བསེ་རུ།
སེམས་ཤུགས་མེ་ལྕེ་འབར།
མེ་མདའི་སོ་ཁར་མཆོངས།
བཙོན་འཇུག་མནར་གཅོད་ཕོག
མྱ་ངན་ལོ་ཟླ་བསྐྱལ།
བྲོས་བྱོལ་གྱི་ལམ་བུར་བསྙེགས།
རང་དབང་གི་མཁའ་དབུགས་རྙེད།
འཛམ་གླིང་གི་བཞིན་རས་མཐོང་།
ལག་སྟོང་སེམས་སྟོང་དུ་ལུས།
ད་ལྟ། ང་ནི་ཤི་ཟིན་པའི་རྒྱལ་གཅེས་དཔའ་བོ་ཞིག
ད་ལྟ། ང་ནི་འགྱེལ་ཟིན་པའི་རྒྱལ་གཅེས་དཔའ་བོ་ཞིག
ད་ལྟ། ང་ནི་་་་་ང་ནི་་་་་་་ང་ནི་་་་་ང་ནི་་་་་་་་་་་་་ང་ནི་་་་་་་་་ང་ནི་་་
ཁ་བརྡ་ལྷན་རྒྱས་ལགས། འདི་འདྲ་བཀོད་ནས་ས་མིག་འཕྲོ་བརླག་བཏང་ན་ཆོ་གང་མི་འདུག
བློ་བཟང་ཟེར་མཁན་དེ་དེ་འདྲའི་ལྐུགས་རྟགས་ཚ་བ་ལ་ཨང་། འདི་འདྲའི་རྩོམ་བཀླགས་རྗེས། དོན་ཟབ་ཟབ་མོ། ཚིག་སྙན་སྙན་མོ། རོལ་མྱོང་ཚོད་མེད་བྱ་རྒྱུ་འདུག་པ་ལྟར་བརྗོད་དགོས། དཔེར་ན། སྙན་ངག་བཞི་བཅུར་དཔྱད་པ་ཞེས་པར་གཅན་མེ་སྟག་ཡིན་ན་གཅིག་གིས་”ཤུ” ཟེར་བ་རེད་ཟེར་ནས་”ཤུ”ལ་གོ་རྒྱུ་དཔེ་མེད་ཡོད་པ་འདྲ་བའི་རྣམ་འགྱུར་བསྟན་མིན་འདུག་གམ།
ང་ནི་་་་་་ང་ནི་་་་་་བསེ་རུ་ང་ནི་་་་་་བོད་དོན་ལ་ཤི་འི་ཡིན་ཟེར་གི་ཡོད་ས་རེད། བླ་མ་དཀོན་མཆོག་གིས་མཁྱེན།
བོད་དོན་ལ་ཤི་འི་ཡིན་ཟེར་གི་ཡོད་ས་རེད། ཤི་ཡི་ཞེས་མཐའ་མེད་ལ་ཡི་སྦྱོར་སྟངས་པ་དཔག་ན་བརྡ་སྤྲོད་པའི་གཞུང་ལ་ཞབས་ཏོག་ཞུས་པ་འདྲ་པོ། ཟེར་གི་ཞེས་ར་མཐར་གི་འབྲི་སྟངས་ལ་གཞིག་ན་བརྡ་སྤྲོད་པའི་གཞུང་གཤིག་གི་ཡོད་པའི་བཟོ་འདྲ་པོ། གང་ཤེས། གནམ་འདི་་་་
ད་ལྟ་ང་ནི།
སེམས་ཤུགས་ཆགས་སོང་།
རེ་བ་བརླགས་སོང་།
བཙན་བྱོལ་གཞུང་དམངས་ལ།
ཨ་ཐང་ཆད་སོང་།
ད་ལྟ་ང་ནི།
འབར་བའི་མེ་ལྕེ་ལ།
སྙིང་རྗེ་སྐྱེས་བྱུང་། །
བློ་ཕམ་སྐྱེས་བྱུང་།
མིག་ཆུ་ཤོར་བྱུང་།
ད་ལྟ་ང་ནི།
བཀའ་ཁྲི་བློ་སེང་ལ།
ཞེན་པ་ལོག་སོང་།
རྫུན་མར་མཐོང་སོང་།
སྐད་ཆ་ཤོད་ཚད་ལ།
ཉན་འདོད་མེད་སོང་།
ད་ལྟ་ང་ནི་་་་་་་་་
འདྲེ་ཁྱོད་རང་གིས་བོད་དོན་ག་རེ་བྱས། ག་རེ་བྱེད་བཞིན། ག་རེ་བྱ་འཆར་ཡོད། དེ་མེད་ན་ཁ་རྐུབ་གཉིས་བཙུམ་ན་དགའ་ཡོང་།
ད་ལྟ། ང་ནི།
ད་ལྟ། ང་ནི། ཁ་འཆེམས་ཉན་མཁན་ཡིན།
ད་ལྟ། ང་ནི། ཁ་འཆེམས་སྒྲུབ་མཁན།
ད་ལྟ། ང་ནི། རང་རིགས་རྩོད་མེད་ཡིན།
ད་ལྟ། ང་ནི། འདས་པོའི་མི་རབས་ཡིན།
ད་ལྟ། ང་ནི། བོད་དོན་སྦྱོང་མཁན་ཡིན།
ད་ལྟ། ང་ནི། བོད་དོན་ཤོད་མཁན་ཡིན།
ད་ལྟ། ང་ནི། བོད་དོན་སྒྲུབ་མཁན་ཡིན།
ད་ལྟ། ང་ནི། བོད་དོན་འབྲི་མཁན་ཡིན།
ད་ལྟ། ང་ནི། ཁ་བརྡའི་མཆན་བུ་པ་ཡིན།
ད་དུང་། ང་ནི།
ད་དུང་། ང་ནི། འདས་པོའི་ནང་མི་ཡིན།
ད་དུང་། ང་ནི། འདས་པོའི་རེ་ས་ཡིན།
ད་དུང་། ང་ནི། འདས་པོའི་མི་རབས་ཡན།
ད་དུང་། ང་ནི། གཉའ་ཁྲིའི་གདུང་བརྒྱུད་ཡིན།
ད་དུང་། ང་ནི། སྲོང་བཙན་མི་བརྒྱུད་ཡིན།
ད་དུང་། ང་ནི། ང་དགུར་གསོན་མཁན་ཡིན།
ད་དུང་། ང་ནི། གཞིས་སྡོད་བོད་མི་ཡིན།
ད་དུང་། ང་ནི། བཙན་བྱོལ་བོད་རིགས་ཡིན།
ད་དུང་། ང་ནི། དམར་གཞུང་ཁ་གཏད་ཡིན།
མེ་ཏོག་རྙིད་པ་ཁྱོད།
སེམས་ཤུགས་ཡོད་མདོག་ལ།
ལ་རྒྱ་ཆེ་མདོག་ལ།
འདྲེ་ང་ཁེར་དགོད་ཤོར་སོང་།
མེ་ཏོག་རྙིད་པ་ཁྱོད་ལ།
དོན་གྱི་སེམས་ཤུགས་ཡོད་ན།
དོན་གྱི་ལ་རྒྱ་ཡོད་ན།
བཙན་བྱོལ་ལ་ཤ་ཚ་ཡོད་ན།
བློ་སེང་ལ་བློ་བ་དཀར་ན།
ཁ་ཡག་རྐྱང་རྐྱང་མ་སྨྲ།
བཟང་ཆ་རྐྱང་རྐྱང་མ་གླེང།
བློ་ཁ་ཆེ་ཞིག་གནང་རོགས།
མེ་ཏོག་རྙིད་པ་ཁྱོད་དང་།
འདྲེ་རྐང་འཁྱམ་པོ་ང་གཉིས།
ངེས་དོན་རིགས་ལ་དུང་བ།
ཨ་ན་མ་ན་རེད་དོ།
བློ་བཟང་ཟེར་བའི་མཆན་བུ་བ་འདིས་བོད་ཡིག་ཤེས་ཀྱི་མི་འདུག། ད་དུང་ས་མིག་འཕྲོ་བརླགས་བཏང་སོང་ཟེར་བའི་འཆལ་གཏམ་ཤོད་བཞིན། དོན་དུ་ཀློག་པ་པོ་རྣམས་ཁྱོད་ལ་བགད་མོ་ཤོར་ཏེ་སྙིང་རྗེ་སྐྱེས་ཡུལ་ཞིག་རེད།
འདྲེས་མི་སྐད་གོ་ན་ངས་འདིས་དྲིས་ཡོད་དེ། ཁྱོད་སེམས་ཤུགས་ཆག་དགོས་ཡ། བློ་ཕམ། ཞེན་པ་ལོག་ཚུལ་བཅས་བཤད་འདུག་པར་དེ་སྔོན་སེམས་ཤུགས་ཡོད་མདོག་ཤུགས་ཀྱིས་གོ་རྒྱུ་བཤད་འདུག་པར་དྲི་བ་དེ་བཏང་པ་ཡིན།
འདྲེ་ངས་སེམས་ཤུགས་ཀྱི་ཐོག་ནས། །
འདྲེ་ངས་མི་རིགས་ཀྱི་ཕྱིར་དུ། །
འདྲེ་ངས་མ་བྱས་རང་བསམ་པ། །
འདྲེ་ངའི་སེམས་ནང་ལ་མི་འདུག །
མི་རིགས་སློབ་གླིང་ན་ཡོད་དུས། །
མི་རིགས་འདྲ་མཉམ་ཞིག་དགོས་ཞེས། །
བོད་རྒྱ་གཉིས་ཐོག་ལ་བྲིས་ཏེ། །
སློབ་གྲོགས་དམངས་ཚོགས་ལ་བཀྲམས་པས། །
རྒྱ་འདྲེ་སློབ་སྤྱི་ཡིས་འོག་ནས། །
སློབ་གྲྭར་བསྐྱུར་དགོས་ལ་ཐུག་སོང་། །
རེ་བ་རུམ་ཕུག་ལ་བཅུགས་ནས། །
རྗེས་མེད་ལ་ལུང་རེ་བརྒྱུད་དེ། །
བཙན་བྱོལ་དྷ་ས་ལ་འབྱོར་ཡང་། །
སྙིང་གཏམ་གླེང་ས་ཞིག་མ་རྙེད། །
ན་ནིང་བློ་སེང་གི་སྐད་ཆ། །
ད་ལོར་ཚིག་སྟོང་ལ་སོང་ཞིང་། །
རྗེས་ལོར་ཚོད་དཔག་རེ་བྱས་ན། །
བློ་སེང་ལ་ཞེན་པ་རང་ལོག་ཡོང་། །
འབར་བའི་མེ་ལྕེ་དེ་མ་མཐོང་། །
འབོད་སྒྲ་རྣ་ནང་ལ་མ་ལྷུང་། །
བཙན་བྱོལ་གཞུང་དམངས་ལ་བལྟས་ན། །
འདྲེ་ང་ཨ་ཐང་ཞིག་ཆད་ཡོང་། །
བློ་སེང་ལ་ཞེན་པ་རང་ལོག་ཡོང་། །
འབར་བའི་མེ་ལྕེ་དེ་མ་མཐོང་། །
འབོད་སྒྲ་རྣ་ནང་ལ་མ་ལྷུང་། །
བཙན་བྱོལ་གཞུང་དམངས་ལ་བལྟས་ན། །
འདྲེ་ང་ཨ་ཐང་ཞིག་ཆད་ཡོང་། །
ལན་དུ།
བློ་སེང་ལ་ཞེན་པ་རང་ལོག་དགོས་མེད།
འབར་བའི་མེ་ལྕེ་དེ་མ་མཐོང་མ་ཐོས་མཁན་མེད།
འབོད་སྒྲ་རྣ་ནང་ལ་ཕྱིན་ནས་ད་ལྟ་རྒྱ་གཞུང་ཅི་ཆ་གཏོལ་མེད་དུ་ལུས་འདུག་ཟེར།
བཙན་བྱོལ་གཞུང་མངས་ལ་དཔྱད་ན་རང་ཚོད་དཔག་ཚོད་ཀྱིས་དགའ་བ་ཚད་མེད་པ་སྐྱེས་དགོས་ངེས་ཡོད།
འདྲེ་དང་ལྷ་སུ་ཡིན་ན་ཡང་ཐང་ཆད་དགོས་དོན་ཡང་མེད་ལགས།
མདོར་ན།
བློ་སེང་ལ་བློ་བཅོལ།
མེ་ལྕེ་ཡང་མ་བརྗེད།
འབོད་སྒྲ་ཡང་མུ་མཐུད།
བློ་སྤོབས་ཀྱང་རྒྱ་བསྐྱེད།
འདྲེ་ཁྱོད་རྒྱལ་ལོ།། ལེགས་སོ་ཞུའོ།།
ད་ལྟ། ཁྱོད་ནི། རང་མགོ་རྡུང་བའི་ཐོ་བ།
ད་ལྟ། ཁྱོད་ནི། ཟུངས་ཁྲག་ཆད་པའི་བེམ་རོ།
ད་ལྟ། ཁྱོད་ནི། རང་སྲོག་རང་གཅོད་ཀྱི་གཤེད་མ།
ད་ལྟ། ཁྱོད་ནི། གད་སྙིགས་ལས་རིན་ཐང་ཆུང་བའི་དངོས་པོ་ཞིག
ད་ལྟ། ཁྱོད་ནི། མི་ལུས་ལ་གདོན་ཞུགས་པའི་འདྲེ་གསོན་པོ་ཞིག
ད་ལྟ། ཁྱོད་ནི། སྤྱི་སྒེར་གཉིས་ཀར་གནོད་བྱེད་ཀྱི་རྡུལ་ཕྲན་མཚོན་ཆ་ཞིག
ཁྱོད་ནི་་ ཁྱོད་ནི་ ཁྱོད་ནི་ ཁྱོད་ནི་་་ཁྱོད་ནི་་་ཁྱོད་ནི་་་་་་་་་་་་་་
འདྲེ་རྐང་ང་དང་བསེ་རུ་འུ་གཉིས་ཀ །
འཚོ་བའི་འགྲོ་སྟངས་མི་གཅིག་ཁ་ཁ་ལ། །
མིག་དང་རྣ་བ་སོགས་ཀྱང་མི་གཅིག་པས། །
རང་རིགས་འཁོར་གྱི་ཁྲོད་དུ་ཞུགས་ན་མཛེས། །
ཁྱོད་ལ་ཁྱོད་ཀྱི་ཚོད་ཀྱི་ཁ་ཞིག་ཡོད། །
ང་ལ་ང་ཡི་ཚོད་ཀྱི་ཁ་ཞིག་ཡོད། །
འུ་གཉིས་ཁ་ཡི་ཤ་མདངས་གཅིག་ན་ཡང་། །
ནང་གི་ལྕེ་ཡི་འགུལ་སྟངས་ག་ལ་གཅིག །
རྩྭ་ཆུ་བགྲོད་ལམ་ལྟ་བའི་མིག་ཡོད་ཀྱང་། །
བདེན་པའི་དོན་ལ་རྨོངས་པའི་མིག་གཉིས་པོས། །
འདོམ་གང་ཞིག་ལས་ཐག་རིང་མི་མཐོང་བའི། །
བསེ་རུའི་མིག་ལ་ཤ་ཚ་སྙིང་ནས་སྐྱེས། །
ང་ནི་ཟེར་བའི་ང་འདིར་ངེས་བཟུང་མེད།།
ཁྱོད་ནི་ཟེར་བའི་ཁྱོད་ལའང་ངེས་བཟུང་མེད།།
ང་དང་ཁྱོད་ཀྱིས་གྲུབ་པའི་འཇིག་རྟེན་གྱི།།
བདེན་རྫུན་གནས་ལུགས་འབྱེད་པའི་ལྡེ་མིག་ཡིན།།
བདེན་ནོ་བདེན་ནོ་དྲ་གྲོགས་ཁྱོད་ཉིད་བདེན།།
རྫུན་ནོ་རྫུན་ནོ་བདག་གི་ངག་འདི་འདི་རྫུན།།
བདེན་རྫུན་བར་དུ་ལྷག་པའི་བར་སྟོང་ཞིག།
སུ་ཡིས་གཟིགས་ཀྱང་བསྟོད་སྨད་མཛདམི་དགོས།།
རིགས་ཞེན་ལྕགས་ལས་སྲ་བ་ཁྱོད་ལ་ལྡན།།
ལྷག་བསམ་ཁ་བར་འགྲན་ནུས་གང་ལ་མཆིས།།
ལ་རྒྱའི་དམ་ཚིག་སྲུང་འདོད་ཉིད་ལ་བདོག།
ནང་དམེའི་ཁ་མཆུ་སློང་འདོད་བདག་ལ་མེད།།
ང་ང་ཁྱོད་ཁྱོད་མང་ན།་་་ང་ཚོ་་ཁྱོད་ཚོ་ཆགས་འགྲོ་་་་་་ང་ཚོ་ཁྱོད་ཚོ་ཆགས་ན་་་་མཐུན་སྒྲིལ་ལམ་ཁ་འགག་འགྲོ་་མཐུན་སྒྲིལ་ལམ་ཁ་འགག་ན་་་་བསེ་རུ་བསེ་རུ་བཞིན་ཏུ་་་་་གཅིག་པོ་ཁེར་རྐྱང་དོན་ཡོང་་་དེས་ན་་་ང་ཚོའི་རེ་བ་་་་ང་ཚོའི་མེ་ལྕེ་་་ང་ཚོའི་རྣམ་ཤེས་་་་ང་ཚོའི་འབོད་སྒྲ་་་་ང་ཚོ་ཚང་མས་་་བསེ་རུའི་ངའི་ལ་ང་ཚོ་ནི་ཞེས་བརྗོད་ན་་་་
གཤམ་གསལ་དབྱིན་ཚིག་འདི་ལ་བོད་འགྲེལ་གནང་ཐུབ་མཁན་སུ་ཡོད་དམ།
Einstein stated: “The reactionary politicians have managed to instill suspicion of all intellectual efforts into the public by dangling before their eyes a danger from without. Having succeeded so far they are now proceeding to suppress the freedom of teaching and to deprive of their positions all those who do not prove submissive, i.e. to starve them.” His advice: “Every intellectual who is called before one of the committees ought to refuse to testify, i.e. he must be prepared for jail and economic ruin, in short, for the sacrifice of his personal welfare in the interest of the cultural welfare of his country.” Concluding, Einstein said, “If enough people are ready to take this grave step they will be successful. If not, then the intellectuals of this country deserve nothing better than the slavery which is intended for them.”
སེམས་ཤུགས་ཀྱི་མེ་ལྕེ་འབར་ཡང་།
གྲུབ་འབྲས་ཀྱི་དུ་བ་ཐོན་ཁག་སེ་འདུག
མེ་མདའི་སོ་ཁར་མཆོངས་ན།
དེ་ནས་ཕྱི་འོང་ཡ་ཁག་སེ་རེད།
བཙོན་འཇུག་གི་མནར་གཅོད་ཕོག་ན།
ད་ནི་གཅོང་ཅན་གཟའ་རོ་ཞིག་ཆགས་ཡོད་སྲིད།
ངོ་མ་མྱ་ངན་གྱི་ལོ་ཟླ་འདི་རྫོགས་དུས་ཤིག་མི་འདུག
ཟ་འདྲེ་གཅིག་གིས་བོད་ཡིག་འབྲི་སའི་དྲྭ་རྒྱ་ཞིག་ཡོད་པ་འདིའི་ནང་དབྱིན་ཡིག་འདྲ་ཞིག་བྲིས་ཏེ་འཇོན་པོ་ཞེ་དྲག་ཡིན་མདོག་མདོག། དོན་དུ་རང་མི་རིགས་ཀྱི་ཕ་སྐད་ཀ་ཁ་ཡང་མི་ཤེས་མཁན་ཞིག་ཡིན་པ་ཐག་གིས་ཆོད།
ཕུག་རོན་ལ་རྒྱབ་སྐྱོར་ཡོད། དངོས་གནང་ཟ་འདྲེ་རེད་ བོད་ཡིན་མཆན་འགོད་ནང་ལ་དབྱིན་ཡིག་འགོད་། རང་དབང་ལོངས་སྤྱོད་ཆོག་ཀྱང་ཕ་སྐད་གཙང་མ་་སྤེལ་རོགས།