སོག་མདའ།
སྲང་ལམ་བཞི་བའི་སྒོ་རྟགས་༣༤ཅན་གྱི་མགྲོན་ཁང་གི་སྒོ་ག་ལེར་རྡུང་བས་གཞོན་ནུ་མ་ལོ་ཉི་ཤུ་རྩལྔ་རྩ་དྲུག་ཙམ་ཞིག་གིས་སྒོ་དལ་བུར་ཕྱེ་བྱུང་བས། ཁོང་ཅུང་འཚབ་འཚུབ་ངང་འདི་ནི་སུས་ནང་རེད་དམ་ཞེས་དྲིས་པའི་ཚེ། བུ་མོ་གཞོན་ནུ་མ་དེས་འཛུམ་མདངས་དང་བཅས་བཤད་རྒྱུར་འཚབ་ཀྱི་འདུག་པ་ཅི་རེད། མོ་སྒོ་བློ་་མི་འབབ་ཁ་ཟེར་ཞོར་ལག་པ་ལ་འཇུས་ནས་ནང་ལ་ཤོག་ཟེར་བས། ཁོང་གིས་ཀྱང་ཡིན་པའི་བརྡ་ལ་ཡ་ལན་བཅས་ནང་དུ་ཡོང་རྗེས་གཞི་ནས་རང་སེམས་ག་ལེར་ལྷོད་ལ་བབས། ལོ་ཚོད་རན་ཞིང་མཁུར་ཚོས་དམར་ལ་མིག་དཀྱུས་ཡངས་ཤིང་སྐེད་པ་ཕྲ་བ་བཅས་མཛེས་ཉམས་ལྡན་པའི་གཞོན་ནུ་མ་དེའི་ལུས་སྟོད་དུ་ལྭ་བ་གོང་མེད་ཞིག་གོན་ཡོད་པ་ལས་ནུ་འབུར་གཉིས་ཕྱིར་འབུར་བ་ཕལ་ཆེར་མཐོང་ཡོང་། ཁོ་མོས་ཁོང་ལ་བསིལ་ཁུ་བླུགས་ནས་འཐུང་རོགས་གནང་ཟེར་བས། ཁོང་གིས་ཀྱང་ཡ་ཡ་ཟེར་བཞིན་བསིལ་ཁུ་འཐུང་་ཞོར་དུ་ཁོ་མོར་སྐད་ཆ་དྲིས།
རིན་གོང་ག་ཚོད་རེད་ཐེངས་མ་གཅིག་དང་དགོང་ཞག་གང་པོར་བསྡད་ན་་་་ཞེས་དྲིས་པས། ཁོ་མོས་ཚམ་ཚོམ་མེད་པར་ཐེངས་གཅིག་ལ་རྒྱ་སྒོར་༣༠་དང་། མཚན་གང་བོར་ང་དང་མཉམ་ཏུ་ཉལ་ན་རྒྱ་སྒོར་བརྒྱ་རེད། གོང་ཚད་ནམ་རྒྱུན་ལྟར་ཡིན་ཞིང་རིན་གོང་མཐོ་རྒྱུ་མེད་ཟེར། ཁོང་གིས་ཡ་ལན་ཅི་ཡང་མི་སྟེར་བར་སྒོར་ཁུག་ལས་རྒྱ་སྒོར་བརྒྱ་བླངས་ནས་ཁོ་མོཪ་སྤྲད་པས། ཁོ་མོས་འཛུམ་མདངས་དང་བཅས་སྔར་ལས་ཤ་ཚ་ཞོར་གོན་པ་ཚང་མ་ཕུད་ནས་མལ་ཁྲིའི་ཐོག་བུད་དེ་་འོ་མ་དང་མོ་མཚན་རྗེན་པར་བསྟན། དེ་ནས་ཁོང་གིས་ཀྱང་རང་ཉིད་ཀྱི་གོན་པ་སོགས་ཕུད་ནས་སྤྱང་ལྟོགས་ཤ་ལ་རྔམས་པ་ལྟར་གཞོན་ནུ་མའི་ལུས་ཐོག་ལ་མཆོངས།
འདི་ལྟར་ཁོང་་གཉིས་ཇ་ཡུན་ཙམ་རིང་འཁྲིག་སྤྱོད་ཀྱི་བདེ་བར་རོལ་བས་ཁོང་གཉིས་ཡིད་ཚིམ་རྗེས་མལ་ཁྲིའི་སྟེང་གན་རྐྱལ་དུ་ཉལ་ཞིང་ཕན་ཚུན་ལབ་གླེང་ཞིག་གི་མགོ་བཙུགས། ཁོ་མོའི་བཤད་ན་ཁོ་མོ་ལ་ཁྱོ་ག་ཡོད་ལ་བུ་ཆུང་གཉིས་ཡོད་ཟེར། བུ་ཆུང་དེ་སློབ་ཆུང་དང་བུ་འབྲིང་བ་དེ་་སློབ་འབྲིང་དུ་འགྲོ་བཞིན་ཡོད། ཁྱོ་གས་ལག་འཐེན་འཕྲུལ་འཁོར་ཞིག་བསྐོར་གྱི་ཡོད་ཀྱང་དེ་ཙམ་གྱིས་ངེད་ཅག་གི་འགྲོ་སོང་ཙམ་ལས་བྱིས་པ་གཉིས་ཀྱི་སློབ་ཡོན་གྱི་འགྲོ་སོང་སོགས་ལ་མི་འདང་བས་ཁོ་མོས་འདི་ལྟར་མི་བྱེད་ག་མེད་བྱུང་། ཁྱོ་ག་དང་ངེད་གཉིས་གྲོས་བྱས་ནས་འདིར་ཡོང་བ་ཡིན་ཟེར། མགྲོན་ཁང་འདིའི་་ནང་ནས་བསྡད་ན་མགྲོན་ཁང་ལ་སྒོར་མོ་བཅོ་ལྔ་དང་ཟས་རིན་ལ་སྒོར་བཅོ་ལྔ་བཅས་ཁྱོན་བསྡོམས་སྒོར་སུམ་ཅུ་རེད། དེ་ནས་ལྷག་མ་ག་ཚོད་བྱུང་ན་ངའི་ཡོང་སྒོ་རེད་ཟེར།
དེ་ལྟར་ཁོ་མོས་ཁ་ཁོག་པས་མ་གསང་བློ་རྒྱུ་མའི་མ་བསྐུམས་པར་དྲང་བོར་བཤད་པས། ཁོང་ཡང་སེམས་འགུལ་ཐེབས་ནས་བཤད་རྒྱུར། ང་ལ་ཡང་ཆུང་མ་ཡོད་ལ་བྱིས་པ་གསུམ་པོ་ཚང་མས་ནང་ན་ང་དང་མཉམ་ཏུ་འབྲོག་ལས་བྱེད་བཞིན་བསྡད་ཡོད། ང་ཚོའི་འབྲོག་ཕྱོགས་སུ་ནོར་ལུག་རེ་བཙོང་བའི་ཡོང་སྒོ་དང་། དེ་མིན་དབྱར་རྩ་དགུན་འབུ་རེ་བཙལ་བ་བཅས་སྒོར་མོའི་ཡོང་ཁུངས་དེ་ཙམ་རེད་ཅེས་ལབ་གླེང་བྱེད་ཞོར་བྱེད་ཞོར་རྨི་ལམ་གྱི་ཞིང་ཁམས་སུ་སོང། ཕྱི་ཉིན་ཞོགས་པའི་ཉི་ཟེར་སྒེའུ་ཁུང་ལས་ཕོག་ནས་ཁོ་མོ་ཡར་ལངས་དུས། ཕོ་གསར་དེའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང་ལ། ཁོ་མོའི་སྔས་འགྲམ་དུ་སྒོར་མོ་ཉིས་སྟོང་བཞག་ནས་འདི་ནི་ཁྱེད་ཀྱི་བྱིས་པ་གཉིས་ཀྱི་སློབ་ཡོན་ཐད་བཀོད་རོགས་ཞེས་ཡི་གེ་དག་ཆ་མེད་པ་ཞིག་བྲིས་ནས་བཞག་འདུག་པ་མཐོང་། ཁོ་མོ་རྟབ་རྟབ་པོར་སྒོའི་ཕྱི་ལ་རྒྱུགས་ནས་ཁོང་བཙལ་ཡང་ཁོང་གི་གྲིབ་རྗེས་ཙམ་ཡང་མ་མཐོང་བར་གྱུར།
དེ་ནི་དངོས་ཡོད་གནས་ཚུལ་རེད་དམ་་་ཡང་ན་བཅོས་སྒྲུབ་རེད་་གསུང་དང་
བཅོས་སྒྲུང་ལ་བཅོས་རོགས།
ཧ་ཅང་གི་ཤ་ཚ་མོ་ཞིག་རེད། ཕོ་མོ་གཉིས་པོ་འདི་འདྲ་མང་བར་ཤོག
ཨ་ཛི། ཕོ་དེ་ང་ཡིན་ཆོག་པ་ལགས། ཧཧཧ།
ཁོ་མོ་ལས། ཁོང་མོ་ཡག་ག་མིའདུག་གམ།
ད་དེ་ཡིན་ན་ཨའོ་ཨའོ་ཨའོ་སྐྱིད་པ་ལ་།
འགྲོ་བ་མིའི་སེམས་ཀྱི་རང་བཞིན་ནི་ཅི་འདྲའི་འགྱུར་སླ་ཞིང་མི་བརྟན་པ་ཞིག་རེད་ཨང་། ངས་ཀྱང་འདི་འདྲའི་བུ་མོ་ཁ་ཤས་ལ་སྙིང་རྗེ་དང་ཤ་ཚ་བསྐྱེད་པ་ལ་གྲངས་མེད། གཅིག་ཏུ་ན་བརྩེ་བ་ཡིན་ཡང་སྲིད། ཆོས་ཕྱོགས་ནས་གཞིག་ན་རིགས་ཁམས་བདེ་བར་གཤེགས་པའི་སྙིང་པོ་འགྲོ་བ་ཡོངས་ལ་ཁྱབ་པའི་གཏན་ཚིགས་ཀྱང་ཡིན་སྲིད། ལེགས་ཆ་རུ་སྣང་བས་དགའ་འོ།།
སྒྱུང་ཉན་ནལ་འདོད་ས་ཟིག་བྲིས་མེད་ཀི་མོ། འདི་མོ་འདི་འབྲོག་གའི་སྣ་ཕབ་སྤྱད་རེད། ཕེད། རྗེས་མར་འདི་མོ་འདི་འབྲི་འི་མ་འདུག། ཨ་ལ་རྩེད་མོ་ཡིན།
གནམ་ནས་བྲིས་པའི་ཡིག་ཐུང་དེ་གནམ་ནས་བབས་པའི་སྐད་ཆ་ཞིག་ཡིན་པ་འདྲ། བོད་སྐད་དག་མ་ཞིག་ནི་རེད་མི་འདུག། ལུང་ཁུག་གི་སྐད་ལོག་ཞིག་ཡིན་ཡང་སྲིད།
གནམ་ཡིག་དེ་་་་བོད་ཀྱི་སྐད་བརྡ་རིག་པ་ལ་མ་རྨོངས་པ་ཙམ་ཞིག་གིས་ཀློག་ཀྱང་མི་ཤེས་ལ་དེ་བས་དོན་ཡང་མི་གོ་བ་ལྟ་ཅི་སྨོས།
གནམ་ནས་གསུངས་པ་དེ་ལུང་ཁུག་ཅིག་གི་སྐད་ཆ་རེད་མོད། ལུང་ཁུག་གི་སྐད་ཆ་དེ་ཚོ་ཡང་སྐད་ཀྱི་རིག་གཞུང་ཅིག་ལོས་ཡིན། སྐད་རིགས་ཐམས་ཅད་དང་པོར་ལུང་ཁུག་ནས་དབུས་ལ་དར་བ་མ་གཏོགས་ཐོག་མ་ཉིད་ནས་དབུས་སྐད་ཀྱི་ངོ་བོར་གྲུབ་པའི་སྐད་རིགས་ཅིག་མེད་དོ།
སོག་མདའ་བ་ཁྱེད་དེས་དགོང་མོ་ལྟ་སྲུང་བ་གྱུར་འདུག་བ་བཀའ་ལས་ཁག་སེ་བྱུང་ཡོད་ཀྱི་རེད་ལ་།
སྒྲུང་དེ་ཡག་པོ་འདུག།
དྲ་གྲོགས་རྣམས་ཀྱི་བཟང་ངན་གང་ཡིན་ཡང་དགོངས་འཆར་གནང་བ་ཧ་ཅང་ཐུགས་རྗེ་ཆེ།
སྒྲུང་ཉན་ལ་འདོད་པ་ཞིག་བྲིས་མེད་ཀྱི་མོ། འདི་འདྲ་མོ་འདི་འབྲོག་པའི་སྣ་ཕབ་སྤྱད་རེད། ཕེད། རྗེས་མ་ལ་འདི་འདྲ་མོ་འདི་འབྲི་ཡི་མ་འདུག། ཨ་ལེ། རྩེད་མོ་ཡིན།
གོང་གི་འདི་ཡིག་ཐོག་གི་ཨམ་སྐད་རེད།
གཤམ་ནས་ཡང་ཅིག་འབྲི།
སྒྲུང་ཉན་སྤྲོ་པོ་ཞིག་བྲིས་པ་མི་འདུག། དེ་འདྲ་འདྲ་པོ་འབྲོག་པའི་སྣ་ཕབ་ཡ་རེད། ཐོའུ། རྗེས་མ་ལ་དེ་འདྲ་འདྲ་པོ་བྲིས་མ་ཡོང་ཨང་། སྐུ་མཁྱེན། སྐུ་རྩེད་ཡོན།
ཨོ་ད་དུང་མང་ནི་རེད་ཡ། ཤ་ཉེ་ཆོ།
ཕལ་སྐད་རྣམས་ཡིག་ཐོག་ཏུ་དར་ཁྱབ་ཆེས་ཆེར་སོང་བ་ཡིན་ན་བོད་ཀྱི་ལུང་ཁུགས་རེ་རེའི་སྐད་བརྡ་རེ་ཡིག་ཐོག་ཏུ་བཀོལ་བའི་སྲོལ་ཞིག་མི་དར་བའི་ངེས་པ་མེད་པས་དེ་ལྟར་ན་ནམ་ཞིག་བོད་ལ་སྤྱི་ལ་ཁྱབ་པའི་སྐད་ཡིག་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་གཞི་རྒྱ་ཆུང་དུ་འགྲོ་ཉེན་ཡོད་པས་དྭོགས་ཟབ་དགོས་པར་སྣང་། སོ་སོའི་རིག་གཞུང་ངམ་ཁྱད་ཆོས་ལོས་ཀྱང་ཡིན་འོན་ཀྱང་དེ་ཉིད་ཀྱིས་རྐྱེན་པས་སྤྱིའི་རིག་གཞུང་ལ་ཉམས་རྒུད་ཀྱི་འབྱུང་རྩ་མི་ཐེབས་པའི་གནད་ལ་དགོངས་པ་ཆེར་བཞེས་དགོས་པར་སྣང་།
བོད་ལ་ཕལ་བའི་སྐད་ཅིག་དང་ཕལ་བའི་མི་ཅིག་ཡོད་པ་མ་རེད་ལོ། བོད་ལ་ཕ་སྐད་ཟེར་བའི་སྒྲ་གདངས་འདྲ་མིན་ཡོད་པ་བདེན་པ་རེད། ཡིན་ན་ཡང་བཤད་སྟངས་འབྲི་སྟངས་ཕལ་ཆེར་གཅིག་པ་རེད་ལོ། སྔོན་མ་སྐུ་ངོ་གྲགས་ཅན་དེ་ཚོས་ཁོང་ཚོ་མ་ཡིན་པ་ལ་ཕལ་བའི་འདུ་ཤེས་དེ་འདྲ་བཟུང་ཡོད་ན་ཡང་ད་ལྟ་དེ་འདྲ་བྱས་ན་རྗེས་ལུས་རེད་ལོ། ཀུན་གསབ་བྱས་དེ་ཆ་ཚང་བ་ཞིག་ལ་འབད་དགོས་བ་རེད་ལོ།
ཡིག་སྐད་དང་ཡུལ་སྐད་མཉམ་བསྲེས་ཀྱིས་ཕྱུག་པོར་གྱུར་པ་ན། བོད་རིགས་སྤྱི་སྐད་ཆ་ཚང་ལ་གནས་ཚད་མཐོ་བོ་སླེབས་པར་མཚོན།
ཁྱོད་རང་གིས་ཟེར་ཚོད་བལྟས་ན་རང་གིས་བྲིས་པ་དེ་ཚོ་ཕ་སྐད་ཟེར་བ་དེ་ཡིན་ཚོད་རེད། དེ་རིགས་ཚང་མ་བཤད་སྟངས་འབྲི་སྟངས་ཕལ་ཆེར་གཅིག་པར་ཟེར་ཚོད་བདེན་ན། བོད་ཀྱི་ས་ཁུལ་མི་འདྲ་བའི་རྐྱེན་པས་ཕན་ཚུན་ངག་ནས་ཀློག་འདོན་སྐབས་སྒྲ་གདངས་དྲག་ཞན་སོགས་ང་རོ་འདོན་སྟངས་མི་མཐུན་པ་ཡོད་པས་མཚམས་རེར་གོ་བརྡ་མི་འཕྲོད་པ་ཡོང་བ་དེ་འདྲ་ཡོད་མོད། བོད་ཀྱི་སྐད་ཡིག་གི་དག་སྦྱོར་རྣལ་མ་ལ་གཅིག་པ་ཡིན་པས་ཡིག་ཐོག་ནས་གོ་བརྡ་མི་འཕྲོད་པའི་གནས་ཚུལ་ཡོང་ཐབས་མེད་པ་ཞིག་མ་ཡིན་ནམ། ཡང་གོང་གི་མཆན་པ་དག་གིས་ཁྱོད་རང་གིས་བྲིས་པའི་ཕ་སྐད་དེ་ལ་མི་གོ་བའི་རྣམ་འགྱུར་བསྟན་དོན་ཅི།
རེད་ཡ། གནམ་ནས་གསུངས་པ་དེ་བདེན་པ་མ་རེད། ཚང་མས་སྤྱི་སྐད་ལ་འབད་རོགས། འབྲི་སྟངས་དེ་སྣང་བ་འགྲོ་མ་སོང་།
སྒྲུང་གཏམ་གྱི་ནང་དུ་མོ་ལོ་ཉེར་ལྔ་རྩ་དྲུག་ཙམ་ཡིན་པར་བཀོད་འདུག་ལ། མོའི་བུ་འབྲིང་བ་སློབ་འབྲིང་ལ་འགྲོ་བཞིན་ཡོད་པ་བཀོད་འདུག
དེ་ལྟར་ན། སྤྱི་ཚོགས་ཀྱི་དངོས་ཡོད་དངོས་ཀྱི་གནས་སྟངས་དང་མི་མཐུན་པས། ཀློག་པ་པོར་སྤྲོ་སྣང་སྟེར་མི་སྲིད།
འདི་ནི་དོན་འགལ་ལྟ་བུའི་སྐྱོན་དུ་འགྲོ་བས་ཁྱེད་ཉིད་ཀྱིས་ཕྱིས་འབྱུང་ཐུགས་ལ་འདོགས་རོགས།
སྙན་པོ་བྱུང་། དངོས་སྒྲུང་མ་རེད་དམ། ཧ་ཧ་ཧ
མ་བསླབས་གླིང་ན་མཁས་བ་མེད། ཟེར་བ་དེ་རེད། ཡིན་ན་ཡང་ཨུ་ཚུགས་ཀྱིས་འབྲི་དགོས་བ་དེ་འདྲ་ཡང་མ་རེད། རང་ལ་བརྗོད་འདོད་ཡོད་པའི་མིང་ཚིག་དེ་མིང་གི་རྣམས་གྲང་གཞན་པ་དཔེར་ན་མངོན་བརྗོད་ལྟ་བུ་ལ་སྐྱབས་བཅོལ་མ་དགོས་བར་ཁ་ཐུག་ལ་འབྲི་ཐུབ་ན་འགྲིག་གི་ཡོད་པ་རེད། དེ་འདྲ་ཁ་ཐུག་ལ་འབྲི་ཐུབ་ནིའི་ཨ་མའི་བུ་ཞིག་ད་ལྟ་ཡོད་ཚོད་མི་འདུག། ངའི་དཀའ་ངལ་བོད་སྐད་ཤེས་བ་ཙམ་གྱིས་མ་འགྲིག་པར་དེ་ལ་སྐད་བརྡ་གཉིས་བའི་མིང་ཚིག་ཞིག་བཙལ་དགོས་བ་འདི་ཡག་པོ་དང་མཐའ་འཁྱོལ་པོ་ཞིག་ཡོང་ས་མ་རེད་འདོད། གོ་རྟོག་ཙམ་གྱི་ཚུལ་དུ་བཤད་པ་ལས་ཡིན་གཅིག་མིན་གཉིས་ལ་ཉན་དགོས་ཞུ་བའི་ངལ་བ་མེད་ལགས། དྲ་གྲོགས་ཚོས་ལྟོས། ད་ལྟ་འདི་འདྲའི་སྐོར་གྱི་བོད་སྐད་དར་སྤེལ་ལ་གོ་སྐབས་སྔ་ན་མེད་པ་ཡོད།
བོད་པ་ཞིག་ལ་མཚོན་ན་བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་ག་ཤེས་གལ་ཆེ་བར་འདོད །རང་སྐད་ཉམ་ཉེན་གྱི་སྐབས་འདིར། གཞན་སྐད་བཙན་འཛུལ་བ་འགོག་རྒོལ་བྱེད་ན ། སྐད་གསུམ་བསྲེ་སྤྱོད་ཀྱི་ལས་ལ་བརྩོན་རྒྱུ་དེ་རེད། དེ་ལྟར་བྱས་ན། ད་གཟོད་བོད་ལ་སྤྱི་སྐད་ཅིག་འགྲུབ་རྒྱུ་རེད། དེ་མིན་འབྲི་བཤད་གང་བཤད་གང་ཡིན་ཡང་། དབུས་པར་ཤོད་ན་དབུས་སྐད་དང་། ཁམས་པར་ཤོད་ན་ཁམས་སྐད ། ཨ་མདོར་ཤོད་ན་ཨམ་སྐད་བཤད་དགོས་པའི་ལྟ་ཚུལ་དེ་འཇུས་བསྡད་ན ། བོད་ལ་སྤྱི་སྐད་ཅིག་རེ་བ་མེད་པ་རེད།
བོད་ཀྱི་སྤྱི་སྐད་ནི་བོད་ཀྱི་བརྡ་སྤྲོད་ཀྱི་དག་སྤྱོར་དང་མཐུན་པའི་སྐད་བརྡ་དེ་ཁོ་ན་གཞན་གང་ཡང་མ་ཡིན་པར་མངོན་དུ་གྱུར་ཡོད། དེ་ལ་ཡང་གནས་སྐབས་ང་རོ་འདོན་སྟངས་ཀྱི་དབང་དུ་བྱས་ན་བོད་ཀྱི་འབངས་ཁྲོད་ན་ཀུན་གྱིས་དགའ་ཞེན་གྱིས་བཀོལ་སྤྱོད་ཁྱབ་ཆེ་བ་དང་སྐད་གདངས་དལ་འཇམ་ལྡན་པ་སོགས་ཀྱི་ཁྱད་པར་མངོན་པ་དབུས་སྐད་དེ་ཉིད་གྱུར་ཡོད། དེ་གཞན་སྔར་མེད་གསར་སྒྲུབ་ཀྱི་དཀའ་ཚེགས་གཞོལ་མི་དགོས་ལ་གཞོལ་བས་ཀྱང་རེ་འདུན་མངོན་དུ་འགྱུར་ཁག་པོ་རེད།
གནའ་དེང་གང་གིས་སྐབས་སུ་དབང་བསྒྱུར་དང་གྲལ་རིམ་གྱི་དགོས་མཁོར་མཆོག་ཕལ་གྱི་ལྟ་སྟངས་དེ་སྐྱོན་དུ་སོང་བས་དབྱུག་པས་ལེབ་རྡུང་ཞེས་པའི་དཔེར་ལྟར་མཆོག་ཕལ་གྱི་ལྟ་སྟངས་ཕྱོགས་ཡོངས་ལ་སྐྱོན་དུ་བརྩི་ན་མནོ་བསམ་མ་བཏང་བ་རང་རེད། སྤྱིར་མི་ལ་དབང་པོ་རྣོ་བརྟུལ་གྱི་ཁྱད་པར་གྱིས་མཆོག་ཕལ་དང་སྐད་ལའང་ཚིག་སྦྱོར་དག་མིན་གྱི་ཁྱད་པར་གྱིས་ཡག་སྡུག་གམ་མཆོག་ཕལ་དབྱེ་རུ་ཡོད་པས་བོད་པ་ལ་མེད་ཟེར་ན་ཁྱོད་རང་གིས་མཁྲེགས་འཛིན་ལས་དོན་དངོས་དང་མི་མཐུན་པས་དེ་ལ་གླེང་རིན་དང་རྣ་བར་འགྲོ་བའི་གཏམ་ཞིག་མ་རེད།
གོང་དུ་་་་་་དེ་ཁོ་ན་གཞན་ཞེས་པར་་་་དེ་ཁོ་ན་ལས་གཞན་་་་ཞེས་དང་ཡང་་་་་དེ་གཞན་་་ཞེས་པར་་་་དེ་ལས་གཞན་་་་ཞེས་བཅོས་རོགས་གནང་།
སོ་སོའི་ཡུལ་སྐད་ལ་མི་དགའ་བར་གཞན་གྱི་སྐད་ལ་དགའ་མཁན་བོད་ཡུལ་ལུང་བ་ན་གང་ཞིག་འདུག
དབུས་སྐད་ལ་ཡག་བཙོག་གཉིས་ཆར་ཞེ་ས་བཀོད་སྤྱོད་བྱེད་བཞིན་མཐོང་བས་་་་དབུས་སྐད་ལ་སྐྱག་དྲི་དང་གཅིན་དྲིས་ཁེངས་ནས་ཡོད་པར་མི་ཐང་ཐང་ཞིག་ཡིན་ན་དབུས་སྐད་ལ་རྩ་ནས་དགའ་མི་སྲིད་དོ།
བོད་ལ་སྤྱི་སྐད་ཅིག་སྐལ་བ་ཡག་ཐོག་སྐབས་ནས་ཡོད་མྱོང་མེད་ལ་ཡོད་ཀྱང་ཕན་ཐོགས་ཅང་བྱུང་ཡོད་མེད་སུས་ཤེས། དེ་ལས་སོ་སོའི་ཡུལ་ལུང་གི་སྐད་ཡིག་ཡར་རྒྱས་སུ་འགྲོ་ཐབས་ལ་ཐར་ལམ་གསར་བ་རེ་ཡོད་ན་གསུང་རྐྱང་བྱོས་དང་དེས་ཡག་གི་རེད་དོ།
ཨ་མ་ཁ་ཤོ་ཡང་འཛམ་གླིང་ན་ངའི་ཨ་མ་ལས་ལྷག་པའི་མཛེས་མ་ཞིག་མེད་དོ། ཞེས་པ་དང་མཚུངས་སོ།
བོད་པ་དེ་འདྲ་མང་པོ་ཡོད་པ་གོ་མྱོང་།
རྩོམ་འདི་འཚོར་བདངོས་ཀྱི་ཐོག་ནས་བྲིས་པ་འདྲ་པོ་འདུག་