སྤྲུལ་སྐུ་དབང་ཆེན།
དེ་ཡང་གངས་ཅན་བོད་ཀྱི་མཁས་དབང་རྣམས་ཀྱིས་མཛད་པའི་བསྟན་བཅོས་སྣ་ཚོགས་རི་བོའི་གཏོས་དང་མཉམ་པའི་ཁྲོད་ཁྱིམ་གྱི་མདོ་དང་འདོད་པའི་ཐར་བའི་མདོ་སོགས་འཇིག་རྟེན་འདི་ཕྱིར་ཕན་པའི་བསྟན་བཅོས་མང་པོ་ཞིག་ཡོད་པ་ལས། འདིར་སྐབས་སུ་བབས་པ་མཁས་དབང་དགེ་ཆོས་ཀྱི་འདོད་བསྟན་དང་མཐུན་པར་ཕོ་མོ་གཉིས་སྦྱོར་གྱི་ཆ་དེ་འཇིག་རྟེན་ཁྱིམ་པ་རྣམས་ཀྱིས་བག་ཡོད་ཚུལ་མཐུན་ངང་སྤྱོད་དགོས་པའི་སྐོར་གྱི་ཤེས་བྱ་འགའ་གླེང་བར་བྱའོ། །
གཅིག འདོད་པའི་བསྟན་བཅོས་ཀྱི་དགེ་མཚན། །
མཁས་དབང་དགེ་ཆོས་ཀྱིས“བུད་མེད་མི་འདོད་སྐྱེད་པ་སུ་ཞིག་ཡོད།། སྐྱེས་པ་མི་འདོད་བུད་མེད་སུ་ཞིག་མཆིས།། ཕྱི་རོལ་བརྫུ་ཡི་ཁྱད་པར་མ་གཏོགས་པ།། ཐམས་ཅད་ཀུན་ཀྱང་འདི་ལ་དགའ་བར་ངེས།།”ཞེས་གསུངས་པ་བཞིན་ཕྱོགས་དེར་མི་མོས་པ་དང་མི་ཆགས་པའི་འཇིག་རྟེན་པ་མེད་ངེས་ནའང་སྔ་ཕྱིའི་མཁས་པ་དག་གིས་མཛད་པའི་མཁས་དབང་དགེ་ཆོས་ཀྱི་ལོ་རྒྱུས་དང་དཔྱད་བརྗོད་སོགས་ན《འདོད་པའི་བསྟན་བཅོས》ཕྱོགས་ཀྱི་དཔྱད་གླེང་བྱས་པ་ཧ་ཅང་དཀོན་པ་དང་། དེ་གླེང་ནའང་དགེ་ཆོས་སོགས་ལ་སྐུར་འདེབས་སུ་འགྱུར་བའམ་ཡང་ན་གླེང་མཁན་རང་གི་རྫུ་ལ་གནོད་པར་སེམས་པ་གང་ཡིན་ཆ་མ་འཚལ་ཡང་། དོན་དུ་འདོད་པའི་བསྟན་བཅོས་ནི་ཚུལ་མིན་གྱི་འདོད་ཞེན་གླེང་བའི་བསྟན་བཅོས་ཤིག་མ་ཡིན་པར་དེའི་ནང་ཚན་རིག་དང་། ཁྲིམས་ལུགས། གཟུགས་པོའི་བདེ་ཐང་། ཆོས་དང་འཇིག་རྟེན་གཉིས་ཀ་ལ་མཐུན་པས་བཟའ་ཟླ་འཆམ་མཐུན་དང་སྤྱི་ཚོགས་འཆམ་མཐུན་སེམས་ཅན་བདེ་ཐབས། ཕོ་མོ་འདྲ་མཉམ། ཚུལ་མཐུན་སྤྱོད་པའི་ཕན་ཡོན་དང་ཚུལ་མིན་ལོག་གཡེམ་གྱི་ཉེས་དམིགས་སོགས་འཇིག་རྟེན་མི་ཆོས་དང་སྦྱར་ནས་བོད་མིའི་ཀུན་སྤྱོད་ལ་དག་ཐེར་བྱེད་པར་བསྟན་པའི་བསྟན་བཅོས་རིན་ཐང་བྲལ་བ་ཞིག་ཡིན་ནོ། ཡིན་ནའང་། དེའི་དགེ་མཚན་མི་གླེང་བ་དང་རིན་ཐང་ལ་མི་དཔྱོད་པར་བཞག་པ་ནི་དོན་དུ་མཁས་དབང་དགེ་ཆོས་མཆོག་དང་བོད་ཀྱི་རིག་གནས་ལ་མ་གུས་པ་དང་རིག་གཞུང་ལ་དོ་སྣང་མ་བྱས་པའི་སྐྱོན་དུ་འཁུམས་པ་དང་། མི་རིགས་གཞན་ལ་ཡང་འཁྲིག་ཐབས་ཀྱི་ཤེས་བྱ་ངོ་སྤྲོད་དང་མཚམས་སྦྱོར་བྱས་པ་མི་ཉུང་བ་ཡོད་པས། རང་ཅག་ལ་ཆད་པ་ཁ་སྐོང་བའི་ཚུལ་དུ་མཁས་དབང་དགེ་ཆོས་མཆོག་གིས་འདོད་པའི་བསྟན་བཅོས་མཛད་ཡོད་པ་འདི་ནི་རང་ཅག་བོད་པ་རྣམས་ཀྱི་བསོད་ནམས་ཀྱི་རྟེན་སྐལ་དུ་ཆེ་ཞིང་། དེའི་དོན་རྟོགས་པར་དཀའ་བ་གསང་བ་སྔགས་དང་འབྲེལ་ཞིང་ཤེས་པར་སླ་བ་ཁྱིམ་པ་ཕོ་མོའི་འཚོ་བ་སྟོན་པའི་ཚུལ་བཅས་རྨད་དུ་བྱུང་བའི་ངོ་མཚར་རིག་གནས་ཀྱི་བསྟན་བཅོས་ལེགས་པོ་གངས་ཅན་གྱི་ཁྱད་ནོར་ལྟ་བུ་ཞིག་རེད་སྙམ་མོ། །
གཉིས། ཚུལ་མཐུན་མིན་པའི་འདོད་སྤྱོད་སྐོར།
ཇི་སྐད་དུ། “འདོད་པའི་ཁམས་འདི་འདོད་པ་ཆགས་ས་སྟེ།། སྐྱེ་བོ་ཐམས་ཅད་འདོད་པ་དོན་དུ་གཉེར། འདོད་པའི་ལོངས་སྤྱོད་ཀུན་གྱི་ཕུལ་བྱུང་བ། ཕོ་མོ་གཉིས་སྦྱོར་འདོད་པའི་བདེ་བ་ཉིད༎”⑵ཅེས་པ་ལྟར་འདོད་པའི་ལོངས་སྤྱོད་ཀུན་གྱི་ཕུལ་དུ་བྱུང་བ་ཕོ་མོ་གཉིས་སྦྱོར་གྱི་འདོད་པའི་བདེ་བ་འདི་ཉིད་ཡིན་པས་འདིར་ཡང་ཐོག་མར་ཕོ་མོ་གཉིས་སྦྱོར་སྐོར་ལ་དུས་དང་གནས་བགྲོད་བྱ་མ་ཡིན་པ་ལོག་པར་གཡེམ་པ་སོགས་སྤངས་ཏེ་ཚུལ་མཐུན་ངང་སྤྱད་ན་ཕོ་མོ་འཆམ་མཐུན་དང་རྗེས་རབས་ལེགས་མཚར་འབྱུང་བའི་དགེ་མཚན་དང་ལྡན་པས། བཟའ་ཁྱིམ་འཁོན་མེད་བདེ་བ་མ་ཟད་སྤྱི་ཚོགས་བདེ་བ་དང་གོ་ལ་ཧྲིལ་བོར་ཞི་བདེ་བག་ཕེབས་དང་ལྡན་པ་ཞིག་འབྱུང་སྲིད་ལ། དེ་ལས་ལྡོག་སྟེ་འཁྲིག་སྤྱོད་ཐལ་ཆེ་བ་དང་གཞན་གྱིས་བདག་གིར་བཟུང་བའི་བུད་མེད་དང་འཇུད་མཐུན་མ་སོགས་ལ་ཉལ་བོ་བྱས་ཏེ་བག་མེད་པར་སྤྱད་ན་རྐྱེན་ངན་སྣ་ཚོགས་ཤིག་ཀྱང་གཉིས་སྦྱོར་གྱི་ལས་འདིས་རྒྱུ་བྱས་ནས་བྱུང་བ་དང་འབྱུང་སྲིད་པས་གཟབ་དགོས་པ་སྟེ། མཁས་དབང་དགེ་ཆོས་ཀྱིས“འོན་ཀྱང་གཞན་གྱི་ཆུང་མར་སྤྱོད་པ་འདི། མཐུན་པ་ཕྱེས་ཤིང་འཐབ་རྩོད་འབྱུང་བའི་གཞི། འདི་ཕྱི་གཉིས་སྡུག་ཁྲེལ་མེད་ལས་ཡིན་པས། ཡ་རབས་རྣམས་ཀྱིས་འགོ་བའི་ནད་བཞིན་སྤོངས༎”⑶ཞེས་གསུངས་བ་བཞིན་བཟའ་ཟླ་ཕན་ཚུན་རྩོད་རྙོག་དང་ནང་མའི་བར་འགལ་བའི་སྣ་འདྲེན་དུ་འགྱུར་བར་མ་ཟད་ཐ་ན་བཟའ་ཟླ་འཐོར་བ་སོགས་དོན་རྐྱེན་ངན་པ་འབྱུང་ནས་རྗེས་རབས་བུ་ཕྲུག་གི་མདུན་ལམ་དང་འཚོ་བའི་ཐད་ལའང་དཀའ་ངལ་གང་མང་ཞིག་བཟོ་སྲིད་པས། ཚུལ་མིན་གྱི་འདོད་པ་སྤྱོད་ཚུལ་རྣམས་སྤང་དགོས་པ་དེ་བསྟན་ཡོད། 《གསོ་རིག་རྒྱུད་བཞི》ལས་ཀྱང་།“ཉལ་བོ་སྐྱེ་གནས་མི་མཐུན་བདག་པོ་ཅན། མི་སྡུག་སྦྲུམ་མ་ཤུགས་ཞན་ཉེན་པ་དང་། ཟླ་མཚན་ལྡན་དུས་བཀན་བྱེད་འཁྲིག་པ་སྤངས།”⑷ཞེས་དང་། 《འདོད་བསྟན་ལས།།“བཙས་མ་ཐག་དང་སྦྲུམ་མ་མྱ་ངན་ཅན། ནད་ཀྱིས་ཉེན་དང་སེམས་ལས་ཆེ་བ་དང་༎ཧ་ཅང་རྒན་དང་གཞོན་པའི་བུད་མེད་ལ། འདོད་པ་སྤྱོད་ཡུལ་ནམ་ཡང་རུང་མ་ཡིན༎”⑸ཞེས་པ་ལྟར་ཆགས་ལྡན་ཕོ་མོ་རྣམས་ཀྱིས་འདོད་པ་སྤྱོད་བྱར་མི་རུང་བ་ནི། རིགས་མི་མཐུན་པ་དུད་འགྲོའི་རིགས་སྤྱི་དང་གཞན་གྱི་ཆུང་མ་དང་། སྦྲུམ་མ། ན་ཚོད་མ་དར་བའི་བྱིས་པ་བུ་དང་བུ་མོ། ཁྲིམས་ལྡན་གྱི་དགེ་སློང་དང་དགེ་བསྙེན། རང་ལས་ལོ་ན་ཆེ་བའི་མི་དང་ལུས་སྟོབས་ཞན་པའི་མི། འཛེ་ནད་ཅན། བུད་མེད་ཟླ་མཚན་འབབ་པའི་དུས། ཤ་ཁྲག་ཉེ་འབྲེལ་མི་རབས་གསུམ་མམ་བདུན་བར་གྱི་མི་སོགས་བགྲོད་བྱ་མ་ཡིན་པ་དང་། ལྷ་ཁང་དང་རྟེན་གསུམ་གྱི་མདུན་དང་། སྐྱེ་བོ་གཞན་པའི་བརླ་བར།གཞང་ནང་། མཆན་ཁུང་དང་ཁ་ནང་། འགྱིག་རིགས་སོགས་ལས་བཟོས་པའི་ཕོ་མོའི་མཚན་མ་དང་། རང་གི་ལག་པ་དང་མཛུབ་མོ་སོགས་ཚུལ་མིན་གྱིས་འདོད་པ་སྤྱད་ན་རང་གི་ལུས་ཀྱི་བཀྲག་མདངས་དང་ཟུངས་བདུན་གྱི་ཁམས་ཀྱང་ཉམས་སྲིད་པས་རྐྱེན་དེས་ནད་གཞི་སྔོན་འགོག་གི་ནུས་པ་ཉམས་ཏེ་དེང་སེང་གི་ནད་གཞི་གསར་བ་ཨེད་ཙི་སོགས་ནད་ངན་དག་འབྱུང་གིན་ཡོད་པས་སྤྱོད་ངན་དེ་དག་སྡོམ་རྒྱུ་གལ་ཆེ་བར་སྣང་། ད་དུང་དེ་ལྟར་སྤྱད་ན་རང་མི་རིགས་ཀྱི་སྲོལ་རྒྱུན་བཟང་བོ་ཉམས་པ་དང་། གཉེན་སྒྲིག་བཅའ་ཁྲིམས་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་སོགས་ལ་ཡང་འགལ་བས་འདི་དག་མི་བཤད་ཐབས་མེད་ཡིན། རབ་ཡིན་ན་རང་གི་སེམས་མཐུན་གྱི་ཆུང་མ་ཁོ་ནར་ཚུལ་མཐུན་ངང་སྤྱད་དེ་མངོན་ལྐོག་མེད་པར་མཛའ་སེམས་དང་དུངས་སེམས་གཅིག་ཏུ་སྒྲིལ་ནས་ཡུན་ཐུང་གི་འཇིག་རྟེན་མི་ཚེའི་མཐའ་རྩོད་གླེང་མེད་པར་དགའ་བདེའི་ངང་འཁྱོལ་ན་ལེགས་པའི་ཚུལ་བསྟན་པ་ནི། མཁས་དབང་དགེ་ཆོས་ཀྱིས། “ལས་ཀྱིས་བསྐོས་པའི་བཟའ་ཟླ་ཕན་ཚུན་ལ། གཅེས་པའི་སྲོག་བཞིན་བྱམས་པའི་འགྲོགས་བྱེད་ཅིང་། གྱ་གྱུའི་ལས་དང་བྱི་ཕོའི་ལས་སྤངས་པ། ཚུལ་ཁྲིམས་ཀུན་ཀྱི་ནང་ནས་ཡང་རྩེ་ཡིན། ཞེས་དང་། ཆོས་དང་མཐུན་པར་རང་རང་ལས་ཀྱིས་འཚོ། རྟག་ཏུ་རང་གི་ཆུང་མ་ཙམ་ལ་སྤྱོད། དབང་བོ་དུལ་ཞིང་གློ་བུར་མགྲོན་ལ་དགའ། སྐྱེ་བུ་དམ་པའི་ཁྱིམ་ན་ཐར་བ་ཡོད། ཁྱོ་ཕོའི་ལུས་ཀྱི་ཕྱེད་ནི་ཆུང་མ་སྟེ། ཆུང་མའི་ལུས་ཀྱི་ཕྱེད་ནི་ཁྱོ་ཡིན་པས། རང་ལུས་ཕྱེད་གཤག་མི་ཡི་རྐང་ལག་ཅན། སོང་ན་དུད་འགྲོའི་ཁྱུར་ཡང་ཚུད་པ་དཀའ། དེ་ལྟར་བསམ་ན་རང་གི་བཟའ་ཟླ་ལ། མངོན་ལྐོག་བྲལ་བ་མཛའ་བའི་སེམས་བཞག་ནས། ཡུན་ཐུང་ཚེ་འདིའི་མཐའ་ལ་འཁྱོལ་ནུས་ན། ཤི་བའི་རུས་གོང་དེ་ཡང་མཚོན་བྱ་ཉིད༎”⑺ཅེས་གསུངས་ཡོད་པ་གོང་དུ་འདོད་སྤྱོད་ཚུལ་མིན་སྤངས་ཏེ་ཚུལ་མཐུན་བོད་རང་གི་རིག་གནས་ངོ་མཚར་འདོད་བསྟན་ལྟར་སྤྱད་ན་རང་གཞན་ཀུན་ལ་ཕན་པའི་སྐོར་ཞིག་གླེང་དགོས་བྱུང་བ་འདི་ནི་གཙོ་བོ་དེང་གི་དུས་འདིར་ཡུལ་ཕྱོགས་ཀུན་ཏུ་སྨད་འཚོང་ཁང་དང་ཕྱི་གླིང་ཆགས་སྲེད་འཆལ་སྤྱོད་འོད་སྡེར་སོགས་དར་ཁྱབ་ཤིན་ཏུ་ཆེ་བས་དེ་དང་མཐུན་པར་གཞོན་སྐྱེས་ཕོ་མོ་རྣམས་ཀྱིས་ཚུལ་མིན་གྱི་འདོད་པ་སྤྱད་པ་ལས་ངན་འབྲས་སྣ་ཚོགས་ཤིག་ཀྱང་བྱུང་དང་འབྱུང་གིན་ཡོད་པར་དམིགས་པའོ། །
གསུམ་པ། ཕོ་མོར་འདོད་སྤྱོད་འོས་མིན་གྱི་དུས་དང་ལོ་ཚོད།
《འདོད་བསྟན》ལས། “ཕོ་ནི་རང་ལོ་བཅུ་དྲུག་ལོན་པའི་སྐབས། ན་ཚོད་དར་ཞིང་ཉེར་བཞིའི་ལོ་ལ་རྫོགས། མོ་ནི་རང་ལོ་བཅུ་གསུམ་ལོན་པ་ན། ན་ཚོད་དར་ཞིང་བཅུ་དྲུག་ལོ་ལ་རྫོགས། དེའི་ཕྱིར་ཕོ་ལོ་ཉེར་བཞི་ལོན་པ་ན། བུད་མེད་བཅུ་དྲུག་ལོའམ་བཅོ་བརྒྱད་ལ། འདོད་པ་འོས་པའི་དུས་ལ་བབ་གྱུར་ཅིག །ཁྱིམ་སོ་འཛིན་པ་དག་ཀྱང་འདི་ནས་བྱ། ལོ་ཚིགས་དེ་ལས་ད་དུང་ཡུན་རིང་ན། ནད་ཀྱི་རིགས་བྱེད་འགའ་ཡང་འབྱུང་བར་བཤད༎” ⑻ཅེས་གསུངས་བ་ལྟར་ཕོ་རྣམས་རང་ལོ་བཅུ་དྲུག་སྟེང་ན་ཚོད་དར་ཞིང་རང་ལོ་ཉེར་བཞིའི་ཐོག་ན་ཚོད་སྨིན་པ་དང་མོ་རྣམས་རང་ལོ་བཅུ་གསུམ་སྟེང་ལང་ཚོ་དར་ལ་བབ་ཤིང་རང་ལོ་བཅུ་དྲུག་ཐོག་ནས་འདོད་པ་སྤྱོད་རན་དང་འོས་པའི་དུས་སུ་བབས་པ་དང་ཁྱིམ་སོ་འཛིན་པའི་དུས་སྐབས་འདིར་རན་པ་བསྟན་ཡོད་པས༎རང་རྒྱལ་གཉེན་སྒྲིག་རང་དབང་དང་། ཁྱོ་གཅིག་ཤུག་གཅིག་ཕོ་མོ་འདྲ་མཉམ་གྱི་ལམ་ལུགས་གཏན་ཁེལ་བྱས་ཡོད་ལ། དེ་ནས་བརྩིས་ཏེ་བུད་མེད་ལོ་བཅུ་དྲུག་ནས་ལྔ་བཅུ་བར་འདོད་པ་ལྡན་པའི་དུས་ཡིན་པས་འདོད་པ་གང་མཚམས་ཤིག་སྤྱད་ན་ཆོག་པ་དང་། འདོད་མོས་ལྟར་གཉེན་ཡང་སྒྲིག་ན་ཆོག དེར་ཕ་མ་དང་མི་གཞན་གྱིས་ཐེ་གཏོགས་གཏན་ནས་བྱ་མི་ཆོག་པའང་རང་རྒྱལ་གྱི་བཅའ་ཁྲིམས་སུ་གཏན་འཁེལ་བྱས་ཡོད། དེ་ལས་ལྡོག་སྟེ་ཕོ་མོ་བཙན་ཤེད་དང་ཉོ་ཚོང་གི་ཚུལ་དུ་གཉེན་སྒྲིག་ཏུ་འཇུག་མཁན་དེ་ཁྲིམས་ལུགས་ཀྱིས་དུས་བཙོན་ལོ་གཉིས་མན་དང་། བཙན་ཉར་བཙོན་འཇུག་སོགས་ཀྱི་ཉེས་ཆད་ཡོད་པ་མ་ཟད་ན་གཞོན་ཕོ་མོའི་ལང་ཚོ་དར་བའི་ལོ་ཚིགས་དེར་ཕོ་མོའི་བར་གྱི་བརྩེ་དུང་དང་གཉེན་སྒྲིག་རང་དབང་ལ་བརྩི་འཇོག་བྱེད་པ་ལས། བཙན་ཤེད་ཀྱིས་བཀག་འགོག་དང་གནོད་འཚེ་བྱ་མི་རུང་བའི་སྐོར་ཡང་འདོད་པའི་བསྟན་བཅོས་སུ་གསལ་བ་ནི། “ལྷག་པར་ཕ་མས་སྲུང་ཞིང་དམ་བཞག་པའི། བུ་མོ་རྣམས་ལ་སྡུག་འདི་ཚད་ལས་འདས། དེ་ཕྱིར་འོས་པའི་དུས་ལ་བབ་པ་ན། ཕོ་མོ་གཉིས་ལ་ཁྱིམ་ཐབ་ངེས་པར་དགོས། ན་ཆུང་བུ་མོས་སྐྱས་པ་འདོད་པ་ནི། སྐོམ་པ་ཆུལ་ལ་འཕྲད་པའི་དོ་ཟླ་མིན། ཆགས་ལྡན་སྐྱེས་པས་བུ་མེད་འདོད་པ་ནི། ལྟོགས་པ་ཟས་ལ་རྔམ་པའི་དོ་ཟླ་མིན། ཕ་མ་བཙན་པོས་དེ་ལ་གེགས་བྱད་པ། ཁྲི་མུན་དོང་དུ་བཅུག་པའི་དོ་ཟླ་མིན༎”⑼ཞེས་དང་། གཞན་ཕོ་མོ་ལང་ཚོ་སྨིན་པ་ནས་ལོ་ན་རྒན་པའི་(ལོ་ལྔ་བཅུ)བར་འདོད་པ་སྤྱད་དེ་ཟླ་རེར་ཁམས་དཀར་དམར་དེ་ཕྱིར་མ་བཏོན་ན་ནད་རིགས་སྣ་ཚོགས་ཤིག་འབྱུང་སྲིད་པ་ཡང་གསོ་རིག་སྨན་གཞུང་དག་ཏུ་གསལ་མོད། འོན་ཀྱང་ན་ཚོད་མ་སྨིན་པའི་བྱིས་པ་ལོ་བརྒྱད་ནས་བཅུ་གཉིས་དང་བཅུ་བཞི་མན་གྱི་གཞོན་ནུ་མར་འདོད་པ་སྤྱོད་མི་རུང་བ་སྟེ་ཁོ་ཚོའི་ལུས་ཁམས་ཡོངས་སུ་དར་མེད་པས་ཆག་སྒོ་སྣ་ཚོགས་ཤིག་འབྱུང་ངེས། ཡང་ལ་ལས་ཆགས་སྲེད་དབང་གིས་གཡོ་ཐབས་དང་རྫུན་གྱིས་མགོ་བསྐོར་བ་སོགས་ལ་བརྟེན་ནས་ན་ཆུང་ཕོ་མོར་འདོད་སྤྱོད་ཐད་འཐད་པ་བྱུང་དུ་བཅུག་སྟེ་སྤྱད་ནའང་། རང་རྒྱལ་གྱི་བཅའ་ཁྲིམས་སུ་འཐད་པ་བྱུང་མིན་ལ་མི་བལྟ་བ་དང་། དངོས་སུ་འཁྲིག་སྤྱོད་བྱ་ཐུབ་རུང་ཕྱོགས་གཉིས་ཀའི་རྟགས་མཚན་འབྲེལ་ཐུག་བྱུང་ཡོད་ཕྱིན། ན་ཆུང་བུ་མོར་ལོག་གཡེམ་བྱས་ཟིན་པའི་ཉེས་སྤྱོད་དུ་བརྩི་བ་ཡིན། འདོད་སྤྱོད་རན་པའི་ལང་ཚོ་དར་བབས་ཀྱི་བུད་མེད་ལའང་རང་འཐད་མ་བྱུང་བར་དྲག་ཤུགས་སམ་བཙན་ཤེད་རྨོངས་དད་དང་འཆལ་གཏམ་སོགས་ཀྱིས་འཇིགས་སྐྲག་སྐུལ་བ་དང་། ཆང་གིས་བཟིར་བཅུག་པ་དང་སྨན་རྫས་ཀྱིས་སྦྲིད་དུ་བཅུག་པ། ཡང་ན་ཁྱོ་གར་བརྫུས་ནས་ལོག་པར་གཡེམ་པ། དུས་གཅིག་མཚུངས་ནང་རེས་བསྐོར་ནས་བཙན་གཡེམ་བྱས་བ་ལ་ཁྲིམས་ལུགས་ལྟར་དུས་བཙོན་ལོ་བཅུ་ཡན་ཆད་དང་ཚེ་བཙོན། ཡང་ན་སྲོག་ཁྲིམས་གཅོད་པ་དང་རེས་བསྐོར་བཙན་གཡེམ་ལ་ལྷག་པར་དུ་ཉེས་ཆད་ལྕི་བ་ཡིན་པས་ཚུལ་མིན་གྱི་འདོད་སྤྱོད་སོགས་ལ་ངེས་པར་དུ་གཟབ་སྟེ་མིག་ནང་གི་ཐལ་བ་བཞིན་དོར་དགོས་པ་སྟེ། 《འདོད་བསྟན》ལས“བཙས་མ་ཐག་དང་སྦྲུམ་མ་མྱ་ངན་ཅན། ནད་ཀྱིས་ཉེན་དང་སེམས་ལས་ཆེ་བ་དང་། ཧ་ཅང་རྒན་དང་གཞོན་པའི་བུད་མེད་ལ། འདོད་པའི་སྤྱོད་ཡུལ་ནམ་ཡང་རུང་མ་ཡིན༎”⑽ཞེས་པ་ལྟར་མཁས་དབང་དགེ་ཆོས་ཀྱིས་ཀྱང་བུད་མེད་ཀྱི་ཐོབ་ཐང་དང་བདེ་ཐང་ལ་ཚད་མཐོ་བས་མཐོང་ཆེན་བྱས་ཡོད་དོ། །
བཞི་བ། འཁྲིག་པའི་སྔ་རྗེས་ཀྱི་གཙང་སྦྲ།
དེ་ཡང་ཕོ་མོ་ཤེ་སྦྱོར་སྐབས་ཀྱི་སྔ་ཕྱི་དག་ལ་མཚན་མ་གཉིས་ལ་གཙང་སྦྲ་ལེགས་པོ་བྱ་དགོས་པ་སྟེ། 《འདོད་བསྟན》ལས། “འཁྲིག་པའི་སྔོན་དུ་ཕོ་མོ་གཉིས་ཀ་ཡིས། གཤང་གཅི་བསལ་ཅིང་འདོམས་ཀྱི་དབང་བོ་བཀྲུ། ལྷག་པར་བྷ་གའི་ཕུགས་དག་གཙང་བར་བྱ། དེས་ནི་སྐྱོན་མེད་མངལ་དག་འཛིན་ལ་ཕན༎”⑾ཞེས་བ་བཞིན་འདོད་པ་མ་སྤྱད་པའི་སྔོན་དུ་ཕོ་མོས་བཤང་ལྕི་དོར་ནས་མཚན་མ་ཆུ་དྲོད་འཇམ་འདག་རྫས་དང་ཆེད་བཟོས་སྨན་ཆུས་ལེགས་པར་བཀྲུས་ན་ལུས་ཀྱི་ཁམས་དྭངས་ཤིང་དྲི་ངན་དང་ནད་འབུ་སོགས་མི་གཙང་པའི་སྐྱོན་གྱིས་གོས་མི་སྲིད་པ་དང་ལྷག་པར་དུ་བུད་མེད་ཀྱི་མཚན་མའི་ནང་ལེགས་པོར་བཀྲུས་རྗེས་འདོད་པ་ཅི་དགར་སྤྱད་པས་ཆོག་ལ། སྤྱད་ཚར་མ་ཐག་མཚན་མ་གཉིས་ལ་ཕོའི་ཁུ་བ་དང་མོའི་གཡའ་ཆུས་སྦག་བཙོག་ཏུ་ཐེབས་ཡོད་པས་དེ་གོང་བཞིན་གཙང་མར་བཀྲུས་ཏེ་དར་གོས་འཇམ་པོས་ལེགས་པར་ཕྱིས་པ་དང་མོ་ནད་དང་གྲང་གཞིའི་ནད་སོགས་མི་འབྱུང་བར་ཕན་པར་མ་ཟད་མངལ་ལེགས་པོ་ཞིག་འཛིན་པ་ལའང་ཕན་ངེས། གཞན་དེང་སྐབས་མི་གྲངས་ཚོད་འཛིན་དང་འཆར་ལྡན་བུ་སྐྱེས་ཀྱི་ལམ་ལུགས་ལག་བསྟར་བྱེད་བཞིན་པའི་སྐབས་འདིར་སྦྲུམ་པ་འགོག་པ་ལ་ཡང་སྨན་དང་མཚུངས་པའི་མན་ངག་ཅིག་བསྟན་ཡོད་པ་ནི། 《འདོད་བསྟན》ལས“ཁུ་བ་བྱུང་མ་ཐག་ཏུ་བུད་མེད་ཉིད། ཡར་ལ་ལངས་ཏེ་རྐང་མཐིལ་ས་ལ་བརྡུང་། བྷ་ག་ཆུ་དྲོན་དག་གིས་བཀྲུ་བར་བྱ། འདི་ཡང་སྦྲུམ་པ་འགོག་ལ་སྨན་དང་མཚུངས༎”⑿ཞེས་པ་ལྟར་རང་རིགས་ཆགས་ལྡན་ཕལ་མོ་ཆེ་དེ་དག་གི་ཕན་ཡོན་མཐོང་ཐོས་སུ་མ་གྱུར་བའམ་ཡང་ན་ངོ་ཚ་བརྫུ་བག་དང་དཀའ་ཚེགས་ལ་འཛེམ་པ་དང་། འདོད་ཆགས་ཀྱིས་དེད་པའི་དབང་གིས་ཚན་རིག་དང་མཐུན་པའི་བྱ་ཐབས་ལེགས་པོ་དེ་བརྗེད་སྲིད་པའང་མ་ཡིན་ཏེ་མ་ཤེས་པའི་སྐྱོན་དུ་ངེས་ལ། དེང་སྐབས་ཀྱི་ན་གཞོན་ཕོ་མོའི་ཁྲོད་གླེང་བཞིན་པ་ནི་མི་རིགས་ག་གེ་མོའི་ཕོ་མོས་འདོད་པ་སྤྱད་རྗེས་མཚན་མ་གཉིས་བཀྲུ་བ་དེ་ཡ་མཚར་བའི་གནས་དང་སྲོལ་བཟང་ཞིག་ཏུ་བརྩི་གྱིན་ཡོད་ཀྱང་དོན་དུ་སྲོལ་དེ་རང་རིགས་ལ་ཡང་ཡོད་པ་འདོད་བསྟན་དུ་གསལ་ནའང་དེ་མཐུན་ངང་མ་སྤྱད་པས་མོ་ནད་སོགས་ངན་འབྲས་སྣ་ཚོགས་ཤིག་འབྱུང་གིན་ཡོད་པས་དེ་ཀུན་གྱིས་ལག་ལེན་བྱ་དགོས་པའི་གནས་སོ། །
ལྔ་བ། འདོད་བསྟན་གྱི་མན་ངག་ཕོ་མོའི་ཤེས་བྱ། །
བཅོམ་ལྡན་འདས་ཀྱིས། “གཟུགས་ཀྱི་ནང་ནས་མཛེས་པའི་མཐར་ཐུག་པ། སྐྱེས་པའི་མིག་ལ་བུད་མེད་གཟུགས་ཡིན་ཅིང་། བུད་མེད་མིག་ལ་སྐྱེས་པའི་གཟུགས་ཡིན་ཏེ། འདི་ལས་ལྷག་པའི་མཛེས་པ་ངས་མ་མཐོང་། སྒྲ་ཡི་ནང་ན་སྙན་པའི་མཐར་ཐུག་པ། སྐྱེས་པའི་རྣ་བར་བུད་མེད་སྒྲ་ཡིན་ཏེ། འདི་ལས་ལྷག་པའི་སྙན་པ་གང་ཡང་མེད། དེ་བཞིན་དྲི་དང་རོ་དང་རེག་བྱ་ཡི། འདོད་ཡོན་ལྷག་མ་གསུམ་ལ་སྦྱར་ཏེ་གསུངས༎”⒀ཞེས་བ་ལྟར་འཇིག་རྟེན་ཕུན་ཚོགས་ལ་ལོངས་སྤྱོད་ཅིང་ཡིད་མོས་པའི་སྐྱེས་ཕོ་མོ་གང་ཞིག་ཡིན་རུང་གནས་སྐབས་ཀྱི་བདེ་བའི་དཔལ་གྱི་མཆོག་ནི་འདོད་པའི་བདེ་བ་འདི་ཡིན་ལ། དེ་རིགས་རུས་དང་ཆོ་འབྲང་མཆོག་དམན་དབུལ་ཕྱུག་གི་ཁྱད་པར་མེད་པར་གང་གིས་ཀྱང་རྙེད་པར་སླ་བ་དང་དགའ་བའི་གནས་ཀྱང་འདི་ཡིན་པས་གོང་བླ་སྤྲུལ་དང་དཔོན་པོ་ནས་མར་སྤྲང་བོ་ཡན་ཆད་ཕལ་མོ་ཆེར་ཆ་དེར་མི་མཉེས་མཁན་དང་མི་ཞུགས་མཁན་མེད་སྲིད་པས། “སྙིང་ཆུང་རྐུན་པོས་ཁ་ཟས་ཟ་བ།”ལྟ་བུའི་གཉིས་སྦྱོར་གྱི་ལས་ལྟ་བུ་མ་ཤེས་ན་ན་ཆུང་ཕོ་མོའི་བར་གྱི་བརྩེ་དུང་ལ་བར་ཆད་དང་འགྱུར་ལྡོག་འབྱུང་སླ་བས། འདོད་བསྟན་གྱི་མན་ངག་ལྟར་བརྫུ་བག་སྤྱོད་དང་ངོ་ཚའི་ཚུལ་ཡོངས་སུ་སྤངས་ཏེ་ཅི་བསམ་དུ་འདོད་པ་སྤྱད་ན་ཕོ་མོ་ཕན་ཚུན་སྙིང་ཐུབ་འདྲིས་ཤིང་འཇིག་རྟེན་འདི་ནས་སྙོངས་གྲོགས་མཆོག་ཏུ་འགྱུར་པ་དང་འཇིག་རྟེན་ཁྱིམ་ཐབ་ཀྱི་བྱ་བཞག་ཐམས་ཅད་ཀྱང་འཆམ་མཐུན་དང་བདེ་སྐྱིད་ངང་འགྲུབ་སྲིད་པས་མཁས་དབང་དགེ་ཆོས་ཀྱིས“འཕྲད་མ་ཐག་ཏུ་རྔམ་པའི་འཇུག་བྱེད་ཅིང་། ཞུགས་མ་ཐག་ཏུ་ཁུ་བ་ཉམས་བྱེད་པ། ཁྱི་ཡིས་གློ་བ་མིད་པའི་ངང་ཚུལ་འདིས། བདེ་བ་ཅུང་ཟད་ཙམ་ཡང་རྙེད་མ་ཡིན༎”⒂ཞེས་དང་། འཇུ་མི་ཕམ་གྱིས།“མ་མྱོང་སྦྲང་རྩི་མིད་པས་དགའ་སྐྱེད་མིན། སྒྱུ་རྩལ་བྲལ་ལ་མཆོག་གི་བདེ་བ་མེད། དེ་ཕྱིར་བརྒྱད་ལས་བརྒྱད་དུ་ཕྱེ་བ་ཡིས། དྲུག་ཅུ་རྩ་བཞིར་དྲང་སྲོང་གིས་བཤད་པའི། སྒྱུ་རྩལ་ཆོ་ག་མཁས་པར་མ་བྱས་པར། འཁྲིག་པ་བྱེད་པ་ཕྱུགས་ཀྱི་ངང་ཚུལ་ཡིན༎”⒃ཞེས་གསུངས་ཡོད་པ་ལྟར་གཉིས་སྦྱོར་ཚངས་སྤྱོད་ལ་ཐོག་མར་ཕོ་མོ་ཕན་ཚུན་ཡིད་འཐད་བྱུང་དགོས་པ་ནི་སྔོན་འགྲོ་ཡིན་ལ་དེས་མིའི་ལྷན་སྐྱེས་ཀྱི་འདོད་ཆགས་ཀྱི་ཚ་དྲོད་ཞིག་ཀྱང་རིམ་གྱིས་སྐྱེས་སུ་འཇུག་པ་དང་། དེའི་སྟེང་དུ་འདོད་བསྟན་དུ་བསྟན་པའི་ཆགས་པ་སློང་ཚུལ་གྱི་བྱ་ཐབས་སྣ་ཚོགས་དེ་སྤྱོད་མྱོང་བྱས་ན་ཕོ་མོ་ཕན་ཚུན་ལ་སྔར་བས་མི་བཟོད་པའི་ཆགས་པ་དྲག་པོ་ཞིག་སྐྱེས་སྲིད་པས་སྐབས་དེར་ད་གཟོད་འདོད་བསྟན་གྱི་གཞུང་དང་མཐུན་པར་འདོད་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་ཆོ་ག་དེ་ཉམས་སུ་མྱང་སྟེ་སྤྱད་ན་ཕན་ཚུན་སྙིང་ཐུབ་ཀྱི་རྩེ་འདང་ཇེ་ཟབ་ཏུ་འགྲོ་སྲིད། དེ་ལས་ལྡོག་སྟེ་འཕྲད་མ་ཐག་ཏུ་རང་ཁོ་ནའི་འདོད་པའི་བདེ་བ་རྫོགས་ཐབ་ཙམ་ལ་འབད་ན་དེ་ནི་ཁྱི་ཡིས་གློ་བ་མིད་པ་དང་སྦྲང་རྩིའི་རོ་མ་མྱོང་བར་མིད་པ། སྒྱུ་རྩལ་གྱི་ཐབས་སྣ་ཚོགས་ལ་རྨོངས་པའི་དུད་འགྲོ་ཕྱུགས་ཀྱིས་སྤྱོད་པའི་ཆ་དང་ཀུན་ནས་མཚུངས་བ་ལས་གཞན་མེད་དོ།རྐྱེན་དེས་བུད་མེད་ཀྱི་འདོད་པའི་བདེ་བ་མ་ཚིམ་པར་ལ་ལ་བཟའ་ཐོར་བྱེད་པའང་དེང་སེང་མཐོང་རྒྱུ་ཡོད་པས་གནད་དེར་སྣང་ཆུང་མི་བྱེད་པར་གཟབ་བཅོས་བྱ་དགོས་པ་སྟེ། 《འདོད་བསྟན》ལས“སྐྱེས་པ་མྱུར་ན་འཁྲུག་པ་དང་པོ་ཡིས། བུས་མེད་རྣམས་ལ་ཚིམས་པ་མི་སྐྱེས་བས། སྟོབས་དང་ལྡན་ཅིང་ཁུ་བ་འཕེལ་རྣམས་ཀྱིས། ལན་གཉིས་གསུམ་གྱི་བར་དུ་སྤྱད་བྱ་ཉིད། ཡང་ན་ཁུ་བ་འབྱིན་ལ་ཉེ་བའི་སྐབས། བསྐྱོད་མཚམས་བཤོལ་ནས་བདེ་བ་འགྲེམ་བཅུག་སྟེ། སླར་ཡང་ཆགས་པ་བསླངས་ནས་སྤྱད་བྱ་སྟེ། ཅིས་ཀྱང་འཁྲིག་པ་ལན་གཉིས་དགོས་པར་བཤད། ཁུ་བ་ཕྱུངས་མ་ཐག་ཏུ་སྐྱེས་པའི་རྟགས། མི་འདོད་བྷ་གའི་ཕུགས་སུ་བཅུག་བྱས་ཏེ། ཇི་སྲིད་བུད་མེད་འགུལ་ཅིང་བསྐྱོད་པ་ཡིས། བདེ་བ་རྫོགས་པར་ཅི་འདོད་བྱེད་དུ་བཅུག །གལ་ཏེ་དེས་ཀྱང་བདེ་མ་རྫོགས་ན། སྐྱེས་པའི་སོར་གཉིས་བྷ་གར་བཏང་སྟེ་དཀྲུགས། སྤྱིར་ན་འཁྲིག་པའི་སྔོན་དུ་སོར་མོ་ཡིས། བྷ་གའི་བུ་གར་བསྲུབ་ཅིང་མཉེད་པ་གནད༎”⒄ཅེས་གསུངས་པ་བཞིན་བུད་མེད་ལ་ཐོག་མར་ཆགས་པ་དྲག་པོ་ཞིག་སྐྱེས་སུ་བཅུག་སྟེ་འདོད་པའི་བདེ་བ་མ་ཚིམ་བར་དུ་སྐྱེས་པས་ཐབས་ལམ་སྣ་ཚོགས་ལ་བརྟེན་མྱོང་བྱ་དགོས་པ་ལས་རང་གི་བདེ་བ་རྫོགས་ཐབས་ཙམ་དུ་མྱུར་བར་སྤྱད་པའི་ངན་འབྲས་ནི། 《འདོད་བསྟན》ལས“སྐྱེས་པ་མྱུར་པའི་ཆུང་མ་ལོ་གསུམ་བྱས་། འཁྲིག་པའི་བདེ་བ་ལན་གཅིག་མ་མྱོང་སྐད། ཚེ་གྲོགས་བུ་མོའི་ནང་ཉམས་མི་ཤེས་པའི། སྐྱེ་བོ་དེ་འདྲ་རབ་བྱུང་རྒྱུ་ལ་བཟང་༎”⒅ཞེས་བ་ལྟར་བུད་མེད་ལ་འདོད་པའི་བདེ་བ་མཆོག་ཅིག་མ་ཐོབ་ན་སྐྱེ་བོ་གཞན་གྱི་ཕྱོགས་སུ་སེམས་ཤོར་སླ་བ་དང་གཞན་ལ་བརྟེན་པ་བྱུང་ན་རང་གི་ཚེ་གྲོགས་བར་གྱི་ཞེ་འདང་ཡང་ཇེ་ཆུང་དུ་འགྲོ་སྲིད་པས། ནམ་རྒྱུན་གྱི་འཚོ་བའི་ཁྲོད་སྐྱེས་པས་བུད་མེད་ལ་ཆགས་པ་དྲག་པོ་མ་སྐྱེས་བར་དུ་འདོད་པ་མི་སྤྱོད་པ་དང་སྤྱད་ཚེ་བདེ་བ་ཚིམ་དུ་འཇུག་དགོས་པ་ནི་འདོད་པའི་བསྟན་བཅོས་ཀུན་གྱི་སྙོངས་བོ་ཡིན། 《འདོད་བསྟན》ལས“མདོར་ན་སྣ་ཚོགས་སྤྱོད་པས་བུད་མེད་ལ། ཆགས་པའི་བསམ་པ་དྲག་པོ་མ་སྐྱེས་བར། འཁྲིག་པའི་བྱ་བར་དངོས་སུ་མི་འཇུག་པ། འདོད་པའི་བསྟན་བཅོས་ཀུན་གྱི་སྙིང་བོ་ཡིན༎”⒆ཞེས་གསུངས་ཡོད་པ་ལྟར་གཉིས་སྦྱོར་སྐབས་སྐྱེས་པ་ལས་ཀྱང་བུད་མེད་ཀྱི་ཆགས་པའི་སྟོབས་ཆེ་ན་སྦྲུམ་པ་ཡང་བུ་རུ་སྐྱེ་བ་ཐེ་ཚོམ་མེད་པ་སྟེ། 《འདོད་བསྟན》ལས“གང་ཚེ་བུ་མོའི་རྒྱུད་ལ་འདོད་ཆགས་ཤུགས། སྐྱེས་པ་ལས་ཀྱང་ལྷག་པར་སྟོབས་སྐྱེས་ནས། འཁྲིག་པ་སྤྱད་ན་དགའ་བའི་སྟོབས་འཛིན་ཅིང་། སྦྲུམ་ཀྱང་བུ་རུ་སྐྱེས་པ་ཐེ་ཚོམ་མེད༎”⒇ཅེས་དང་། དེང་སྐབས་སྤྱི་ཚོགས་སྟེང་མིའི་བསམབློའི་ཁྱེར་སོ་ཞིག་དང་ཡང་ན་འཆར་ལྡན་བུ་སྐྱེས་ལྟར་བྱིས་པ་ཁེར་སྐྱེས་ཀྱི་སྲིད་ཁྲིམས་ལག་ཏུ་བསྟར་བའི་དུས་འདིར་རང་ཅག་བོད་པ་ཞིག་ལ་མཚོན་ན་འཇིག་རྟེན་ཁ་དཔེར། ཕོ་རྒོད་ཞིག་ལ་བུ་ཞིག་མེད་ན། བྱ་རྒོད་པོའི་གཤོག་ཡ་ཆད་འདྲ། ཞེས་ཕ་ཤུལ་བུ་འཛིན་གྱི་སྲོལ་རྒྱུན་རྙིང་བ་དང་མོ་དམན་ཕོ་མཆོག་གི་ལྟ་བ་དེ་ད་དུང་མཁྲེགས་འཛིན་བྱེད་ཞོར་ཁེར་སྐྱེས་ཀྱི་བྱིས་པ་དེ་བུ་རུ་འདོད་མཁན་ནི་མང་ཤོས་ཤིག་ཀྱང་བསྟན་ཡོད་པ་ནི། 《འདོད་བསྟན》ལས“འཁྲིག་ཐེངས་དང་པོའི་སྐབས་སུ་རང་བཞིན་གྱིས། ཕོ་ཡི་རྒྱུད་ལ་འཁྲུག་པ་ཤུགས་ཆེ་བས། ཁུ་བ་འབྱིན་ཚེ་ལིང་ག་ཕྱིར་ཕྱུངས་ཏེ། ཐིག་ལེ་བྷ་གའི་ཕྱིར་རུ་བཏང་བར་བྱ། གཉིས་པའི་སྐབས་སུ་བུད་མེད་ཆགས་འབར་བས། ཐིག་ལེ་བྷ་གའི་ནང་དུ་གཏོར་བ་སྟེ། ཐབས་ཚུལ་འདི་འདྲ་ཡིས་ཀྱང་མངལ་སྦྲུམ་ནས། བུ་ཕོ་འབྱུང་ལ་ངེས་པར་ཕན་པ་ཉིད༎”(21)ཅེས་དང་། སྤྱིར་བྱིས་པ་བུ་དང་བུ་མོ་གང་སྐྱེས་ཀྱང་ཁྱད་མེད་ལ་དེང་སྐབས་ལྷག་པར་དུ་རྒྱལ་ཁམས་བདེ་ཞིང་བཅོས་ཁྲིམས་ཡང་དག་དང་འདྲ་མཉམ་ཡིན་པའི་སྤྱི་ཚོགས་རྒན་མོ་གསེར་ཁུར་ལྟ་བུའི་དུས་འདིར་ཕོ་མཆོག་མོ་དམན་གྱི་ལྟ་མ་མེད་པར་ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ཐོབ་ཐང་ཐད་གོ་ལ་ཧྲིལ་བོའི་རྒྱལ་ཁབ་སོ་སོས་དོ་སྣང་གལ་ཆེན་བྱེད་བཞིན་ཡོད་པ་དང་། ཕ་མར་མཚོན་ནའང་བུ་ལས་བུ་མོས་ཁྱིམ་གྱི་ཙག་ཙིག་གི་བྱ་བ་དང་བཟའ་བཏུང་གཡོས་སྦྱོརསོགས་ལས་རོགས་གལ་ཆེན་ཐུབ་པ་དང་། ཕ་མ་དང་ཚེ་གྲོགས་བཟའ་ཟླ་སྡུག་པའི་སྐབས་ནད་་གཡོག་བྱེད་པའི་མ་མ་དང་སྐྱོ་བའི་སྐབས་སེམས་གསོ་གཏོང་བའི་སྙན་དངགས་མཁན་ལྟར་འཇིག་རྟེན་དྲིན་གྱིས་སྐྱོང་མཁན་དང་བདག་མོ་ཡིན་པ་ཡང་བསྟན་ཡོད་པ་ནི།《འདོད་བསྟན》ལས“རང་གི་རང་དོན་ཡུལ་གྱི་སྤྱི་དོན་དང་། རྒྱལ་བོའི་རྒྱལ་སྲིད་སྤྲང་བོའི་འཚོ་ཐབས་སོགས། ཆེ་ཆུང་བྱ་བ་གང་དང་གང་བྱེད་ཀྱང་། མེད་དུ་མི་རུང་བ་ནི་བུད་མེད་ཡིན། སྡུག་པའི་ནད་གཡོག་བྱེད་པའི་མ་མ་དང་། སྐྱོ་བའི་སེམས་གསོ་གཏོང་བའི་སྙན་དངགས་མཁན། ཁྱིམ་གྱི་ལས་ཀུན་བྱེད་པའི་གཡོག་མོ་སྟེ། ཚེ་གཅིག་རྩེ་དགས་སྐྱོངས་བའི་གྲོགས་མོ་ཉིད༎”(22)ཅེས་དང་། དེ་བཞིན་ཆེ་བ་རྒྱལ་ཁབ་དང་མི་རིགས་ཤིག་གི་ལས་དོན་ལྟ་ཞོག་ཐ་ན་ཆུང་བ་དུད་ཁྱིམ་སྐྱོང་བ་ལ་ཡང་ཀྱིམ་གྱི་བདག་མོ་དེ་ཉིད་མེད་ན་ག་ལ་རུང་། དེ་བས་རང་གི་ལུས་སྐྲུན་གྱི་མ་དྲིན་མོ་ཆེ་དེ་མེད་ན་ག་ལ་རུང་བས་དོན་མེད་དུ་བུད་མེད་ལ་བརྙས་དམོད་དང་བཙོག་འཛེམ་བྱས་ན་ནི་དོན་དུ་རང་གི་མ་དྲིན་མོ་ཆེ་ལ་བརྙས་པ་དང་ཀུན་ནས་མཚུངས་པས་མ་བཙོག་པ་ལ་བུ་གཙང་མ་ཞིག་སྐྱེས་མི་སྲིད་པས་རང་ལ་བྱིས་པ་བུ་དང་བུ་མོ་གང་སྐྱེས་ཀྱང་ཁྱད་མེད་དུ་ཀུན་སློང་ཡག་ཤོས་ཤིག་འཛིན་དགོས་པའི་སྐོར་བསྟན་པའི་ཞོར་བྱིས་པ་བུ་མོར་འདོད་པ་རྣམས་ལ་ཐབས་ཚུལ་ཡག་ཤོས་ཤིག་ཀྱང་བསྟན་ཡོད་པ་སྟེ།《འདོད་བསྟན》ལས“དེ་བཞིན་གལ་ཏེ་བུ་མོ་སྐྱེས་འདོད་ན། ཕོ་ཡིས་མོ་ལ་ཆགས་པ་དྲག་པོ་བྱ། བུད་མེད་རང་ཉིད་སྣང་མེད་ཚུལ་དུ་སྡོད། དྲག་ལ་མང་བའི་ཁུ་བ་བཏང་བར་བྱ། འདི་ནི་ཤིན་ཏུ་གནད་ཆེན་སྙིང་བོ་སྟེ། ཕྲུ་གུ་ཕོ་མོ་གང་འགྱུར་འདི་ལ་རག །བུད་མེད་ཆགས་པ་ཅན་ལ་བུ་མང་སྐྱེས། སྐྱེས་པ་ཆགས་པ་ཅན་ལ་བུ་མོར་ངེས། དེ་ཕྱིར་ཕོ་ཡི་ཆགས་པ་སྟོབས་ཆེ་ན། བུ་ཕོ་འབྱུང་སྙམ་འདི་འདྲ་འཁྲུལ་བ་སྙམ༎”(23)ཞེས་ཕོ་མོ་གཉིས་སྦྱོར་ཐད་ཀྱི་ཤེས་བྱ་གང་མང་ཞིག་སྦ་གསང་མེད་པར་མཁས་དབང་དགེ་ཆོས་མཆོག་གིས་ང་ཚོ་བོད་གཙོས་མིའི་རིགས་ལ་གོམས་སྲོལ་བཟང་བོ་དང་ལུགས་མཐུན་གྱིས་འདོད་པ་སྤྱོད་ཚུལ་སྐོར་མུ་ཏིག་སྟར་ལ་རྒྱུས་པ་ལྟར་ཁ་གསལ་གོ་བདེའི་ངང་ནས་དམར་རྗེན་དུ་གསུངས་ཡོད་པ་དེ་དག་ཕོ་མོ་ཉལ་བའི་སྐབས་སྣང་དོག་མེད་པར་ཉམས་སུ་མྱོང་བྱ་ཡིན་པ་བསྟན་ཡོད་ཀྱང་། ཕོ་མོ་གཉིས་སྦྱོར་སྐབས་ཕན་ཚུན་ལ་ཆགས་པ་དྲག་པོ་སྐྱེས་པའི་དབང་གིས་ཁ་ནས་ཅི་བཤད་འདི་ཤོར་མེད་པ། ལུས་ཀྱིས་འཁྱུད་སྟངས་དང་འོ་བྱ་བ། སོ་འདེབས་པ། སིད་སྒྲ་སྒྲོག་པ། འོག་འདེབས་ཀྱི་རྩལ་འདྲ་མིན་སྟོན་པ་ནི་ཆོས་ཉིད་ཡིན་པས་ཆ་དེ་གཞན་ལ་གསང་བར་བྱ་བ་ལས་ཁྲོམ་བསྒྲགས་མི་ཉན་པའི་སྐོར་ཡང་ཞོར་དུ་བསྟན་ཡོད་པ་སྟེ། 《འདོད་བསྟན》ལས“སྐྱེས་བུ་གསུམ་པས་མཐོང་དུ་མི་རུང་ཞིང་། རྣ་བ་ལྔ་བས་ཐོས་སུ་མི་རུང་བའི་། ཐུན་མོང་མ་ཡིན་གསང་བའི་འབྲེལ་བ་དག །འཇིག་རྟེན་ཁམས་ན་སྙིང་གྲོགས་མཆོག་ཏུ་འགྱུར༎”(24)ཞེས་དང་། སྤྱིར་འདོད་པའི་བདེ་བ་ནི་འཇིག་རྟེན་པའི་ཕོ་མོ་གཉིས་ཀས་སྤྱི་མཐུན་དུ་འདོད་པའི་སེམས་ཀྱི་བདེ་སྐྱིད་ཅིག་ཡིན་ལ། བདེ་སྐྱིད་འཚོ་བར་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོད་ཀྱང་ལུས་སེམས་ལ་བདེ་སྐྱིད་ཡོད་པའི་ངེས་པ་མེད་ལ། འཇིག་རྟེན་གྱི་ཁ་དཔེར། “སེམས་སྐྱིད་ན་སྤྲང་བོ་ཡིན་ཀྱང་སྐྱིད། སེམས་མ་སྐྱིད་ན་རྒྱལ་བོ་ཡིན་ཀྱང་མི་སྐྱིད།”ཟེར་བ་ལྟར་གཙོ་བོ་བདེ་སྐྱིད་ནི་སེམས་སྐྱིད་པ་དེ་ཡིན་པས། ལས་སྙོན་གྱི་དབང་གིས་འཁོར་བར་འཁོར་བའི་འཇིག་རྟེན་པ་སྐྱེས་ཕོ་མོ་གང་ལ་མཚོན་ནའང་སྡུག་བསྔལ་མི་འདོད་པར་ཚང་མས་བདེ་ཞིང་སྐྱིད་པའི་འཚོ་བར་ལོངས་སྤྱོད་རྒྱུ་དེ་ཆོས་དང་འཇིག་རྟེན་གཉིས་ཀའི་འདོད་པ་ཉག་གཅིག་ཡིན་ལ། གཉིས་སྦྱོར་ཡང་དེའི་གྲས་ཀྱི་བདེ་སྐྱིད་དང་འཆམ་མཐུན། ཞི་བདེའི་རྨང་གཞི་ཡིན་པས་འཇིག་རྟེན་པ་ཀུན་ཀྱང་དོན་དུ་འདི་ལ་དགའ་བར་ངེས་ཏེ་དགེ་ཆོས་ཀྱིས། “སྤྲང་བོའི་མི་ཡིས་གསེར་ལ་སྣ་གཉེར་བྱེད། ལྟོགས་པའི་མགྲོན་གྱིས་ཟས་ལ་མཆིལ་མ་འདེབས། ཀུན་གྱི་ཁ་ནས་སྨོད་པ་འདི་ཡིན་ཀྱང་། ནོར་དང་དབང་ཐང་བྲལ་བའི་ཕོ་མོ་ཡང་། མལ་གྱི་ནང་ན་མཐོ་རིས་བདེ་བ་རྫོགས། མགོ་བོ་དུང་ལས་དཀར་བའི་རྒད་པོ་ཡང་། རྒན་མོའི་རུམ་ན་བརྗོད་མེད་དགའ་བ་མྱོང་༎”(25)ཞེས་གསུངས་ཡོད་པ་ལྟར་ཚངས་སྤྱོད་གཉིས་སྦྱོར་གྱི་རིན་ཐང་དེ་མཁས་དབང་དགེ་ཆོས་མཆོག་གིས་སྦ་གསང་མེད་པར་བསྟན་པའི་ངོ་མཚར་རིག་གནས་འདི་བོད་མིའི་བསམ་བློ་བཅིངས་འགྲོལ་དང་གནས་ལུགས་མཐར་ཐུག་ཅིག་རྟོགས་ཆེད་གསུངས་ཡོད་པས། འུ་ཅག་གིས་ཀྱང་ཚངས་སྤྱོད་གཉིས་སྦྱོར་དེ་ཉིད་མི་གཙང་བ་དང་མི་མཛེས་པ་ཞིག་ཏུ་མི་བརྩི་བར་ཚུལ་མཐུན་གྱི་ངོ་མཚར་རིག་གནས་དེ་དང་དུ་ལེན་པར་རིགས་ཏེ། 《འདོད་བསྟན》ལས“འཁྲིག་པ་སྤངས་ན་མི་ཡི་འཇིག་རྟེན་ཁམས། སྐད་ཅིག་ཙམ་ལ་ངེས་པར་སྟོང་འགྱུར་ཞིང་། མི་ཡི་སེམས་ཅན་མེད་ན་དགེ་སློང་དང་། སངས་རྒྱས་བསྟན་པ་དེ་ལས་ག་ལ་འོང་། གལ་ཏེ་འཁྲིག་པའི་འབྲེལ་བས་མ་བསྡུས་ན། ཕོ་མོའི་རིགས་ནི་འདི་ལྟར་ཐ་དད་པས། འཇིག་རྟེན་ཁམས་སུ་སྡེ་གཉིས་ཆད་གྱུར་ཏེ། རྟག་ཏུ་གཡུལ་དང་རྒོད་ཀྱིས་གནས་བར་ངེས༎”(27)ཞེས་དང་། སྤྱིར་ན་གཉིས་སྦྱོར་གྱི་འདོད་སྤྱོད་ལ་མི་ཞེན་པ་དང་མི་དགའ་བའི་འཇིག་རྟེན་པ་ཪྙེད་དཀའ་ཡང་མཁས་དབང་དགེ་ཆོས་མཆོག་ཐུགས་རྒྱུད་དྲང་ཞིང་བདེན་དོན་སྨྲ་བར་སྤོབས་པ་ཆེས་བས་དྲན་དབང་ཁྲོད་ཀྱི་ཉི་མ་ལྟ་བུ་ཞིག་ཡིན་པས། ཁོང་གིས་འཇིག་རྟེན་མཐུན་སྣང་གི་ལྟ་བ་དང་སྤྱོད་པ་བཅས་གཏན་ལ་ཕབ་སྟེ་བརྗོད་བྱ་ཟབ་ཅིང་རྒྱ་ཆེ་བ་དོན་རྟོགས་དཀའ་བ་གསང་སྔགས་དང་འབྲེལ་ཞིང་སླ་བ་ཁྱིམ་པ་ཕོ་མོའི་འཚོ་བ་སྟོན་པའི་རྨད་བྱུང་ངོ་མཚར་རིག་གནས་ཀྱི་བསྟན་བཅོས་འདི་འདྲ་ཞིག་མཛད་ཡོད་པ་ལ། འགའ་ཞིག་གིས་འདིའི་དོན་ནི་ཆགས་སྲེད་དང་ཚུལ་མིན། བཙོག་པ། མི་མཛེས་པ། གླེང་རིན་མེད་པ་ཞིག་གོ་སྙམ་ན་མ་ཡིན་ཏེ། གདོང་ཐོག་མཆོག་སྤྲུལ་བསྟན་པའི་རྒྱལ་མཚན་གྱིས། “དེའང་འདོད་པའི་བསྟན་བཅོས་འདི་དག་རང་བཞིན་ཁྱིམ་པ་ཐ་མལ་པར་འཁྲིག་ཐབས་སུ་མཁོ་བ་ཙམ་མ་ཡིན་པ། གནས་ལུགས་གཏན་ལ་དབབ་པའི་ཆེད་དང་། གསང་བ་སྔགས་ཀྱི་རྣལ་འབྱོར་ལའང་མཁོ་བའི་ཡན་ལག་ཡིན་པ་ནི། ཁོལ་དུ་བྱུང་མིན་གྱི་ཁྱད་ཙམ་ལས། བླ་མེད་ཀྱི་རྒྱུད་སྡེ་རྣམས་སུ་ཅི་རིགས་པར་གསལ་བས་སེར་སྐྱ་སུས་ཀྱང་བཪྙས་སྨོད་བྱ་མི་རུང་ཞིང་། གསུང་རབས་ཀྱི་གྲས་སུ་གུས་བཀུར་བྱ་དགོས་བ་ཡིན།”(28)ཞེས་གསུངས་ཡོད་ཀྱང་། བོད་ནང་ལོག་གྱི་དཔེ་སྐྲུན་ཁང་སོགས་ནས《འདོད་པའི་བསྟན་བཅོས》དེ་དཔེ་རྟགས་ཡོད་པར་དཔར་སྐྲུན་མི་བྱེད་པར་སྔར་དཔར་ཟིན་པའི《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》ཕྱོགས་བསྒྲིགས་པོད་གསུམ་ཅན་སོགས་སུའང་འདོད་པའི་བསྟན་བཅོས་དེ་བཀོད་མེད་པ་དང་། དེང་སྐབས་བོད་ནང་གི་སྤྱི་ཚོགས་སྟེང་ན་འདོད་པའི་བསྟན་བཅོས་དེ་ལྐོག་འཚོང་བྱེད་བཞིན་ཡོད་པ་དེ་ལ་བལྟས་ཚོད་ཀྱིས་རྒྱ་ནག་རྒྱལ་ཁབ་ཀྱིས་བསྟན་བཅོས་དེ་པར་མི་ཆོག་པ་ཆགས་སྲེད་ཀྱི་གྲས་སུ་བགྲང་བའམ་ཡང་ན་རང་ཅག་མཁས་རློམ་པ་འགའ་རེས་འདོད་བསྟན་དུ་འཇིག་རྟེན་མཐུན་སྦྱོར་དང་ཕོ་མོའི་འཚོ་བའི་ཐད་ཀྱི་ཤེས་བྱ་སྨན་དང་མཚུངས་པ། ཚན་རིག་དང་མཐུན་པ། ཁྲིམས་ལུགས་དང་མཐུན་པ། སྲིད་ཅུས་དང་མཐུན་པ། བདེ་ཐང་དང་ཞི་བདེར་མཐུན་པ། ཡ་རབས་ཀྱི་ལུགས་དང་འཇིག་རྟེན་མི་ཆོས་དང་དམ་པའི་ལྷ་ཆོས་དང་མཐུན་པར་སྦྱར་ཏེ་བོད་དུ་སྔ་ན་མེད་པའི་རིག་གཞུང་ཞིག་གི་སྟོང་ཆ་བསྐངས་ཡོད་པ་དེ་མ་ཤེས་བ་དང་། ཡང་ན་ཞིབ་འཇུག་ཡང་དག་ཅིག་མ་བྱས་པའི་སྐྱོན་ཙམ་ལས་གཞན་མེད་པར་འདོད་པས་ཀུན་གྱིས་འདོད་པའི་བསྟན་བཅོས་ཀྱི་སྐྱོན་ཡོན་ལ་བློ་གཟུ་བོས་དཔྱད་པར་འཚལ་ལོ། །
དེང་སང་སྤྲུལ་སྐུ་དེ་ཚོས་དགོས་རྒྱུའི་དམ་པའི་ལྷ་ཆོས་ཡག་པོ་ཞིག་མི་སློབ་པར། མི་དགོས་རྒྱུའི་འཇིག་རྟེན་མི་ཆོས་སྐོར་ལ་དོ་སྣང་ཤི་བོ་ཅིག་གནང་གི་ཡོད་ས་རེད། དཔྱད་པ་ཡག་པོ་ཐེབས་འདུག་ལོ།
བུ་མོ་དེ་ཚོ་ལ་དགོས་རྒྱུ་དེ་སྒྲུབ་མ་ཐུབ་ན་དམ་པའི་ལྷ་ཆོས་གཅིག་པོས་ག་ལ་ཡོང་གྱི་རེད།
འདོད་པའི་མི་ལ་འདོད་པ་སྦྱིན་པ་ནི། །དགེ་བ་མེད་ན་སྡིག་པ་ག་ལ་ཡོད། །ཅེས་པ་དེ་ཟླ་སྒྲོན་ཞེས་པ་དེས་མ་ཐོས་པ་འདྲ། ༠༠༠༠༠༠༠༠ཧཧཧཧཧཧཧཧཧཧཧཧཧཧཧ
འདོད་པ་སྤངས་ནས་འདོད་པ་སྦྱིན་པ་ཡང་།
དེང་རབས་ཆོས་པ་ཁ་ཤས་སྤྱོད་པ་འདྲ།
དགེ་ཆོས་སྨྱོས་ནས་འཆོལ་གཏམ་བཤད་པ་དང་།
སྤྲུལ་སྐུ་ཆགས་པས་འདོད་གཏམ་སྨྲ་བ་མཚུངས། །
ཧཧཧཧཧཧ
རང་རྒྱལ་རང་རྒྱལ་ཞེས་པ་དེ་རྒྱ་ཞེན་དང་རྒྱ་སེམས་ཅན་གྱིས་བཤད་རྒྱུའི་ཐ་སྙད་རེད། བོད་པ་ཞིག་གིས་དེ་འདྲ་བཤད་དུས་ཏག་ཏག་ཅིག་ཨ་ཡིན་དྲན། རྒྱ་ནག་ཟེར་ན་འོས། ཡིན་ནའང་མནར་མེད་གསོས་རས་སྩལ་བའི་མདོའི་མཁན་པོ་ཡིན་དུས་རྒྱ་རྒན་ཚོ་དང་དགོངས་པ་གཅིག་དང་དབྱངས་གཅིག་ཡིན་པར་ལྟ་ཅི་སྨོས།
ཟླ་སྒྲོན་ལས་ངན་མ། སྤྲུལ་སྐུ་ཚོས་འདི་ལྟར་གསུངས་བ་དང་དོན་སྣང་ཡོད་པ་ནི་ཡག་པོ་མ་རེད་ནེ།
སྤྲུལ་སྐུ་བྱིན་རླབས་ཅན།
སྤྲུལ་སྐུ་ནོམ་པ་ཅན།
སྤྲུལ་སྐུ་འཁྲིག་སྤྱོད་ཅན།
སྤྲུལ་སྐུ་ཤེས་རྒྱ་ཅན།
སྤྲུལ་སྐུ་དཀྲུག་རྟ་ཅན་སོགས
སྤྲུལ་སྐུ་ལྡོམ་པོ་འགའ་ཁ་བརྡ་ན་འཛིན་རྒྱུ་ཡོད་པ་འདི་ཚོ་ཨ་ཡས་ཚང་གི་བསོད་ནམས་རེད་ཐལ།
ངན་པ་འདི་ཚོ་གཅིག་རྒྱབ་གཅིག་སྣོན་རེད། འདི་ལུང་གི་བསྟན་པ་འཆད་ཉན་གྱིས་འཛིན་ལུགས་རེད དམ། རྟོགས་པའི་བསྟན་པ་སྒྲུབ་པའི་སྒོ་ནས་འཛིན་ལུགས་རེད། ཕུང་གསུམ་པ་ངོ་མ་ཡ་ཕུང་གསུམ།
སྤྲུལ་སྐུ་གཅིག་གིས་རྒྱོ་ལུགས་བཤད། །
སྤྲུལ་སྐུ་གཅིག་གིས་མཐེ་བོང་སྒྲེང་། །
བྱ་སྤྲུལ་སྤྲུལ་གོག་འདི་ཚོ་ཡིས། །
མི་སེམས་སྲེག་པ་གྲངས་མེད་རེད།
་་་་་་དེའང་འདོད་པའི་བསྟན་བཅོས་འདི་དག་རང་བཞིན་ཁྱིམ་པ་ཐ་མལ་པར་འཁྲིག་ཐབས་སུ་མཁོ་བ་ཙམ་མ་ཡིན་་་་་་་་ཟེར།
བྷ་གའི་ཁ་རུ་སོར་མོས་འཁྲུག་དང་ལྷན། །
ནུ་མའི་རྩེ་མོར་ལྕེ་རྩེས་ལྡག་པ་སོགས། །
འདོད་པ་ཁོང་ནས་འབར་བའི་ཆ་ག་སྟེ། །
ལག་ལེན་ཅི་དགའ་མཛོད་ཅིག་ཕོ་གསར་ཚོ། །
དཔྱད་གླེང་འདི་བོད་ཡུལ་ན་བཞུགས་པའི་ཆོས་གྲོགས་རྙིང་བ་མཁན་པོ་ཞིག་གིས་བསྐུལ་སློང་བྱུང་བས་བོད་ཡུལ་ན་བཞུགས་པ་ལ་ནི་རང་རྒྱལ་ལོས་ཡིན། ང་ཚོ་ཕྱི་ལོག་ན་ཡོད་པ་ཚོས་ཡང་རྒྱ་བོད་གཉིས་ཁ་བྲལ་ཐབས་མེད་པས་འོག་རང་སྐྱོང་ཙམ་ཞིག་སློང་མོ་བྱེད་བཞིན་འདུག་ན། ང་ལ་མཚོན་ན་ཨ་རིའི་མི་སེར་ཡིན་ཡང་ཨ་རི་གཞུང་གིས་རྒྱ་ནག་རྒྱལ་ཁབ་ཀྱི་མི་རིགས་ཞེས་ལག་འཁྱེར་དང་ཡིག་ཆ་ཚང་མའི་ནང་འཁོད་འདུག ། །
གཡོ་རྒྱུ་སེམས་ནག་ཅན་ཚོས་ཁོག་སྦས་ནས།
ཁ་ནས་རྫུན་གཏམ་རླུང་བུ་ཆེར་བུས་ཡང་།
དྲང་བདེན་རིག་པའི་བུ་ངས་ལྷག་བསམ་གྱིས།
རང་གཞན་ཀུན་ལ་ཕན་ཕྱིར་གསལ་བཤད་ཙམ། །
འོ་ཡང་བལྟས་ངན་ཞིག་བསྟན་སོང་། རྒྱོགཏམ་འདི་བསྐུལ་བ་པོ་མཁན་པོ་ཡིན་ན་ཅིག་རེད་ཟེར།
རང་རྒྱལ་ལོས་ཡིན་ཟེར། ཚིག་ཟེར་བ་དེ་ནུས་པ་དཔེ་མེད་ཡོད། བོད་སྡོད་བོད་པ་གཅིག་གིས་རྒྱ་ནག་ལ་རང་རྒྱལ་ཟེར་བ་དང་། རྒྱ་ནག
ཀྲུང་གོ་ཞེས་ཟེར་དུས། དང་པོ་དེ་ཀྲུང་གོ་གུང་ཕྲན་ཏང་ལ་དགའ་ཞེན་ཡོད་པ། གཉིས་པ་རྒྱ་མིའི་འོག་སྡོད་འདོད་མེད་པ། གསུམ་པ་དེ་ཅི་ཡང་མི་ཤེས་པའི་དབང་དུ་སོང་བ་བཅས་སུ་མཚོན།
ཁྱོད་ཨ་རི་བ་ཡིན་རུང་ཨ་རི་ལ་རང་རྒྱལ་མི་འབོད། རྒྱ་མི་མིན་རུང་རྒྱ་ནག་ལ་རང་རྒྱལ་འབོད་ལུགས་འདིས་བོད་པ་ང་བློ་མི་བདེ་ཀེམ་ཀེམ་མ་བྱེད་ཐབས་མེད་ཏུ་གྱུར།
མེ་དཀར་ལགས། དབང་ཆེན་ཞུ་བ་ཁོང་ཨ་རིའི་མི་སེལ་ཡིན་ཚུལ་བཤད་པ་ལས་ཨ་རི་བ་ཡིན་གྱི་མ་རེད། དེ་ཡང་མི་བདེན་བསམ་ན་རྒྱ་མིའི་མི་སེལ་ཡིན་ན་རྒྱ་མི་ཞེས་དང་རྒྱ་ནག་གི་མི་སེལ་ཡིན་ན་རྒྱ་ནག་བ་ཞེས་འདོད་དགོས། བོད་ནང་གི་བོད་མིས་རྒྱ་གཞུང་ལ་རང་རྒྱལ་ཞེས་བཤད་པ་དེ་དོན་དངོས་རེད། ཁོང་ཚོ་ནི་རྒྱ་ནག་གི་རྒྱལ་ཁོངས་སུ་ཡིན་པས་དེ་ལྟར་བཤད་ན་ཁོང་ཁྲོ་དོན་ཅི་ཡོད། བཙན་བྱོལ་ནང་དུ་གཞོན་ནུ་དང་བོད་ཞེན་ཅན་རེ་ཟུང་མ་གཏོགས་རྒྱ་ནག་གི་རྒྱལ་ཁོངས་སུ་མི་རེ་མཁན་སུ་ཡོད། སྐུ་ཉིད་ཀྱང་དེའི་གྲས་ཞིག་ཡིན་པར་བདེན་མི་ཟ། ཧཧཧཧཧཧཧཧཧཧཧཧཧབོད་རྒན་འདི་ཚོར་སྐད་ཆ་མང་ནི་རེད།
།གལ་ཏེ་དེས་ཀྱང་བདེ་མ་རྫོགས་ན། སྐྱེས་པའི་སོར་གཉིས་བྷ་གར་བཏང་སྟེ་དཀྲུགས། སྤྱིར་ན་འཁྲིག་པའི་སྔོན་དུ་སོར་མོ་ཡིས། བྷ་གའི་བུ་གར་བསྲུབ་ཅིང་མཉེད་པ་གནད༎” ཟེར་བ་ལྟར།
དགེ་ཆོས་ལགས་དང་སྤྲུལ་དབང་མ་གཏོགས་སུས་འདི་འདྲའི་དཀའ་ལས་རྒྱབ་བགྱིད་རེད། ངས་ནི་འདི་འདྲ་མི་བྱེད་ཐག་གཅོད་ཡིན་ནོ། །
བསྟན་འཛིན། མི་སེལ་ཟེར་བའི་དོན་ཇི་ཡིན་མ་བཤད་པར་ཁྱོད་ཀྱི་སྐད་ཆ་ལ་ལན་འབྲི་གི་མིན།
སྤྲུལ་སྐུ་དབང་ཆེན་གྱི་འདོད་པའི་བསྟན་བཅོས་སྐོར་ལེགས་པར་བྲིས་པར་མངོན་པར་བསྟོད། རྩོམ་བྲིས་ཤིན་ཏུ་ལེགས། འོན་ཀྱང་། དགེ་ཆོས་ཀྱི་དག་ཆ་དང་མི་མཐུན་པ་མང་བས། བླ་མ་སྤྲུལ་སྐུ་ཡིན་ཡང་། རང་གི་ཁ་སྐད་ཀྱི་བག་ཆགས་བཙན་དབང་གིས། མིང་མཐའ་པ་ཡིག་བ་ཡིག་ཏུ་བསྒྱུར་པ་དང་། བཀའ་བསྟན་གསུང་འབུམ་ཀྱི་དག་ཆ་ཀུན་ལ་རྩིས་མེད་པར་མཐོང་། དེ་དག་ལས་འགའ་ཞིག་འདིར་བཀོད་པ་ནི།
ཐར་བའི བདེ་བ་མ་ཟད་་ གོ་ལ་ཧྲིལ་བོར་ ་གསུངས་བ་ ཉལ་བོ་སྐྱེ་གནས་མི་མཐུན་བདག་པོ་ཅན། དེང་སེང་ བཟང་བོ་ དབང་བོ་དུལ་ཞིང་གློ་བུར་མགྲོན་ལ་དགའ། སྐྱེ་བུ་དམ་པའི་ཁྱིམ་ན་ཐར་བ་ཡོད། གང་མཚམས་ཤིག་སྤྱད་ན་ཆོག་པ་དང་། འདོད་པའི་བསྟན་བཅོས་ཀུན་གྱི་སྙོངས་བོ་ཡིན། འདོད་པའི་བསྟན་བཅོས་ཀུན་གྱི་སྙིང་བོ་ཡིན༎ རྙིང་བ་རྒྱལ་བོའི་རྒྱལ་སྲིད་སྤྲང་བོའི་འཚོ་ཐབས་སོགས། སིད་སྒྲ་སྒྲོག་པ། རྣ་བ་ལྔ་བས་ཐོས་སུ་མི་རུང་བའི་། ཐུན་མོང་མ་ཡིན་གསང་བའི་འབྲེལ་བ་དག བོད་ནང་ལོག་གྱི་དཔེ་སྐྲུན་ཁང་སོགས་ནས།
ཁྱེད་ཅག་གི་ཞལ་ནས། ལོག་དང་ལོགས་ཀྱི་སྒྲ་མི་འདྲ་བ་འཐོན་ནམ། འདིར་སྤྲུལ་སྐུས་ལན་དུ་མར་ལོགས་ལ་ལོག་བྲིས། འདི་འདྲ་ལ་དྭགས་པ་ཞིག་གིས་ཀྱང་བྲིས་པ་ལ་ཁོ་བོས། ལོ་ངོ་བཅོ་ལྔ་ཉི་ཤུའི་སྔོན་དུ་འདི་ལྟར་བྲིས་ཏེ།
ཕྱི་ལོགས་ནང་ལོགས་ཡང་འཇུག་དགོས།
ཡང་འཇུག་མེད་པ་མགོ་ལོག་ཡིན།།
བོད་གཅིག་སྒྲིལ་དགོས་ན། བཀའ་བསྟན་གསུམ་འབུམ་དག་ཆ་ལ་རྩི་དགོས དགེ་ཆོས་ལ་བོད་གཅིག་སྒྲིལ་འབྱུང་བ་ཐུགས་དཀྱིལ་ན་མཆིས་ཏེ། དེབ་ཐེར་དཀར་པོ་ལྷ་ས་སྤར་མ་ཤོག་གྲངས། ༣༢པའི་མདུན་ཤོག་ན། ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང་། ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན། ཞེས་སོགས་གསུངས་པ་དེ་མངོན་སུམ་གྱིས་གྲུབ་པ་ཡོད་ན། དེས་ན། ཁྱེད་ཅག་ལ་ཆོས་སྐད་ཀྱི་དག་ཆ་གཙོ་ཆེའམ་རང་རང་སོ་སོའི་ཁ་སྐད་ཀྱི་དག་ཆ་གཙོ་ཆེ། བདག་གིས་ནི་དང་པོ་དེ་ལ་རྩིས་མཐོང་ཆེར་བྱེད་པ་ལ་དགོངས་འགལ་མེད་པ་ཞུ་བ་ལགས་སོ།།
ལ་དྭགས་པ་ཐུགས་བདེན། ཁ་སྐད་ལ་ཇི་འབྱོར་བྱས་པ་མིན་ཡང་ངས་ཡི་གེ་འབྲི་སྐབས་iPadབེད་སྤྱོད་བྱས་པས་་དེའི་ཐེབས་གཞོང་དེ་གློག་ཀླད་ཀྱི་ཐེབས་གཞོང་དང་མི་འདྲ་བས་དབང་གིས་ཤོར་བ་ཡང་ཁ་ཤས་ཤིག་མཆིས། དེ་མིན་སྣང་མེད་དུ་སོང་བ་ཡང་འདུག །ད་ལྟ་མ་ཡིག་ལ་ཞུ་དག་བགྱིས་ཚར་ཡོད། ཐུགས་རྗེ་ཆེ་ཞུ།།
སྤྲུལ་སྐུ་དབང་ཆེན་ནས་ཡག་པོ་ཞིག་བྲིས་འདུག ད་དུང་ཉམས་མྱོང་གསོག་གིན་གསོག་གིན་མ་འོང་པར་ཤར་ནུབ་སྒྱོ་ལུགས་སྟོང་འདུས་ཀྱི་འདོད་བསྟན་གསར་མ་ཞིག་རྩོམ་བྲིས་གནང་ཐུབ་པའི་རེ་བ་ཆེན་པོ་འདུག་པས་མུ་མཐུད་འབད་བརྩོན་གནང་རོགས།། །།
ལག་ལེན་དངོས་ཀྱི་མྱོང་བ་དམར་རྗེན་མ།།མགོ་སེར་བུ་མོའི་རྐུབ་ལ་རྒྱུགས་པའི་ཚུལ།།བོད་ཀྱི་སྤྲུལ་མིང་རྣམས་ཀྱི་ལུགས་སྲོལ་འདི།།ཕྱི་གླིང་ཡུལ་ན་དར་སོ་ཆེ་བ་འདྲ།།
ངས་བཤད་འདོད་པའི་སྐད་ཆ་ནི། བདེ་བཞིན་གལ་ཏེ་བུ་མོ་སྐྱེས་འདོད་ན། ཕོ་ཡིས་མོ་ལ་ཆགས་པ་དྲག་པོ་བྱ། བུད་མེད་རང་ཉིད་སྣང་མེད་ཚུལ་དུ་སྡོད། དྲག་ལ་མང་བའི་ཁུ་བ་བཏང་བར་བྱ། འདི་ནི་ཤིན་ཏུ་གནད་ཆེན་སྙིང་བོ་སྟེ། ཕྲུ་གུ་ཕོ་མོ་གང་འགྱུར་འདི་ལ་རག །བུད་མེད་ཆགས་པ་ཅན་ལ་བུ་མང་སྐྱེས། སྐྱེས་པ་ཆགས་པ་ཅན་ལ་བུ་མོར་ངེས། དེ་ཕྱིར་ཕོ་ཡི་ཆགས་པ་སྟོབས་ཆེ་ན། བུ་ཕོ་འབྱུང་སྙམ་འདི་འདྲ་འཁྲུལ་བ་སྙམ། ཟེར་འདི་ནི་བྲང་ཟེ་རྒན་པོའི་ཟེར་སྒྲོག་ཙམ་ལས་མཚན་རིག་དང་མཐུན་པ་ཞིག་མིན། སྦྲུམ་བུའི་སྐོར་ལ་མཚན་རིག་པས་ངོས་འཛིན་གཞུང་ལུགས་ནས་བཤད་ན་ཕོ་མོ་གཉིས་ལ་སྦྲུམ་འབུ་ Y དང་ X ཞེས་རིགས་གཉིས་སུ་དབྱེ་ཡོད་པ་མ་ཟད་ཕོའི་རིགས་འགའ་རེར་སྦྲུམ་འབུ་རིགས་གཉིས་ཀ་ཡོད་ལ་ཁ་ཤས་ལ་རིགས་གཅིག་མ་གཏོགས་མེད་ཟེར། བུད་མེད་ལ་ནི་སྦྲུམ་འབུ་ Y ལས་མེད། གལ་སྲིད་ཕོ་མོ་གཉིས་ཀར་སྦྲུམ་འབུ་ Y མ་གཏོགས་མེད་ན། དགེ་ཆོས་ནས་གསུངས་པའི་གདངས་ངག་དེར་ཤི་འཐམ་རོ་འཐམ་གྱིས་པུ་གུ་ལྔ་སྟོང་ལྔ་བརྒྱ་སྐྱེས་ཡང་བུ་མོ་ཁོ་ན་ལས་བུ་སྐྱེས་མི་སྲིད། ཕོ་ལ་སྦྲུམ་འབུ་ X ཁོ་ན་ལས་མེད་མཁན་ཞིག་ཡིན་བུ་མ་གཏོགས་བུ་མོ་ཡོང་མི་སྲིད། འོན་ཀྱང་ཕོ་མོ་སོ་སོའི་སྦྲུམ་འབུ་ Y དང་ X གཉིས་ག་དུས་མཉམ་འདྲེས་བྱུང་ན་སྒྱོ་ཐེངས་གཅིག་ནས་བུ་རྒྱ་མ་བཅོ་ལྔ་ཅན་ཞིག་བཟོ་བ་ནི་ཇི་འདྲི་ལས་སླ་མོ་རེད་ཨང་། མདོར་ན་དེང་དུས་སྨན་ཁང
་ཁག་ཏུ་གྲུབ་དོན་འདི་ལག་ལེན་བསྟར་ནས་བུ་འདོད་པས་ནི་བུ་འཐོབ་གྱུར་ཞིང་། མོ་འདོད་པས་བུ་མོ་འཐོབ་བཞིན་པ་ཡིན་ནོ།། །།སྤྲུལ་སྐ྄ུ་དབང་ཆེན་ལགས། འདི་སྐོར་གང་ཤེས་ཞིབ་ཙམ་འབྲི་འདོད་ཡོད་ཀྱང་བདག་ནི་མི་ཁོམ་པའི་གནས་དགུ་པ་ཞིག་ཏུ་ལྷུང་ནས་ཡོད་པས་མ་ཁོམ་ཐལ། ཨ་ཤེ་རེ་ད་འགྲོ་རན་སོང་།། །།
མཁས་དབང་དགེ་འདུལ་ཆོསའཕེལ་གྱི་སྔོན་དུ། འཇུ་མི་ཕམ་རིན་པོ་ཆེས་འདོད་པའི་བསྟན་བཅོས་བྲིས་ཡོད་པ་དེ་ལ་དགེ་ཆོས་ཀྱིས། ཉམས་མྱོང་མེད་པས་བྲིས་པ་དང་། ཉམས་མྱོང་ཡོད་པས་བྲིས་པ་ལ་ཁྱད་པར་ཆེ། ཞེས་པ་བཀླགས་པ་དྲན། ཕི་ཕམ་ཀྱི་འདོད་བསྟན་ཡོད་ཚེ་འདིར་བཀོད་ན། འདོད་སྤྱོད་གྲུབ་མཐའ་ཤེས་དགོས་པ་ལ་ཁྱད་པར་སྟོན་པའི་གྲོགས་སུ་འགྱུར་ངེས།
ཞིབ་འཇུག་གནང་བ་ཧ་ཅང་བཟང་། སྤྲུལ་སྐུ་ཁྱེད་བོད་མི་རིགས་དང་རིག་གཞུང་ལ་དུང་བའི་སྐྱེས་བུ་རྣམ་དཔྱོད་ཅན་ཞིག་ཡིན་པ་རྟོགས་ཐུབ། ཐུགས་རྗེ་ཆེ་ཞུ་བ་ཡིན།
ཕི་ཕམ་ཀྱི། འཇུ་མི་ཕམ་གྱི། ཞེས་ཞུས་དག་བྱས་སོ།།
བོད་མཁས་པས།
གཞན་ཡང་འདུལ་བ་ལུང་གི་མའི་རྣམ་འབྱེད་ཀྱི་དབུར། འཕགས་པ་འོད་སྲུངས་ཆེན་པོའི་གཏམ་རྒྱུད་ལས་བརྩམས་ཏེ། རིག་པའི་གནས་བཅོ་བརྒྱད་ལ་ཡང་མཁས་པར་གྱུར་པ་འདི་ལྟ་སྟེ། གསང་སྔགས་ཀྱི་རྒྱུད་དང་། ཆོ་ག་ཞིབ་མོ།
སོགས་དང་
མཛོད་རང་འགྲེལ་ལས། རོལ་མོ་འཁྲིག་ཐབས་འཚོ་རྩིས་སྒྲ་དང་གྲངས། །སོགས་དང་། སྐྱེས་རབས་རྒྱ་ཆེར་འགྲེལ་དུ་སློབ་དཔོན་རཏྣ་ཀྰིརྟིས། རིག་པའི་གནས་བཅོ་བརྒྱད་འདི་ལྟ་སྟེ། རོལ་མོ་དང་། འཁྲིག་ཐབས་དང་སོགས་གསུང་འདུག་པས་་་་་་་་་་་
འདོད་པའི་བསྟན་བཅོས་འཇིག་རྟེན་ཀུན་ཏུ་དགའ་བའི་གཏེརགཞེས་བྱ་བཞུགས་སོ།། །།
རྒྱ་གར་སྐད་དུ། ཀྰམ ཤྰསྟྲ ལོཀྰནནྡ སྱནིདྷི ནམ།
བོད་སྐད་དུ། འདོད་པའི་བསྟན་བཅོས་འཞིག་རྟེན་ཀུན་ཏུ་དགའ་བའི་གཏེར་ཞེས་བྱ།
གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །
སྟོང་ཆེན་ཕྱ་རྒྱའི་བཞིན་ལ་རྗེས་ཆགས་པ། །བདེ་མཆོག་ཨུཏྤལ་གཞོན་ནུའི་ཟུར་མིག་ཅན། །རྡོ་རྗེ་རྣོན་པོར་རབ་གྲགས་སྲིད་ཞིའི་དཔལ། །འགུག་པ་གང་དེས་ཁྱོད་ལ་སྲུང་གྱུར་ཅིག །
འདོད་ན་བདེ་བའི་དགའ་བི་མཐར་ཐུག་ལོ། །༡༠༤ནས་ཤོག་་གྲངས༡༣༧ཅན་དགེ་ཆོས་ཀྱི་འདོད་བསྟན་མཉམ་སྦྱར་ཡོད་པ་བོད་གཞུང་ཤེས་རིག་སྤར་ཁང་གིས་སྤར་དུ་བསྐྲུན་པ་དེའི་མཐའ་ཡི་ཚིགས་བཅད་མཐའ་མར།
ཟབ་མོའི་མན་ངག་གིས་བརྒྱན་པས། །འདོད་པའི་བསྟན་བཅོས་གཞན་ལས་ལྷག །ས་སྟེང་ཀུན་དགའི་རོ་ལྡན་ཞིང་། །དངོས་གྲུབ་མཛོད་དང་ལྡན་པའོ།། །།
ཟླ་རྒྱས་མུན་པའི་རུམ་དུ་ཉལ་མི་བྱེད། །ནས། གཞོམ་མེད་ལྷན་ཅིག་སྐྱེས་པ་གྲུབ་པར་ཤོག །ཅེས་པ་འདི་ནི། ་་་་་་་་ཆོ་འཕྲུལ་ཟླ་བའི་དམར་ཕྱོགས་ཀྱི་བཟང་པོ་དང་པོའི་ཞག་གཉིས་ལ་གྲུབ་པ་བགྱིད་པ་པོ་ནི། མི་ཕམ་དབྱངས་རྣམ་རྒྱལ་ཏེ། འདིས་ཀྱང་འགྲོ་བ་ཀུན་ལ་དགེ་ལེགས་ཀྱི་དཔལ་ཕུན་སུམ་ཚོགས་པ་སྦྱིན་པར་གྱུར་ཅིག །མངྒལམ། །
འདི་ལས་ལྷག་མི་ཁོམ་ལགས།
ཀརྡོ་ལགས། གལ་ཏེ་ཁྱེད་རང་གིས་འདོད་བསྟན་གློག་འཕྲིན་ནང་ཕབ་ཐུབ་ན་གློག་རྡུལ་ནང་ལ་བཞག་ན་དགེ་མཚན་ཆེ་བར་སྙམ།
ངས་སྤྲུལ་སྐུ་དབང་ཆེན་གྱུ་ཟིན་བྲིས་མང་པོ་བཀླགས་མྱོང་བས། ཁོང་ནི་དངོས་གནས་བློ་གཟུར་བོར་ཕྱོགས་པས་མཁས་དབང་རྣམ་དཔྱོད་དང་ལྡན་པ་ཞིག་ཏུ་འཁུམ། ད་དུང་མི་རིགས་ལ་བཅིང་བས་ལྷད་མེད་རང་མདངས་ཤིག་ཡང་རྒྱུན་པར་མངོན། ཐུགས་རྗེ་ཆེ།
༢༧༽ སྤྲུལ་སྐུ་དབང་ཆེན་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༧ གི་ཆུ་ཚོད་ ༡༢ སྐར་མ་ ༠༩
ཀརྡོ་ལགས། གལ་ཏེ་ཁྱེད་རང་གིས་འདོད་བསྟན་གློག་འཕྲིན་ནང་ཕབ་ཐུབ་ན་གློག་རྡུལ་ནང་ལ་བཞག་ན་དགེ་མཚན་ཆེ་བར་སྙམ།
སྤྲུལ་དབང་ལགས།
ད་ལྟ་གློག་ཀླད་ནང་ལ། དགའ་གཏེར་ཆ་ཚང་འབྲི་བར་མི་ཁོམ་ཡང་། ང་ཚོས་ཐབས་ཤེས་བྱ་གལ་ཆེ་བས་སེམས་པར་བཞག་ཡོད།