གནས་ཚུལ་མཁོ་འདོན་པཿ གཉན་པོ།
ནོར་གླིང་མཐོ་སློབ་ཀྱི་སློབ་མ་སྐོར་གཅིག་གིས་གཉེར་བཞིན་པའི་གཟའ་ཉི་མའི་གླེང་མོལ་ཐེངས་བཞི་པ་དེ་རིང་ནོར་གླིང་འདབས་འབྲེལ་གྱི་ཟ་ཁང་ཞིག་ཏུ་འདུ་འདུ་འཛོམས་ཀྱིས་༼ད་ལྟའི་བོད་ཀྱི་དྲ་དེབ་ཚགས་གསུམ་གྱི་འགན་འཁྲི་དང་ཁ་ཕྱོགས་གླེང་བ༽ཞེས་པའི་བརྗོད་གཞི་དང་འབྲེལ་བའི་གླེང་མོལ་བྱས་ཡོད་ཅིང་། ད་རེས་ཀྱི་གླེང་མོལ་སྟེང་རྡོ་རྗེ་དབང་ཕྱུག བོན་རྒྱ་བསྟན་འཛིན་རབ་རྒྱས། བྱམས་པ་རྒྱལ་མཚན། ཁ་བ་སྐམ་པོ། ཁྲོ་གཏུམ། མྱི་ལྟིག རྣམ་ཤེས། འབྲུག་འབུམ། བསོད་ནམས་མཚོ། གཉན་པོ་བཅས་འཛོམས་ཡོད།
གཟའ་ཉི་མའི་གླེང་མོལ་དག་གི་སྐབས་སུ་མི་སུ་ལ་ཡང་ད་སྔ་ཆེད་དམིགས་ཀྱིས་སྐད་གཏོང་ཐུབ་མེད། དེ་བས་ད་ཐེངས་ཡང་གླེང་མོལ་འདི་འདྲ་ཞིག་ཚོགས་རྒྱུ་ཐོག་མར་གཏན་ཁེལ་བྱེད་མཁན་གྱི་གྲོགས་པོ་ཚོ་དང་འདི་ལ་དམིགས་བསལ་དོ་སྣང་དང་རྒྱབ་སྐྱོར་བྱེད་མཁན་གྱི་མི་སྣ་རེ་ཟུང་ལས་མང་བོ་ཞིག་འཛོམས་ཐུབ་མ་བྱུང་། སྔོན་མར་ཤེས་ཡོན་ཅན་དང་གྲོགས་པོ་རེ་ཟུང་གིས་གླེང་མོལ་འདི་རུ་ཞུགས་འདོད་ཀྱི་བརྡ་བཏང་ཡོད་མོད། ཁོ་ཚོའི་ཁ་ཤས་བྱ་བའི་དབང་གིས་ཐེངས་འདིའི་གླེང་མོལ་དུ་ཕེབས་ཐུབ་མི་འདུག
ཐེངས་འདིའི་གཟའ་ཉི་མའི་གླེང་མོལ་གྱི་བརྗོད་གཞི་ནི༼ད་ལྟའི་བོད་ཀྱི་དྲ་དེབ་ཚགས་གསུམ་གྱི་འགན་འཁྲི་དང་ཁ་ཕྱོགས་གླེང་བ༽ཞེས་པ་འདི་ཡིན་ཞིང་། དེ་རིང་གི་ཚོགས་ཞུགས་མི་སྣ་རྣམ་པས་བརྗོད་གཞི་འདི་ལས་འཕྲོས་པའི་བསམ་ཚུལ་སྤེལ་རིམ་ནང་། བོད་ཀྱི་དྲ་དེབ་ཚགས་གསུམ་གྱི་བྱུང་རིམ་དང་དོན་སྙིང་། དེ་དག་གི་ཤུགས་རྐྱེན་དང་རྩོམ་སྒྲིག་པའི་ལས་ཀ གཞན་ཡང་ཤེས་ཡོན་ཅན་གྱིས་སྤྱི་ཚོགས་ལ་འགན་ཇི་ལྟར་ལེན་དགོས་པའི་སྐོར་དང་དྲ་དེབ་ཚགས་གསུམ་དང་བོད་སྤྱི་ཚོགས་ཀྱི་འབྲེལ་བ། སྒྱུ་རྩལ་རྩོམ་རིག་དང་ཀློག་པ་པོའི་འབྲེལ་བ་སོགས་བརྗོད་གཞི་རང་དང་དེ་ལས་འཕྲོས་པའི་བསམ་ཚུལ་གང་མང་ཞིག་གླེང་བས་མཚོན། ཐེངས་འདིའི་ཚོགས་ཞུགས་པ་མང་ཆེ་བས་བརྗོད་གཞི་རང་དང་དེ་ལས་འཕྲོས་པའི་བསམ་ཚུལ་གང་མང་བཤད།
ད་དུང་གླེང་མོལ་བྱེད་སྟངས་འདི་འདྲ་བཟང་རབ་རྒྱན་རབ་དང་རྗེས་མར་མུ་མཐུད་དུ་ཚོགས་ཐུབ་ན་དོན་སྙིང་ཆེ་ཚུལ་གྱི་སྐུལ་མ་ཡང་གནང་ཡོད། གང་ལྟར་ཐེངས་འདིའི་གཟའ་ཉི་མའི་གླེང་མོལ་སྐབས་སུ་གླེང་སློང་བྱུང་བ་གཙོ་བོ་ཁག་ཅིག་ནི། བོད་ཀྱི་དྲ་དེབ་ཚགས་གསུམ་གྱིས་བོད་རང་གི་སྤྱི་ཚོགས་དངོས་ལ་གདོང་ཇི་ལྟར་གཏོད་དགོས་ཚུལ་དང་། སྒྱུ་རྩལ་རྩོམ་རིག་གི་ཤུགས་རྐྱེན་དང་སྒྱུ་རྩལ་རྩོམ་རིག་དང་སྤྱི་ཚོགས་ཀྱི་འབྲེལ་བ། དྲ་དེབ་ཚགས་གསུམ་གྱི་རྩོམ་སྒྲིག་པ་དག་གི་དཀའ་ཁག་དང་དེ་དག་གི་འོས་འགན། བོད་རྩོམ་གྱི་ཁྱབ་ཁོངས་ཇི་ལྟར་དགར་དགོས་མིན། ཀློག་པ་པོ་དང་དྲ་དེབ་ཚགས་གསུམ་གྱི་འབྲེལ་བ་དམ་དུ་གཏོང་དགོས་ཚུལ་སོགས་རེད་འདུག་ཅིང་། དུས་ཚོད་གསུམ་ལྷག་གི་རིང་ལ་སོ་སོས་ལྟ་ཚུལ་བརྗེ་རེས་དང་སེམས་གཏམ་ཅི་མང་གླེང་རྗེས་ཐེངས་འདིའི་གླེང་མོལ་མཇུག་བསྡུས་པ་རེད། གཞན་ཡང་། ཐེངས་འདིའི་གླེང་མོལ་སྐབས་སུ་བོད་རང་གི་ཁྱད་ཆོས་ཅན་དུ་འགྲོ་བར་དམིགས་ཏེ་མར་ཕྱུར་རྩམ་གསུམ་གྱི་གུང་ཟས་དྲངས་པ་དང་འོ་ཇ་དཀར་བོ་ཡི་མགྲོན་བསུ་བྱས་ཏེ་བོད་ཡུལ་གངས་ཅན་ལྗོངས་ཀྱི་འཚོ་བར་ཕྱི་དྲན་བྱས་པ་རེད།
༢༠༡༢ ༠༩ ༣༠ ཉིན།
ངོ་མ་ནོར་གླིང་མཐོ་སློབ་ཀྱི་སློབ་མ་རྣམས་ལ་འཚམས་འདྲི་དང་བསྒྲགས གཟའ་ཉི་མའི་བགྲོ་གླེང་ལྷུག་པོར་ཡོང་ཡོད་པས་རེ་བ་ཡོད་ལ འཆོགས་འདུའི་རྗེས་ཀྱི་ཁ་ཟས་དེ་དག་བོད་རང་གི་ཐུན་མོང་མ་ཡིན་པའི་རྩམ་མར་ཐུན་གསུམ་གྱིས་མགྲོན་བསུ་བྱས་པ་དེ་ཡང་རང་མི་རིགས་ཀྱི་རིག་གཞུང་དང་གོམས་གཤིས་སོགས་ལ་དུངས་ཆེན་ཡོད་པར་མཚོན་འདུག འོན་ཀྱང་། རྗེས་ཕྱོགས་ནས་ཉེ་སྔོན་བཞིན་གཟའ་ཉི་མའི་གླེང་མོལ་པ་དག་གི་བསམ་ཚུལ་སྙིང་བསྡུས་རེ་བཤད་ན་དགེ་མཚན་ཆེན་པོར་མཐོང་།་
གཟའ་ཉི་མའི་གླེང་མོལ་བཟང་གི། བརྗོད་བྱ་ཡག་གི རྩམ་པ་ཞིམ་ནོ་ཁོ་ཐག་ཡིན།
གཟའ་ཉི་མ་ལ་
ཁ་ལག་ཡག་པོ་ཟོས་
གླེང་ནས་གྲོས་ཆོད་དང་གྲུབ་འབྲས་གང་ཡོད། ཧཧཧཧཧཧཧ
གཟའ་ཉི་མའི་བགྲོད་གླེང་ལ་རྒྱབ་སྐྱོར་ཡོད། མི་བུ་ཁྱོད་ཚོ་ཡོད་པའི་ད་གཟོད་ང་ཚོ་གངས་ཅན་པ་ཚང་ལ་རེ་བ་ཡོད་རེད
ཁ་ནས་བཤད་པ་དང་ལག་ནས་བྲིས་པ་མཉམ་བསྟར་བྱ་ཐུབ་ན་གོང་བཀུར་ཀྱི་གྲས་སུ་བརྩི་ཞིང་ཕན་དོན་ཡང་རང་བཞིན་གྱི་འབྱུང་ངེས་པ་ཞིག་ཡིན། རེབ་ཐོག་མདས་བཤད་པ་ཇི་བཞིན་ཡིན་དུ་འཆུག་ན་ཧ་ཅང་དགའ་ལེ་ཞིག་རེད་དེ། སྤྱིར་བཏང་ནས་རྩོམ་འབྲི་བ་འདི་ཚོ་འགན་འཁུར་ཆེ་མདོག་གིས་རང་ཉིད་བཞག་སྟེ་ཇ་ཁ་ཆང་ཁ་ནས་ཆེན་པོ་ཆེན་པོ་རེ་གླེང་རྒྱུ་ཧ་ཅང་དགའ། འདུ་འཛོམས་གྲོལ་རྗེས་གཏམ་ཆེན་པོ་དག་རང་བཞིན་གྱིས་ཡལ་འགྲོ ད་བྱས་དུས་རྩོམ་པ་པོ་ཚོས་རང་དམངས་ཀྱི་འགན་ག་འདྲ་སེ་འཁྱེར་ས་རེད།
ཁ་ནས་དང་པོ་བཤད་ལག་ལེན་རྗེས་སུ་བསྟར་དགོས་པ་མི་ཤེས་སམ།
རྣམ་པ་ལྷན་རྒྱས་ལ་བཀའ་དྲིན་ཆེ་ཞུ།
གཟའ་ཉི་མའི་གླེང་མོལ་རྟེན་འབྲེལ་ཞུ་བ་དང་ཁྱེད་ཅག་གི་ལས་དོན་ཐམས་ཅད་ཡར་ངོས་ཟླ་བཞིན་གོང་ནས་གོང་དུ་འཕེལ་བར་སྨོན།