གླུ་གཞས་གསར་པ་༼བརྩེ་བའི་ཡུམ་ཆེན།༽ Posted on 2012-10-052012-10-05 By ཁ་བརྡ་ 7 Comments on གླུ་གཞས་གསར་པ་༼བརྩེ་བའི་ཡུམ་ཆེན།༽ གླུ་གཞས།
གོང་གི་རྡུང་ལེན་དེའི་གཞས་ཚིག་རྔ་བ་སྣང་ཞིག་དགོན་གྱི་རྩོམ་པ་པོ་ཀ་ཤུལ་བསོད་རིན་གྱིས་བྲིས་པ་དང་། རྟོགས་ལྡན་དགོན་གྱི་ལྷ་སྡེ་བ་གླུ་བ་དགེ་བྷེ་ལགས་ཀྱིས་བླངས་པ་ཞིག་རེད་འདུག རྡུང་ལེན་དེའི་ཚིག་དོན་ཕལ་ཆེ་བ་བོད་མི་རིགས་ཀྱི་ལས་དབང་སྐྱ་བོ་དང་འབྲེལ་བ་དམ་ཟབ་འདུག་པས་ཁོང་གཉིས་ལ་ནག་ཕྱོགས་ནས་བར་ཆོད་རེ་མི་འབྱུང་བར་སྨོན་ནོ།
སྙན་མོའི་འགྱུར་ཁུག་རེ་ལ་དང་བའི་ཡིད་དབང་འཕྲོག། བརྩེ་བའི་གླུ་ཚིག་རེ་ལ་དུང་བའི་མིག་ཆུ་ཤོར།། བདེན་པའི་སྙིང་སྟོབས་རེ་ལ་རེ་བའི་མངོན་མདངས་ཤར།། ལ་རྒྱའི་སེམས་གཏམ་རེ་ལ་མི་འགྱུར་དམ་ཚིག་ལྡན།།
ཕྲན་ནི་ཁོང་གི་གླུ་ལ་དགའ་མཁན་ཞིག་ཡིན་པ་མ་ཟད་ཁོང་གི་སྐྱེས་གཟུགས་ལའང་ཡིད་སྨོན་བྱེད་མཁན་ཞིག་ཡིན། འོན་ཀྱང་ད་ལྟ་ཁོང་གི་ལང་ཚོ་ཅུང་ཙམ་སྐྱོ་རུ་ཕྱིན་འདུག་པས་འཕྲོད་བསྟེན་གྱིས་མ་འདང་བ་འདོད། གཉིད་དག་དག་ཉལ་ཞིང་ལ་ཚེ་མེད་པར་ཟ་ཆོད་རན་པའི་འཕྲོད་བསྟེན་གྱི་ཁ་ཟས་ལ་སྟེན་དགོས་བ་མ་ཟད། གདོང་གི་སྲིན་འབུ་མེད་པ་བཟོ་ཆེད་ཉིན་གཅིག་ལ་མ་མཐར་ཡང་ཐེངས་གཉིས་ལ་གདོང་པ་བཀྲུ་དགོས་བ་མཐོང་། རབ་བྱུང་ན་ཟླ་གཅིག་ལ་ཐེངས་གཅིག་མཛེས་བཟོ་ཁང་ངམ་བསྐུ་མཉེ་ཁང་ལ་སོང་ན་ལེགས། རྒྱུ་མཚན་ནི་ལུས་ཡོད་ན་འཕྲོད་བསྟེན་ནི་དེ་ལྟར་གལ་ཆེན་ཡིན་པས་ཡིན་ལ། རང་ལུས་ལ་རང་གིས་དོ་བདག་མ་བྱེད་ན་གཞན་གྱིས་དེ་ལྟར་བྱེད་དཀའ་བས་ཀྱང་ཡིན།

ཡག་པོ་འདུག་ཐུགས་རྗེ་ཆེ།
བོད་ནང་གི་བོད་མིའི་སྙིང་སྟོབས་ལ་མངོན་པར་བསྟོད།
རྔ་པ་ལྷ་སྡེ་པའི་གླུ་པ་དགེ་བྷེ་ལགས་ཀྱིས་བླངས་པ་འདི་སྙན་པོ་འདུག ད་དུང་རྒྱ་གར་གྱི་རོལ་ཆ་ཡང་འདྲ་ཟེ་འདུག
སྙན་མོའི་འགྱུར་ཁུག་རེ་ལ་དང་བའི་ཡིད་དབང་འཕྲོག། བརྩེ་བའི་གླུ་ཚིག་རེ་ལ་དུང་བའི་མིག་ཆུ་ཤོར།། བདེན་པའི་སྙིང་སྟོབས་རེ་ལ་རེ་བའི་མངོན་མདངས་ཤར།། ལ་རྒྱའི་སེམས་གཏམ་རེ་ལ་མི་འགྱུར་དམ་ཚིག་ལྡན།།
ཕྲན་ནི་ཁོང་གི་གླུ་ལ་དགའ་མཁན་ཞིག་ཡིན་པ་མ་ཟད་ཁོང་གི་སྐྱེས་གཟུགས་ལའང་ཡིད་སྨོན་བྱེད་མཁན་ཞིག་ཡིན། འོན་ཀྱང་ད་ལྟ་ཁོང་གི་ལང་ཚོ་ཅུང་ཙམ་སྐྱོ་རུ་ཕྱིན་འདུག་པས་འཕྲོད་བསྟེན་གྱིས་མ་འདང་བ་འདོད། གཉིད་དག་དག་ཉལ་ཞིང་ལ་ཚེ་མེད་པར་ཟ་ཆོད་རན་པའི་འཕྲོད་བསྟེན་གྱི་ཁ་ཟས་ལ་སྟེན་དགོས་བ་མ་ཟད། གདོང་གི་སྲིན་འབུ་མེད་པ་བཟོ་ཆེད་ཉིན་གཅིག་ལ་མ་མཐར་ཡང་ཐེངས་གཉིས་ལ་གདོང་པ་བཀྲུ་དགོས་བ་མཐོང་། རབ་བྱུང་ན་ཟླ་གཅིག་ལ་ཐེངས་གཅིག་མཛེས་བཟོ་ཁང་ངམ་བསྐུ་མཉེ་ཁང་ལ་སོང་ན་ལེགས། རྒྱུ་མཚན་ནི་ལུས་ཡོད་ན་འཕྲོད་བསྟེན་ནི་དེ་ལྟར་གལ་ཆེན་ཡིན་པས་ཡིན་ལ། རང་ལུས་ལ་རང་གིས་དོ་བདག་མ་བྱེད་ན་གཞན་གྱིས་དེ་ལྟར་བྱེད་དཀའ་བས་ཀྱང་ཡིན།
ཨོ་རེད་། གླུ་བ་ཁྱེད་ཀྱི་སྐུ་མཉེ་ཁང་ལ་ཡོང་ན་ཅི་མ་རུང་།