རྔ་བ་ཀུན་བཟང་སྒྲོལ་མ།
བདག་སེམས་སྤྲོ་བའི་སེམས་ཀྱིས་མ་བཟི་ཡང་།།
མཐུན་སྒྲིལ་ཨ་ལུང་འཚོལ་བའི་དན་རྟགས་ཞེས།།
མི་རིགས་ཕ་སྐད་རྨང་གཞི་འཛིན་པ་འདི།།
མི་རིགས་མཐུན་སྒྲིལ་ཞུགས་པའི་གོམ་པ་ཡིན།།
མི་རིགས་སློབ་གསོ་གཞི་རྩའི་ལམ་ཁ་ཡིན།།
མཐུན་སྒྲིལ་ཆིག་སྒྲིལ་མ་འོངས་མདུན་ལམ་ཡིན།།
བོད་སྐད་བོད་ཡིག་བོད་མིའི་བླ་སྲོག་ཡིན།།
ཡིན་པ་འདི་གསུམ་རང་རེའི་སྲོག་རྩ་ཡིན།།
ཆོལ་ཁ་ཆོས་ལུགས་མཐུན་པ་སྐད་ཡིག་ཡིན།།
འདྲ་མཉམ་ཐོབ་ཐང་ཡོང་པར་འཕྲིན་ལམ་ཡིན།།
དབུས་སྐད་ཨམ་སྐད་ཁམས་སྐད་ལ་སོགས་པའི།།
གཞི་རྩའི་མཐུན་ལམ་བོད་ཀྱི་སྐད་ཡིག་ཡིན།།
བོད་དང་རྒྱ་མིའི་ཁྱད་པར་ཤེས་འདོད་ན།།
ཤ་དང་ཁྲག་གིས་ཁྱད་པར་མི་འབྱེད་པས།།
རང་རང་ས་ན་སྐད་དང་ཡི་གེ་རེ།།
བོད་དང་རྒྱ་མིའི་དབྱེ་འབྱེད་དང་པོ་ཡིན།།
ལོ་རྒྱུས་རང་བཙན་སྒྲུབ་པའི་ཕོ་རྒོད་དང་།།
མ་འོངས་དབུ་མར་མོས་པའི་མོ་གསར་གཉིས།།
རང་རང་ས་ནས་འོས་འགན་ལེན་འདོད་ན།།
ཕ་མེས་བཞག་པའི་ཕ་སྐད་རང་བཙན་ཡིན།།
ཕ་སྐད་དྲོན་མོ་ཕྱི་རོལ་ཡུལ་ན་མེད།།
ཕ་མའི་རིག་གཞུང་རྒྱ་མིའི་ཡུལ་དུ་མེད།།
ཕ་སྐད་མ་ཡིག་བརླག་པའི་བོད་པ་ཚོར།།
ག་ལེར་བསམ་ན་རང་རེའི་ནོར་འཁྲུལ་ཉིད།།
2012 10 2 དགོང་མོ་མལ་ཁང་ནས་བྲིས།
ཕ་སྐད་དྲོན་མོ་དཔོན་པོའི་སྲས་ལ་མེད།།
ཆུང་ནས་ཕྱི་རྒྱལ་བཏང་བས་ལེན་པ་རེད།།
ཕ་མའི་རིག་གཞུང་བླ་མའི་སྲས་ལ་མེད།།
ཡོད་རེད་བསམ་ན་རང་རེའི་ནོར་འཁྲུལ་ཉིད།།
བོད་སྐད་བོད་ཡིག་མི་དགོས་ན།
རང་བཙན་བླངས་ཀྱང་དགའ་རྒྱུ་མེད།
རིག་གནས་མེད་པའི་ཆོས་པ་ཚོ།
བོད་པའི་རྒྱུན་འཛིན་སྤེལ་བར་ཕེབས།
སྒྲོལ་མའི་ཁ་འི་སྐད་ཆ་འདི།
ལག་གས་བྲིས་བའི་ཡིག་སྐད་རེད།
ཁ་ལག་གཉིས་ཀ་མཐུན་དགོས་ན།
སྒྲོལ་མས་ད་རུང་ཤུགས་ཟིག་རྒྱོབ།།
བོད་དང་བོད་པ་རྣམ་གཅིག་ཏུ།
གནས་པར་འདོད་ན་སྐད་གཅིག་དགོས།
འོན་ཀྱང་ལག་ལེན་སྟར་བ་དཀའ།
རྔ་པ་དང་ནི་རྔ་བ་ལྟར།།
རྒན་ལེགས། ཕཡག་འཚལ། ཁམས་བཟང་ལེགས།
དབུས་སྐད་ཨམ་སྐད་ཁམས་སྐད་ལ་སོགས་པའི། །
གཞི་རྩའི་མཐུན་ལམ་སུམ་རྟགས་དག་གསུམ་བསྟུན། །
ཀུན་བཟང་སྒྲོལ་མའི་རྔ་བ་དགོང་མོ་ལ། །
ལ་དྭགས་མཁས་པས་རྔ་པ་དགོངས་མོར་བཅོས། །
བཀའ་དང་བསྟན་བཅོས་གསུང་འབུམ་ཚད་ལྡན་ལ། །
ཁུངས་བཅོལ་མ་བྱས་ཡུལ་སྐད་འབྲི་སྟངས་ཁོགས། །
ཀ་མད་སུམ་ཅུའི་ཡིག་ཕྲེང་བར་ནས་གངས་རིའི་ལྗོངས་ཀྱི་ལས་དབང་གླེང་།།
ཁ་བའི་ལས་དབང་སེམས་སུ་གནག་ནས་ཁ་ནས་སྙིང་གཏམ་ཤོར་བ་འདིས།།
ག་ནས་བལྟས་ན་རང་རིགས་བསམ་པའི་སྙིང་གི་གཏམ་གྱི་ནོར་བུ་དེར།།
ང་ཚོ་ཚང་མས་སེམས་སུ་བཟུང་ནས་རང་གི་ཕ་སྐད་སྲུང་ལ་འབད།།
གོང་དུ་བདག་གི་རྩོམ་ཡིག་ལས་འཕྲོས་པའི་དྲ་གྲོགས་འགར་སླེབས་འདུག་པས་འཚམས་ཞུས་དང་མུ་མཐུད་ནས་གུས་མོའི་རྩོམ་ཡིག་གི་དགེ་སྐྱོན་གླེང་རོགས་ཞུ་བཞིན་ཡོད།
ཀ་མད་སུམ་ཅུའི་ལས་འབྲེལ། །
ཁ་བ་རི་པ་ང་ཚོར། །
ག་ནས་བལྟས་ཀྱང་མཐོང་བགྱིད། །
ང་ཚོ་ཚང་མས་རེམས་དགོས། །
མེ་ཏོག་དཀར་པོ་ལེགས། འཇུ། འཇུ། འཇུ། ང་བདེ་མོ་ཡིན། ཉིད་རང་བདེ་མོ་ཡིན་ནམ། ལེགས།
རྒན་ལེགས། ང་ཁམས་བཟང་་ཡིན་ལེགས།
ཁྱི་རྐུན་འོ་ཟོའི་ཁ་ན་འཆམས། རྣམ་པ་གཉིས་བདེ་པོ་ཡིན་ན་ཡོང་ང་།
བུ་མོ་རེ་བ་ཅན་ཞིག་རེད།
ཕ་སྐད་གཙང་མའི་ཕྱོགས་ལ་བརྡ་ཞིག་བརྒྱབ།།
ཕ་མའི་འབྲེལ་ཐག་བཟུང་བའི་དོན་གོ་ཆོད།།
ཁྱོད་ཀྱིས་བྲིས་བ་ལགས་ཤིང་ཡང་ཡང་འབྲི་བའི་རེ་སྨོན་ཡོད། མི་རིགས་ཀྱི་ལས་དོན་ཟེར་བ་ནི་ཁ་བཤད་ཙམ་གྱི་འགྲུབ་མི་ཐུབ་ལ་དེ་ཡང་གསེར་ལྟ་བུའི་ལག་ལེན་དགོས་ཤིང་། ལག་ལེན་ཟེར་བ་ནི་རང་ཉིད་ཀྱི་ལས་འགན་བསྒྲུབས་པ་དེ་རེད། དཔེར་ན། སྤྱི་འཐུས་ལ་སྤྱི་བསམ་གྱི་་ལས་འགན་དང་། རྒྱལ་བློན་ལ་འབངས་དང་མི་སེར་སྐྱོང་བའི་ལས་འགན། དམག་མི་ལ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བའི་ལས་འགན། སློབ་མ་ལ་སྦྱོང་གི་ལས་འགན་དང་དགེ་་རྒན་ལ་སློབ་མ་གསོ་སྐྱོང་གི་ལས་འགན་ཡོད་པས། ལས་འགན་དེ་དག་འགྲུབ་ན་མི་རིགས་ཀྱི་ལས་དོན་བསྒྲུབས་པ་རེད། ཁྱོད་ཀྱི་རྩལ་ལ
ལ་དྭགས་བློ་བཟང་འཇམ་དཔལ་དང་མེ་ཏོག་དཀར་པོ་གཉིས་ངེད་ཚང་གི་སྒོ་འགྲམ་ནས་ངོ་ཤེས་བྱུང་པ་དགའ་སྤྲོ་ཆེ། ལ་དྭགས་བློ་བཟང་ལ་ འཇུ་ལེ<> ཉེ་རང་ཁམས་བཟང་ཡིན་ལེ<> ཉེ་རང་གི་མ་ནས་ཡེ་གེ་དྲག་པོ་འབྲི་རག་ ཧ་བ་ཡིན་ཧེ་
རྔ་པ་ཀུནབཟང་སྒྲོལ་མ་ལེགས། ལ་དྭགས་པས་ལེགས། ཁ་སྐད་དུ། ལེ་ཟེར། ཁ་ནས་མ་འཐོན་པའི་དབང་གིས་འབྲི་མི་དགོས་ན། ལགས། ཞེས་པར་། ལ། མ་གཏོགས་པས། གས་འབྲི་བ་ལ་དགོས་པ་འདུག་གམ། ཁྱེད་མདོ་སྨད་རྔ་པ་ན་ཡིན་ན། འཇུ། ཞེས་པའི་སྒྲ་དེ་ཡུང་པ་དེར་ད་ལྟ་བཀོལ་ལམ་མི་བཀལ། སྒྲ་འདི་ཉིད་ཡུལ་དབུས་སུ་ད་ལྟ་ལ་དྭགས་པས་བཀོལ་བ་བཞིན་ཡོད་པ་ཡོངས་གྲགས་ཀྱི་དཔེ་ཆ་ན་མཐོང་། ལེགགས་དང་ལགས་ལ་བསམ་བློ་གཏོང་ཐུབ་ན། བོད་ཀྱི་མིང་ཚིག་མང་པོ་ཨེ་ཡིག་མང་པོ་ཨ་ཡིག་ཏུ་འགྱུར་བ་དང་། ཨ་ཡིག་མང་པོ་ཨེ་ཡིག་ཏུ་འབྱུར་བའི་ཚུལ་ལ་རྣམ་དཔྱོད་སེམས་ལ་འཆར་རོ།།
ཧ་བ་ཡིན་ཧེ་ ལད་མོ་བྱེད་མི་ཤེས་པ། ཧ་བབས་ཡིན། ས་ཡང་འཇུག་འཐོན་པ་དགོས། ཧ་བབས། ཞེས་ཚིག་འདི་ལ་གོ་བ་ལེགས་པ་ཞིག་མི་འདུག་གམ ཧ་ཧ་ཧ་
ཧ་བབས། ཀྱི་ཚིག་དོན་གང་ཡིན་ནམ།
ལ་དྭགས་བློ་བཟང་ལགས། ཉེ་སྔོན་བདག་གིས་གྲོགས་པོ་ཞིག་བརྒྱུད་ལ་དྭགས་ཀྱི་སྒྲུང་གཏམ་ཞིག་ལ་བལྟས་པ་ཡིན། འོན་ཀྱང་སྒྲུང་གཏམ་དེ་སྤྱིར་བོད་པ་ཞིག་གིས་བཀླགས་ན་ཅུང་གོ་བ་ལེན་ཁག་པོ་འདུག འོན་ཀྱང་ལ་དྭགས་རང་གི་ཁ་སྐད་དུ་འདྲེས་ཆེ་ལ་མང་ཆེ་བར་ གོང་དུ་ཉིད་ཀྱིས་གསུངས་བ་བཞིན་ (ཧ་པཱ) ཧ་འབབས་དང་ ( ཡ་པཱ) གཡེངས་པ་སོགས་ཤིན་ཏུ་མང་། གང་ལྟར་བདག་གིས་ཕྱོགས་ནས་བཤད་ན་ གོང་གི་ཐ་སྙད་དེ་དག་མཐའ་གཅིག་ཏུ་ནོར་འཁྲུལ་རེད་ཅེས་བཤད་ཐུབ་ཀྱི་མི་འདུག་ལ་ལ་དྭགས་ཀྱི་ཁ་སྐད་དུ་བརྡ་རྙིང་ཧ་ཅང་མང་གི བདག་གི་རེ་བ་ཡིན་ན་ལ་དྭགས་ཀྱི་སྐད་བརྡ་རིག་པའི་སྐོར་ལ་ཞིབ་འཇུག་ཅིག་བྱེད་འདོད་ཡོད་མོད ལ་དྭགས་ཀྱི་སྐད་བརྡ་རིག་པར་ཞིབ་འཇུག་བྱེད་དགོས་ཚེ་ ཁལ་དྭགས་ཀྱི་ཁ་སྐད་ཡག་པོ་ཞིག་ཤེས་དགོས་ཀྱི་འདུག་ བྱས་ཙང་ ལ་དྭགས་ཀྱི་སྐད་ཡིག་ལ་དོ་སྣང་བྱེད་པའི་ཁུལ་ཡིན
ཧ་བབས། ཀྱི་ཚིག་དོན་གང་ཡིན་ནམ། ཀརྡོ་གཉེར་ཕྱག་པ་ལེགས། ཧ་བབས་ཞེས་པ་དགོད་བྲོའི་སྐོར་ལ་གོ བགད་མོ་སློང་ཐུབ་མཁན་གྱི་མི་ལ། ཧ་བབས་ཅན་ཟེར། ཁྱེད་རྣམས་ཀྱིས་ ཧ་ཧ་ཧ་ འབྲི་བ་མཐོང་སྟེ། ཧ་བབས ཞེས་པ་གསལ་བར་ཆགས བྱ་ཚིག་དེའི་ད་ལྟ་འདས་མ་མོངས་སྐུལ་ཚིག་བཅས་རིམ་བཞིན། འབབ། བབས། འབབ། བོབས། ཞེས་ཡིན་དགོས་པར་བསམས་སོ།།
རྔ་པ་ཀུན་བཟང་སྒྲོལ་མ་ལེགས། ཁྱེད་ཀྱིས་སྐད་ཡིག་ལ་དོ་སྣང་ཡོད་པ་ལ་དགའ་བསུ། འོན་ཀྱང་ལ་དྭགས་པའི་སྐད་བརྡ་རིག་པ་ལས་བོད་ཀྱི་ཆོས་སྐད་ཀྱི་དག་ཆ་རྣམས་ཇི་ལྟར་བྲིས་པ་བཞིན་སྲུང་བ་ལ་བརྩོན་ན། ཕན་ཐོགས་ཆེ། ཡི་གེ་དག་པར་འབྱུང་བ་ལ་གནའ་བོའི་འདོན་ཚུལ་དེ་ས་སྐྱ་པ་རྗེ་བཙུན་བསོད་ནམས་རྩེ་མོ་སོགས་ཀྱིས་གསུངས་པ་བཞིན་དུ་སྦྱོང་ཐུབ་ན། བོད་ཀྱི་དག་ཆ་སྲུང་བའི་ཐབས་ལ་ཕན། དེ་ཡང་བོད་ཀྱི་དག་ཆ་བཞིན་ཨིན་ཡིག་ལ་བྲིས་ཏེ། དེ་ལ་བརྟེན་ནས་སྔོན་འཇུག་དག་ཁ་ནས་འཐོན་པར་བྱས་ཏེ། ཀློག་ན་གནའ་བོའི་ཡི་གེ་ཀློག་ཚུལ་དུ་འགྱུར། དེ་ཡང་ལ་དྭགས་གཤམ་ཕྱོགས་པ་དང་། སྦལ་ཏིའི་ཡུལ་ཀུན་ན། གྲི་=gri, དྲི་=dri, བྲི་ =bri, བྲག་=brag, དཔྱིད་ =dpyid, ཕྱི་ལོགས་=phyi logs, ཞེས་ཨིན་ཡིག་ཏུ་བྲིས་པ་བཞིན་ཟེར། དེ་བཞིན་བོད་ཀྱི་མཐའ་མཚམས་འབྲས་ལྗོངས་དང་། རྒྱ་མོ་རོང་སོགས་ན་ཡོད་ངེས། ༢༠༠༦l ལན་ཀྲུ་སློབ་གྲྭ་ཆེན་མོར་དེ་ཀའི་སློབ་དཔོན་ཆེན་པོ་སོགས་ལ། ལ་དྭགས་གཤམ་ཕྱོགས་པ་དང་། སྦལ་ཏིའི་ཡུལ་དུ་བོད་ཚིག་གི་འབོད་སྟངས་ཞུས་པ་ན། ཨ་ལག་དོར་ཞི་རིན་པོ་ཆེས་དེ་ཁའི་ཤར་རྒྱ་ནག་གི་ས་མཚམས་ཞིག་ཏུ། སྐྲ་ལ། ས་ཀ་ར་=skra.ཟེར་འབོད་པར་གསུངས་སོ།
རྒན་ལ་དྭགས་པས། ཧ་བབས་ཀྱི་གོ་དོན་གསུངས་པར་བཀའ་དྲིན་ཆེ། ང་ཚོ་ཕ་ཡུལ་སྐད་དུ། མཚན་མོ་མ་ཉལ་ད་དུང་ཧབ་དགོད་དིར་རི་བཏང་ནས་བསྡད་འདུག་ཟེར་སྲོལ་ཡོད།
ཨ་མདོ་བས་ཧ་བ་ཞེས་རང་ཀློག་མི་བྱེད། ཡིན་ན་ཡང་ཧབ་ཆ་ནི་བགད་མོ་སློང་མཁན་ལ་བགད་པའི་སྒྲ་དེ་ལ་ཧབ་ཆ་བརྒྱབས་སོང་ཟེར། ཏོན་གཅིག་པར་མཐོང་།