༼བོད་ཀྱི་བང་ཆེན་དྲ་ཚིགས་ནས་འདྲེན་བཀོད་ཞུས༽
ཟླ་འདིའི་ཚེས་༢༩ ཉིན་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་མིང་ལ་གཡང་དྲུང་ཟེར་གྱི་ཡོད་པ་དང་། ཁོང་ཁམས་ཆབ་མདོ་རྫོང་། ཀརྨ་ཡུལ་ཚོ་ནས་ཡིན་པ་དང་། རང་ལོ་༢༧ ཡིན་འདུག ད་ལྟ་ཁམས་ཡུལ་ཤུལ་ཁུལ། དགེ་འབྲོང་རྫ་སྟོད་དུ་བསྡད་ཡོད་འདུག
ཟླ་འདིའི་ཚེས་༣༠ ཉིན་གྱི་སྔ་དྲོ་ཁོང་ཤི་མ་གསོན་དུ་གྱུར་ཡོད་ནའང་། རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མིས་མར་རྒྱ་ཡུལ་དུ་སྐྱེལ་རྒྱུ་ཡིན་ཞེས་ཁྱེེར་ཡོད་འདུག ལམ་བར་ནས་གྲོངས་སོང་ཞེས་སྐད་ཆ་བྱུང་ཡོད་ནའང་། ད་ལྟ་ས་གནས་དེར་དམ་དྲག་ཆེན་པོ་ཡོད་པས། གནས་ཚུལ་གསལ་ཁ་རག་གི་མེད་པ་རེད། ཕྱི་ཟླ་༡༠ ཚེས་༡ ཉིན་ནི་ཀྲུང་གོའི་རྒྱལ་ཁབ་འགོ་བཙུགས་པའི་ཉིན་མོ་ཡིན་ཞེས། དུས་སྟོན་གྲ་སྒྲིག་རྒྱས་པ་བྱེད་ཀྱི་ཡོད་ནའང་། ས་གནས་དེར་དུས་སྟོན་དེ་གྲ་རྒྱས་པོ་གཏོང་ཐུབ་ཀྱི་མེད་འདུག
དེ་ཡང་བོད་ནས་གནས་ཚུལ་འབྱོར་གསར་ལྟར་ན། ཕྱི་ཟླ་༩ ཚེས་༢༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༧ ཙམ་ལ་ཁམས་ཡུལ་ཤུལ་ཁུལ། དགེ་འབྲོང་རྫ་སྟོད་རྫོང་ཐོག་ཏུ། བོད་མི་གཡུང་དྲུང་ཞེས་པ་ཞིག་གིས་བོད་ཆས་ཆ་ཚང་གྱོན་ནས་རང་ལུས་མེར་སྲེག་བཏང་བ་དང་། རྗེས་སུ་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག
ཉིན་ཤས་སྔོན་ཡུལ་དེར་བོད་ལ་བདེ་སྐྱིད་ཡོད་རབ་ཀྱི་འཁྲབ་སྟོན་ཆེན་པོ་ཞིག་འཚོགས་ནས་གློག་བརྙན་པར་རྒྱག་དགོས་པའི་རྒྱ་གཞུང་གིས་བཙན་བཀའ་བཏང་ཡོད་ཀྱང་། བོད་མི་རྣམས་ཀྱིས་བོད་ལ་ད་ལོ་འཁྲབ་སྟོན་བྱེད་འདོད་མེད་པའི་སྐོར་བཤད་ཡོད་འདུག དེར་བརྟེན་བོད་མི་དེས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་སྲེག་བྱས་ཡོད་འདུག ཁོང་གིས་རང་སྲེག་གནང་སྐབས་འབོད་སྐུལ་མང་པོ་གནང་འདུག་པ་དང་། དང་པོ་ཀི་ཆེན་པོ་ཞིག་བརྒྱབ་ནས་བོད་རང་བཙན་ཡིན། ༧སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་དང་། རྒྱལ་བ་ཀརྨ་པ་བོད་ལ་གདན་འདྲེན་དགོས། བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག མཁས་དབང་བློ་བཟང་སེང་གེ་བོད་མིའི་རྒྱལ་པོ་ཡིན། རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་མཚམས་འཇོག་བྱེད་དགོས་སོགས་འབོད་སྐད་སྒྲོག་ཞོར་རྫོང་གྲོང་གི་ཚོང་ཁང་ཁག་གི་མདུན་དུ་ཕྱིན་དུས། ཚོང་ཁང་བདག་པོ་དེ་ཚོས་ཆུ་གཏོར་བ་སོགས་བྱས་ཀྱང་མི་འབར་ཤུགས་ཆེ་རྐྱེན། རྒྱུ་མ་ཕྱི་ལ་ཐོན་པ་དེ་ཁོ་རང་གི་ལག་པས་བཅད་སོང་ཟེར། དེ་ནས་རྫོང་གི་ཉེན་རྟོག་པ་སླེབས་ནས་འཛིན་བཟུང་བྱས་སོང་། དེ་རྗེས་འཆི་གསོན་གང་བྱུང་ཧ་གོ་མ་བྱུང་ཅེས་བོད་ནས་མིང་ཤོད་འདོད་མེད་པ་ཞིག་གི་འགྲེལ་བརྗོད་གནང་སོང་།།
འདི་འདྲེའི་དཔའ་བོའི་སྙིང་སྟོབ་ལ་ཨ་ཧཧ། ནམ་རྒྱུན་ང་ཚོའི་གླིང་སྒྲུང་སུ་བཤད་པའི་དཔའ་དུལ་ཞིག་དང་ཁྱད་པར་ཅི་ཞིག་ཡོད། བསམ་ཡུལ་ལས་འདས་པ་ཞིག་རེད། གུ་རུ་སྣང་སྲིད་ཟུལ་གནོན་གྱིས་སྐྱོབ། ཨོྃཿཨ་ཧཱུྃ་བཛྲ་གུ་རུ་པདྨ་སིངྡུ་ཧཱུྃཿ དཔའ་བོའི་བསམ་དོན་འགྲུབ་པར་ཤོགས།
ངོ་མ་དཔའ་བོ་གཡུང་དྲུང་ལགས་ཀྱི་འབོད་ཚིག་རེ་རེའི་རྒྱབ་ལྗོངས་ན་ བོད་མི་དེ་ཚོར་རྒྱ་མིས་མནར་གཅོད་དང་། རྡུང་རྡེག་ བརྙས་བཅོས་སོགས་མཐོང་ཡོང་ལ ད་དུང་དཔའ་བོ་ཁོང་གིས་རང་ཉིད་ཀྱི་ཚེ་སྲོག་དམར་བོ་བོད་མི་དང་བོད་རྒྱལ་ཁབ་ཀྱི་ཆེད་དུ་བློས་བཏང་བ་སྙིང་ཁུང་ནས་བོད་མི་ས་ཡ་དྲུག་གིས་བརྗེད་མི་སྲིད། དཔའ་བོ་གཡུང་དྲུག་རྒྱལ་གྱུར་ཅིག་ བོད་ཀྱི་ཆེད་དུ་རང་སྲོག་བཏང་པའི་དཔའ་བོ་རྣམས་རྒྱལ་གྱུར་ཅིག བོད་རྒྱལ་གྱུར་ཅིག
གངས་ཅན་དཔའ་རྒོད་ཚོ་ལྷབ་ལྷུབ་ཏུ་འབར་བཞིན་
མི་རིགས་ཀྱི་ཆེད་དུ་འདི་ལྟར་བཞུད་སོང་།སྐྱོ་བ་ལ་ སྐྱོ་བ་ལ
ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ།།
ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ།།
ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ།།
ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ།།
ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ།།
ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ།།
ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ།།
ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ།།
ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ
ཀརྨ་པ་བོད་ལ་གདན་འདྲེན་ཞུས་ན་ཅི་བྱེད།
སུ་གང་བོད་ལ་གདན་འདྲེན་ཞུ་དགོས་པ་མི་འདུག།
སུ་གང་བོད་ལ་གདན་འདྲེན་ཞུ་དགོས་པ་མི་འདུག།
ཧཧཧཧཧཧཧཧཧཧཧཧ། དྲྭ་འབུ་འདི་ཚོས་ལབ་སྟངས་འདི་དག་དཔའ་བོ་གཡང་དྲུང་གིས་གསན་ན་ཇི་ལྟར་དགོངས་ཀྱི་རེད་
དཀོན་མཆོག་མཁྱེན།
༧རྒྱལ་དབང་ཀརྨ་པ་དང་༧རྒྱལ་བ་རིན་པོ་ཆེ་སུ་ཞིག་བོད་ལ་ཕེབས་ཐུབ་ན་འདྲ་འདྲ་རེད། གངས་ལྗོངས་དཔའ་བོ་གཡུང་དྲུང་རྒྱལ་ལོ། བོད་རྒྱལ་ལོ།
དཔའ་བོ་གཡུང་དྲུང་ལ་གུས་འདུད་ཡོད། ༧རྒྱལ་བ་རིན་པོ་ཆེ་དང་ཀརྨ་པ་གཉིས་དད་པའི་ངོས་ནས་འདྲ་འདྲ་ཡོང་སྲིད་པ་རེད། འོན་ཀྱང་མཛད་རྗེས་དང་བཀའ་དྲིན་གྱི་ཐོག་ནས་གནམ་སའི་ཁྱད་པར་ཡོད་པ་རེད།
ངོ་མ་དཔའ་བོའི་སྙིང་སྟོབས་ལ་གུས་བརྩི་དང་འབོད་སྒྲ་ཅི་ཡིན་མ་བརྗེད་པ་བྱེད་རྒྱུ་གལ་ཆེར་མཐོང་སོང། ཨོྃ་མ་ཎི་བདྨེ་ཧཱུྃ།
ལོ་རྒྱུས་ཀྱིས་གཞལ་ན་ཀརྨ་པ་འདི་རྒྱལ་བ་རིན་པོ་ཆེ་ལས་ཁྱབ་མི་ཆུང་ཙམ་ཡིན་ཡང་དེང་སང་ཁོང་གི་ལྟ་བ་འཁྱེར་སྟང་ནི་དགོད་བྲོ་་བ་ཞིག་རེད་་། ཁ་ཙམ་ལས་དྲངས་བདེན་ཞིག་ཡོད་དཀའ་ཚོད་རེད་འདུག།
འཛམ་གླིང་འདིར་དྲང་བདེན་གྱི་སྐད་ཆ་བཤད་ས་མེད་པར་གྱུར་བའི་སྐབས་ཚན་རིག་པ་རྣམས་ཀྱིས་འགྲོ་བ་མི་རྣམས་གཅིག་པ་ཡིན་པའི་ལྟ་ཚུལ་འདི་སྲིད་དོན་པ་རྣམས་ཀྱིས་བློ་ངོར་མ་ཤོང་བ་ཞིག་རེད། དེར་བརྟེན་ལས་རྒྱུ་འབྲས་དང་དྲང་བདེན། སེམས་ཀྱི་བསླབ་བྱ་དེ་དག་སྤྱི་ཚོགས་ཀྱི་གནས་བབས་གང་འདྲ་ཞིག་ཡིན་རུང་གལ་ཆེ་བས་ཞི་བདེའི་དེད་དཔོན་ནམ་བསམ་བློའི་བདག་ཉིད་ཆེན་པོ་ཁོང་བོད་ལ་ཕེབས་ཐུབ་པ་བྱུང་ན་རྒྱ་བོད་གཉིས་ཆར་ལ་ཕན་ཐོགས་ཆེན་པོ་ཡོད།
ཨོྃ་མ་ཎི་བདྨེ་ཧཱུྃ། ཨོྃ་མ་ཎི་བདྨེ་ཧཱུྃ། ཨོྃ་མ་ཎི་བདྨེ་ཧཱུྃ།
བོད་རྒྱལ་ཁབ་ཀྱི་ཆེད་དུ།
རང་ལུས་མེ་ལ་སྒྲོན་ཏེ་འཇིག་རྟེན་འདི་དང་གཏན་བྲལ་བྱེད་པ།
རང་ལུས་བཙོན་ལ་བསྡད་དེ་འཇིག་རྟེན་འདི་ནས་དམྱལ་བ་ཚད་མེད་མྱང་བ།
ད་རུང་རང་གཞན་གཉིས་ལ་མི་བདག་པའི་ཡོད་ཚད་ཐལ་བར་སྒྱུར་བ།
འདི་གསུམ་ལམ་ལས་ཐར་བ་མེད་པ།
གནའ་ནས་ད་བར། ད་ནས་སྟོངས་བར།
རྒྱལ་ཞེན་ཞིག་གི་ཆོ་ལོ་བསྩལ། དཔའ་བོ་ཞིག་གི་མིང་གྲགས་གནང་།
འདི་རྣམས་ང་ཚོའི་ལོ་རྒྱུས་ཀྱི་ཁྲག་རྒྱུན།
ང་དང་ཁྱོད་ཀྱི་སེམས་པའི་གསོན་ཤུགས།
རྗེད་མི་སྲིད།
ཨོྃ་མ་ཎི་བདྨེ་ཧཱུྃ། ཨོྃ་མ་ཎི་བདྨེ་ཧཱུྃ། ཨོྃ་མ་ཎི་བདྨེ་ཧཱུྃ།
དཔའ་བོ་ཁོང་ལ་གུས་འདུད་ལོས་ཡོད། བློ་བཟང་སེང་སེངྒེ་བོད་ཀྱི་རྒྱལ་པོ་གཏན་ནས་མ་རེད་ལ། དེ་ལྟར་འགྱུར་མི་སྲིད། ༧གོང་ས་མཆོག་ས་ཡ་དྲུག་གི་མིག་རེད། གཞན་བཀའ་བརྒྱུད་ཀྱི་བླ་མ་ཞིག་ལ་༧རྒྱལ་དབང་འབྲུག་ཆེན་ལས་ལྷག་པ་མ་མཐོང་བས་ཁོང་གདན་ཞུས། ཡང་ན་ཀརྨ་པ་མཐའ་ཡས་རྡོ་རྗེ་ཡིན་ན་དོན་ལ་གནས་སྙམ།
སྙིང་རྗེ་། སྙིང་སྟོབས་ཆེ་བ། ད་གང་དྲག།
རྒྱ་གར་མི་དམངས་ཀྱི་བསམ་བློའི་བདག་ཉིད་ཆེན་པོ་མ་ཧཱ་ཏ་གྷན་དྷིས་འཛམ་གླིང་གི་དཀའ་རྙོག་རྣམས་དམག་བརྒྱབ་ནས་སེལ་ཐུབ་པ་ཡིན་ན་ད་ཆ་མི་གཅིག་ཀྱང་ལྷག་ཡོད་པ་མ་རེད་ཅེས་གསུངས་ཡོད་པ་རེད། བྱམས་བརྩེའི་འཚོ་བ་ནི་གསོན་གནས་ཀྱི་འཕེལ་རྩ་ཡིན། སྤྱི་ཚོགས་བརྟན་བརླིང་གི་གཞི་རྩ་ཡིན་ཞེས་གསུངས་ཡོད།
མེ་དཀར་ལགས་། མཐའ་ཡས་རྡོ་རྗེ་ཡིན་ན་དོན་ལ་གནས་དོན་ཅི་རེད།
རྒྱལ་དབང་འབྲུག་ཆེན་ལས་ལྷག་པ་མ་མཐོང་བས་ཁོང་གདན་ཞུས་ཟེར་་་་་་་་་་་་་་་་་་་་བློ་བཟང་སེང་སེངྒེ་བོད་ཀྱི་རྒྱལ་པོ་གཏན་ནས་མ་རེད་ལ། དེ་ལྟར་འགྱུར་མི་སྲིད་་་་་་་་་་གཟུར་གནས་བློ་ལྡན་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༣༠ གི་ཆུ་ཚོད་ ༡༣ སྐར་མ་ ༣༥
སུ་གང་བོད་ལ་གདན་འདྲེན་ཞུ་དགོས་པ་མི་འདུག་རཟེ་་་་་་་་་་་དྲ་བདག་ལགས་གཟིགས་ཡོད་ཤག་་
འཇམ་གཅེས་ཁྱོད་ཀྱིས་ཤོད་དང་བཀའ་ཁྲི་བློ་བཟང་སེངྒེ་བོད་ཀྱི་རྒྱལ་པོ་རེད་དམ།
ཁོང་བོད་རྒྱལ་དུ་འགྱུར་སྲིད་དམ། དྲ་བདག་མི་དགོས་༧གོང་ས་མཆོག་གིས་གཟིགས་ནའང་ཡིན་པ་དེ་ཡིན་པ་ཁོ་ན་རེད།
ཁྱོད་ཀྱིས་སོམས་དང་༧རྒྱལ་དབང་འབྲུག་ཆེན་ལས་ལྷག་པ་བཀའ་བརྒྱུད་པའི་ནང་འདུག་གམ།
ཆོས་བརྒྱུད་གྱི་རྙོག་དྲ་སྟོབས་ཤུགས་ཉམས་ཉེས་ཀྱི་རྒྱུ་གཙོ་བོ་དེ་རེད།
འབྲུག་ཆེན་འདི་ད་ཡོད་བཀའ་རྒྱུད་པའི་སྲོལ་རྒྱུན་གྱི་བླ་ཆེན་ནང་ནས་འཇོན་ཤོས་ཤིག་ཡིན་པ་འདྲ་འདུག
འདྲེ་ནག་མགོ་དགུ་དང་གཟི་གནས་བློ་ལྡན་གཉིས་ཀྱིས་གསུང་པ་རྒྱུ་མཚན་མེད་པ་མ་རེད་ཡིན་ཀྱང་དེ་ལྟར་གསུང་ན་དཔལ་བོ་གཡུང་རྒྱལ་ཐོས་ན་སེམས་ཕམ་ངེས་ཡིན་པས་དེ་ལྟར་མ་གསུངས་ན་ལེགས་། ༧རྒྱལ་བ་རིན་པོ་ཆེ་དང་རྐ་མ་པ་སུ་བོད་ལ་ཕེགས་ཀྱང་ཁྱད་པར་ཡོད་མེད་སྐབས་འབབ་འདུལ་བྱ་ལ་བསྟན་ཡོད་པ་མཐོང་གིས་།།།།།།
༧གོང་མཆོག་ལ་ཡིད་སྟོན་ན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཀུན་ལ་མཛའ་བའི་བསམ་པ་དང།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཆོལ་གསུམ་གོང་བུ་གཅིག་གྱུར་དང།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཆོས་ལུགས་ཕྱོགས་རིས་མེད་པ་དགོས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གངས་ལྗོངས་སྐྱེ་འགྲོ་མ་ཟད་པར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཆོས་ལུགས་གྲུབ་མཐའ་ཡོད་ཚད་གྱིས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གཙུགས་དུ་བཀུར་བའི་༧གོང་ས་མཆོག།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་རྩ་བའི་བླ་མ་ཡིན་འདོད་ན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དཔའ་བོའི་ཡིད་ཐང་ཆད་པ་དང།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་མི་རིགས་སེམས་ཁུང་འཁྲུགས་པ་ཡི།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དྲི་ངན་ཅན་གྱི་ཚིག་རྣམས་སྤོངས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སྔོན་ནས་ད་བར་གྱི་ལོ་རྒྱས་རྣམས་དྲན་པར་གྱིས། དགེ་བའི་བསྐུལ་མ་དང། མི་དགེ་བའི་སྣ་འདྲེན། ངོ་བོ་ལ་རྟོགས་པ་དང། ཁྱད་པར་ལ་དཔྱོད་པ་ཐམས་ཅད་ཀུན་ནས་སློང་བྱེད་ཚིག་ཡིན་པས། ཚིག་ནི་རྩ་ཆེ་བར་ཤེས་པར་བྱོས། དགེ་འོ།་ དགེ་འོ།
ཀརྨ་ཡེ་ཤེས་༧གོང་ས་མཆོག་གི་གོང་དུ་བླ་མ་གཞན་ཞིག་གི་མིང་བཙན་བཀོད་བྱས་ཀྱི་རིང་༧རྒྱལ་བ་ཀུན་གྱི་ཕྲིན་ལས་པ་མཐའ་ཡས་རྡོ་རྗེའི་མཚན་གྱི་ཆེ་བ་འདོན་ངེས་ཡིན།
ཁྱེད་རང་མཚོ་བོད་པའི་དགྲ་བོ་ཡིན་པ་འདྲ་། བྲིས་སྟངས་ལ་བསྟས་ན་མཁྱེན་ངེས་ཡིན་།
དགྲ་བོ་རེད་རང་མ་གསུངས་ན་ ཁོང་ཚོ་ལ་ཡང་རྒྱུ་མཚན་དགོས་པ་རེ་ཡོད་སྲིད་།
ཀརྨ་པ་ཡིན་པས་སོ།།
མཆན། ༢༧ པའི་མིང་དང་༼མཚོ༽༼བསྟས༽ལ་དཔག་ན་བོད་ཡིག་གི་དགྲ་བོ་ཞིག་ཡིན་ཚོད།
དེ་རིང་འབྲུག་ཆེན་བླ་མའི་ལོ་རྒྱུས་ཅུང་ཟད་བཤད་པའི་ཞོར་དུ་གནས་ཚུལ་ཁ་ཤས་བཤད་འདོད་བྱུང་། དེ་ཡང་ཆོལ་ཞེན་དང་ཆོས་ཞེན་གངཡང་མིན་པའི་ཐོག་ནས་དངོས་ཡོད་བདེན་གཏམ་འབའ་ཞིག་ཡིན་པའི་ལེགས་པར་དཔྱོད་འཛོད་ཅིག །དང་པོར་འབྲུག་ཆེན་བླ་མའི་མཛད་འཕྲིན་ཅུང་ཟད་བཤད་ན། ཁོ་ནི་༧གོང་ས་ཡིད་བཞིན་ནོར་བུ་མཆོག་ལ་དད་པ་མེད་མཁན་ཞིག་ཡིན་པ་མ་ཟད་ཟུ་ཟར་ཡང་བཟོས་འདུག །དེ་ཡང་ན་ཉིན་ལ་དྭགས་སུ་ཆུ་ལོག་གནོད་འཚེར་ཐེབས་སྐབས་སུ་ཁོ་པའི་འདི་ལྟར་བཤད་འདུག །དུས་རྒྱུན་ལུང་པར་འདི་བདེ་སྐྱིད་ལྡན་པ་དང་གནམ་གཤིས་ལེགས་པའི་སྐབས་སུ་མི་ཆེན་བླ་ཆེན་མང་པོ་ཞིག་འདི་ཡོང་གྱི་ཡོད། ཡིན་ན་ཡང་ད་ལན་དཀའ་ངལ་འདི་འདྲ་འཕྲད་དུས་མཐོང་མཁན་སུ་ཡང་ཡོད་པ་མ་རེད་བཅས་བཤད་འདུག་པ་དེར་ཡུལ་མི་དང་བོད་མི་ཚོས་སྐབས་དེར་༧གོང་ས་མཚོག་འཛད་བྲེལ་གྱི་དབང་གི་ཁ་ཐུག་དེར་ཕེབས་ཐུབ་མེད་པར་ལ་ཟེར་གྱི་ཡོད་པ་ངོས་འཛིན་བཟོས་་ཡོད་འདུག །ཕྱིས་སུ་༧གོང་ས་མཆོག་དེར་ཕེབས་ཏེ་མི་མང་ལ་སེམས་གསོལ་དང་གསུང་ཆོས་སྐབས་མི་མང་འདུ་འཛོམས་ཆེན་པོ་བྱུང་བས་༧གོང་ས་མཆོག་མི་མངོན་པའི་མི་མང་པར་དེ་གང་སར་ཁྱབ་བསྒྲགས་བཟོས་འདུག །དེའི་ནང་དོན་ཡང་རྒྱལ་དབང་འབྲུག་ཆེན་པའི་ལ་དྭགས་ཆུའི་གནོད་འཚེར་སྐབས་མི་མང་ལ་སེམས་གསོལ་དང་གསུང་ཆོས་གནང་སྐབས་པར་ཡིན་ཞེས་བཀོད་འདུག །ཡིན་ནའང་དེ་ཁོས་བཀོད་པ་རེད་ཟེར་གྱི་མེད། གང་ལྟར་པར་དེ་རྫུན་མ་ཡིན་པ་མི་མང་པོའི་བཤད་གྱི་འདུག་པ་མ་ཟད་འབྲུག་ཆེན་བླ་མའི་ཡུལ་དེར་ནམ་རྒྱུན་སློབ་གྲྭའི་མཐུན་རྐྱེན་སྦྱར་གྱི་ཡོད་འདུག་པར་བརྟེན་ཁོ་ས་གནས་དེར་ཚུལ་འཆོས་འཁྲབ་སྐབས་ལ་དྭགས་ས་གནས་ཁ་ཤས་ནས་མི་འགྲོ་ཁྲལ་བཀོལ་དགོས་བྱུང་ཡོད་འདུག ། ད་དུང་ཁོ་པ་ནམ་རྒྱུན་ས་གནས་དེར་བསྡོད་གྱི་ཡོད་པ་ཡིན་ན་ཡང་༧གོང་ས་མཆོག་ག་དུས་ཕེབས་པར་ཡིན་ན་ལམ་སེང་གནས་གཞན་དུ་འགྲོ་གྱི་ཡོད་ཚུལ་ཡང་མནད་ཡོད་མི་སྣ་དེ་འདྲའི་རྒྱུད་ནས་ལན་མང་ཐོས་སོང་། དེ་འདྲའི་དབང་གིས་བོད་པ་དང་ཡུལ་མི་ཕལ་ཆེ་བ་ཁོ་ལ་དགའ་མོས་ཡོད་མི་འདུག ། བློ་སེང་བོད་ཀྱི་རྒྱལ་པོ་མིན་ཡང་དཔའ་བོ་ཁོང་གི་མངོན་འདོད་དང་རེ་བ་རེད། དེར་ཁྱོད་དང་ང་རང་གཉིས་ཀྱིས་འདི་ཡིན་འདི་མིན་བཤད་དགོས་མི་འདུག །གང་ལྟར་དཔའ་བོ་ཁོང་ལ་སྙིང་ཁོང་ནས་ཡི་རངས་ཞུ་དགོས་པ་ལས་ཟུར་ཟ་དང་ངན་སྨས་བཟོ་བ་ནི་ཐལ་ཤལ་གྱི་བྱ་སྤྱོད་ཡིན་པར་ཁྱོད་ཀྱིས་ཤེས་དགོས། ཡིན་ཡང་ཁྱོད་ལ་ཁག་མེད་ཚོད་རེད་འཚོ་ཐབས་དེ་ལས་ཡོང་དགོས་ཀྱི་ཡོད་ངེས་སུ་འདུག །
ངས་ཀྱང་བློ་སེང་བོད་རྒྱལ་མ་རེད་ཟེར་བ་ཡིན། འགྲུབ་རྒྱུ་མེད་པའི་མངོན་འདོད་མ་བཤད་ན་དགའ། ༧འབྲུག་ཆེན་སྐོར་ཆོས་ལུགས་དང་ཆོལ་ཁའི་ཞེན་གང་ཡང་མེད་པར་གཅིག་བཤད་གི་ཡིན་ཟེར་དོན་ལ་༧འབྲུག་ཆེན་གྱི་མཛད་པ་བློའི་ནང་མ་ཤོང་བའི་སྡུག་ཡུས་ཙམ་རེད། ༧གོང་ས་མཆོག་ལ་དད་པ་མེད་ཟེར། དད་པ་དེ་གཟུགས་སུ་གྲུབ་ན་དེར་ཟད། གཞན་མཐོང་བའི་ཡུལ་མིན། མི་མང་གིས་ཅིག་ཅིག་བཤད་སོང་ཟེར། འབྲུག་ཆེན་པས་དེ་༧གོང་ས་མཆོག་ལ་གཟས་པར་བཤད་པ་རང་གི་རྣམ་རྟོག་གཞན་ལ་བཀབ་པ་ཙམ་དུ་ཟད།
ཁ་གཅིག་ནས་ཁོས་ཆོས་བཤད་སར་མི་འགྲོ་ཁྲལ་བཀལ་འདུག་ཟེར་ཁ་གཉིས་པ་དེས་༧གོང་ས་མཆོག་ཆོས་གསུངས་སར་༧འབྲུག་ཆེན་ཡོངས་དགོས་པའི་ཁྲལ་ཞིག་ཤུགས་ཀྱིས་བཀལ།
ད་དུང་ཡ་ང་དགོས་པ་ཞིག་ལ་”དེ་འདྲའི་དབང་གིས་བོད་པ་དང་ཡུལ་མི་ཕལ་ཆེ་བ་ཁོ་ལ་དགའ་མོས་ཡོད་མི་འདུག”ཟེར། བོད་པ་ཚོ་ཡིན་དུ་ཆུག ཡུལ་མི་ཚོས་ཁོང་ལ་དགའ་དད་དེ་མིག་དང་རྣ་བ་ཞིག་ཡོད་ན་བེད་་སྤྱོད་གཏོང་དང་ཤེས་ཡོངས།
བདེན་པའི་མདའ་མོ་ཁྱོད་ཀྱིས་སྙིང་དུ་ཟུགས་སོང་ན་ངས་བཟོད་གསོལ་གང་ཡང་མེད་ཁར་ད་དུང་སྡུག་གྱོང་རེད་ཟེར་རྒྱུ་ཡིན། ད་དུང་འབྲུག་ཆེན་ལ་ཡུལ་མའི་ཆེ་མཐོང་ཡོད་པར་ཁྱོད་ཀྱིས་འདོད་པ་ཙམ་ལས་ཡུལ་མིའི་ཆེ་མཐོང་ཡོད་པ་རེད་ཟེར་མཁན་ཡང་ཡུལ་མི་གནད་ཡོད་དང་། ཤེས་ཡོན་ཅན་ཅན་དེ་ཚོས་གསུང་གྱི་ཡོད་པ་རེད། ལེགས་ཉེས་ཀྱིས་གནས་ལ་རྨོངས་པའི་ཡུལ་མི་ ཁག་ཅིག་ནི་ཁོའི་མགོ་སྐོར་འོག་ཚུད་ཡོད་ངེས་ཡིན་པ་ངས་ཀྱང་ཤེས་ཀྱི་ཡོད། བློ་སེང་བོད་ཀྱིས་རྒྱལ་པོ་ཡིན་ཀྱང་བོད་མིའི་དབུ་འཁྲིད་ཡིན་པར་མ་ཟད་༧གོང་ས་ཡིད་བཞིན་ནོར་བུའི་ཐུགས་མཉེས་བཞིན་པའི་ངང་ནས་ཁོང་གིས་སྐུ་དབང་གནང་སར་དེ་ཡིན་པར་ཁྱོད་ཀྱིས་མ་ཤེས་ན་རྒྱལ་སྤྱིའི་རྒྱུད་ལམ་ཆེ་ཁག་དག་ལ་ལྟོས་དང་ཤེས་ལས་ཆེ། མིག་དང་རྣ་བ་ཡོད་པ་ཙམ་གྱི་མི་ཆོག་པར་དུག་གསུམ་གདོན་གྱི་སྨྱོས་ནས་དུས་རྟག་ཏུ་ཕྱིན་ཅི་ལོག་ཏུ་ལྟ་ན་ཡོད་པ་ལས་མེད་པ་བཟང་ངོ་། །
ཡུལ་མིའི་ཆེ་མཐོང་ཡོད་པ་མ་རེད་ཟེར་མཁན་ཡང་ཡུལ་མི་ཤེས་ཡོན་ཅན་དང་གནད་ཡོད་རེ་བཅས་་་་་་་་ནོར་བཅོ་དགོས།
་་་་་ ད་དུང་ཁོ་པ་ནམ་རྒྱུན་ས་གནས་དེར་བསྡོད་གྱི་ཡོད་པ་ཡིན་ན་ཡང་༧གོང་ས་མཆོག་ག་དུས་ཕེབས་པར་ཡིན་ན་ལམ་སེང་གནས་གཞན་དུ་འགྲོ་གྱི་ཡོད་ཚུལ་ཡང་མནད་ཡོད་མི་སྣ་དེ་འདྲའི་རྒྱུད་ནས་ལན་མང་ཐོས་སོང་། དེ་འདྲའི་དབང་གིས་བོད་པ་དང་ཡུལ་མི་ཕལ་ཆེ་བ་ཁོ་ལ་དགའ་མོས་ཡོད་མི་འདུག །
ད་དུང་ཁོ་པ་ནམ་རྒྱུན་ས་གནས་དེར་བསྡོད་གྱི་ཡོད་པ་ཡིན་ན་ཡང་༧གོང་ས་མཆོག་ག་དུས་ཕེབས་པར་ཡིན་ན་ལམ་སེང་གནས་གཞན་དུ་འགྲོ་གྱི་ཡོད་ཚུལ་ཡང་མནད་ཡོད་མི་སྣ་དེ་འདྲའི་རྒྱུད་ནས་ལན་མང་ཐོས་སོང་། དེ་འདྲའི་དབང་གིས་བོད་པ་དང་ཡུལ་མི་ཕལ་ཆེ་བ་ཁོ་ལ་དགའ་མོས་ཡོད་མི་འདུག ། ་་་་་་ཟེར།
འཇམ་གཅེས་ཤེས་པ་རྣལ་དུ་གནས་ནས་སོམས་དང་། བོད་ཀྱི་རྒྱལ་པོ་ཟེར་བ་དེ་ཅི་རེད། བློ་སེང་ཁོང་བཀའ་ཁྲི་ཡིན་པ་དང་༧གོང་ས་མཆོག་ཐུགས་རེ་གནང་གི་ཡོད་པའང་ཤེས། ཡིན་ནའང་བོད་ཀྱི་རྒྱལ་པོ་ཟེར་དུས་རྐུབ་ནས་གད་མོ་ཤོར་གི་འདུག ༧འབྲུག་ཆེན་སྐོར་ཕར་འཐེན་ཚུར་བྱས་ཀྱང་ངེད་གཉིས་ཀྱིས་ཐག་གཅོད་ཐུབ་ས་མིན་འདུག་པས་དེ་ཙམ་མོ།།
དགོངས་དག་མེ་ཏོག་དཀར་པོ། ཁྱོད་གཟུར་གནས་ཞིག་ཡིན། ༧གོང་ས་མཆོག་ལ་མི་དད་པ་མིན་ཀྱང་ངེད་ཚང་ནག་རིས་འདི་སྡུག་རུང་ཆོས་བརྒྱུད་དམ་པ་གོང་མ་རྣམས་ཀྱི་དབང་གིས་སྔོན་དུ་དྲན་ཤོར་ཐལ། འབྲུག་ཆེན་ངོ་མ་བཀའ་བརྒྱུད་ཙམ་མིན་པར་མཛད་རྒྱས་ཅན་རེད། རྒྱལ་བའི་དགོངས་པ་ཐེའུ་རང་གི་དཔག་ཚད་ཡོད་ནི་མ་རེད། མཐའ་ཡས་རྡོ་རྗེ་ལོ་རྟག་པར་ཧོང་ཀོང་དང་རྒྱ་ནག་དུ་འགྲོ་བཞིན་ཡོད་པ་རེད། མདོར་ན་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། ཀརྨ་པ་བོད་ལ་ཕེབས་དགོས། བོད་རང་བཙན་དགོས། བོད་རྒྱལ་ལོ་ལོ།
ཀརྨ་ཡེ་ཤེས་ཀྱིས་ངས་གང་ཞིག་བཤད་འདོད་པ་དེ་རྟོགས་འདུག དེ་རང་རེད། ༧གོང་ས་མཆོག་གོང་དུ་ཕུད་དེ་རང་རང་གི་བླ་མ་གོང་དུ་བཀུར་རྒྱུ་དེ་མཛེས་པ་ཞིག་རེད།
དྲ་འབུ་ཚོ་ཉོན་ཨ། དང་པོ་མེ་ཀར་་་་ཁྱོད་ངུས་ན་འདྲ་འདུག་དགོད་ན་འདྲ་འདུག །མི་རྗེ་མཁས་དབང་བློ་བཟང་སེངྒེ་མཆོག་ནི་བོད་གཞིས་བྱེས་མི་མང་གི་བསམ་པའི་གཙོ་འཛིན་ངོ་མ་དེ་ཡིན་པ་མ་ཟད། མང་གཙོའི་ལམ་ནས་འོས་འདེམས་བྱུང་བས་དབང་ཚད་ཆ་ཚང་ལྡན་པའི་བོད་མིའི་སྲིད་སྐྱོང་དང་པོ་དེ་ཡིན་པར་ལོ་རྒྱུས་ཀྱི་རང་བཞིན་ལྡན་ཡོད། མིག་ཚ་ན་མིག་ནང་ཐལ་བ་མང་ཙམ་ཐོབ་ཤིག །རེད་ངོ་མ་ཁྱོད་རྐུབ་ནས་དགོད་མོ་ཤོར་བ་ཐག་ཆོད་འདུག་གང་ཡིན་ཟེར་ན་དྲི་ངན་མ་གཏོགས་གང་ཡང་མི་འདུག ། དེ་ནས་དྲ་དཀྲུགས་ཀྱི་མཁན་པོ་ཀརྨ་ཡེ་ཤེས་མིང་ཅན་ཉོན་ཤིག །མཐའ་ཡས་དང་འཕྲིན་ལས་གཉིང་པོ་ཡང་གཟུར་གནས་ཐོག་ནས་ཞིབ་འཇུག་བཟོ་ཐུབ་པས་བློ་གྲོས་ཀྱི་མི་ཟུང་ཅུང་ཟད་ལྡན་མཁན་ཞིག་ཡིན་ན་རྒྱུད་རིམ་དང་། ཡང་ན་གནས་བབ་གང་འདྲ་ཞིག་བརྒྱུད་ནས་རྒྱལ་དབང་ཀརྨ་པའི་མཚན་གནས་ཐོག་སླེབས་ཡོད་མིན་ཤེས་དགོས། མདོར་ན་ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་ཐག་གཅོད་དགོས་པའི་རིགས་ལ་ནི་འདས་མ་དུས་གསུམ། གནས་སྐབས་མཐར་ཐུག་གང་ཡིན་ཡང་ལོ་རྒྱུས་ཐོག་ནས་འགྲོ་དགོས་པ་ལས། རྒྱབ་རྩ་མང་ཉུང་དང་། གཡོ་འཁྲུལ་སུ་རྒོད་བཟོས་ན་་མཚམས་རེ་རྒྱལ་སྲིད། ཡིན་ནའང་དེ་ནི་གནས་སྐབས་ཕྱིའི་སྣང་ཚུལ་ཙམ་ལས་དོན་དངོས་ཐོག་ལོ་རྒྱུས་ལོག་ལམ་དུ་འགྲེལ་བས་ནག་ཉེས་ལས་ཐར་ཐབས་མེད་པར་ཤེས་དགོས་སོ། །
འོ་རེད་དགོས་ངེས་ཅན་བྱུང་ན་མ་གཏོགས་འབྲུག་ཆེན་པའི་སྐྱག་ཁང་དེ་མངོག་མི་འདོད།
འཇམ་གཅེས་ཟེར་བ་འདི་ཆོས་སྲིད་གང་ལ་ཡང་ཅི་ཡང་མི་ཤེས་པའི་རྨོངས་རྒན་འོག་ན་མེད་པ་ཞིག་རེད། ག་དུས་ཡིན་ཡང་ཆོས་སྲིད་གཉིས་ཀའི་དབར་དུ་འཛུལ་ནས་དབྱེན་དཀྲུགས་བྱེད་རྒྱུ་དེ་ཁོ་པའི་སྒྲུབ་བྱ་གལ་ཆེན་ཞིག་ཡིན་པ་ཁོ་པའི་མཆན་ཡོད་ཚད་ནང་གཟིགས་དང་། རང་བཟང་རབས་དང་གཞན་ངན་རབས་ཀྱིས་ཆོས་ལུགས་ཐེན་འཁྱེར་དང་སྲིད་ལུགས་གཡོན་ཕྱོགས་ཀྱིས་ངན་སྨྲས་ཡོད་དགུས་ངུ་འབོད་བྱེད་མཁན་གྱི་ངན་པ་དགུ་འཛོམས་ཞིག་རེད།
༧རྒྱལ་དབང་འབྲུག་པ་རིན་པོ་ཆེ་མཆོག་ལ་བཀའ་འདྲི་ཞུས་པ་་་་་་་་ཞེས་པའི་ཨེ་ཤཱི་ཡ་རང་དབང་རླུང་འཕྲིན་ཁང་གི་དམིགས་བསལ་ཆེད་སྒྲིག་ལེ་ཚན་གྱི་དྲ་བརྙན་གསར་འགྱུར་ནང་གཟིགས་དང་། བླ་མ་འདི་པ་ལས་སླ་མོ་ཞིག་རེད་མི་འདུག། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་(སྟོང་ལོ་གསར་པའི་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་) ཞེས་པ་དེ་འབུལ་བཞེས་མཛད་འདུག་ལ། རྒྱ་གར་གཞུང་གིས་འཁོར་ཡུག་གཟེངས་རྟགས་ཡང་ཕུལ་འདུག། བྱས་ཙང་རིན་པོ་ཆེ་ཁོང་བླ་མ་ཞིག་གི་མཚན་བྱང་འཁྱེར་ནས་ཆབ་སྲིད་སྡིང་ཆའི་སྟེང་འཁྲབ་སྟོན་འཁྲབ་མཁན་གྱི་རིགས་རེད་མི་འདུག་ལ། སྤྱི་ཚོགས་ནང་དངོས་སུ་ཐོན་ནས་འཁོར་ཡུག་བསྲུང་སྐྱོབས་དང་བྱམས་བརྩེའི་འབྱུང་ཁུངས་བུད་མེད་ཀྱི་ཐོབ་ཐང་གོང་འདེགས་སོགས་ཁ་བཤད་དོན་ལ་གནས་མཁན་གྱི་བླ་མ་ཞིག་རེད་འདུག། འདི་འདྲའི་བླ་མ་དཀོན་ཚོད་ཡིན། དེས་ན་ང་ནི་བླ་མ་འདི་འདྲ་ཡོད་ན་བོད་ལ་མཁོ་བས་ཆོས་ལུགས་ག་རེ་ཡིན་ན་ཡིན་ཡིད་ཆེས་དང་རྒྱབ་སྐྱོར་རྗེས་སུ་ཡིད་རངས་ཡོད། བྱས་ཙང་འཇམ་གཅེས་ཁོ་པར་གཟིགས་དང་ཆོས་ལུགས་འཐེན་འཁྱེར་དང་ཕྲག་དོག་འགྲན་སེམས་མིན་ན་ཅི་རེད།
གསེར་འབྲུག་ལོག་སྤྱོད་པ། ཁྱོད་ལ་དགོས་པའི་བླ་མ་ནི་ངོ་མ་བདེན་པ་རེད་འབྲུག་ཆེན་བླ་མ་ལྟ་བུ་ཡིན་པར་ངས་ཤེས་ཡོད། གང་ཞེ་ན་༧གོས་ཡིད་བཞིན་ནོར་བུ་ལ་མི་དགའ་མཁན་དང་མི་དད་མཁན་ཞིག་ཡིན་པས་སོ། ཁོས་གཟེངས་རྟགས་དང་མིང་རྐམ་པོ་རེ་ཡི་ཆེད་དུ་འཁྲབ་སྟོན་སྣ་ཚོགས་བཟོ་བཞིན་ཡོད་པར་ཡང་ཤེས་དགོས། ་ཨེ་ཤཱི་ཡ་རང་དབང་རླུང་འཕྲིན་ཁང་གི་དམིགས་བསལ་ཆེད་སྒྲིག་ལེ་ཚན་གྱི་དྲ་བརྙན་གསར་འགྱུར་ནང་ལྟོས་དང་། བོད་དོན་ལ་ཕན་པའི་གཏམ་བཤད་ཚིག་གཅིག་འདུག་གམ། རིག་ལྡན་སྒྲོལ་མའི་དྲི་བ་མང་པོ་དྲིས་སོང་། དཔེར་ན་བོད་དོན་དང་འབྲེལ་བས་སྐད་ཆ་ག་རེ་བཤད་ཡོད་མིན་དྲིས་སོང་། ཁོས་ལེན་ལ་ལྟས་ན་གང་ཡང་བཤད་མེད་པ་འདྲ་འདུག །ངོ་མ་ཡིན་བོད་ལ་དགོས་པའི་བླ་མ་ཨེ་ཡིན་མི་ཤེས་མོད་ལོག་སྤྱོད་པ་ཁྱོད་ལ་དགོས་པའི་འཁྲབ་སྟོན་པ་ནི་ཡིན་ཐག་ཆོད་རེད།
དུང་ང་ཚོས་སྤྱི་ཚོགས་ནང་དུ་མིང་ཆེན་པོས་འོག་ནས་གཟེངས་རྟགས་འདྲ་མིན་ལ་རེ་བ་བཟོ་མཁན་ཁ་ཤས་ཡོད། ཁོང་ཚོས་དམིག་ཡུལ་ངོ་མ་གཟེངས་རྟགས་རང་ཡིན་པར་དང་། དེ་ལྟ་རེ་དགོས་དོན་ཡང་༧གོང་ས་མཆོག་ལ་རྒྱལ་སྤྱིའི་ཐོག་ནོར་བྷེལ་་དང་ཨ་རི་གསེར་གྱི་རྟགས་མ་ཡི་མཚོན་གཟེངས་རྟགས་མང་པོར་ཞིག་ཕུལ་བར་བརྟེན་མཚན་སྙན་འཛམ་གླིང་འདིར་ཁྱབ་བཞིན་པར་མཐོང་ནས་རང་ཉིད་ཡང་དེ་འདྲ་ཞིག་བྱུང་ན་སྙམ་པའི་སྟང་བསམ་དང་རེ་བའི་རྨི་ལམ་སྐྱིད་པོ་རེ་རྨིས་བཞིན་ཡོད། ངལ་བས་འབྲས་བུར་རེ་ཟུང་ནི་ཐོབ་ཡོད་ལ་ད་དུང་ཡང་ཐོབ་སྲིད་པ་ཡིན། ཡིན་ན་ཡང་༧གོང་ས་ཡིད་བཞིན་ནོར་བུ་དང་འགྲན་འདོད་ནི་་་་་་ཧ་ཧ་ཧ་ཧ་ཧ་ཧ་ཧ་་་་་་་་་
ད་འཇམ་གཅེས་ངེད་གཉིས་རྩོད་གཞི་ཨ་མ་ལ་ཕར་གཅིག་ལོག་དང་། བཀའ་ཁྲི་བློ་བཟང་སེངྒེ་བོད་ཀྱི་རྒྱལ་པོ་མ་རེད་ཟེར་བ་ངའི་དམ་བཅའ་རེད། དེ་ཁྱོད་ཀྱིས་ཀྱང་ཁས་བླངས་འདུག་པས་ད་ནི་དེར་ཟད།
༧འབྲུག་ཆེན་ལས་ལྷག་པའི་བཀའ་བརྒྱུད་པའི་བླ་མ་མེད་པ་ངའི་དམ་བཅའ་རེད། དེ་ལ་ལན་ན་ཡམས་འདྲ་ལས་འདི་ཡིན་ཟེར་བ་མ་མཐོང་བས་ཆུའི་སྦུ་བར་འགྲན།
འཇམ་གཅེས་ཁྱོད་སེམས་ཚོར་ཁོ་ནའི་ཕྱོགས་སུ་མ་འགྲོ་བར་སྐད་ཆ་ཤོད།
ངས་ཁ་བརྡའི་ནང་ལན་མང་བཤད་མྱོང་བ་ནི། བོད་པ་སྐོར་ཞིག་གིས་༧གོང་ས་མཆོག་ཡོད་ཚད་ཀྱིས་གོང་དུ་བཀུར་དགོས་པ་དང་། དེ་འདྲ་མ་བྱས་ན་དེ་དག་ཐ་ཆད་རྩིས་བཞིན་པ་ནི་ཤིན་ཏུ་མཐོང་རྒྱ་ཆུང་བའི་སྐྱོན་དུ་ཟད་དོ།།
ད་ངས་སྐྱག་ཁང་མངོག་མི་འདོད། མི་ངན་ཁྱོད་དང་ལོག་སྤྱོད་པ་གསེར་འབྲུག་ཁྱོད་གཉིང་ཀྱིས་གང་འདོད་ན་དེ་རེད་་་ལོ་་་་་
ཀྲུང་ཀོ་གུང་ཕྲན་ཏང་གི་གསུང་དྲོད་རླངས་མ་ཡལ་བ་”ལོག་སྤྱོད་པ”ཞེས་གསུངས་སྟངས་ལ་ལྟོས་དང་།
འཇམ་གཅེས་ཟེ ར་བའི་བཤད་སྟང་ལ་ངོ་རྒལ་ཡོད་། ཚང་མ་དགེ་ལུགས་པའི་ལག་འོག་ལ་འཛུལ་དགོས་ཟེར་བ་རེད་།
འཇམ་གཅེས་ངན་པ་དགུ་འཛོམས་ཁྱོད་ལ་གནས་ལུགས་རྒྱུ་མཚན་བཤད་འདོད་མེད། ད་ཁྱོད་རང་ལ་ཡོན་ཏན་ཟེར་བ་སྣ་གཅིག་བསྟོན་རྒྱུ་མེད་ཙང་གཞན་ལ་གཅིག་ཐོབ་སོང་ན་ཕྲག་དོག་དང་འགྲན་སེམས་ཁོ་ནས་སྙིང་རླུང་སྟོད་ལ་འཚངས་ནས་སྡུག་ཤི་རྒྱགས་རྒྱུ་མ་གཏོགས་ཅང་ལྷག་མི་འདུག།
བླ་མ་གྲྭ་པས་བོད་དོན་བསྒྲུབས་ན་ཆབ་སྲིད་འཁྲབ་སྟོན་མ་འཁྲབ་པར་རང་རང་སོ་སོའི་ས་ནས་འབྲུག་ཆེན་རིན་པོ་ཆེ་ནང་བཞིན་སྤྱི་ཚོགས་ཀྱི་གཞུང་ལམ་དུ་དངོས་སུ་ཐོན་ནས་འཁོར་ཡུག་དང་སྐྱེ་འགྲོ་ལ་ལག་བསྟར་རང་བཞིན་ལྡན་པའི་ཕན་ཐོགས་བསྒྲུབས་པ་དེ་གས་ཆོག།
བྱས་ཙང་གཟེངས་རྟགསའབུལ་མཁན་ཡང་ཏང་གི་སྐྱག་དོང་ནང་གི་ཏང་ཕྲུག་སྐྱག་ཟན་ཁྱོད་འདྲ་བ་མ་ཡིན་པར་འཛམ་གླིང་ནང་ཡོད་ན་མེད་ནའི་རྒྱལ་ཚོགས་ཆེན་པོ་རེད། བྱས་ཙང་བོད་པའི་བླ་མ་གཅིག་ལ་ཆེ་མཐོང་དེ་འདྲ་གནང་བ་གཟི་བརྗིད་རེད་ལ་ངོམས་རིན་ཆོག་པ་རེད།
འོ་ན་གཟེངས་རྟགས་གཅིག་ཐོབ་དགོས་ན་༧རྒྱལ་བ་རིན་པོ་ཆེར་མ་གཏོགས་ཐོབ་མི་དགོས་པའི་རྒྱུ་མ་ཚན་ཅི་རེད། དེ་༧རྒྱལ་བའི་དགོངས་པ་ཨེ་རེད། སྐད་ཆ་བཤད་དུས་གཟབ་ཙམ་བགྱིས་ཨ། ཆོས་ལུགས་མཐུན་སྒྲིལ་དང་མི་རིགས་མཐུན་སྒྲིལ་ལ་གནོད་པའི་སྐད་ཆ་འདི་ཚོ་དྲ་བདག་གིས་སྟངས་འཛིན་བྱེད་དགོས་པའི་གནད་དོན་ཞིག་རེད།
ངས་འབྲུག་ཆེན་རིན་པོ་ཆེ་ཆ་རྒྱུས་ཡ་རྒྱུས་མེད་ཀྱང་དྲ་ལམ་ཁག་ཏུ་ཐོན་པའི་ཁོང་གིས་ཆབ་སྲིད་ལ་ཇུས་ཏོག་མ་གནང་བར་ཁ་ཡོད་ལག་ཡོད་ཀྱིས་སྤྱི་ཚོགས་ཀྱི་མདུན་གྲལ་དུ་ཐོན་ནས། ༧གོང་ས་མཆོག་གིས་འཇིག་རྟེན་མི་སྡེ་དང་ཀུན་ཁྱབ་སེམས་འཁུར་གྱི་བཀའ་སློབ་ཟབ་མོ་དེ་ལག་བསྟར་རང་བཞིན་ལྡན་པའི་མཛད་རྗེས་ལ་ངའི་སེམས་ནང་ཤར་རེར་ཕྱིན་སོང་བས་ངས་ནམ་ཡང་གུས་བརྩི་དང་བསྟོད་གླུ་ལེན་རྒྱུ་ཡིན།
ངས་འབྲུག་ཆེན་རིན་པོ་ཆེ་ཆ་རྒྱུས་ཡ་རྒྱུས་མེད་ཀྱང་དྲ་ལམ་ཁག་ཏུ་ཐོན་པའི་ཁོང་གིས་ཆབ་སྲིད་ལ་ཇུས་ཏོག་མ་གནང་བར་ཁ་ཡོད་ལག་ཡོད་ཀྱིས་སྤྱི་ཚོགས་ཀྱི་མདུན་གྲལ་དུ་ཐོན་ནས། ༧གོང་ས་མཆོག་གིས་འཇིག་རྟེན་མི་སྡེ་དང་ཀུན་ཁྱབ་སེམས་འཁུར་གྱི་བཀའ་སློབ་ཟབ་མོ་དེ་ལག་བསྟར་རང་བཞིན་ལྡན་པའི་མཛད་རྗེས་ལ་ངའི་སེམས་ནང་ཤར་རེར་ཕྱིན་སོང་བས་ངས་ནམ་ཡང་གུས་བརྩི་དང་བསྟོད་གླུ་ལེན་རྒྱུ་ཡིན་ཟེར། མི་ངནགཁྱོད་ཀྱིས་རྣམ་དཔྱོད་དེ་རེད། སྐད་ཆ་ག་རེ་བཤད་ན་ཆ་རྒྱུས་མེད་པར་བཤད་ནས་ཕོ་རོག་དཀར་པོར་དོན་པ་རེད། ད་དུང་ཁོས་བྱས་རྗེས་ཁྱོད་ཀྱིས་སེམས་ཤར་རེ་ཡིན་ན་ཞིག་འགྲོ་སོང་ཟེར་་་ཧ་ཧ་ཧ་་་་སྐྱག་པའི་རྒྱབ་རྩར་མྱོང་པའི་བཟོས་པ་ལོས་ཡིན། ༧གོང་ས་མཆོག་ལ་གཟེངས་རྟགས་ཐོབ་དང་། འབྲུག་ཆེན་ལ་ཐོབ་པ་གཉིང་སྟག་དམར་ཡག་མི་རྩ་དམར་བ་དང་། སྤྲེའུ་རྐུབ་རྩ་དམར་བ་གཉིང་ཆད་ཆོས་ཁ་ཁར་རེད་ཤེས་སོང་པེས་ལོག་སྤྱོད་པ། མི་ངན་ཁྱོད་ཀྱིས་དུས་རྟག་ཏུ་༧གོང་ས་མཆོག་དང་རང་གཞུང་ལ་ཟུར་ཟ་དང་ངན་སྨོས་རྐྱང་རྐྱང་བཟོ་ཆོག་ན་ང་ཁ་བརྡའི་དྲྦདག་གིས་དོ་སྣང་ཐོབ་པ་ག་རེ་བྱས་དགོས་སམ། སྐྱག་ཕྲུག་ཁ་ཁར་འདུག་ཤིག
རེད་ཡ། ང་ལ་དགོས་པའི་བླ་མ་དེ་འདི་འདྲ་ཡིན། ཆབ་སྲིད་སྡིང་ཆའི་སྟེང་དུ་སྐྱོ་གར་གྱི་ཟློས་གར་འཁྲབ་མཁན་མིན་པར་མི་དགོས་པའི་ཆབ་སྲིད་ལ་ཐེ་བྱུས་མི་བྱེད་པར་དགོས་པའི་རང་ལུགས་བསྟན་པ་སྐྱོང་བ་དང་། དཀོར་རྫས་ཀྱིས་མྱོས་ནས་བླ་བྲང་རྫིགས་པོ་བཟོ་བ་དང་མོ་ཊ་རྫིགས་པོ་བཞོན་པ་ད་དུང་བུད་མེད་དང་ཨབ་ཕྲུག་གིས་འཁོར་གྱི་བསྐོར་ནས་དཀོར་རྫས་ཀྱིས་འདམ་དུ་བྱིང་བ་མ་ཡིན་པར། བྱུང་ཚད་བསྟན་དོན་དང་སློབ་གྲྭ། སྤྱི་ཚོགས་ཀྱི་བདེ་རྩ་ཁོ་ནར་གཏོང་མཁན་དང་། ཁ་ནས་རྫིག་གཏམ་བཤད་འགྱིང་ས་བླ་བྲང་ལས་རྒལ་ནས་སྤྱི་ཚོགས་ནང་དངོས་སུ་ཞབས་འདེགས་མི་བསྒྲུབ་མཁན་མ་ཡིན་པར། སྤྱི་ཚོགས་ནང་དངོས སུ་བྱ་བ་ནང་བཞུགས་ཐུབ་མཁན་བླ་མ་༧རྒྱལ་དབང་འབྲུག་ཆེན་རིན་པོ་ཆེ་ལྟ་བུ་ཁོ་ན་ཡིན།
སྲིད་ཕྱོགས་ནས་བཤད་ན། ཆབ་སྲིད་ཀྱི་སྟེགས་བུ་མཐོན་པོར་ཞུགས་མཁན་གྱི་གང་ཟག་དང་། ཆབ་སྲིད་ཀྱི་སྡིང་ཆའི་སྟེང་གི་ཆབ་སྲིད་མི་སྣ་དེ་ཚོ་ལག་ན་ཕྲེང་བ་ཐོགས་ཁ་ནས་ཞལ་འདོན་དགུ་སྐྱོར་དང་བོད་དང་བོད་མི་རིགས་ཀྱི་རྩ་དོན་གཟུགས་འདས་ལྷ་འདྲེ་ལ་སྐད་ཆ་དྲིས་བསྡད་མཁན་དེ་འདྲ་མ་ཡིན་པ་དང་། (གུང་ཁྲན་གྱིས་བཙན་བྱོལ་སྒྲིག་འཛུགས་དེ་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱགས་ཆེད་རེད་ཟེར་བ་དེ་འདི་ནས་བྱུང་བ་རེད།) ཡོད་ཚད་བློས་གཏོང་དང་མགོ་འབུལ་ལུས་འབུལ་དང་ངོ་བསྲུང་སྤྲེལ་ལད་ཀྱིས་སློང་མོ་བརྒྱགས་བཞིན་པའི་སློང་མོ་བ་དང་། གཞིས་འགུགས་ཁོ་ནར་རེ་བསྡད་མཁན་དེ་འདྲ་མ་ཡིན་པར། རང་གི་ཕ་མ་ཕུ་ནུ་མིང་སྲིང་ཁ་རྗེ་དབང་ཐང་དང་བཅས་པ་གསོད་ཕྲོགས་བཅོམས་གསུམ་བྱེད་མཁན་གྱི་དགྲ་བོར་དགྲ་བོའི་འདུ་ཤེས་འཛིན་ནས་ཁ་གཏད་གདོང་ལེན་བྱེད་ཐུབ་མཁན་དང་། རྣག་ཐོག་གཙག་འཁེལ་གྱིས་ལས་འགུལ་སྤེལ་ཐུབ་མཁན། མི་རིགས་ཀྱི་ལྟ་བ་དང་ མི་རིགས་ཀྱི་ལ་རྒྱ། མི་རིགས་ཀྱི་སྙིང་སྟོབས། མི་རིགས་ཀྱི་ཁྲག་རྒྱུན་བཞུར་བ་དང་ཁྲག་རྩ་འཕར་ལྡིང་བྱེད་མཁན་ཞིག་ཡིན་གཅིག་ཡིན་དགོས་སོ།
ངས་དུས་རྒྱུན་དུ་ཁ་ན་ན་བར་དུ་གསེར་འབྲུག་ལོག་སྤྱོད་པའི་བྱ་སྤྱོད་ཐེར་འདོན་བཟོས་ཉུང་ཉུང་གཏན་ནས་མིན། ཡིན་ན་ཡང་མི་མང་པོའི་ངས་བཤད་པར་ཡིད་ཆེས་ཁག་པོ་བྱུང་ཡོད་ངེས་རེད། ད་འོ་ན་ཁྱོད་ཚོས་ཁོས་བྲིས་པའི་མཆན་འདི་དག་ཞིབ་པར་གཟིགས་དང་། ཁོས་སུ་ལ་ཟུར་ཟ་བཟོས་འདུག་ཤེས་ངེས་རེད། ལྷག་པར་དུ་ཁ་བརྡའི་དྲ་བདག་གིས་ངེས་པར་དུ་གཟིགས་དགོས། འདི་ལྟ་བུའི་བྱ་སྤྱོད་དེའི་ང་ཚོས་སྤྱི་ཚོགས་སུ་ཕན་གནོད་གང་ཡོད་མིན་དང་། ཁ་བརྡའི་སྒྲིག་གཞི་དང་འགལ་མིན་སོགསལ་གཟིགས་དགོས། ངས་བལྟས་ན་ངོ་མ་ཧང་སོང་དགོས་ཡ་ཞིག་རེད་སྙམ། མི་ངན་ཁོ་རང་ཡང་ད་བར་དུ་བཙན་བྱོལ་གཞུང་དང་༧གོང་ས་མཆོག་གིས་བཀའ་དྲིན་ལས་འཚོ་གནས་བཟོས་ཡོད་པ་རེད། ཡིན་ན་ཡང་བྱས་པ་དྲིན་དུ་བཟོས་འདུག་གམ། ཞབས་འདྲེན་པ་འདིའི། ཁོས་འདྀ་འདྲ་བྲིས་འདུག །སྤྱི་ཚོགས་ནང་དངོས སུ་བྱ་བ་ནང་བཞུགས་ཐུབ་མཁན་བླ་མ་༧རྒྱལ་དབང་འབྲུག་ཆེན་རིན་པོ་ཆེ་ཁོ་ན་ཡིན།
སྲིད་ཕྱོགས་ནས་བཤད་ན། ཆབ་སྲིད་ཀྱི་སྟེགས་བུ་མཐོན་པོར་ཞུགས་མཁན་གྱི་གང་ཟག་དང་། ཆབ་སྲིད་ཀྱི་སྡིང་ཆའི་སྟེང་གི་ཆབ་སྲིད་མི་སྣ་དེ་ཚོ་ལག་ན་ཕྲེང་བ་ཐོགས་ཁ་ནས་ཞལ་འདོན་དགུ་སྐྱོར་དང་བོད་དང་བོད་མི་རིགས་ཀྱི་རྩ་དོན་གཟུགས་འདས་ལྷ་འདྲེ་ལ་སྐད་ཆ་དྲིས་བསྡད་མཁན་དེ་འདྲ་མ་ཡིན་པ་དང་། (གུང་ཁྲན་གྱིས་བཙན་བྱོལ་སྒྲིག་འཛུགས་དེ་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱགས་ཆེད་རེད་ཟེར་བ་དེ་འདི་ནས་བྱུང་བ་རེད།) ཡོད་ཚད་བློས་གཏོང་དང་མགོ་འབུལ་ལུས་འབུལ་དང་ངོ་བསྲུང་སྤྲེལ་ལད་ཀྱིས་སློང་མོ་བརྒྱགས་བཞིན་པའི་སློང་མོ་བ་དང་། གཞིས་འགུགས་ཁོ་ནར་རེ་བསྡད་མཁན་དེ་འདྲ་མ་ཡིན་པར།
ད་མང་པོ་མ་གསུངས་རོགས། གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བླ་ཆེན་དང་མི་ཆེན་གྱི་དུས་ཚོད་རྫོགས་ཚར་བ་རེད་གསུངས་པ་བཞིན། ད་ནས་ངེས་པར་དུ་བོད་ཀྱི་དགོན་སྡེ་དང་བོད་ཀྱི་སྤྱི་ཚོགས་ཚང་མ་མང་གཙོའི་ལམ་ལ་འགྲོ་བ་ལས་བླ་ཆེན་དང་མི་ཆེན་དབང་ལ་ཤོར་མི་ཉན། བསྒྱུར་བཅོས་ཀྱི་སྤོབས་པ་དགོས་ལ། སྙིང་སྟོབས་ཀྱི་ཐག་ཆོད་དགོས།
གངས་དཀར་གྱི་བསླབ་བྱ་དེ་འཇམ་གཅེས་པའི་ཐུགས་ལ་འདོགས།
ཡ་གྲ་གྲོགས་ཚོ་་ཁྱེད་ཚོའི་ བོད་ཀྱི་པའི་དོན་དུ་ཕན་པའི་སྐད་ཆ་ བཤད་རོག ་གྱིས་ གཞཎ་ མིན་གྱི་ ཀྲོག་ཥིང་གི་ གཏམ་ངན་དེ་ཚོ་་མ་ཥོད་ ང་ཚོའི་ ད ་ལྟའི་ དུས ཚོད་ འདི་ ལ་ དེ་ འདྲ བཤད་ནས་ བསྡོད་པའི་ དུས་ མ་ ཡིན་ ཁྱེད་ཚོ་ ཚང་ མའི་ མཁྱེན་ གསལ་ རེད་ ་ ང་ རང་ ལ་ མཚོན་ ན་ སློབ་ སྦྱོངས་ དེ་ འདྲ་ མེད་ ཀྱང་་ ངས་ སྙིང་ ནས་ མ་ བཟོད་ ནས་ལབ་ དགོས་ བྱུང་ ཁྱེད་ཚོ་ ལ་ འབྱོན་ པོ་ ཡོད་ ན་ དགྲ་བོ་ རྒྱ་ དམར་ ལ་ བཥད་ ཁར་ རྒྱུག་ ་ ནང་ ལོག་ ལ་ ཀྲོག་ གཏམ་ མ་ བཤོད་
ཁ་བརྡ་དྲ་ཚིག་འདི་རྒྱ་ནག་གྱི་ཉུ་བ་འགར་ཞིག་གིས་བོད་ལ་ཞེན་འདོག་གིས་འཛུམ་གདོང་མཁྱེར་ནས་རྒྱབ་དུ་ངེས་ཅག་གི་དགྲ་བོ་རྒྱ་ནག་གིས་བྱ་བ་མི་བསྒྲུབས་པའི་ངེས་པ་མེད་། རྒྱུ་མཚན་འགར་ཞིག་ཡོད་པ་ནི་། མགོ་ནག་གངས་ཅན་པ་རྣམས་ཀྱིས་བཀྲ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་༧གོང་ས་མཆོག་དང་རིས་མེད་བླ་མ་རྣམས་ཟུར་ཟ་ཚིག་ཇུ་ཙམ་བརྗོད་ཀྱང་བཀག་སྡོམས་མེད་པ་དང་གཅིག་། སྤྱིར་བོད་ཆགས་འཇིག་གནས་སྟངས་འདི་འདྲ་སྐབས་ལ་འཇམ་དབྱངས་ནོར་བུ་ལས་ལྷག་པའི་མི་ཚེ་གང་བོ་བོད་སྤྱིའི་དོན་དུ་ཕྱག་ལས་གནང་བའི་མི་སྣ་མི་ཉུང་ཡོད་ཀྱང་འབྲེལ་ཐག་ནང་དུ་བཀོད་མེད་པ་དང་གཉིས་། འཇམ་དབྱངས་ནོར་བུའི་བྱེད་རྗེས་འགལ་ཡོད་པ་༧་གོང་ས་མཆོག་ལ་མཚོན་མེད་ཞུ་ཡ་དང་ལྷག་བསམ་ཅན་གཞུང་ཞབས་རྣམས་ལ་སྐྱོན་གཛུག་རང་བཙན་བསྒྲུབ་བྱེད་འགར་ཞིག་བཀོད་ནས་སྤྱི་ཚོགས་གཏོར་ཤིག་ལས་གཞན་བྱེད་རྗེས་མེད་པའི་མི་ཞིག་འབྲེལ་ཐག་ནང་དུ་བཀོད་པ་གསུམ་ཡིན་། གཞན་ཡང་ དྲ་འབུ་ཚོ་ཁྱེད་རྣམས་ཀྱིས་རང་དང་ཆོས་བརྒྱུད་ཐ་དད་པའི་བླ་མ་ལ་ཟུར་ཟ་དང་རང་དང་ཆོས་བརྒྱུད་གཅིག་པའི་བླ་མ་ལ་སྒྲོ་འདོགས་གྱིས་མཆན་ལ་རྟེན་ནས་རང་རང་གིས་ཆོས་བརྒྱུད་ལུང་སྡེ་སྣེད་གསུང་མཆོད་ཉན་དང་རྟོགས་པའི་བསྟན་པ་བསླབ་གསུམགྱིས་ཉམས་ལེན་ཡར་ངོར་ཟླ་བ་བཞིན་དུ་འཕེར་ན་འགྲིག་ཀྱང་ཕྱོགས་རིས་མེད་པའི་བློ་གསར་བ་རྣམས་ལ་བག་ཆགས་ངན་པ་འཇོག་པ་ཙམ་ལས་དགེ་ཚན་གང་ཡང་མེད་པའི་དེ་ལྟར་མ་བྲིས་ན་ལེགས་པ་མཐོང་།