ཨོ་རྒྱན་ཉི་མ།
བོད་ཀྱི་ནང་པའི་དབུ་ཁྲིད་ཆེ་ཁག་ཀུན་གྱིས་ཐུགས་བསམ་བཞེས་དགོས་ས་དེ་གཙོ་བོ་བསྟན་པ་གནས་པའི་ཐབས། བསླབ་པ་གཙོ་བོར་བྱས་པའི་སློབ་གཉེར་ལ་ཐུགས་འདུན་གཏད་དགོས་པར་སེམས། དགེ་འདུན་སྡེ་གཉིས་གནས་པ་དང་། བསྟན་པ་དྲི་མེད་ཅིག་གནས་དགོས་ན་བསླབ་ཁྲིམས་ལ་བསྟེན་དགོས་པ་ནི་སྨོས་མེད་རེད། ནང་ཆོས་དེ་ཡང་ཡེ་ཤུ་དང་། ཁ་ཆེའི་ཆོས་བརྒྱུད་ནང་བཞིན་ཚེ་འདིས་འཚོ་དང་འབྲེལ་བ་ཞིག་འདོད་ན་ཡང་། ཆོས་ཀྱི་སྒྲིག་ཁྲིམས་ལ་གནས་ལོས་དགོས། སྒྲིག་ཁྲིམས་མེད་བཞིན་ཉིན་རེའི་འཚོ་བའང་སྒྲུབ་མི་ཐུབ་ན་བསྟན་པ་གནས་པའི་ཐབས་ལམ་བསྐྲུན་མི་ཐུབ་པ་ནི་སྨོས་མ་དགོས་པ་ཞིག་རེད། བསྟན་པ་གནས་པར་བྱེད་པ་ལ་འདུས་སྡེ་མང་བ་དང་། འདུ་ཁང་ཆེ་བ། དཔལ་འབྱོར་མང་བ་གསུམ་གྱིས་ཕན་ཐོགས་ཁག་པོ་རེད། གལ་སྲིད་ཕན་ཐོགས་པའི་དབང་དུ་བཏང་རུང་གནས་སྐབས་ཙམ་རེད། དེང་སང་བླ་སྤྲུལ་ཆེ་ཁག་གིས་རང་རང་གིས་གཡོ་སྒྱུ་རྫུན་གསུམ་མ་བྱས་རུང་། གཤམ་འོག་ཏུ་ཁྲམ་པ་སྐོར་གཅིག་ཉར། དེ་དག་གསོ་སྐྱོང་གིས་ཕྱི་རྒྱལ་དུ་བཏང་། དེ་ཚོ་ལ་མིང་དང་གོ་ས་སྤྲད། ཞྭ་གོས་ནས་བཟུང་ཡོད་ཚད་སྦྱིན་ཏེ། རིག་འཛིན་བརྒྱུད་པའི་ཕྱག་བཞེས་དང་། འཕྲིན་ལས་ཡོད་ཚད་འཕྲོ་བརླགས་སུ་བཏང་མཁན་མང་པོ་རེད། དཔལ་འབྱོར་འདུ་འགོད་བྱ་བ་རང་བཞིན་ངང་གིས་བྱུང་བ་ཞིག་དང་། ཐབས་མཁས་ཀྱི་སྤྱོད་པ་ཡང་དག་ལ་བརྟེན་ནས་བྱུང་བ་གཉིས་སུ་ངེས་པ་ལས། དེ་ལས་གཞན་པའི་ཁྲམ་པ་དག་ལ་གོ་ཐོབ་སྤྲད་པ་མཚམས་བཞག་ན་ལེགས་པར་སེམས། ཁྲམ་པ་ཚོས་གཡོ་སྒྱུ་ལ་བརྟེན་ནས་འདུ་ཁང་ཞིག་དང་། གྲྭ་ཁང་རྒྱས་པ་ཞིག་རྒྱག་ཐུབ་ཀྱང་། དེས་གཡོ་སྒྱུ་ཁྲམ་གསུམ་བྱ་རྒྱུ་མང་དྲགས་ཏེ། བསྟན་པ་ཡུན་ཏུ་གནས་པ་དང་། བསྟན་པའི་འགྲོ་དོན་བྱ་ཡུལ། བསྟན་པའི་རིན་ཐང་ཕལ་ཆེ་བ་བརླགས་ཚར་བ་རེད། འདི་དག་གི་སྐོར་དངོས་སུ་ཁྲམ་པ་མོད་པའི་འཇིག་རྟེན་དེར་གཅིག་བསླེབ་ན་མ་གཏོགས་ཤེས་ཐུབ་པ་ཁག་པོ་རེད། ཁྲམ་པ་ཚོས་རང་ཉིད་ཆེན་པོ་སྒྲུབ་པའི་ཆེད་དུ་སྐད་ཆའི་ཆེད་ལས་པ་གདན་འདྲེན་ གྱིས་དེ་ཚོ་ལ་སྐད་ཆ་བཤད་བཅུགས། དེ་ཚོས་ཆེ་བརྗོད་རེ་བྱེད་དུས། དེ་གའི་མི་སེར་ཕལ་ཆེ་བ་ཆོས་ཕྱོགས་ཡོན་ཏན་གྱིས་སྟོང་པ་ཤ་སྟག་ཡིན་པས། ཆེན་པོ་ཞིག་དང་། གཉན་པོ་ཞིག་ཡིན་པར་རྟོགས་ཏེ། ཚང་མས་ཡིད་ཆེས་ཀྱིས་སྐྱབས་གནས་སུ་བཟུང་། ཁྲམ་པ་དེ་ཚོས་སྒོར་མོ་རག་ཚར་དུས་བསྟན་པའི་ཆགས་འཇིག་ལ་བསམ་བློ་མི་བཏང་བར། ཉིན་མོ་ཆོས་གོས་བསྒོས། མཚན་མོ་འཕྱོན་མ་དང་མཉམ་དུ་ཨར་ཁང་སོགས་ཉུལ་བ་ལ་བརྟེན་ནས་ཕུང་གསུམ་པའི་སྤྱོད་ ངལ་སྤེལ་བཞིན་པ་དང་། ཕུང་གསུམ་པའི་སྤྱོད་པ་སྤེལ་མཁན་ནང་དུ་བླ་ཆེན་གྱི་མིང་ཁུར་མཁན་ནས་བཟུང་། གྲྭ་བཙུན་དཀྱུས་ཡན་ཆོད་ཡོད། དེ་ཕྱིར་ཚང་མས་བསམ་བློ་གཏོང་རན་འདུག་ཅེས་བཤད་པ་ཡིན། བསྟན་པ་ཞེས་པ་དེ་ཁྱེད་ཅག་བླ་ཆེན་ཚོ་དང་། ནང་པའི་རྗེས་འཇུག ཁྱད་པར་དུ་ཡང་བོད་པ་ཚོ་ལ་དགོས་ན་དག་ཐེར་བྱ་རན་པ་རེད། སངས་རྒྱས་བྱོན་ནས་ད་བར་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་རིང་དག་ཐེར་རབ་དང་། རིམ་པ་བྱས་ཚར་བ་རེད། ད་ལྟ་ཡང་བྱ་བའི་དུས་ལ་བསླེབ་ཡོད་པར་མ་ཟད། ཅུང་ཟད་ཕྱི་ཚར་བའི་སྣང་བ་ཡང་སླེབ་ཀྱིན་འདུག
སྔོན་གྱི་དུས་སུ་རྒྱ་གར་འཕགས་པའི་ཡུལ་དུ། བཀའ་བསྡུ་རིམ་པ་གསུམ་བྱུང་བ་དེ་ཡང་བསྟན་པ་དག་ཐེར་གྱི་ཆེད་དུ་རེད། བོད་ལ་མཚོན་ན་མཁན་སློབ་ཆོས་གསུམ་གྱི་དགོངས་པ་ལས་ཕྱི་རོལ་དུ་སྨྲ་བའི་གང་ཟག་ དུ་མ་ཞིག་བྱུང་བ་ལ་བརྟེན་ནས། མཁན་པོའི་ཞལ་ཆེམས་བཞིན་སློབ་དཔོན་ཀ་མ་ཤི་ལ་གདན་དྲངས་པ་དང་། ཁོང་གིས་ཀྱང་ནན་གཟིགས་གནངས་ཏེ། སྒོམ་རིམ་ཐོག་མཐའ་བར་གསུམ་དུ་མཛད་ཡོད་པ་བཞིན་རེད། རྗེས་ནས་ཆོས་རྒྱལ་ཁྲི་རལ་བ་ཅན་གྱིས། བོད་ཀྱི་སྐད་ཡིག་ནས་བཟུང་དག་ཐེར་གནང་ཡོད་པ་དང་། ཆོས་རྒྱལ་གྱི་གདུང་རྒྱུད་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་དྲངས་ཏེ། གསང་སྔགས་ལ་འཆོལ་རྙོགས་སུ་སྤྱོད་པའི་གང་ཟག་དེ་ཚོ་རྩ་མེད་དུ་བཏང་བ་རེད། མཉམ་མེད་ཙོང་ཁ་བ་ཆེན་པོས་ཀྱང་འདུལ་བའི་བསྟན་པ་རྒྱ་ཆེར་སྤེལ་ཏེ། བསྟན་པའི་རྩ་བ་སྲ་བརྟན་དུ་བཏང་གནང་ཡོད་པ་དང་། ཉེ་ཆར་དུས་རབས་ཉི་ཤུ་པའི་ནང་བོད་དུ་བསྟན་པ་ཉམ་ཉེས་སུ་སོང་སྟེ་སླར་དར་གྱི་ སྐབས་སུ་ཡང་། མཁན་ཆེན་སྡེ་སྣོད་འཛིན་པ་འཇིགས་མེད་ཕུན་ཚོགས་མཆོག་གིས་ཀྱང་སྐུ་སྲོག་འབེན་དུ་བཙུགས་ཏེ། རྒྱལ་བསྟན་ཐེར་གནངས་ཏེ། གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་ཚང་མས། ཁོང་གི་ཆོས་སྒར་དེ་ལ་ཕེབས་ཏེ་གཅིག་གཟིགས་དང་། གཞན་ལས་ཁྱད་པར་འཕགས་པའི་ཆོས་མང་པོ་ཤེས་ངེས་ཡིན། འགའ་ཞིག་གིས་དྲན་པ་ཁྲམ་པ་ཚོ་ནི་གནས་སྐབས་ཙམ་རེད། ཁོ་ཚོས་གང་བྱས་ཀྱང་གཡུག་ཞོགས་དྲན་མཁན་ཡོད་ཀྱང་། དེ་ནི་ནོར་བའི་ནང་ནས་ནོར་བ་ཆེན་པོ་ཞིག་རེད། ཁྲམ་པ་ནི་ཁྲམ་པ་རང་རེད། ཁོ་ཚོ་ལ་དངུལ་ཞིག་ལས། ཚེ་འདི་ཕྱི་ཟེར་བ། ལས་རྒྱུ་འབྲས་ཟེར་བ། དགེ་སྡིག་ཟེར་བ། གཞན་ལ་གནོད་པ་ཟེར་བ་སོགས་ལ་གཏན་ནས་རྩིས་མེད་དུ་གཏོང་ངེས་རེད། གལ་སྲིད་བསྟན་པའི་ལ་རྒྱ་འཚོ་མི་ནུས་ཤིང་། བསྟན་པ་ཡང་དག་པར་སྲུང་མ་ནུས་ན་ཁྱེད་ཅག་བླ་ཆེན་ཚོ་ཤི་བའི་རོ་དང་གཅིག་པ་རེད། ཁྱེད་ཅག་གི་ལས་དཀའ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་རེད་མ་གཏོགས། ངན་པ་ལ་རྒྱབ་སྐྱོར་གྱིས་ཡོད་ཚད་ལ་རིན་ཐང་མེད་པར་བསྒྱུར་བའི་ཆེད་དུ་གོ་ས་དེ་བཟུང་བ་ཡིན་རྒྱུ་མ་རེད། དེ་ཕྱིར་བསྟན་པའི་ཆེད་དུ་བསྟན་འཛིན་གྱི་སྐྱེས་བུ་ཡང་དག་ཅིག་དང་། བསྟན་པ་ཡུན་དུ་གནས་པའི་ཐབས་ལ་ངེས་པར་དུ་འབད་རོགས་ཞེས་གསོལ་བ་འདེབས་པ་ལགས་སོ། །
ངས་སྐྱེ་བ་ནས་ཚེ་རབས་དུ་མར་རྩོད་དགོས་བྱུང་རུང་། གལ་སྲིད་ང་ལ་རང་དབང་ཞིག་ཡོད་རྒྱུ་ན། ངས་ཚེ་འདིར་མ་འགྲུབ་རུང་། སླར་ཡང་སྐྱེ་བ་ལེན་ཏེ་རྩོད་རྒྱུ་ཡིན། ཕུང་གསུམ་པ་ནི་སངས་རྒྱས་ཀྱི་བསྟན་པ་བཤིགས་པའི་གཏེ་བོ་དང་། ཁྲམ་པ། སེམས་ཅན་ཡོངས་ཀྱི་དགྲ་བོ་རང་རེད། བོད་པའི་མི་སེར་དག་ནང་ཆོས་ལ་དོ་སྣང་མེད་པར་བཟོ་མཁན་ཡང་ཕུང་གསུམ་པ་འདི་ཚོ་རེད། རྒྱལ་སྤྱིའི་ཐོག་ནང་ཆོས་ཀྱི་རིན་ཐང་བརླགས་བཅུགས་མཁན་ཡང་ཕུང་གསུམ་པ་འདི་ཚོ་རེད། འདི་ཚོས་རང་དོན་གཅིག་པུ་ལས། སེམས་ཅན་དང་། བསྟན་པ་ལ་བསམ་བློ་མི་གཏོང་ཁོ་ཐག་རེད། ཁོ་ཚོ་བདུད་མ་ཡིན་ན་གཞན་སུ་ཞིག་བདུད་ཅེས་དམིགས་བསལ་མགོ་ལ་ར་དང་། རྐུབ་ལ་མཇུག་མ་ཡོད་མཁན་ཞིག་ཡོད། བདུད་ཀྱི་ནང་ནས་བདུད་དང་མ་དེ་ཕུང་གསུམ་པ་འདི་ཚོ་རེད། བདུད་དེ་ཚོས་བླ་ཆེན་གྱི་རྫུ་ལ་ཞུགས། མཁན་སྤྲུལ་དགེ་གསུམ་དང་། གྲྭ་བཙུན་དཀྱུས་པ་ཡན་གྱིས་རྫུ་ལ་ཞུགས་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་རྨ་འབྱིན་བཞིན་པ་རེད། དེ་ཕྱིར་བདུད་ཚར་གཅོད་དགོས་ན་ཕུང་གསུམ་པ་ཚར་ཆོད་ཅིག ཕུང་གསུམ་པ་རྩ་མེད་དུ་མ་སོང་གི་བར་དུ་སངས་རྒྱས་ཀྱི་བསྟན་པ་གནས་པའི་ཐབས་གཏན་དུ་ཟད་པ་རེད། སངས་རྒྱས་བསྟན་པའི་དགྲ་བོ། དཀོན་མཆོག་གི་དབུ་འཕོངས་སྨད་པའི་དམ་ཉམས། སེམས་ཅན་གྱི་བདེ་སྐྱིད་བརླགས་མཁན་གྱི་གཤེད་མ་ཡོད་ཚད་ཕུང་གསུམ་པ་འདི་ཚོ་རེད། དེ་ཕྱིར་ཕུང་གསུམ་པ་མེད་པར་བཟོ་བར་ཤུགས་སྣོན་རྒྱོབས་ཤོག་་་་་
སྐྱབས་རྗེ་དམ་པ་ཨོ་རྒྱན་ཉི་མ་རིན་པོ་ཆེ་ཐུགས་བདེན། སྐྱབས་མགོན་རིན་པོ་ཆེས་ཡང་ཐུགས་ལ་བཏེགས་པ་དེ་ཀ་རང་རེད་འདུག །དགེ་འདུན་སྡེ་གཉིས་ལས་གསུམ་པ་ཞིག་ཆགས་ན་ཡག་པོ་མི་འདུག་ཅེས་ཐེངས་མང་པོར་བཀའ་སློབ་ཕེབས་པ་གསན་མྱོང་ཡོད། སྤྲུལ་བའུ་སྐུ་མཆོག་ཁྱེད་ཀྱི་མཛད་པ་དང་འཕྲིན་ལས་ཕྱོགས་མཐར་ཁྱབ་པར་སྨོན།།
མངོན་པར་བསྟོད་དོ།
སྟོན་པའི་སྡེ་གཉིས་ལས་རབ་བྱུང་ཡིན་ནི་༧གོང་ས་སྐྱབས་མགོན་རྡོ་རྗེ་འཆང་དང་དེ་ཡི་བརྒྱུད་པ་དང་བཅས་པ། དེ་མིན་གོས་དཀར་ལྕང་ལོའི་སྡེ་ཡིན་ན་ནི་སྐྱབས་མགོན་ས་སྐྱ་ཁྲི་འཛིན་དང་རྙིང་མའི་བྱ་བྲལ་རིན་པོ་ཆེ་དང་རྡོ་གྲུབ་རིན་པོ་ཆེ་སོགས་ལྟ་བུ་མངོན་ལྐོག་ཐུབ་པའི་སྔགས་འཆང་ཚད་ལྡན་རེ་ཡིན་དགོས། དེ་མིན་དེང་སང་དེ་གཉིས་གང་ལ་ཡང་མི་མཐུན་པས་ཉིན་མོར་ཆོས་གོས་རྣམ་གསུམ་ལུས་ལ་བགོས་ཤིང་མཚན་མོར་བུད་མེད་དང་དུད་ཆུང་ལ་ལོངས་སྤྱོད་ནས་སྡོད་མཁན་ཚོ་རྩ་མེད་གཏོང་དགོས་པ་ལས་རྒྱབ་སྐྱོར་དང་ཞབས་འདེགས་བྱེད་མི་འོས་སྙམ། ཞུ་ཉེས་དང་བཤད་ཉེས་བྱུང་བྱུང་ན་མཐོལ་ལོ་བཤགས་བཟོད་པར་གསོལ།།
་་་་ ཁྲམ་པ་དེ་ཚོས་སྒོར་མོ་རག་ཚར་དུས་བསྟན་པའི་ཆགས་འཇིག་ལ་བསམ་བློ་མི་བཏང་བར། ཉིན་མོ་ཆོས་གོས་བསྒོས། མཚན་མོ་འཕྱོན་མ་དང་མཉམ་དུ་ཨར་ཁང་སོགས་ཉུལ་བ་ལ་བརྟེན་ནས་ཕུང་གསུམ་པའི་སྤྱོད་ ངལ་སྤེལ་བཞིན་པ་དང་། ཕུང་གསུམ་པའི་སྤྱོད་པ་སྤེལ་མཁན་ནང་དུ་བླ་ཆེན་གྱི་མིང་ཁུར་མཁན་ནས་བཟུང་། གྲྭ་བཙུན་དཀྱུས་ཡན་ཆོད་ཡོད། ་་་ཟེར།
སློབ་གཉེར་ཁང་ཚད་ལྡན་ཞིག་བཙུགས་ནས་བླ་མ་ཚད་ལྡན་དང་། གྲྭ་པ་ཚད་ལྡན། ཨ་ནི་ཚད་ལྡན། སྤྲུལ་སྐུ་གྲུང་མ་བཅས་མང་ཙང་གསོ་སྐྱོང་གནང་ཐུབ་ན་ཁང་གོག་ཀ་བ་སྟོང་ཕྲག་ཅན་དང་། སྐུ་འདྲ་རི་ཙམ་བཞེངས་པ་ལས་ཀྱང་ཕན་ཡོན་ཆེ།
ཉིན་མོ་ཆོས་གོས་བགོས། མཚན་མོ་རྒྱག་མཁན་སུ་འདུག ཡོད་ན་མ་མཐར་མི་གསུམ་གྱི་མིང་ནས་སྨོས། དེ་མིན་དེ་རིང་ངས་མོག་མོག་ཟས་ཟིན་མ་ཐག་པ་ཡིན་པས་དེའི་སྐྱག་པ་ཚ་པོ་དེ་ཨོ་ཉི་དང་ཀུན་དགའ་ཁྱོད་གཉིས་ཀྱི་ཁ་ནང་རྫོང་རྒྱུ་ཡིན།
་་་ སངས་རྒྱས་བསྟན་པའི་དགྲ་བོ། དཀོན་མཆོག་གི་དབུ་འཕོངས་སྨད་པའི་དམ་ཉམས། སེམས་ཅན་གྱི་བདེ་སྐྱིད་བརླགས་མཁན་གྱི་གཤེད་མ་ཡོད་ཚད་ཕུང་གསུམ་པ་འདི་ཚོ་རེད། དེ་ཕྱིར་ཕུང་གསུམ་པ་མེད་པར་བཟོ་བར་ཤུགས་སྣོན་རྒྱོབས་ཤོག་་་་་ ཟེར།
ཧ་ཧ་ཧ། དཀོན་མཆོག་གསུམ་ང་ནི་གད་མོ་རྐུབ་ནང་ནས་ཐེངས་མ་གསུམ་ཤོར་སོང་། དང་པོ་རང་ཉིད་ཐོག་མཐའ་བར་གསུམ་ནས་གང་འདྲ་ཡིན་པ་ཞུ་དག་ཐེངས་མ་གཅིག་གཏངས་ནས་ད་གཟོད་བླ་ཆེན་ཁག་ལ་བཀའ་སྐྱོན་གཏང་ན་མི་མཛེས་སམ། ལར་ནི་ས་པཎ་གྱིས། ཝ་ཉིད་ཝ་ཡི་རིགས་ལ་སྡང་། ཞེས་པའི་གསུངས་འདི་དང་། ཁྭ་ལྟས་མི་གཙང་ཟོས་པའི་མཆུ།
གཙང་སར་འཕྱི་བའི་དཔེ་ཟླར་འོས།
ཞེས་པའི་མཁས་པའི་གསུངས་འདི་རྣམས་ལ་ལྷང་ངེར་དྲན་སོང་།
མེ་ཏོག་དཀར་པོ་ཁོ་རང་ཕུང་གསུམ་པ་ཞིག་ཡིན་ཚོད་རེད། ཧཧཧཧཧཧཧཧཧཧཧ
ང་ལ་ཁུངས་དག་ཅིག་ཀ་ཐོག་དགེ་རྩེ་ལབ་ཡ་དེ་མ་གཏོགས་གཞན་གོ་ཐོས་ཙམ་ལས་ཁུངས་ལུང་བཤད་རྒྱུ་མེད། གོ་ཐོས་ལ་རྙིང་མའི་བླ་མ་མཁོ་ཁྱིམ་སྤྲུལ་སྐུ་ཡང་ཕུང་གསུམ་པ་ཡིན་པ་མ་ཟད་སྨིན་གླིང་གི་མཁའ་འགྲོ་དང་དགའ་རོགས་ཞེས་ལབ་ཡ་འདུག །ཡིན་ནའང་ཁུངས་ལུང་ཅི་མེད།
གལ་སྲིད་རྡ་སའི་རི་ཁུག་ཀུན་ལ་ཤིག་བཙལ་བཙལ་བྱས་ཀྱང་ཕུང་གསུམ་པ་གཅིག་ལས་རག་རྒྱུ་མེད་པ་ནི། ཨོ་རྒྱན་ཉི་མ་ཟེར་པའི་ཕུང་གསུམ་པ་ཁོ་རེད། ཁོས་མི་ལས་དགུ་ལས་བྱས་ཏེ་འདུ་ཁང་ནང་ཁྲི་ཐོག་ནས་ཆང་ས་བརྒྱབ་། ད་དུང་ངན་བྱས་ངོ་སོར་ཁྱེར་། མ་ཟད་ཆོག་ཤེས་ཟེར་པའི་དེབ་ཐབས་ཆག་དེ་འདྲ་བཏོན། དེ་ཀློག་དུས་སློབ་གྲའི་བྱིས་པ་ཚོ་ཡང་གད་མོ་ཤོར་བ་དེ་འདྲ་འདུག། ད་དུང་རང་ཉིད་ལ་བསྟན་པའི་ཤ་ཞེན་ཡོད་མདོག་གིས་གཞན་ལ་དམོད་པ་འདི་ངོ་ཚ་མེད་པའི་རྟགས་ལས་ཅི་ཡིན།
་་་་ ཁོས་མི་ལས་དགུ་ལས་བྱས་ཏེ་འདུ་ཁང་ནང་ཁྲི་ཐོག་ནས་ཆང་ས་བརྒྱབ་། ད་དུང་ངན་བྱས་ངོ་སོར་ཁྱེར་། མ་ཟད་ཆོག་ཤེས་ཟེར་པའི་དེབ་ཐབས་ཆག་དེ་འདྲ་བཏོན། ་་་་ཟེར།
སྔགས་འཆང་འདུ་ཁང་ནང་ལ་ཆང་ས་མ་བརྒྱབས་ན། ཁང་པ་གུ་ཡངས་ས་ག་ཝ་ཅིག་ལ་རྒྱབ་དགོས་རེད། ཆོས་གྲོགས་མེ་དཀར་ལགས།
ཨ་ལས། ངས་མེ་ཏོག་དང་མེ་དཀར་གཉིས་ནོར་འདུག དགོངས་དག
གང་བྱུང མང་བྱུང་བྱེད་མཁན་མང་ཆེ་བ་གསར་འབྱོར་བླ་མ་གྲྭ་བ་རེད། དང་པོ་བོད་ནས་ཡོང་དུས་ཀུན་སློང་སྡུག་ཅག་འཁྱེར་ནས་ཡོང་གི་ཡོད། བཙན་བྱོལ་ནང་ལ་གསར་འབྱོར་སྡང་པོ་བྱེད་དགོས་པའི་རྒྱུ་མཚན་དེ་རེད། བོད་ནས་མི་བསད་རྟ་འགྱེལ་བྱས ནས་རྒྱ་གར་དུ་གདན་ས་ཁག་ཏུ་གྲྭ་བ་བྱེད་ཀྱི་ཡོད། སྐད་ཆ་དེ་ཚོ་གསར་འབྱོར་བ་ཁོ་རང་ཚོས་ང་ཚོར་བཤད་མྱོང་།ཡིན་ནའང་གསར་འབྱོར་ནང་ གྲྭ་བ་ཚད་ལྡན་སློབ་གཉེར་ཚད་ལྡན་བྱེད་མཁན་ཉུང་ཉུང་ཡོད། སྐད་ཆ་འདི་ཚོ་གསར་འབྱོར་ལ་མི་དགའ་བྱེད་ནས་བཤད་མིན་དངོས་ཡོད་གནས་ཚུལ་རེད།
ཕུང་གསུམ་པ་ཡིན་ད་གྲུབ་ཐོབ་ཡིན་སུས་མཁྱེན་གྱི་རེད། ཁྱོད་རང་སྔགས་འཆང་སྤྲུལ་མིང་ཅན་གཅིག་ཡིན་སྐད་འདུག་པས་དང་པོ་ནས་ཁྱོད་རང་གྲྭ་བ་ཡིན་ད་སྔགས་པ་ཡིན། བན་ལོག་ལས་མ་འདོད་སྔགས་ལ་ཞུགས་པ་ཞིག་ཡིན་ཐག་ཆོད་རེད། ཁྱོད་སྤྲུལ་སྐུ་ཡིན་ན་སྐྱེ་བ་སྔོན་མ་སེར་མོ་རེད་དམ་སྔགས་པ་རེད་ཞབས་འདྲེན་ཁྱོད་རང་གིས་བཞག་ཚར་ཡོད་ས་རེད། ད་དུང་བླ་ཆེན་ཚང་མ་ཟེར་སུ་༧གོང་ས་མཆོག་གི་དབུས་དགེ་ལྡན་པ། རྒྱལ་དབང་ཀརྨ་པའི་དབུས་བཀའ་བརྒྱུད་པ། བདག་ཁྲི་རྡོ་རྗེ་འཆང་གི་དབུས་ས་སྐྱ་པ། སྨན་གླིང་ཁྲི་ཆེན་དབུས་སྙིང་མ་པ། ཏཱ་ར་ན་ཐའི་དབུས་ཇོ་ནང་པ། སྨན་རི་ཁྲི་འཛིན་དབུས་བོན་པོ་པ་དེ་དག་ཚང་མ་ལ་གོ་རྒྱུ་ཡིན་ཚོད་ལ་ཧམ་པ་རེད། བན་ལོག་དཀོར་གྱི་སྨྱོ་ན་ཅི་ཡང་ཟེར། རང་དཔེ་གཞན་ལ་མ་འདྲེན་ཁ་རོག་སྡོད།
ཀ་རྡོ་བ་ལགས། མེ་ཏོག་གི་མིང་ཐོས་དུས་མེ་ཏོག་དྲན་ནས་ཚག་གེ་ཚིག་གེ་གནང་གི་འདུག་ག ཀུ་རེ་ཞུས།
ཨི་རྒྱན་ཉི་མ་ཁྱེད་ཀྱིས་དེང་སང་གིས་ཡ་མཚན་གྲ་བ་དག་གིས་བྱ་སྤྱོད་དེ་འཛད་པ་མ་ཡིན་པའི་རྒྱུ་མཚན་ཡོད་དམ་།
བདུད་ཀྱི་སྤྲུལ་པ་ཡིན་དྲོ།
འདོད་ཆགས་འདི་ཡི་ཆེ་ལུགས་ཀྱིས། །
བྱ་ཡི་སྤྲུལ་སྐུ་ཡིན་པ་འདྲ། །
གཏི་མུག་འདི་ཡི་ཆེ་ལུགས་ཀྱིས། །
ཕག་པའི་སྤྲུལ་སྐུ་ཡིན་པ་འདྲ། །
ཞེ་སྡང་འདི་ཡི་ཆེ་ལུགས་ཀྱིས། །
སྦྲུལ་གྱི་སྤྲུལ་སྐུ་ཡིན་པ་འདྲ། །
ཁ་ལྕེ་འདི་ཡི་བདེ་ལུགས་ཀྱིས། །
ནེ་ཙོའི་སྤྲུལ་སྐུ་ཡིན་པ་འདྲ། །
དགོས་པའི་ཀ་ཁ་ག་ང་བརྗེད། །
མི་དགོས་ཕྲེང་གོག་ཕོར་གོག་སོགས། །
ཞེན་ཆགས་བདོག་པ་ངོས་འཛིན་པའི། །
སྤྲུལ་གོག་འདི་ཚོར་ཞེ་རེ་མེར། །
ཨོ་ཉི་སྤྲུལ་སྐུའི་མིང་ཁུར་ནས། །
ཡོད་ཚད་སྟེང་ལ་ནག་ཐིག་བསྒོས། །
དབང་ཆེན་སྤྲུལ་སྐུའི་མིང་འོག་ནས། །
རང་ཅག་བོད་འབངས་ཡོངས་ཀྱི་མགོན། །
༧སྐྱབས་མགོན་བསྟན་འཛིན་རྒྱ་མཚོ་ལ། །
སྤ྄ེ་འུ་མིག་་ཤེལ་ཅན་པ་ཞེས། །
འཛེམ་མེད་བསྐུར་འདེབས་བྱེད་ལ་ལྟོས། །
འདི་འདྲ་སྤྲུལ་སྐུ་ཡིན་གྱུར་ན། །
དད་པ་ཟེར་བ་ཕར་ལ་ཞོག །
མོས་པ་ཟེར་བ་གཡུག་ལ་ཞོག །
སྐྱག་པའི་འབུ་ལས་གོང་ན་མིན། །
འདིར་འདུས་ཁ་བརྡའི་མགྲོན་པོ་ཚོ། །
གོ་ན་རྣ་བའི་བུ་རམ་གྱིས། །
མ་གོ་རླིག་པ་གཏུབ་ལ་ཞོག །
ཁ་བརྡ་ཚང་ལགས། གོང་གི་མཆན་འདི་ཚོ་ཁ་བརྡའི་སྒྲིག་གཞི་དང་མཐུན་འདུག་གམ།
སྤྲུལ་སྐུ་སང་གི་ཧ་ལས་པ་གསུངས་འདུག སྐབས་སུ་བབས་པའི་གཏམ་དང་། དུས་སུ་སྨིན་པའི་ཆར་ཞིག་ཡིན་ན་ཡང་བོད་ཀྱི་བླ་ཆེན་ཚོས་ཅི་ཉན་ལེ་མ་རེད།
དགེ་འདུན་སྡེ་གཉིས་གང་རུང་ངེས་དགོས་པ་དེ་གོང་ས་མཆོག་གི་དགོངས་བཞེད་རེད། ཁོང་གིས་ལན་གཅིག་མ་ཡིན་པར་ཐེངས་འགའ་ཞིག་གསུང་ཚར་སོང་། ན་ནིང་དུས་དབང་ཆེན་སྐབས་སུ་ཡང་གསུང་སོང་། རབ་ཏུ་བྱུང་བའི་རྟེན་དུ་བཞུགས་ཐུབ་ན་རབ་རེད། དེ་མ་ཐུབ་རུང་ས་སྐྱ་གོང་མ་རིན་པོ་ཆེ་ནང་བཞིན་རྟེན་གོས་དཀར་ལྕང་ལོའི་སྡེའི་ཁོངས་སུ་ཞུགས་ཐུབ་ན་ཡག་པོ་འདུག གསུངས་སོང་། འདི་ནི་སངས་རྒྱས་ཀྱི་བསྟན་པ་ཡུན་དུ་གནས་པ་དང་། བོད་ཀྱི་ནང་ཆོས་རིན་ཐང་ཅན་དུ་སྔོན་གྱི་གནས་སུ་ཡར་བསྒྱུར་དྲན་ན་དགོས་ངེས་ཤིག་རེད། བོད་ནང་པའི་དགེ་འདུན་པ་ཡོངས་ཀྱིས་འདིའི་གོང་ལ་ཤུགས་རྒྱག་དགོས་ངེས་ཤིག་རེད། གོང་ས་མཆོག་གཅིག་པུས་བསྒྱུར་བཅོས་གཏོང་ཐུབ་པ་ཁག་པོ་རེད། ཁྱེད་ཅག་གིས་ང་ལ་ལྟས་ངན་ཡོད་ཚད་སྒྲོ་བཏགས་ནས་གསུང་གི་འདུག་མོད། དེ་ལ་ཁྱད་པར་གང་ཡང་མེད། གང་ལྟར་ང་རང་འདོད་པ་བསྒྲུབ་རྒྱུ་དེ་ཡིན། ཚང་མའི་ཐུགས་ལ་ཞོགས།
དགེ་འདུན་སྡེ་གཉིས་ཁོ་ནར་ངེས་དགོས་པ་དེ་གོང་ས་མཆོག་དང་། དགེ་འདུན་པ་འགའ་ཞིག་གི་ཆེད་དུ་མ་རེད། འདི་སངས་རྒྱས་ཀྱི་བསྟན་པའི་ཆེད་དུ་རེད། ཡང་དགོས་བོད་གངས་ཅན་པའི་ཚེ་སྲོག་གི་ཆེད་དུ་རེད། བསམ་ཤེས་ན་རེ་ཡོད་ན་ཤུགས་རྒྱག་དགོས་ངེས་ཤིག་རེད། ཆོས་བརྒྱུད་སོ་སོ་ནས་ཤུགས་རྒྱག་འོངས་ན་བསྒྱུར་བཅོས་དང་། ཡོ་བསྲང་བྱ་བ་ལ་དཀའ་ངལ་ཆེན་པོ་ཡོད་ཚོད་མ་རེད། དེ་མིན་རང་ཕྱོགས་དང་། དངུལ་ལོར་སྦྱིན་མཁན་གྱི་བཀའ་དྲིན་ཁོ་ན་བསམ་བཞིན་ཁ་ཕོ་བསྡམ་ནས་བསྡད་ན་བོད་བརྒྱུད་ནང་ཐུར་དུ་འགྲོ་ངེས་རེད་ལ། བོད་བརྒྱུད་ནང་བསྟན་ཐུར་དུ་སོང་ན་བོད་ཐུར་དུ་འགྲོ་བ་ཆོས་ཉིད་རེད། བོད་པའི་རིག་གཞུང་མི་རིགས་དང་བཅས་པའི་ཚེ་སྲོག་བོད་ཀྱི་ནང་ཆོས་དང་འབྲེལ་ཡོད་ནས་རེད། ཁྱེད་ཅག་ལ་ཀླད་པ་ཡོད་ན། ལྷག་བསམ་ཡོད་ན། ལ་རྒྱ་ཡོད་ན་ཕུང་གསུམ་པའི་རྩ་བ་ཆོད་ཅིག ཁྱེད་ཅག་ལ་ངོ་ཚ་ཡོད་ན་ཕུང་གསུམ་པའི་འོག་ཏུ་མགོ་མ་རྒུར་ཞིག ཁྱེད་ཅག་ལ་དམ་ཚིག་དགོས་པ་ཕུང་གསུམ་པའི་གམ་ནས་དབང་མ་ཞུ་ཞིག ཁྱེད་ཅག་ལ་བྱིན་རླབས་དགོས་ན་ཕུང་གསུམ་པ་བླ་མ་བརྟེན་ཞིག ཁྱེད་ཅག་མི་ཞིག་ཡིན་ན་ཕུང་གསུམ་པ་ལ་ཡིད་སྨོན་མ་ཤོར་ཞིག
༧གོང་ས་མཆོག་སོགས་ཀྱིས་དགེ་འདུན་ཡིན་ན་སྡེ་གཉིས་གང་རུང་ཡིན་དགོས་པར་གསུངས་ཀྱང་རྒྱུ་མཚན་ཡོད་པ་རེད། གང་ཡིན་ཟེར་ན་ཁོང་རྣམ་པ་སོ་སོ་དམ་ཚིག་གཙང་མ་དེ་འདྲ་རེད། དེ་འདྲ་ཡིན་སྟབས་བཤད་རྒྱུའི་འོས་བབ་ཡོད་རེད། ཡིན་ན་ཡང་ཁྱོད་ལྟ་བུ་ཚོ་བཤད་ས་དེ་རེད་མ་གཏོགས་བཤད་མཁན་དེ་མ་རེད། དེ་ཤེས་རྒྱུ་གལ་ཆེན་པོ་རེད། ལྷག་ཏུ་ཁྱོད་ལྟ་བུའི་ཆོས་བརྒྱུད་ཀྱི་བརླ་བཙོང་མི་ལུས་ཡི་དྭགས་ཀྱི་ཀུན་སྤྱོད་ཅན། བོད་ཕྱི་ནང་གཉིས་ན་ཞབས་འདྲེན་གྱི་སྐད་གྲགས་ཡོད་པ་ཞིག་གིས་དེ་འདྲ་ལབ་ན་སྙིང་ལ་གདོན་ཞུགས་ནས་ཁ་ལ་བདག་པོ་རྒྱག་མ་ཐུབ་པ་ཙམ་ལས་གང་ཡང་མ་རེད། ཁྱོད་ལྟ་བུས་ཅིག་བཤད་པ་དེ་རྙོག་དྲ་བཟོ་བ་རེད་མ་གཏོགས་ལེགས་བཅོད་བྱེད་པ་མ་རེད་ལ་དེའི་འོས་བབ་དང་འཇོན་ཐང་ཡང་ཡོད་མ་རེད། རྐུན་མ་ཞིག་གིས་རྐུན་མ་ཞིག་ལ་ཅིག་ལབ་ཁུལ་བྱས་པ་ལྟ་བུ་རེད། ཨ་ཁྱི་ནག ཁྱོད་བཤད་ས་དེ་རེད་དམ་བཤད་མཁན་དེ་རེད། ཁྱོད་ཀྱིས་ལེགས་བཅོས་བྱེད་ཀྱི་ཡོད་དམ་རྙོག་དྲ་བཟོ་གི་ཡོད། ཞེ་ཆེན་རབས་འབྱམས་དང་འཁོ་ཁྱིམ་སྤྲུལ་སྐུ་སོགས་ལ་འདི་ནས་སྐུར་འདེབས་ལུང་པ་གང་བྱེད་བཞིན་པ་དེ་ཁྱོད་ཀྱི་གྲུབ་འབྲས་རེད། ཉིན་ཤས་སྒུག་དང་ཁྱོད་དང་ཁྱོད་ཀྱི་ཁྱིམ་ཚང་ཇི་འདྲ་ཞིག་ཡིན་མིན་དྲ་ཐོག་ནས་ངོ་སྤྲོད་བྱེད་ཡོང་ཨ། ད་ད་ཁྱོད་ཁྱབ་བསྒྲགས་བྱེད་སའི་རིན་མེད་ཀྱི་དྲ་ཚིགས་ཤིག་བཟོ་བཞིན་ཡོད་ལ་བོད་ཕྱི་ནང་གཉིས་སུ་ཁྱོད་ལ་བཤད་རྒྱུ་གཏམ་རྒྱུ་ཅི་ཡོད་ཀྱང་བསྡུ་རུབ་བྱེད་ཀྱིན་ཡོད། ངོ་ཚ་དགོས་པའི་པར་ཁ་ཤས་ཀྱང་རག་སོང་། དཀོན་མཆོག་གསུམ་པོ་ཁྱི་ནག་ཁྱོད་ཀྱིས་སྒུག་ཨ། དོལ་རྒྱལ་གསོན་པོ་ཁྱོད་ཀྱི་སྙིང་ཁྲག་ཁ་ནས་བཞུར་ཏེ་ཤི་བར་ཤོག ཞོར་དུ་ཁ་བརྡ་ཚང་ལ་དགོངས་དག་ཞུ།
ཉག་རྡོ་རྗེ་ལགས་ཁྱོད་ཀྱི་ཨོ་ཉི་ཟེར་བའི་ཁྱི་རྒན་དེས་ལོ་རྒྱུས་དང་དཔར་ཡོད་ན་དྲ་ལམ་དུ་གཏོང་རོགས་ཞུ་།
སྔོན་མ་ཁོས་ཁྱིམ་མིང་ལ་ཏྲེ་ཧོར་རྒྱལ་པོ་ཚང་ཟེར་གྱི་ཡོད་ཚུལ་དང་དེངས་སང་མང་པོ་ཞིག་གི་ཏྲེ་ཧོར་རྒྱལ་པོ་
ཡིན་ཟེར་ཀྱི་འདུག་ཚུལ་སོགས་བསད་འདུག། ཧོར་ཟེར་བ་དེས་གོ་དོན་དང་བོད་ལ་ཧོར་གྱི་མིང་ཡོད་ས་ཆ་
ཁ་ཤས་ཡོད་པ་དག་གི་དུས་ཡུན་མ་དཔྱད་པར་སྨྱོ་ལབ་ལུང་པ་གང་བྱས་འདུག་།
རེད་རེད། ད་དུང་བླ་ཆེན་རྣམས་ཀྱིས་ལྷ་ཁང་ནང་དུ་ཆང་ས་རྒྱག་ཆོག་པ་དང་རྟེན་རྙིང་རྩ་ཆེན་རྣམས་ཚོང་བསྒྱུར་བྱེད་ཆོག་པ། ཡུག་མོ་དང་ལྷན་དུ་དགེ་འདུན་གྱི་གྲལ་མགོ་སྡོད་ཆོག་པ། དོལ་ཚོགས་དང་མཉམ་དུ་རྒྱ་དམར་གྱི་སྐུ་མགྲོན་ལ་འགྲོ་ཆོག་པ། ད་དུང་དམ་པའི་སྐྱེས་བུ་དང་ཡི་དམ་ལྷའི་མཉམ་དུ་རང་ཉིད་ཀྱི་པར་འཇོག་ནས་མི་ཆོས་བླ་མའི་བརྫུན་བཤད་ཆོག་པ་སོགས་ཁྱོད་ལ་དགོངས་པ་གནང་དགོས་པར་ངེས།།
བོད་ཀྱི་ཆོས་གྲོགས་རྣམ་པ། ཕྲན་ནི་མི་རང་ངོས་ནས་སྐྱེ་བོ་ཐ་མལ་བ་ཞིག་ཡིན་པས། བདེན་རྫུན་གང་ལ་ཡོད་མེད་སྐོར་ལ་སྐད་ཆ་བཤད་རྒྱུའི་འགན་འཁུར་མེད་མཁན་ཞིག་ཡིན། འོན་ཀྱང་ཁ་བརྡར་སླེབས་ནས་ཡུན་རིང་བོ་མ་སོང་། དེང་སང་སྨྲ་བརྗོད་རང་དབང་གི་འགྲོ་སྟངས་འདི་གང་ས་གང་དུ་ཇེ་དར་དུ་འགྲོ་བཞིན་ཡོད་སྟབས། སྐད་ཆ་འདི་ལབ་ཆོག་པ་དང་། ལབ་མི་ཆོག་ཟེར་བའི་བཀག་སྡོམ་མེད་པར་འགྱུར་བཞིན་ཡོད། འོན་ཀྱང་རང་གི་ལྟ་ཚུལ་འདོན་སྐབས་སུ་ཕན་ཚུན་བར་ལ་གུས་བཀུར་བྱེད་རྒྱུ་གལ་ཆེ་བར་སྙམ།
གནའ་མི་བོད་ཀྱི་གཏམ་དཔེར། མི་སུམ་ཅུར་བསམ་པ་སུམ་ཅུ། །མཛོ་སུམ་ཅ་རྭ་ཅོ་དྲུག་ཅུ། །ཞེས་པའི་དཔེ་ལྟར། མི་རེ་རེར་བསམ་ཚུལ་མི་འདྲ་བ་དང་། དེ་ཕྱིར་ངག་ཐོག་ཏུ་ཕྱིར་འདོན་པ་ནི་འགྲོ་བ་མིའི་ཐོབ་སྟངས་ཀྱི་རྨང་གཞི་དང་བོ་དང་། འཇིག་རྟེན་གྱི་མི་ཆོས་དང་མཐུན་པ་ཞིག་ཡིན། དེས་ན་ཁྱེད་རྣམ་པས་རང་རང་གི་བཞེད་ཚུལ་ཐད་ཀར་དུ་གསུངས་པ་ལ་མི་འདུན་པའི་རྒྱུ་མཚན་ཅི་ཡང་མེད་ཀྱང་། ཚིག་རྩུབ་དྲག་པོ་དང་། གཞི་མེད་གྱི་སྐུར་འདེབས་མི་གནང་བ་ཐུགས་ལ་འཆང་རོགས། དཔྱད་ཚོད་ལ། བརྗོད་བྱ་འདིའི་སྐོར་གླེང་མཛད་མཁན་མང་ཆེ་ཤོས་བཀའ་རྙིང་གི་གྲུབ་མཐའ་གང་རུང་གི་ཆོས་པར་འདྲ་བས། རིས་མེད་བསྟན་པའི་མངའ་བདག་ར་ག་ཨ་སྱེའི་ཞལ་ནས། བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་བ་བཏབས། །དོན་མེད་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས།།ཞེས་གསུངས་པ་ཚང་མས་མཁྱེན་གསལ་ཡིན་ངེས།
རང་རང་སོ་སོའི་མཚན་སྦས་ནས་དགག་ཡིག་མང་བོ་གཏོང་བ་ལ་གྲུབ་འབྲས་ཆེན་པོ་མི་འབྱུང་བས། མ་འོངས་པར་ཉིན་ཞིག་ལ། ཁྱེད་རྣམས་པ་ཚང་མ་དངོས་སུ་འཛོམ་བྱུང་ནས། ཚད་ལྡན་གྱི་སྐྱེ་བོ་ཁ་ཤས་གཟུ་དཔང་དུ་གདན་འདྲེན་བྱས་ནས། བགྲོ་གླེང་བྱས་ན་དགེ་མཚན་ཅུང་ཆེ་བར་སྙམ། རྨོངས་པ་བདག་ལྟ་བུ་ནི་ཁྱེད་རྣམ་པས་རྩོད་གླེང་མཐོང་ཚེ། ལེགས་ཉེས་ཀྱི་བླང་དོར་ཧ་གོ་བ་ཕར་ཞོག།མགོ་བོ་མགལ་མེ་ལྟར་དུ་འཁོར་ནས་ལུང་མ་བསྟན་དུ་འོབས་དུ་ལྷུང་སོང་།
སངས་བསྟན་བོད་ཀྱི་ཚེ་སྲོག་མ་ཡིན་པ་སྐུ་ལོ་ཚོའི་ཚེ་སྲོག་རེད། སངས་བསྟན་མེད་ན་སྤྲུལ་སྐུ་རྣམས་ལ་གུས་བཀུར་བྱེད་མཁན་མེད་ཅིང་རིན་ཐང་སྤྲད་མཁན་དེ་བས་མེད་པས་ཁ་ཟས་ལ་དོ་ཕོག་འགྲོ་བས་ཐུགས་འཁྲལ་ཡོད་པ་རྒྱུ་མཚན་ཡོད་ཀྱང་། བོད་ལ་མཚོན་ན་དེ་ལས་ལྡོག་ཕྱོགས་རེད།
ཧཧཧཧ། དཀོན་མཆོག་གསུམ། རྩོམ་ཡིག་དང་མཆན་རག་ཙམ་ཀློག་རྗེས། འདི་འདྲའི་སེམས་པ་ཐང་ཐང་མེད་མཁན་རྐྱང་རྐྱང་ཁ་བརྡ་ནང་དུ་འཚང་ཀ་རྒྱབ་པ་དགོད་ཁ་ཡང་ཤོར། འདི་ཚང་མ་སྨྱོན་ནད་སྨན་ཁང་ལ་བསྐྱལ་རན་པས་མི་ཚད་ཕྱིས་དྲག་འདུག
ད་འདིར་ངེད་ཚོ་ཚང་མ་དམ་ཚིགས་ཆག་རོའི་གཡང་ལ་ལྷུང་བའི་མཆན་འགའ་ཤས་འདུག རང་མི་རིགས་ཀྱི་མཐུན་སྒྲིལ་ལ་གནོད་པ་དང་། ཆོས་ལུགས་ཀྱི་མཐུན་སྒྲིལ་ལ་གནོད་པ། དེ་བཞིན་བོད་གཞིས་བྱེས་མཐུན་སྒྲིལ་ལ་གནོད་པའི་མཆན་འཐོན་ཡོང་བཞིན་འདུག ཚང་མས་ཐུགས་རྗེས་གཟིགས། བྱམས་པ་དང་བཟོད་པ་དང་། སྙིང་རྗེ་དང་། བོད་པ་གཅིག་པའི་ལ་རྒྱ་དང་། དེ་བཞིན་སྟོང་པ་ཉིད་ཀྱི་ལྟ་བ་དང་། སྔགས་ཀྱི་སྡོམ་པ་དང་། དེ་བཞིན་མ་མཐར་ཡང་། ང་ཚོ་ཚང་མ་མ་ནི་གྲངས་མཁན་གཅིག་པ་ཡིན་པའི་འདུ་ཤེས་ཀྱིས་དགོངས་པ་རྒྱ་ཆེ་ཙམ་བཞེས་རོགས། འདི་ཞུ་བ་ཡིན་མ་གཏོགས་བཀའ་མིན།
བླ་སྤྲུལ་རྣམས་ཀྱིས་དུས་རྒྱུན་མི་ཆོས་བླ་མའི་ཆོས་རྫུན་བཤད་ན་སྡོམ་པ་རླགས་ཚུལ་ག་ཚོད་ཀྱིས་གསུངས་ཀྱང་དོན་དངོས་ཁོང་ཚོའི་སྐྱེས་བ་སྔ་མའི་རྣམ་ཐར་ཅི་ཡང་དྲན་ཡུལ་དུ་མེད་ཀྱང་དྲན་ཁུལ་བྱེད་པ་ནི་མི་ཆོས་བླ་མའི་ཆོས་རྫུན་རེད་ལ། ནང་ཆོས་ལྟར་ན་རང་ཉིད་དམྱལ་བ་འགྲོ་བྱེད་ཀྱི་ས་བོན་རེད། འོན་ཀྱང་རང་གི་ཁེ་ཕན་ཆེད་དུ་དངོས་ཡོད་གསུངས་མཁན་ཧ་ཅང་དཀོན་ཅིང་ཕལ་ཆེར་མེད་པ་མཐོང་ཆོས་རེད། དེ་ནི་བཟང་སྤྱོད་ཀྱི་ལྡོག་ཟླ་རེད།
ཁ་ལྕེ་གཅོད་རྒྱུ་ཆ་བོ། དབེན་པའི་གནས་འི་དགོན་པ་དང་བླ་མ་དང་གྲྭ་ཚང་གི་ཐུགས་མ་བསྲེག་པར་འདུག་གི་བཅུག་ན་མི་འགྲིག་གམ། མི་ལས་ངན་ཁ་ན་གཏམ་ངན། ཚེ་ཕྱི་མིའི་ལམ་ན་དམྱལ་བ་ཟེར་བ་ལྟར། ཁ་སྡུག་ཡིད་སྡུག་བསགས་གི་མ་འདུག་ར་སྲལ་ནི་རེད། དྲ་གྲོགས་ཀླད་སྟོང་ཚོ།
གོང་དུ་དྲྭ་གྲོགས་རྙིང་པ་པདྨ་དཀར་པོ་དང་གསར་བ་ཉག་རྡོ་རྗེ་ནོར་བུ་རྣམས་པ་གཉིས་ལ་ཞུ་རྒྱུར། གསོལ་རས་བསྩལ་བའི་མདོ་ཟེར་བ་དེ་འབྲི་མཁན་ང་མིན་པར་མཐོ་རིམ་སློབ་མ་ཟེར་བ་དེས་བྲིས་ནས་ཁ་བརྡ་ལ་བཞག་འདུག །དེ་ནས་ངས་ནང་འདྲེན་བྱས་ནས་ངོ་དེབ་སྒང་ལ་གཅིག་བཞག་པ་ཡིན། འབྲི་མཁན་ང་མིན། ཡིད་མི་ཆེས་ན་ཁ་བརྡའི་རྩོམ་སྒྲིག་ཁང་ལ་སྐད་ཆ་དྲིས་དང་གསལ་བཤད་བྱེད་ཀྱི་རེད། དེ་མིན་མི་ལ་ཞྭ་མོ་ནག་པོ་མི་གཡོག་པར་མཁྱེན། གལ་ཏེ་མི་སྒེར་ཐད་ནས་མ་འགྲིག་པ་རེ་ཡོད་ན་ཁ་གསལ་གནོངས་དང་འབྲེལ་ལམ་བྱེད་ཆོག །གལ་ཏེ་ང་རང་གིས་བྲིས་པ་ཞིག་ལ་ཁྱོད་ཚོས་སྐྱོན་བརྗོད་དང་རྩོད་གླེང་བྱུང་ན་ཕྱིར་ནུར་མེད། དེ་མིན་དཀྲོག་གཏམ་མ་སྤེལ་རོགས་སྐུ་ཚེ་རིང་། དངོས་གནས་ཡིན་ད།
རང་བཅས་ངོ་ལ་གོན། གཞན་བཅས་ཁ་ལ་ཁུར་ན། ཕན་དུ་མ་དགོས་གནོད་དུ་འགྲོ་ས་རེད། ངོ་རྫོགས་རྒྱུ་ཚོ།
༢༨༽ ཨོ་རྒྱན་ཉི་མ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༤ གི་ཆུ་ཚོད་ ༡༥ སྐར་མ་ ༢༥
་་་་་་ དགེ་འདུན་སྡེ་གཉིས་ཁོ་ནར་ངེས་དགོས་པ་དེ་གོང་ས་མཆོག་དང་། དགེ་འདུན་པ་འགའ་ཞིག་གི་ཆེད་དུ་མ་རེད། འདི་སངས་རྒྱས་ཀྱི་བསྟན་པའི་ཆེད་དུ་རེད། ་་་་་་་་ཟེར།
གཞན་ལ་བཤད་བྱེད་ཁ་ཡོད་ན། །
རང་ལ་ཉན་བྱེད་རྣ་དགོས་ཞེས། །
གནའ་གཏམ་རྒན་པོའི་བསླབ་བྱ་འདི། །
ཁྱོད་ཚོས་གོ་མྱོང་མེད་ཚོར་རེད། །
དབྱིག་གཉེན་གྱིས།
སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །
ལུང་དང་རྟོགས་པའི་བདག་ཉིད་དོ། །
ཨོ་ཉིས།
དེ་འཛིན་གོས་དཀར་ལྕང་ལོ་ཅན། །
རབ་འབྱུང་ངུར་མེད་གཉིས་སུ་ངེས། །
ཀརྡོས།
དེ་འཛིན་སྒྲུབ་དང་སྨྲ་བྱེད་པའི་ །
ཆོས་བརྒྱུད་བཞི་ཀ་རྒྱུན་གནས་ཤོག །
ཨོའོ། ཨོ་རྒྱན་ཉི་མ་རིན་པོ་ཆེ་ལགས། ཕུང་སུམ་པ་འདི་ཚོ་སྡུག་ཅག་མ་རེད་དཱ། ཁོ་ཚོས་བོད་གྲངས་ཉུང་རིགས་ལ་ཤ་ཞེན་བྱས་ནས་མི་རིགས་ཡར་རྒྱས་གཏོང་ཡག་ལ་འབད་བརྩོན་དང་ཐབས་ཤེས་བྱེད་ཀྱིན་ཡོད་པ་རེད། རིན་པོ་ཆེས་མ་མཁྱེན་ནམ།
དྲ་གྲོགས་ཚོ། གོང་གི་མཆན་བུ་དག་གིས་བློ་ཡུལ་དུ་མི་ཤོང་བའི་ཚིག་མཚོན་འདེབས་པོ་ཚོ། ནང་པའི་ཆོས་པ་ཡིན་ཟེར་མཁན་ཚོ་རེད། ད་ཆོས་པ་ཚོའི་བཟོ་ལྟ་གང་འདྲ་འདུག འདི་ཚོས་དགེ་སློང་གི་ཆོས་བཞི་ཟེར་ཡ་ཞིག་ཡོད་པ་ཕལ་ཆེར་གོ་ཐོས་ཙམ་ཡང་མེད་པ་འདྲ། ད་དུང་གསར་རྙིང་བར་ལ་དཀྲུག་ཤིང་མཁན་པོ་ནུབ་ཕྱོགས་གང་ཕྲུག་ཧ་ཧ་ཧ། ༧གོང་ས་ལགས། ཁྱེད་ཀྱིས་འདི་ཚོ་གཟིགས་དུས་ཐུགས་ཕམ་བྱུང་སྲིད། འདི་འདྲ་མཐོང་ཐེངས་རེར་རེ་བ་ཡོད་ཚད་བརླག་འགྲོ་གི་འདུག ཆོས་ལུགས་བར་གྱི་དཀྲུག་ཤིང་། ཆོལ་ཁ་བར་གྱི་དཀྲུག་ཤིང་། གསར་འབྱོར་དང་རྙིང་འབྱོར་བར་གྱི་དཀྲུག་ཤིང་། དོན་དངོས་མི་འདི་ཚོའི་ལས་ཀ་འདི་རེད་དམ། ཀྱེ་གངས་ཅན་མགོན་པོ་ལགས། ཕ་ཡུལ་ན་ཕུ་ནུ་མིང་སྲིང་ཚོ་རེ་རེ་བཞུད་ཀྱིན་འདུག མི་འདི་ཚོས་དེའི་སྐོར་ལ་རྗེས་དྲན་གྱི་རྩོམ་ཚིག་བཞི་ཙམ་ཡང་བྲིས་ཨེ་ཡོད་ན། མི་གཤིས་བོར་ཟིན་པའི་མི་བུ་འདི་དག རེ་བ་རྒྱག་ས་ཅང་རེད་མི་འདུག
ལག་ན་ལྷུང་བཟེད་ཐོགས་ཤིང་མགོ་བྲེགས་རྣམ་པར་བྱས་པ་དང་།
ང་རྒྱལ་ངེས་པར་སྤངས་ཤིང་ངུར་སྨྲིག་གོས་ནི་ཡོངས་བགོས་ནས།
རྒོད་པོར་གྱུར་པ་གང་ལ་བརྟན་པ་ཉིད་དང་ཞི་བ་མེད།
རི་མོའི་སྒྲོན་མ་བཞིན་དུ་དེ་ཡོད་པ་དང་མེད་པ་ཉིད།། ༤༨ །།
གང་ཞིག་རབ་ཏུ་བྱུང་ཡང་འདོད་དང་ཆགས་པ་དག་ལས་རབ་མ་བྱུང་།
གང་ཞིག་ངུར་སྨྲིག་འཆང་བར་གྱུར་ཀྱང་སེམས་ཀྱི་དྲི་མ་མ་སྤངས་པ།
ལྷུང་བཟེད་སྣོད་ནི་འཛིན་ཀྱང་ཡོན་ཏན་རྣམས་ཀྱི་སྣོད་དུ་གྱུར་མ་ཡིན།
རྟགས་ཙམ་འཛིན་པར་བྱེད་ཀྱང་ཁྱིམ་པ་མ་ཡིན་དགེ་སློང་མིན།། ༤༩ །། ལེའུ་ ༧
སློབ་དཔོན་རྟ་དབྱངས་ཀྱིས་འདིར་ཤློ་ཀ་གཉིས་པའི་ཚིག་རྐང་བཞི་པ་ན་ཁྱིམ་པ་མ་ཡིན་དགེ་སློང་མིན། ཞེས་པའི་་ཕུང་གསུམ་པ་དེ་དགེ་སློང་ཨོ་རྒྱན་ཉི་མའི་ཞེ་འདོད་དངོས་མ་དེ་ཡིན་ནམ་སྙམ་མོ།།
དབང་ཆེན་མིང་ཅན་ལ། ཁྱོད་ཀྱིས་དེ་བྲིས་མེད་ཟེར་བ་བདེན་པ་ཡིན་པའི་རེ་བ་ཡོད། ལར་ནས་ཁྱོད་ཀྱི་ཤ་ཁྲག་རུས་གསུམ་སྒང་པ་བོད་ཀྱི་ཤ་ཁྲག་རུས་གསུམ་གྱི་ཆ་ཤས་ཅིག་ཡིན་ཚོད། སྐད་ཆའི་བབ་ལ་གཞིག་དུས་བོད་མདོ་ཁམས་དང་ཆོས་བརྒྱུད་རྙིང་མར་ཁས་ཆེ་བ་ཞིག་ཡིན་པར་ཚོད་དཔག་བྱེད། དེས་ན་ཁྱོད་ཀྱིས་བྲིས་པ་དག་གི་ཞར་དང་ཞོར་ལ་༧གོང་ས་མཆོག་ལ་ཟར་དང་ཟུར་ནས་གཅིག་འགྲིག་གི་མིན་འདུག་མདོག་མདོག་བྱས་མཁན་ཞིག་ཡིན་པ་ཤེས་ཡོད། རེ་བ་ཞུ་རྒྱུར། ༧གོང་ས་མཆོག་ལ་དད་པ་བྱེད་དང་མ་བྱེད་མི་སྒེར་གྱི་རང་དབང་རེད། ཡིན་ནའང་ངན་སྨྲས་དང་འཚང་འབྲུ་བ་དེ་འདྲ་མ་གནང་རོགས་ཞེས་སླར་ཡང་རེ་བསྐུལ་ཞུ།
མངའ་རིས་པཎ་ཆེན་གྱིས། འདི་དང་གོ་མི་གཉིས་ནི་ཁྱིམ་པ་དང་། །རབ་བྱུང་གཉིས་ཀ་མིན་ཞེས་མཁས་རྣམས་བཞེད། །ཅེས་གསུངས། འདི་ཞེས་པ་ཚངས་སྤྱོད་དགེ་བསྙེན་ནོ།།
སོ་སོའི་སྐྱེ་བོ་ཐམས་ཅད་ཕུང་གསུམ་ལས་ཐར་དཀའ། འོན་ཀྱང་སྤྲུལ་སྐུའི་མིང་ཁྱེར་ནས། གསོལ་རས་བསྩལ་བའི། ཞེས་བོད་ཀྱི་སྔོནབྱོན་མཁས་པ་རྣསས་ཀྱི་ཡི་གེའི་དག་ཆ་འཇིག་པར་བྱེད་པ་དེ་སྙིང་རུལ་པ་ཞིག་ཏུ་མི་འདུག་གམ།
་་་་་དགེ་སློང་ཨོ་རྒྱན་ཉི་མའི་ཞེ་འདོད་དངོས་མ་དེ་ཡིན་ནམ་སྙམ་མོ།། ཟེར།
རྔ་ཕར་མ་བརྡུང་ན་སྐད་ཚུར་མི་གྲགས་ཟེར་བ་ལྟར་དང་པོ་སྐྱེན་སློང་མཁན་སུ་རེད་ལྟོས། ནད་ཀྱི་འབྱུང་སྐྱེན་
གྱོད་ཀྱི་གཞི་མ་ བྱོལ་གྱི་སྣ་འདྲེན་སུ་རེད་འདུག་ལྟོས་ཚང་མས་བཤད་ཡ་ཡོད་ན་དེ་ལ་ཤོད།
དགེ་སློང་ཨོ་ཉི།
སྣང་བ་དག་པའི་ལ་དྭགས་པས། །
ཨོ་ཉི་དགེ་སློང་རྣམ་པར་མཐོང་། །
སྣང་བ་མ་དག་ཀརྡོ་ངས། །
ཨོ་ཉི་མོ་ཡོད་སྔགས་འཆང་མཐོང་། །
གསལ་བཤད་ཙམ་མོ་འཇམ་དཔལ་ལགས། །
འབྱུང་སྐྱེན་མ་རེད་འབྱུང་རྐྱེན་རེད། བྱོལ་གྱི་སྣ་འདྲེན། འདི་ཡང་། བྱུར་གྱི་སྣ་འདྲེན་ཡིན་དགོས།
བོད་ཀྱིས་བླ་ཆེན་མང་པོ་ཡོད་རེད་སྟེ་ཕྱེད་ཀ་ནི་ཆ་སྲིད་ལ་དང་འབྲེལ་བའི་བླ་ཆེན་རེད་ ཡང་དག་པའི་བླ་ཆེན་དངོས་གནས་དེ་ས་སྐྱ་གོང་མ་རེད་བསམ་གི་འདུག་་་གང་ཡིན་ཟེར་ན་ ས་སྐྱ་ནང་ཁུལ་མཐུན་སྒྲིགས་དང་ཤེས་ཡོན་རིགས་གནས་སོགས་གང་ཐད་ནས་ཡག་པོ་འདུག་ས་སྐྱ་ཆོས་ལུགས་ལ་བར་ཆད་མ་ཡོང་བའི་སྨོན་ལམ་ཞུ་། དཔེ་ན་དགེ་ལུགས་དང་་བཀའ་རྒྱུད་ནང་སྙོག་དྲ་རྙིང་མ་ནང་རྙོག་དྲ་་ཚང་མ་ཆ་སྲིད་རྟེན་ནས་ཡོང་བ་རེད་་་དེ་བསམ་ན་་་བོད་ཀྱིས་བླ་མ་ཆེན་ཆུང་སུ་གང་གིས་ཆ་སྲིད་རྩ་བ་ནང་དཔང་པ་ཡིན་ན་་ནང་པའི་བསྟནཔ་དེ་ཡང་དག་པ་ཞིག་ཆགས་ཐུབ་ཀྱི་རེད་བསམ་གི་འདུག
སེམས་ཅན་ལས་ངན་འདི་ཚོ་སྙིང་མ་རྗེ
ཁོང་ཁྲོའི་གཞན་དབང་གྱུར་ཚོ་སྙིང་མ་རྗེ
ཐ་མལ་ལས་ཀྱང་དམན་ཚོ་སྙིང་མ་རྗེ
གཟའ་འཛིང་བྱེད་མཁས་འདི་ཚོ་སྙིང་མ་རྗེ
གངས་སེང་། ཁྱོད ་ནོར་སོང་། ཕུང་གསུམ་འདི་ཚ་བསྟན་པ་དང་མི་རིགས་གཉིས་ལ་ལྷག་བསམ་མེད་མཁན་རྐྱང རེད་། ཁོ་ཚོས་བུད་མེད་གཡེམ་པ་ལས། ཕྲུ་གུ་གསོ་མི་འདོད་པ་དེ་རེད།
ཕུང་གསུམ་པའི་གསོ་ཕྲུག་དེ་ཚོ་བསླེབ་འདུག ཕུང་གསུམ་པ་ཚོས་དངུལ་གྱིས་འགྲོ་སྒོ་བཏངས་ཏེ། མི་གསོད་དགོས་ན་གསོད་ངེས་རེད། ཕུང་གསུམ་པ་ཞིག་ཡིན་ནས་བཟུང་བསྟན་པ་ལ་ལྷག་བསམ་མེད་པ་སྨོས་མེད་ཐོག མི་རིགས་ཀྱི་ལ་རྒྱ་མེད་མཁན་རྐྱང་རྐྱང་། དེ་ཕྱིར་ཚང་མས་གཏམ་བཤད་ན་རང་གཞན་གཉིས་ཀར་སྨན་པ་ཞིག་ལས་གཞན་ཞིག་མ་བཤད་ན་ལེགས་པར་སེམས།
ཀརྡོ་གཉེར་ཕྱག་པ་ཡིས་དགོངས་དགོས་པ།
དགེ་སློང་རྟགས་ཙམ་འཛིན་པ་ལ་སོགས་པ།
རྣམ་པ་ལྔ་རུ་བཤད་པར་ཡིད་ལ་དྲན།
ཨོ་ཉི་ཉོན་བཅོམ་དགེ་སློང་མ་ཡིན་ནམ།།
གོས་དཀར་རྐྱང་ལོ་དང་རབ་བྱུང་ངུར་སྨྲིག་གི་སྡེ་ཟེར་བ་ནི་ཁ་གཡར་ས་ཙམ་རེད། དེ་ལྟར་ཡིན་ན་སྐྱ་སེར་དབྱིན་མོའི་སྡེ་ཞིག་ཁ་སྣོན་བྱེད་དགོས་ཏེ། འདུལ་བ་ཡུལ་དང་སྟུན་དགོས་བས་སོ།
བསླབ་པ་ལ་རིན་ཐང་མེད་ཅིང་། ཆོས་གོས་ལ་དགོས་པ་མེད་པའི་དུས་ཚོད་འདིར་ཕུང་གསུམ་པ་ཚོ་ཧམ་པ་ཆེ་ཞིང་། བསྟན་བཤིགས་མགོ་བོ་མཐོ། ཁྲམ་པ་ལ་རྒྱབ་སྐྱོར་མང་། བླུན་པོ་མགོ་བོ་འཐོམ།
བླ་རྒན་དང་མི་རྒན་ཚོས་མི་ལོ་ལྔ་བཅུ་ལྷག་ལ་དཀའ་ངལ་ཁྱད་དུ་བསད་ནས་བསྒྲུབས་པའི་བོད་མིའི་ཡ་རབས་སྤྱོད་བཟང་ཁྱབ་སྤེལ་དང་། རིག་གཞུང་གི་ཁྱད་ཆོས་ངོམས་པ་དག་ཕུང་གསུམ་པ་འདི་ཚོས་རྨང་ནས་བཤིགས་བཞིན་པ་རེད། དེ་ཕྱིར་ཚང་མས་བསམ་བློ་ཡག་པོ་ཐོངས་དང་།
སངས་རྒྱས་ཡོན་ཏན་སུ་ཡིས་རྟོགས།
ཕྱི་ཚུལ་གཤན་པ་ཉ་པ་ལ།
ནང་སེམས་བྱང་ཆུབ་སེམས་པ་ཅན།
རྟོགས་པའི་ཡོན་ཏན་བསམ་མི་ཁྱབ།
སྤྱིར་བླ་ཆེན་ལ་བཤད་རྒྱུའི་གཏམ་བླ་ཆེན་ལ་མ་སྤྲད་པར་འདིར་དྲངས་པའང་དོན་མེད་དུ་ཟད།
ཨོ་ཉི་ཁྱེད་སྤྲུལ་སྐུའི་མིང་ཁུར་ཡོད་ཚོད་འདུག་པས་ཁྱོད་སུའི་སྤྲུལ་སྐུ་རེད། གོང་དུ་ངས་དབང་ཆེན་ཁྱེད་གཉིས་ངོས་འཛིན་པའི་ལུང་ཞིག་ཡོད་པ་དེའི་ནང་གཅིག་ཨེ་རེད།
ཨོ་རྒྱན་ཉི་མ་རིན་པོ་ཆེ་ལགས། ང་ནོར་ཡོད་སྲིད་པ་རེད། ཡིན་ནའང་ངའི་བསམ་པར་ཁོ་ཚོ་བོད་མི་ཡིན་པའི་ཆ་ནས་བོད་ཀྱི་ལ་རྒྱ་དོར་ཡོད་སེམས་མེད། ང་ལ་གཞན་སེམས་ཤེས་པའི་མངོན་ཤེས་མེད་པས་ཁོ་ཚོའི་ཀུན་སློང་གང་འདྲ་ཡོད་མེད་ཤེས་མ་སོང་། གལ་སྲིད་ཁོ་ཚོའི་ཀུན་སློང་སྡུག་ཅག་ཡོད་ན། ཁྱེད་ཀྱིས་དགོངས་པས་ཁོ་ཚོའི་ཀུན་སློང་དག་པར་བསྒྱུར་རོགས་གནང་། ཐེག་ཆེན་ཀྱི་གཞུང་རྣམས་སུ་ཐམས་ཅད་དག་སྣང་སྦྱོང་ནས་སྣང་སྲིད་དག་པ་རབས་འབྱམས་འབའ་ཞིག་བསྒྱུར་དགོས་པར་གསུང་པས་དེ་ལྟར་མཛད་པ་ལས། ཁ་ངན་དང་ཚིག་ངན་གྱི་ཀུ་ཅོས་ལུང་པར་མ་བཀང་རོགས་གནང་ཞེས་ཞུ་འདོད་བྱུང་སོང་ལགས།
བླ་ཆེན་ཚོར་ཟུར་ཞུས་ཙམ་གྱིས་ཕན་ཐོགས་མི་འདུག་་་་་་་་་་་་་་་་་་་་་་་་་་་་་་ དེ་ཕྱིར་མང་ཚོགས་ཡོད་སར་བཀྲམ་ན་ཕན་ཐོགས་ཤིག་ཡོད་ན་བསམ་ནས་འདིར་བྲིས་པ་ཡིན། བླ་ཆེན་ཚོ་གོ་ས་འཛིན་པར་མི་སྐྲག་ཀྱང་། གོ་ས་བེད་ཆོད་གཏོང་བར་འཇིགས་མཁན་རྐྱང་རྐྱང་རེད། གོ་ས་བཟུང་ན་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་པ་ལས། རང་དགར་བཞུགས་བསྡད་ན་ག་ལ་འགྲིགས། སྤྱིར་བཏང་བླ་ཆེན་སྐུ་བསྒྲེས་ཚོས་བསྟན་པ་ལ་བྱ་བ་རྩ་བ་ནས་བྱེད་ཀྱིན་མི་འདུག་ཅེས་ཞུས་པ་མིན་ཏེ། བསྟན་བཤིགས་ཚོར་ཁ་བལྟས་གཅོག་པའི་སྤོབས་པ་མི་འདུག་ཅེས་བཤད་པ་ཡིན།
བོད་བཙན་བྱོལ་དུ་འབྱོར་བ་ནས་རིམ་པར་ནུབ་ཕྱོགས་གཙོས། དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་མང་པོར་དགེ་བཤེས་བླ་སྤྲུལ་མང་པོ་ཞིག་ཕེབས་དགོས་བྱུང་བ་རེད། དང་པོ་ཕེབས་པའི་དགོས་དམིགས་ནས་ཕྱིས་ཀྱི་དགོས་དམིགས་བར་ལ་ཁྱད་པར་ཆེན་པོ་ཤོར་བ་ཨྱོན་ཉི་མས་དངོས་མཐོང་ཁག་ཅིག་ལས་གསལ་བཤད་བྱས་འདུག་པ་དེ་གཞི་འཛིན་ས་མེད་པར་མི་བསམས། ཡིན་ནའང། བོད་ཀྱི་ནང་པའི་གྲུབ་མཐའ་སོ་སོའི་ཁྱབ་ཁོངས་དང་དེ་འཛིན་པར་ཁས་འཆེ་བ་དག་གིས་ག་རེ་ག་རེ་བྱེད་ཀྱི་ཡོད་མེད་དབྱེ་བ་ཅིག་འབྱེད་ཐུབ་ན་གསལ་བོ་ཆགས་ཀྱི་རེད། ངེད་རང་ཕྱི་རྒྱལ་ཁག་ཁ་ཤས་ཤིག་ཏུ་འགྲོ་སྐབས་ཆོས་ཚོགས་རེ་འགར་བཅར་ཏེ་ལྟ་རྒྱུ་བྱུང། སྲང་བར་ན་བོད་ཀྱི་དགེ་འདུན་པ་དང་བུ་མོའི་འདྲ་པར་མཉམ་བཀོད་ཀྱི་ཡིག་ཆ་འགྲེམས་བཞིན་པ་ཁ་ཤས་ལ་དངོས་སུ་ཐུག་མྱོང། ཡིན་ནའང། འདི་དག་ལ་བོད་མི་ཙམ་མ་ཟད། སྤྱིར་བདེན་པ་གཞི་བཅོལ་བའི་མི་ཚེ་བསྐྱལ་མཁན་ཞིག་ཡིན་ན་སེམས་ཁྲལ་ཡོད་ཡོད་པ་རེད། འདི་རིགས་ལ་བླ་ཆེན་རྣམས་ལ་ཞུ་འབུལ་བྱས་པ་ཙམ་གྱིས་དེ་ཙམ་ཕན་ཐོག་འབྱུང་མིན་ཐེ་ཚོམ་རེད། འདིའི་དཀའ་ངལ་སེལ་ས་གཙོ་བོ་མི་མང་ནང་ནང་ཆོས་ཀྱི་གོ་རྟོགས་སྤེལ་ཏེ་མིག་ཕྱེས་པ་ཡིན་ན། ཆོས་རྣམ་འབྱེད་ཀྱི་བློ་མིག་རྒྱས་ཏེ་ཕར་ཕྱོགས་ནས་ཅི་ཞིག་ལབ་ཀྱང་ཡིད་ཆེས་བྱེད་སྟངས་མ་ནོར་བ་ཞིག་ཡོང་གི་རེད། མ་གཞི་ནས་༧གོང་ས་མཆོག་གིས་དག་ཐེར་མ་བྱས་པ་ཞིག་དང། ༧གོང་མ་རིན་པོ་ཆེ། དེ་བཞིན་༧རྒྱལ་བ་ཀརྨ་རིན་པོ་ཆེ་མཆོག ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སོགས་ཀྱིས་དཀའ་ངལ་འདི་ཚོའི་ཐད་བཀའ་སློབ་ཕེབས་ཕེབས་པ་རེད། ཡིན་ནའང། བརྩི་མི་བརྩི་དེ་གནས་ཚུལ་གཞན་ཅིག་རེད། ནམ་ཞིག་བོད་མི་ཚོས་དངོས་གནས་ཡོན་ཏན་ལ་ཆེ་མཐོང་བརྩི་བཀུར་བྱེད་རྒྱུ་ལས་མིང་ཙམ་ལ་དེ་ཙམ་དང་དོད་མི་བྱེད་པའི་དུས་སྐབས་ཤིག་ཤར་བ་ཡིན་ན་དཀའ་ངལ་འདི་རིགས་ཡལ་འགྲོ་ཡི་རེད། དཔེར་ན། གྲྭ་སར་སློབ་གཉེར་ལ་གཅིག་ཏུ་བརྩོན་པའི་གྲྭ་བ་གྲྭ་རྐྱང་ཞིག་ལས་བླ་སྤྲུལ་གྱི་མིང་ཙམ་ཡོད་པའི་བྱིས་པ་སྣབས་ལུག་ཅིག་ལ་ཕྱག་འཚལ་ཐལ་མོ་སྦྱར་ཏེ་དད་དད་དུངས་དུངས་བྱེད་པ་ལྟ་བུ་རེད། དེས་ན་ཕྱོགས་ཡོངས་ལ་བསམ་ཞིབ་ཀྱིས། བླ་ཆེན་ཚོར་ག་རེ་བྱེད་རྒྱུ་ཡོད་མེད་བསམ་བློ་འཁོར་མི་ཐུབ་པ་ཞིག་མ་རེད་བསམས།
“གྲྭ་སར་སློབ་གཉེར་ལ་གཅིག་ཏུ་བརྩོན་པའི་གྲྭ་བ་གྲྭ་རྐྱང་ཞིག་ལས་བླ་སྤྲུལ་གྱི་མིང་ཙམ་ཡོད་པའི་བྱིས་པ་སྣབས་ལུག་ཅིག་ལ་ཕྱག་འཚལ་ཐལ་མོ་སྦྱར་ཏེ་དད་དད་དུངས་དུངས་བྱེད་པ་ལྟ་བུ་རེད། ” ལེགས་བཤད་དུ་སྣང་།
ཕུང་གསུམ་པའི་གཏེ་བོ་དེ་ཚོ་ལ་རྒྱབ་སྐྱོར་བྱེད་མཁན་དང་། ཁྲམ་པ་དེ་ཚོ་ལ་མིང་དང་གོ་ས་སྤྲད་མཁན་ཚང་མ་བླ་ཆེན་དེ་ཚོ་རེད། དེ་ཕྱིར་བླ་ཆེན་ཚོར་ཞུས་པ་ཡིན། ཡང་ན་ཁྲམ་པ་ལ་མགོན་སྐྱོབ་བྱ་རྒྱུ་མཚམས་བཞག་རོགས་ཀྱིས། ཡང་ན་ཁྲམ་པ་དེ་དག་ཚར་གཅོད་རོགས་ཀྱིས། ཤར་ཁུག་ང་གཉིས་ཟ་ཁང་ཞིག་གི་ཐུག་སོང་མོད། ངས་ཀྱང་ཁྱེད་ལ་སྙད་འདོགས་པ་ཡང་ཁྱེད་རང་གིས་དྲན་ཡོད་ཚོད་རེད། བོད་ཤོར་མ་ཤོར་དུས་ཀྱི་བོད་ཀྱི་དགེ་འདུན་པ་དང་། དེང་སང་གི་དགེ་འདུན་པ་། ད་དུང་བཙན་བྱོལ་ལ་ཐོག་མར་སླེབ་མཁན་དང་། རྗེས་སུ་སླེབ་མཁན། ད་དུང་མཁན་སྤྲུལ་དགེ་གསུམ་གྱི་མིང་ཉོ་མཁན་དང་། རྐུ་མཁན། འཕྲོག་མཁན་དེ་ཚོ་ཡང་དེང་སང་མང་པོ་རེད། དེ་ཕྱིར་ཆོས་བརྒྱུད་ཚང་མས་གཟབ་དགོས་པར་མཐོང་། ཕུང་གསུམ་པ་ཆོས་བརྒྱུད་ཚང་མའི་ནང་ཡོད་ཡོད་ཁ། མཁན་སྤྲུལ་དགེ་གསུམ་ནང་ཕུང་གསུམ་པ་མང་དུ་འགྲོ་བཞིན་པ་རེད། ཆོས་བརྒྱུད་འགའ་ཞིག་གིས་ཕྱི་རྒྱལ་ཁག་ཏུ་ཡང་ཞབས་འདྲེན་འཇོག་བཞིན་པ་དང་། འགའ་ཞིག་གིས་ཕྱི་རྒྱལ་དུ་བར་བྱུང་གཙང་མ་ཡིན་མདོག་གིས། རྒྱ་གར་དང་། བལ་ཡུལ། འབྲུག་སོགས་སུ་ཕུང་གསུམ་པའི་བྱ་བ་བྱེད་མཁན། ད་དུང་ཕྱིར་མངོན་མི་མངོན་མང་པོ་རེད། ཡིན་ན་ངས་ཕུང་གསུམ་པ་འདི་ཚའི་ལུས་ངག་ཡིད་གསུམ་ལ་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ཡོད། ཕུང་གསུམ་པ་འདི་དག་ལ་བསྟན་པའི་ལ་རྒྱ་དང་། མི་རིགས་ཀྱི་ལ་རྒྱ་མེད་པར་ངས་དཀོན་མཆོག་དཔུང་བཙུགས་ཀྱིས་དམ་བཅའ་བཞག་ཐུབ། ཁོ་ཚོ་ལ་ད་དུང་དེའི་དེའི་སྟེང་དུ་ལས་འབྲས་ཡིད་ཆེས་དང་། སྡོམ་པ་དང་། དམ་ཚིག་ལ་བརྩི་སྲུང་མེད་པའང་དམ་བཅའ་བཞགས་ཏེ་སྨྲ་བར་སྤོབས། ཕུང་གསུམ་པ་འདི་ཚོས་མ་བྱས་པའི་མི་དགེ་བ་ཞིག་གང་ན་ཡོད། ཁྱེད་ཅག་གིས་ལྟོས་དང་ཤེས་ངེས་ཡིན། ང་ཐེ་ཝན་ན་སྡོད་དུས་ལོ་གསུམ་རིང་ཞིབ་འཇུག་བྱས་ཡོད། བོད་བརྒྱུད་ནང་བསྟན་ལ་ངན་དམོད་བྱེད་བཞིན་པའི་ཐེ་ཝན་ཊིན་ཇཱེ་ཞེས་镇觉。。。ཞེས་པའི་ཚོགས་པ་ནང་ནས་བོད་བརྒྱུད་ནང་བསྟན་ལ་ངན་དམོད་དང་། མཚང་འབྲུ་བྱེད་མཁན་ཚང་མ་ཕུང་གསུམ་པའི་སློབ་མ་རྐྱང་རྐྱང་རེད། ཁྱེད་ཅག་ཡིད་ཆེས་མེད་ན་སོང་ནས་ལྟོས་དང་།
ད་དུང་ངུར་གོས་དབྱིན་འགྲོགས་ཀྱི་སྡེ་དང་སྐུ་ལོ་སྦྱིན་གཉེར་གྱི་སྡེ། ཆོས་གོས་སྦྱིན་འཚོལ་གྱི་སྡེ་དང་སྦྱིན་བདག་ངོ་སྲུང་གི་སྡེ་བཅས་ཁ་སྣོན་བྱེད་དགོས་འགྱུར། འོན་ཀྱང་བོད་པ་ཡོད་ཚད་སྦྱིན་བདག་ལ་བརྟེན་མི་དགོས་བས་ཚང་མས་ཚུལ་ཆོས་བྱེད་ཡ་ཁག་པོ་རེད།
སྦྱིན་བདག་ངོ་སྲུང་ཙམ་གྱིས་སྐྱོན་ཡོད་པར་མ་མཐོང་མོད། གཞན་གྱིས་རྒྱུ་ནོར་སྦྱིན་ན་དེ་ལ་ངོས་ལེན་ཙམ་ལོས་དགོས། ཕུང་གསུམ་པ་མ་ཡིན་པར་དགེ་འདུན་སྡེ་གཉིས་གང་རུང་དུ་ངེས་པ་ཞིག་བསྒྱུར་ཐུབ་སོང་ན་དེ་གས་འཐུས་པ་རེད། ཁྱིམ་སྔགས་པ་ཚོའི་ནང་ན་སྨྱོན་པའི་བརྟུལ་ཞུགས་ཅན་མང་ཡང་དེས་བསྟན་པ་ལ་གནོད་ཆེན་པོ་སྐྱེལ་མདོག་ཁག་པོ་མ་རེད། གང་ཡིན་ཞེ་ན་སྔོན་ནས་མང་པོ་རེད། ཡིན་ན་ཡང་དེང་གསར་བ་ཞིག་ནི་ཕུང་གསུམ་པ་དང་། ཁྱིམ་སྔགས་པ་གཉིས་གཟའ་ཚང་བར་ཏུ་འཛུལ་བའི་རྙོག་དྲ་མང་པོ་རེད། དེ་ཕྱིར་ཚང་མས་གཟབ་དགོས་པར་འདོད། སྔགས་པ་ཡིན་ཡང་དགེ་བསྙེན་གྱི་སྡོམ་པ་སྲུང་མི་དགོས་མཁན་ཞིག་ཡོད་ཚོད་མ་རེད།
ཨོ་རྒྱན་ཉི་མས་སྔོན་ཞིག་ཕུང་གསུམ་པ་གཙང་ཕྱགས་བྱེད་དགོས། ཕུང་གསུམ་པ་མེད་པ་བྱེད་དགོས་སོགས་མང་པོ་ཞིག་གསུངས་སོང་། ཡག་པོ་རེད་རྒྱལ་བསྟན་དག་ཐེར་ལ་དགོངས་པ་དེ་བསྟན་པ་ལ་ལྷག་བསམ་རེད། འོན་ཀྱང་ནུས་པས་ལྡང་མིན་དང་། གྲུབ་འབྲས་ཐོན་མིན་དེ་བཤད་ཚོད་ཅིས་ཀྱང་དཀའ། རྒྱུ་མཚན་ཕུང་གསུམ་པ་ཟེར་བའི་མཚན་གཞི་མང་ཆེ་བ་དེ་སྤྲུལ་སྐུ་ཚོའི་ནང་ན་ཡོད་པ་རེད། དེ་རྣམས་ལ་ནི་བླ་ཆེན་ཚོའི་རྟགས་ཡིག་མེད་མཁན་ཞིག་ཡོད་མི་སྲིད་པ་དང་། ཕལ་ཆེ་བ་ཞིག་བླ་ཆེན་རྣམ་པས་རང་གི་དགོས་མཁོ་ལ་བལྟས་ནས་ཁྲི་འདོན་མངའ་གསོལ་བྱས་པས། ལས་འབྲས་དང་རྒྱལ་བསྟན་དཔང་དུ་བཞག་ནས་ལས་ཀ་བྱེད་མཁན་དཀོན་པོ་རེད། དེར་བརྟེན་མི་ཕལ་པའི་ནུས་པའི་ལྡང་གི་མ་རེད་ལ་གྲུབ་འབྲས་ཐོན་གྱི་མ་རེད། བསྟན་པ་དཔང་དུ་བཞག་ནས་རྒྱལ་བསྟན་གད་གདར་བྱས་ན། ཨོ་རྒྱན་ཉི་མའི་སྐད་ཆ་ཁག་ལ་མ་རེད་ཟེར་རྒྱུ་མི་འདུག་བསམ། འོན་ཀྱང་ད་ལྟའི་ཆར་བསྟན་པ་དག་ཐེར་དགོས་པ་ཡིན་ནའང་། དག་ཐེར་གནང་མཁན་སྐྱོན་མེད་ཡོན་ཏན་རྫོགས་པ་ཞིག་ཕལ་ཆེར་དཀོན་ཙམ་ཡིན་རྒྱུ་དེ། འུ་ཚང་གི་ཡོད་ཚད་ནས་ཡོད་ཚད་ཡིན་པའི་བླ་ཆེན་ཁག་གི་ཞལ་གསུང་དང་ཕྱག་ལས་ལ་མཇལ་ན་ཤེས་རྒྱུ་རེད། འོན་ཀྱང་བླ་མ་ས་སྐྱ་བ་འདི་སྐྱོན་ལས་ཡོན་ཏན་གྱི་རྔམ་མཐུག་ཙམ་རེད་འདུག
བོད་ཀྱི་ཨཛན་ཧ་ཛ་རེ་ཨོ་རྒྱན་ཉི་མ་རྒྱལ་ལོ།། ཆུ་བོ་ཐུར་འབབ་གྱེན་དུ་ག་ལ་ལྡོག་ཐུབ། དེས་ན་ད་འོ་ན་ཤག་ཤག་ཤག་ལ་འབབ་ཏུ་གསོལ།
དུས་རབས་ཀྱི་གྲྭ་བས་དམག་འཁྲུག་ཅིག་བཤམས་ཡོད། ཁ་ངན་པ་ཁ་ཤས་ཀྱིས་དམོད་མོ་བྱེད་སྟངས་དེ་མི་སྐྱ་ཚོའི་ནང་ལའང་དེ་འདྲ་ཨེ་ཡོད་ན་བསམ་བསམ་རེད་འདུག
ཆོས་བརྒྱུད་ཆེན་པོའི་དབུ་འཛིན་ཚོས་འགུལ་བསྐྱོད་ཅིག་བཏང་ན། ཆོས་བརྒྱུད་དེ་དག་གི་གྲྭ་མང་གིས་ཀྱང་བསམ་བློ་ཞིག་གཏོང་ངེས་རེད། དེ་དུས་རྩ་མེད་དུ་གཏོང་མ་ཐུབ་རུང་། སྔར་ལས་རྡུག་ཏུ་མི་འགྲོ་བ་ཁག་ཐེག་བྱེད་ཆོག དེ་མིན་ད་ལྟ་ནང་བཞིན་གཡུག་བཞག་ན་ལྟ་ས་ལྟོས་ས་མེད་མཁན་ཞིག་ཏུ་འགྱུར་ངེས་སོ། །
བོད་ཀྱི་ཆོས་ལུགས་ཚང་མ་གཞི་རྩའི་དམིགས་ཡུལ་གཅིག་ཡིན་པས་འདི་ཡག་དང་འདི་སྡུག་བཤད་པ་ནི་ནང་ཁུལ་དཀྲུགས་པའི་བྱ་བ་ཞིག་རེད་འདུག་པས་ཀརྨ་སྐལ་བཟང་གི་བཤད་ཡག་དེ་ནང་དཀྲུག་གི་རྨང་གཞི་ལས་གཞི་རྟེན་མི་འདུག