ང་ཚོ་ཚང་མས་ཤེས་གསལ་ལྟར། ཟམ་གདོང་རིན་པོ་ཆེ་སྐྱར་དུ་བཀའ་ཁྲིར་འདེམས་པ་ནི་བཅའ་ཁྲིམས་ཀྱི་དགོངས་དོན་དང་འགལ་ཡོད་པ་དེ་རེད། ད་ག་རེ་བྱེད་དགོས་རེད། དེ་ལ་བྱེད་ཡ་གང་ཡང་ཡོད་མ་རེད། ཡིན་ན་ཡང་། མི་ཉུང་ཤས་ཤིག་ནས་འགུལ་སྐྱོད་བྱས་ཏེ་ཁྲིམས་འགལ་གྱི་བྱ་བ་དེ་ཁྲིམས་མཐུན་ལ་བསྒྱུར་ཐབས་སུ་ཁྲིམས་ཡིག་ལ་བསྒྱུར་བཅོས་བྱེད་པར་འབད་བཞིན་པ་དེ་ནི་ཁྲིམས་འགལ་ཞིག་མིན་ན་ཡང་གད་མོ་ཤོར་དགོས་པ་ཞིག་རེད། མ་གཞི་སྐད་ཆ་འདི། ཐུབ་བསམ་གྱིས་བཀའ་ཁྲི་འཚོལ་བའི་ལས་གཞི་མགོ་འཛུགས་ཞུ་སྐབས་ནས་ངས་གོ་སོང་། ཁོང་ནས་ཟམ་གདོང་རིན་པོ་ཆེ་ལྟ་བུ་ཡོད་པ་མ་རེད། དྷ་སར་མི་རེ་ཟུང་གིས། ཁྲིམས་ཡིག་ལ་བསྒྱུར་བཅོས་བཏང་ན་ཟམ་གདོང་རིན་པོ་ཆེ་ཡང་སྐྱར་བཀའ་ཁྲིར་སླེབས་པའི་ལམ་ཀ་ཡོད་པ་རེད་ཟེར་གི་འདུག་ཟེར།
དངོས་གནས་ཁེ་ཕན་ཆེན་པོ་ཞིག་ཡོད་པ་ཡིན་ན་དེ་ལྟར་བྱས་ན་ཡང་མ་འགྲིགས་པ་ག་ལ་ཡོད་པ་རེད་དེ། ཡིན་ན་ཡང་། ངས་དེ་ནི་བྱིས་པའི་སྤྱོད་པ་ལྟ་བུ་ཞིག་ལས་མིག་རྒྱངས་རིང་བའི་དོན་ཞིག་ཏུ་རྩ་ནས་མཐོང་གི་མི་འདུག ད་དེར་སྐད་ཆ་མང་པོ་བཤད་འདོད་མེད། ཆེས་ཉུང་ཉུང་ཞིག་བཤད་གི་ཡིན།
གཅིག དེ་ནི་ཁྲིམས་འགལ་རེད། གང་ཟག་སྒེར་བ་རེའི་ཆེད་དུ་ཁྲིམས་ལ་བསྒྱུར་བཅོས་བྱེད་དགོས་ན་མ་འོངས་པར་ཁྲིམས་ལ་བསྒྱུར་བཅོས་ག་ཚོད་ཅིག་བྱེད་དགོས་པ་རེད། གཅིག་བྱས་ན། དེའི་རྗེས་ལ་རྒྱལ་བ་ཀརྨ་པ་བཀའ་ཁྲིར་སླེབས་པའི་ཆེད་ཡང་ཁྲིམས་ལ་བསྒྱུར་བཅོས་ཤིག་བྱེད་དགོས་རྒྱུ་རེད། ང་ཚོའི་ཁྲིམས་ཡིག་དེ་ཕར་ཚུར་གཡུག་ཆོག་ཆོག་སྤོ་ལོ་ནང་བཞིན་ཞིག་ལ་བཟོ་འདོད་ཡོད་པ་མ་རེད་དམ།
གཉིས རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་འགལ། རྒྱལ་བ་རིན་པོ་ཆེས་དགོངས་ལོ་གཞོན་པ་ཞིག་ལ་ཐུགས་རེ་གནང་གི་མི་འདུག་གམ།
གསུམ། ཟམ་གདོང་རིན་པོ་ཆེའི་དགོངས་གཞི་དང་ཡང་འགལ། ཁོང་ནས་ཀྱང་ལོ་གཞོན་ཞིག་བཀའ་ཁྲིར་སླེབས་པའི་ཆེད་དགོངས་པ་ཞུ་རྩིས་བྱས་པ་ལྟར་རེད། རང་ཉིད་རྗེས་མའི་བཀའ་ཁྲིར་སླེབས་པའི་ཆེད་དགོངས་པ་ཞུ་རྩིས་བྱས་པ་ཡིན་རྒྱུ་མ་རེད།
བཞི།ད་དེས་ན་བོད་མི་མང་ཆེ་བའི་བསམ་ཚུལ་དང་ཡང་འགལ་ཡོད་པ་བཤད་མ་དགོས་པ་རེད།
ལྔ། ཟམ་གདོང་རིན་པོ་ཆེས་བྱེད་དགོས་པ་ཚང་མ་བྱས་ཚར་རེད། ཉེ་སྔོན་དང་པོ་ལྟར་བྱ་བ་གསར་པ་དེ་འདྲ་དམིགས་བསལ་བྱ་རྒྱུ་གང་ཡང་མི་འདུག་ག། དེ་འདྲ་ཡིན་ཙང་དགོངས་པ་ཞུ་བའི་ཁ་འཕྲོ་ཐུག་པ་རེད།
དྲུག་པ། མ་གཞི་ལོ་དྲུག་ཅུ་རེ་ལྔ་ནས་རྒན་གསོའི་དུས་ཚོད་ལའང་སླེབས་འདུག་ག ད་སེམས་ཀྱིས་ལྕོགས་རུང་ལུས་ཀྱིས་ལྕོགས་གི་ཨེ་ཡོད་ན།
བདུན་པ། གལ་སྲིད་ལྕོགས་གི་ཡོད་ན་བཀའ་བློན་གནང་ནའང་འགྲིགས་གི་རེད། ཡིན་གཅིག་མིན་གཉིས་ཁྲིམས་ལ་འགྱུར་བ་བཏང་ནས་བཀའ་བློན་ཁྲི་བ་བྱེད་དགོས་པ་ཨེ་ཡོད།
བཀའ་སྤྱི་གཙོས་པའི་བོད་མི་ཚང་མས་འདིའི་སྐོར་ཧོལ་རྒྱུགས་མི་བྱེད་པར་བསམ་ཞིབ་ནན་པོ་གནང་རོགས།
ད་དགོས་ནོ་མ་རེད། ཡང་ལ་ཡང་གི་ཆི་བཤད་ཀྱི།
ང་ཚོ་ཇི་འདྲ་ཐབས་སྡུག་ན་ཡང་ནས་སྐྱར་དུ་བླ་རྒན་མགོ་དཀར་ཞིག་བཅའ་ཁྲིམས་ཀྱི་དགོངས་དང་མི་མཐུན་བཞིན་དུ་ག་རེ་བྱས་ནས་འདེབས་དགོས་འདུག
ང་ཚོ་དེ་འདྲའི་དུས་ཚོད་ལ་ད་དུང་སླེབས་ཡོད་རྒྱུ་མ་རེད་བསམ་གི དྲ་གྲོགས་ཚོ་༧གོང་ས་མཆོག་ཞལ་བཞུགས་པའི་དུས་ཚོད་འདི་དམ་འཛིན་བྱས་བླ་རྒན་མགོ་དཀར་ལས་གཞན་པའི་ལོ་རིང་གཞུང་ལ་ཞབས་ཞུ་བྱས་མྱོང་བ་ཡུལ་གང་སར་དོན་གཅོད་བྱས་མྱོང་བའི་མི་རྣ་གྲགས་ཅན་དེ་ཚོ་བཀའ་ཁྲི་དང་བཀའ་བློན་ཕེབས་ཐུབ་པ་དང་དེ་ནས་བཀའ་ཁྲི་ལས་གཞན་པའི་བཀའ་བློན་ནང་དུ་ལོ་ཆུང་དེང་དུས་ཤེས་ཡོན་དང་རྒྱལ་གནས་ཚུལ་དང་ཁྲིམས་སོགས་ཤེས་མཁན་རེ་ཟུང་བྱུང་ན་ལེགས་པས་ཚང་མས་འདིའི་སྐོར་ལ་ཐུགས་རྣང་མང་ཙམ་ཡོང་བའི་རེ་བ་ཡོད
དྲ་གྲོགས་ཚོ་། དེ་སང་བོད་པའི་སྤྱི་ཚོགས་ནང་དུ་འབྱུང་འགྱུར་གྱི་བཀའ་ཁྲིའི་སྐོར་ལ་མི་སྒར་བ་དང་ཚོགས་པ་སོགས་ཀྱི་བགྲོ་གླེང་མང་པོ་ཞིག་གནང་བཞིན་འདུག་ཟམ་གདོང་རིན་པོ་ཆེ་སྐྱར་དུ་འདེབས་ཀྱི་མེད་པ་ནི་ཚང་མས་དགོངས་མངའ་རེད། བཀའ་བློན་ཁྲི་བའི་དྲ་རྒྱ་ཞེས་དྲ་རྒྱ་ཞིག་འདུག་དེར་གཟིགས་ན། http://www.kalontripa.org ཁ་ཤས་ཀྱི་བཅའ་ཁྲིམས་ལ་བསྒྱུར་བཅོས་གཏོང་དགོས་ཞེས་བཤད་ཀྱི་ཡོད་དེ་ནི་ཡོང་མི་སྲིད་པ་ཞིག་རེད། གོང་གི་དྲ་གྲོགས་ཚོས་ཡག་པོ་གསུང་འདུག་ གོང་ས་མཆོག་བཞུགས་པའི་སྐབས་ལ་མི་སུ་འདྲ་ཞིག་གི་བཀའ་བློན་ཁྲི་བ་གནང་པ་ཡིན་ན་མི་འཇོན་པ་གང་ཡང་མེད། གོང་ས་མཆོག་མེད་པའི་སྐབས་ཀྱི་བཀའ་བློན་ཁྲི་བ་དེ་ལ་ངེས་པར་འགན་ལྕི་བོ་ཞིག་ཆགས་ཀྱི་ཡོད། ་ ང་ཚོ་ཚང་མས་ཤུག་རྒྱག་ནས་ལོ་བཞི་བཅུ་ནས་དྲུག་ཅུ་བར་གྱི་མི་སྣ་ཞིག་བཀའ་ཁྲིར་འདེབས་དགོས། བཀྲིས་བདེ་ལེགས་རྗེས་སུ་མཇལ་ཡོང་།