་གསལ་མི་འཆར།།
o དེ་དེ་བཞིན་ནོ།
o ཁོ་བོ་མོ་དད་ཆེ་བ། །མི་ཡི་ལྷན་སྐྱེས་རང་གཤིས། །མཛེས་མར་སྙན་ཚིག་འབྲི་བའང་། །ཁོ་བོའི་སོར་རྩེའི་རང་གཤིས།།
o ཁྱེད་ལ་ཐུགས་མོས་ཡོད་ན། །ཁྱེད་ཀྱི་གནས་ཚུལ་ཞིག་ཤོད། །ཁོ་བོས་དེ་དང་འཚམས་པའི། །རང་གི་གནས་ཚུལ་ཞིག་བཤད།།
o བཤད་རྒྱུྲ་གང་ཡང་མི་འདུག་མོད་
o རེ་བ་གཅིག་བཞུ་དགོས་སྙམ།
o མཛེས་མའི་རེ་བ་སྒྲུབ་པར། །དཔའ་བོའི་སྲོག་སྙིང་ཕུལ་ཡོད། །བྲང་ཁོག་ནང་གི་སྙིང་འདིའང་། །ཁྱེད་ཀྱི་རེ་དོན་འགྲུབ་རྒྱུ།།
o ཧ་ཧ་་་་་་་ང་རང་སྙན་ངག་འབྲི་མི་ཤེས་པས་བསླབ་རོགས།
o ཐུགས་རྗེས་གཟིགས།
o ཕྱི་རོལ་ཆར་པའི་ཤག་སྒྲ། །ཁྱེད་ཀྱིས་བཏགས་པའི་ཡིག་འབྲུ། །སྙན་འཇེབ་རོལ་དབྱངས་ལྷན་དུ། །སེམས་ཀྱི་གཏིང་ལ་བཞུར་སོང་།།
o འཆི་མེད་བཞིན་བཟང་ཁྱེད་ཀྱི། །སྣང་ཚུལ་མིན་པའི་གནས་ཚུལ། །ཁོ་བོར་ལན་གཅིག་བཤད་ན། །ཁྱེད་ཀྱི་རེ་འདོད་རྫོགས་ངེས།།
o སྣང་ཚུལ་མིན་པའི་གནས་ཚུལ་ཇི་འདྲ་ཞིག་??
o ཁྱེད་ཀྱི་དགའ་ཕྱོགས་མཛེས་པོ། །ཁྱེད་ཀྱི་འཁྲུངས་ཡུལ་སྐྱིད་པོ། །ཁྱེད་ལ་དགའ་རོགས་ཡོད་མེད། །ཁྱེད་ཀྱི་དྲང་པོར་བཤད་དགོས།།
o དགའ་རོགས་ང་ལ་དགོས་པ་མི་འདུག།
o མི་ཚེའི་མྱ་ངམ་ཐང་ཆེན། །ཁེར་རྐྱང་གོམ་པས་གཞལ་བ། །མི་ཡི་མི་ཚེ་མ་རེད། །རླུང་ཁའི་འཇག་སྐྱ་དངོས་རེད། །
o ཧ་ཧ་
o གནས་ཚུལ་ཁོང་དུ་སྦེད་པ། །ཤར་ཕྱོགས་བུ་མོའི་རང་གཤིས། །འདོད་རྩེ་ཁོང་དུ་སྦེད་པའང་། །ཤར་ཕྱོགས་བུ་མོའི་རང་གཤིས།།
o ཆར་པ་བབས་མཚམས་ཆད་སོང་། །ང་རང་གཅིན་པ་བྲོ་སོང་། །ལན་གཅིག་ཕྱི་ལ་སོང་ནས། །ལམ་སེང་ནང་ལ་སླེབས་ཡོང་།།
o ཝ་ཎའི་སློབ་གླིང་དེ་རུ། །འདོད་བརྩེའི་སློབ་ཁྲིད་ཡོད་ཀད། །ཨ་ནེ་གྲྭ་པ་དེ་ཚོའང་། །འདོད་པའི་མཚོ་ལ་རྐྱལ་ཀད།།
o བལ་པོའི་ཡུལ་ནས་སྐྱེས་པའི། །ཝ་ཎའི་སློབ་ཕྲུག་ཡིན་པའི། །བོད་ཡིག་འབྲི་སློག་ཤེས་པའི། །ཁྱེད་ལ་མཇལ་བས་དགའ་བྱུང་།།
དེང་སང་དུས་རབས་གསར་བར།།
ངོ་དེབ་དར་སོ་ཆེ་ཀི །
ཀླུ་སྨྱོན་སྨྱོ་འཆམ་རྒྱུ་མང་གི།
མི་རིག་དགུ་རིག་རིག་གི།
ཨ་ཁུ་གླུ་སྨྱོན་ལོ་ལོར།།
མེ་མདའ་ནང་ལ་མ་གཏད།།
མེ་མདའ་ནང་ལ་གཏད་ན།།
ཇོ་མོའི་སྒོ་ང་ཆགས་ཡོང་།།
སྐད་ཆ་ཤ་ཚ་པོ་འདྲ་ཤོད་འདུག་ལ། ཆར་པ་ཆད་ནས་གཅིན་གཏོང་དུ་ཕྱི་ལ་འགྲོ་དགོས་པ་དང་། གདོང་དེབ་རྩེད་རྒྱུའི་མཐུན་རྐྱེན་ཡོད་པ་གཉིས་གང་འདྲ་ཡིན་ནམ།
མེ་ཏོག་དཀར་པོ་ལ་་་་་་་་་
གཅིན་པ་གཏོང་དུ་ཕྱིན་པ།།
སྐར་ཆ་ལྔ་ཡི་ཡུན་རེད།།
སླར་ཡང་ནང་ལ་ལོག་ནས།།
མཛེས་མར་ཕྲིན་ཐུང་བྲིས་ཡིན།།
སྦྲ་དཔལ་ལྡན་ལགས་སུ་་་་་་་་་་་
ཇོ་མོར་སྒོ་ང་ཡོད་པ།།
དེ་རིང་གཞི་ནས་ཐོས་སོང་།།
དེ་ཉིད་ཇི་ལྟར་ཡོད་ཚུལ།།
ལན་ཞིག་ཅིས་ཀྱང་གསུངས་རོགས།།
ངས་བཤད་འདོད་པ་ནི་གསང་སྤྱོད་ཀྱི་མཐུན་རྐྱེན་མེད་ལ་དྲྭ་བའི་མཐུན་རྐྱེན་ལྡན་པ་ཁྱད་མཚར་ཟེར་བ་ཙམ་ཡིན།
དེ་རིང་ཉིན་གུང་གི་གནས་ཚུལ་དངོས་ཡིན། ཡིག་ནོར་འགའ་ཤས་བཅོས་པ་མ་གཏོགས་སོར་བཞགས་བྱས་ཡོད།
དྲ་བའི་མཐུན་རྐྱེན་ཡོད་ན། ཡོད་ཚད་མཐུན་རྐྱེན་ཡོད་ཨེ་དགོས་ན།
དེ་ཡིན་དགོས་མ་རེད། གཡུ་ཡི་བྲག་རྡོག་ལགས།
མེ་ཏོག་དཀར་པོ་ལ་་་་་་་་་་
དྲ་བའི་མཐུན་རྐྱེན་ཟེར་བ།།
མཐུན་རྐྱེན་ནང་གི་འབོལ་ཤོས།།
ང་རང་དྲ་རྒྱ་རྩེ་ས།།
ཐོག་ཁང་རྩེག་མ་མ་རེད།།
གྲིབ་མའི་གཟུགས་ཀྱིས་ལྷགས་པའི། །
དགའ་གཏམ་བཤད་པའི་གྲོགས་པོ། །
ཝར་ནིའི་བལ་པོའི་བུ་མོར། །
སྙན་ངག་སློབ་སྟོན་གནང་རོགས། །
མེ་ཏོག་དཀར་པོ་ལ་་་་་་
དམ་པའི་དོན་གྱི་སྙན་ངག།
ང་དང་བར་ཐག་རིང་འདུག།
ཆོ་མེད་ཉོག་བཤད་མང་པོས།།
མི་མགོ་སྐོར་འདོད་མི་འདུག།
སྔོན་དུས་སྲོང་བཙན་སྒམ་པོའི།།
བལ་བཟའ་བླངས་པ་ལྟར་དུ།།
དེང་འདིར་ཀླུ་སྨྱོན་ལགས་ནས།།
བལ་བཙུན་ལེན་དགོས་བསམ་འདུག།
མཆན་ཞབས་པ་འགས་གྲིབ་གཟུགས་དང་ཀླུ་སྨྱོན་གཉིས་འཁྲུལ་གྱི་ཡོད་པ་འདྲ།
མིང་འདི་གཉིས་གཅིག་མ་རེད། ཁ་ཁ་རེད་དོ།།