བློ་གྲོས་རབ་བརྟན།
ངའི་བླ་མའི་སྐུ་ལུས་ཞི་བདེ་ཡིན།།
ས་འཛམ་པའི་གླིང་གི་ཁྱོན་ལ་ཕེབས།།
བོད་གངས་ཅན་རང་གི་ཕ་ས་རུ།།
སྐུ་འཛུམ་མདངས་ཅན་པོ་ཕེབས་རྒྱུ་མེད།།
དེ་བསམས་ན་སེམས་པ་གཏིང་ནས་སྐྱོ།།
ངའི་བླ་མའི་ཞལ་གསུང་བདེན་པ་ཡིན།།
མ་སེམས་ཅན་ཡོངས་ཀྱི་ལོངས་སུ་སྤྱོད།།
བོད་གངས་ཅན་པ་ཡི་རྣ་ལམ་ན།།
གསུང་སྙན་མོ་གོ་རྒྱུ་ཐོས་རྒྱུ་མེད།།
དེ་བསམས་ན་སེམས་པ་གཏིང་ནས་སྐྱོ།།
ངའི་བླ་མའི་ཐུགས་གཤིས་བྱམས་བརྩེ་ཡིན།།
ཕྱོགས་རེས་མེད་སེམས་ཅན་ཀུན་ལ་ཁྱབ།།
གཞིས་ཆོལ་ཁ་གསུམ་གྱི་བོད་མི་ཚོར།།
ཐུགས་བརྩེ་བའི་བྱམས་བརྩེ་རེག་རྒྱུ་མེད།།
དེ་བསམས་ན་སེམས་པ་གཏིང་ནས་སྐྱོ།།
ངའི་བླ་མའི་མཛད་པ་ཞི་བདེ་ཡིན་ཟེར་ན་མི་བདེ་འི་ནེ།
ངའི་བླ་མའི་སྐུ་ལུས་ཞི་བདེ་ཡིན་བརྫས་ན་དེ་འདྲའི་འབྱོར་མོ་ཞིག་མིན་ནི་འདྲ་ཟིག་རེད།
ང་ཁ་བརྡ་བྱེད་རྒྱོ་དགའ་དྲག་ནས་ཡང་སེམས་ནང་གི་སྐད་ཆ་ཟིག་ཤོར་སོང་།