འཇིགས་མེད་འོད་ལྡན།
འཇིགས་མེད་འོད་ལྡན། ཨ་རོ་འབྲོག་པ་རྩ་ཆུ་ཨེ་འཛོམས།
འབྲོག་པ་གཡག་ཞོན། རྩྭ་ཆུ་ཤིན་ཏུ་འཛོམས་ལ་་་་་ནོར་ལུག་འཕེལ་ཁ་རྒྱས་ཡོད
འཇིགས་མེད་འོད་ལྡན། ཨོ་རྩ་ཆུ་འཛོམས་ནས་ནོར་ལུག་འཕེལ་ཁ་རྒྱས་ན་འབྲོག་དམངས་འཚོ་བ་སྐྱིད་ལེ་རེད་འད
ནོར་ལུག་ཤ་ཤེད་རྒྱས་དུས་ནོར་རྫིའི་གདོང་པ་སྣུམ་ཤིག་ཤིག་ཡིན་རྒྱུ་རེད་པ།
འབྲོག་པ་གཡག་ཞོན། ནོར་ལུག་ཤ་ཤེད་རྒྱས་རུང་།། དམར་ཟས་རིང་དུ་སྤང་པས།།
འབྲོག་པའི་འཚོ་བ་འདི་ལ།། དེང་སང་སྣུམ་ཁ མི་འདུག།
འཇིགས་མེད་འོད་ལྡན། རོང་པའི་འཚོ་བ་དང་གཅིག་པ་རེད་འདུག་ཀ
ད་གཤོབ་བཤད་མི་དགོ་འབྲོག་རྒན་ཚོས་ཤ་ད་མི་ཆོད་ཡ་ནམ་ལངས་ནས་ར་ཤ་ཟ་ནི་ཚང་གི
འབྲོག་པ་གཡག་ཞོན། རོང་བའི་འཚོ་བ་ལས་ཀྱང་།། ཁྱད་པར་མར་ཆུར་ཙམ་རེད།།
འཇིགས་མེད་འོད་ལྡན། དེང་སང་རོང་པའི་འཚོ་བའི་ནང་ལ་མར་འཕྱུར་མང་ནི་རེད
འབྲོག་པ་གཡག་ཞོན།། དེང་སང་བོད་ཁམས་ཡོངས་རྫོགས།། དགེ་བཅུའི་ཁྲིམས་སྲོལ་ཟེར་བའི།།
ནོར་ལུག་སྒོ་ནས་མི་བཤའ།། རང་ནོར་གཞན་་ལ་མི་བཙོང་།།
ཁྲིསམ་སྲོལ་འདི་འདྲའི་རིགས་ལ།། ལ་ལའི་བཟང་རབ་བཤད་གི།
ལ་ལའི་ངན་རབ་བཤད་གི། གང་ལྟར་འབྲོག་པ་མང་ཚོགས།།
ཁ་ནས་ཤ་མར་ཆད་སོང་།།
འཇིགས་མེད་འོད་ལྡན། དེ་འདྲའི་ཡ་རབས་ཀུན་སྤྱོད།། བཙན་པོའི་དུས་སུ་མ་བྱུང།།
དེང་སང་རྒུད་པའི་དུས་འདིར།། བྱུང་བ་འཕྱང་མོ་ཉུག་ཡིན།།
འབྲོག་པ་གཡག་ཞོན། འབྲོག་པ་ང་འདྲའི་རིགས་ཀྱིས།། སྐྱུར་ན་སེམས་ཀྱི་མི་ལོང་།།
མ་སྐྱུར་འབྲོག་པའི་འཚོ་བ།། དེང་སང་བྲོ་བ་མི་འདུག།
འཇིགས་མེད་འོད་ལྡན། དེང་སང་འབྲོག་པའི་འཚོ་བ།། མངར་སྐྱུར་ཁ་གསུམ་ཡིན་འགྲོ།།
གངས་ཅན་བོད་པའི་ལས་དབང་།། ཤི་གསོན་གཉིས་ཀྱི་མཚམས་རེད།།
འབྲོག་པ་རོང་པར་གྱུར་ཐལ། རོང་པའི་རང་གཤིས་འགྱུར་གི
རྒྱ་མི་བོད་ལ་ཡོང་དོན།། དགོས་སོགས་ཆོས་བཞི་ཚང་འདུག།།
འབྲོག་པ་གཡག་ཞོན། འབྲོག་པ་ང་ཚོ་འདྲ་བ།། ནོར་གྱི་གཡོག་པོ་ཙམ་རེད།།
གཡོག་ལ་གཡོག་ལན་མེད་ནོ།། མི་ཚེ་འཚོ་བའི་སྡུག་རེད།།
ཤ་མར་ཁ་ནས་གཅོད་མཁན།། གཤིས་ངན་རྒྱ་མི་མ་རེད།།
བོད་མའི་བླ་རྒན་འགའ་ཡིས།། ཁྲིམས་སྲོལ་ངན་པའི་མཐུས་རེད།།
འཇིགས་མེད་འོད་ལྡན། འབྲོག་པ་ནོར་གྱི་གཡོག་ཡིན།། གཡོག་ལ་སྐྱིད་སྣང་ལྡན་ཡོད།།
དེང་རབས་འཕྲུལ་ཆས་གཡོག་ཡིན།། གཡོག་དེ་སྐྱིད་སྣང་མི་འདུག
འབྲོག་པ་གཡག་ཞོན། འབྲོག་པ་སྐྱིད་སྣང་ཡོད་པ།། བེད་སྤྱོད་ཡོད་པའི་སྐབས་རེད།།
དེང་སང་སྐྱིད་སྣང་མེད་པ།། བེད་སྤྱོད་མེད་པའི་ལན་རེད།།
འཇིགས་མེད་འོད་ལྡན། གནའ་སྲོལ་དེང་སྲོལ་བར་ན།། བོད་ཀྱི་བན་དེ་ཆ་བོ།།
བོད་མིའི་་སྲོག་གཅོད་གཤེད་མ།། རྒྱུ་མཚན་གང་གིས་སྒྲུབ་ཡོད།།
འབྲོག་པ་གཡག་ཞོན། ཨ་ལ་ཀུ་རེ་ཙམ་ཡིན།། དྲ་གྲོགས་ཁྱོད་དང་མཇལ་ནས།།
སེམས་པ་སྤྲོ་བ་འཕེལ་སོང་།། ལས་དོན་ཅུང་ཙམ་ཆེད་དུ།།
འགྲོ་དགོས་བྱུང་བས་བདེ་མོ།། རྗེས་ལ་ཁོམ་སྐབས་ཡོད་ན།།
ཀུ་རེ་མང་པོ་རྩེད་ཆོག།
འཇིགས་མེད་འོད་ལྡན། འབྲོག་པ་བདེ་སྐྱིད་མེད་པ།། འཚོ་བའི་ལན་པ་མ་རེད།།
འགྲོ་འདུག་རང་དབང་མེད་པ་།། རྒྱ་མིའི་ཇུས་ཀྱིས་ལན་འདུག
འཇིགས་མེད་འོད་ལྡན། ཀུ་རེ་གཏམ་གྱི་སྙིང་བོ།། འབྲོག་པའི་འཚོ་བའི་ཐད་ལ།།
སེམས་ཁྲལ་ཆེ་ཙམ་འདུག་པ།། འབྲོག་མི་ངེད་གཉི་ལས་རེད།།
མར་ཆུར་བའི་ཆར་བ་ཆད་སོང་ན། །
ཟོག་འཚོས་ནོ་སྡུག་གི་སྣོན་མ་རེད། །
ཤ་ཚོན་པོ་ཐབ་ནས་མ་གདུས་ན། །
ཞོ་འོ་མ་འཐུང་རུང་མི་རྒྱགས་པ། །
ལས་དགེ་བཅུ་བོད་ཀྱི་འཁོར་ལོ་རེད། །
འཁོར་མི་དགོས་འཁོར་ལོ་རང་འཁོར་རེད། །
འཁོར་འཁོར་ནས་འབྲོག་པ་ཚར་སོང་ན། །
ཁྲིམས་བཅོས་རུང་དགེ་བ་ཅི་ཞིག་ཡོད། །
ནངས་ཞོགས་ཇ་ཤ་རློན་ཟ་ནི་ཚོ། །
དགོང་ནུབ་ཟས་ཁྲག་དམར་འཐུང་ནི་ཚོ། །
གདོང་སྣུམ་དྲེག་རིམ་པ་དགུ་བརྩེགས་ཚོ། །
ལུས་འཕྲོད་བསྟེན་མི་ཤེས་འབྲོག་རྒན་ཚོ། །
འབྲུ་སྣ་ལྔའི་འཚོ་བས་རྒྱངས་ནི་ཚོ། །
ཚལ་སྔོ་མ་ཟ་སྟངས་ཤེས་ནི་ཚོ། །
ཤ་ཁྲག་དམར་ཉུང་སེ་ཟ་ནི་ཚོ། །
ལུས་འཕྲོད་བསྟེན་བཟང་བའི་རོང་བ་ཚོ། །