རྔ་བ་རྒྱལ་ཁམས་པ།
————
སྤྱི་ལོ་སྔོན། ༤༦༩-༣༩༩
ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་མེས་པོར་གྲགས་པ། སྐུ་ཞབས་ས་ཁུར་ཁྲེ་སི་མཆོག་ནི། སྤྱི་ལོ་སྔོན་གྱི་ལོ་བཞི་བརྒྱ་དྲུག་ཅུ་རེ་གྲངས་ནང་། དགུ་རིག་གི་གྲོང་ཁྱེར་ཨ་ཐེན་སིར་ཕེབས་པ་ཞིག་ཡིན། ཁོང་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་སྨྲ་མཁན་ཐོག་མ་དེ་མིན་ནའང་། རང་གི་བཟང་ངན་དབྱེ་འབྱེད་ཀྱི་བསམ་བློའི་ལྟ་བ་དང་། འདོད་ཆུང་ཆོག་ཤེས། དྲང་བདེན་བག་ཡོད་སོགས་དམིགས་བསལ་སྐུ་ཡོན་གྱི་ཁྱད་པར་ལས། ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་མཁས་པ་རིམ་ཕེབས་ཀྱི་དབུས་ན། ༼ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་མེས་པོ༽དང་། ༼ཨ་ཐེན་སིའི་མཁས་པའི་ཁྱུ་མཆོག༽ཅེས་ཐུན་མོང་མ་ཡིན་པའི་སྙན་གྲགས་ཀྱི་ས་ཁོངས་ཤིག་ཁེར་འཛིན་བྱས་འདུག ཁོང་རྒྱུན་པར་ཞབས་རྗེན་དུ་ཕེབས་པ་ལས་ཞབས་ཕྱགས་ཡེ་མི་བནབས་ཤིང་། ཟས་གོས་ཀྱང་ངན་ངོན་ཙམ་ལས་རྒྱས་སྤྲོས་ཆེན་པོ་དེ་འདྲར་ཐུགས་མི་དགྱེས། ནམ་རྒྱུན་ཉི་འོག་ཏུ་བཞུགས་ནས་དོན་གནད་མཐའ་དག་གཞན་དང་མཉམ་པོར་བཀའ་གྲོས་བགྲོ་གླེང་འདྲ་མཛད། ཁོང་ནི་གྲོང་གསེབ་ལས་གྲོང་ཁྱེར་དང་། ལྷིང་འཇགས་ལས་འདུ་འཁྲིགས་ལ་མཉེས་པོ་གནང་མཁན་ཞིག་སྟེ། ༼ཤིང་ནགས་ལས་ཁོ་བོར་བསླབ་རྒྱུ་ཅིའང་མི་འདུག༽ཅེས་གསུངས་ཤིང་། ལུགས་དང་མ་འཚམས་པའམ། རང་འདོད་ཆེ་བའི་ཕྱག་ལས་གང་ཞིག་གི་དབང་དུ་འགྲོ་ཉེན་བྱུང་ཚེ། ཐུགས་དམ་ལྟ་བུར་བཞུགས་ནས་ལེགས་ཉེས་ལ་བརྟག་པ་མཛད་ཀྱི་ཡོད་ཚོད་རེད། ཁོང་གིས༼ང་རང་ནི་སྦྲང་ཆུང་གཤོག་ཐོགས་ཤིག་དང་འདྲ་བར་ཨ་ཐེན་སིའི་གྲོང་ཁྱེར་ནང་ཡོང་ནས་མི་ཚེའི་འཚོ་བ་ཞིག་སྐྱེལ་བཞིན་ཡོད༽ཅེས་གསུངས་ཤིང་། སྐབས་དེར་ཨ་ཐེན་སི་གཙོ་བོར་གྱུར་བའི་དགུ་རིག་གི་རྒྱལ་ཁམས་ན། རང་ཉིད་མཚན་ཉིད་པར་ཁས་འཆེ་ཞིང་དཔལ་འབྱོར་གྱི་ཁེ་ཕན་ཉག་ཅིག་དོན་དུ་གཉེར་མཁན་གྱི་རྟོག་གེ་བ་མང་བོ་ཞིག་བྱུང་འདུག་མོད། ས་ཁུར་ཁྲེ་སི་མཆོག་ནི་དེ་དག་གི་མནོག་ཆུང་གི་བྱ་སྤྱོད། རིགས་པ་ལྟར་སྣང་གི་གཅམ་ཚིག་ལ་ཐུགས་གཏན་ནས་མཉེས་པོ་བྱུང་མི་འདུག་ལ། ཁོང་གིས༼ངས་ཤེས་རྟོགས་བྱུང་བ་ནི། ང་རང་གིས་ཅིའང་མི་ཤེས་པ་དེ་ཡིན་༽ཞེས་དང་།༼བདུད་ནི་རྨོངས་བའི་མ་རིག་པ་ཁོ་ན་ཡིན༽ཞེས་དང་། ༼གལ་སྲིད་ང་ལ་བསམ་འཆར་འདྲི་ཡུལ་གྱི་མི་ལྡང་ངེས་ཤིག་ཡོད་ན། དྲི་བ་དེ་ལས་མང་བོ་དང་། ཤེས་བྱ་དེ་ལས་སྣ་མང་ཞིག་ཤེས་རྟོགས་ཐུབ་པའི་གོ་སྐབས་ཡོད་ལ། ཤེས་ཡོན་ནི་བཟང་བོ་ཞིག་པའི་གདེངས་ང་ལ་ཡོད༽ཅེས་གསུངས་འདུག འོན་ཏེ་སྟབས་མ་ལེགས་པ་ཞིག་ལ། ཁོང་གི་མཛད་སྤྱོད་ཀྱིས་སྐབས་དེའི་དགུ་རིག་གི་རྟོག་གེའི་རིགས་པ་སྨྲ་མཁན་གྱི་ཆབ་སྲིད་མི་སྣ་སྐོར་ཅིག་གི་མཚང་ལ་ཕོག་སྟེ། ཁོང་བར་ན་གཞོན་རྣམས་ཀྱི་སེམས་ལ་སླད་རྒྱག་མཁན་དང་། དཀོན་མཆོག་སྐྱོན་ཅན་ལ་གསོལ་མཆོད་བྱེད་མཁན་གྱི་ཉེས་སྐྱོན་བཙུགས་ཏེ་སྲོག་ཁྲིམས་བཅད། ཨ་ཐེན་སི་གྲོང་ཁྱེར་གྱི་ཁྲིམས་ལུགས་ལྟར་ན། ཁོང་གི་སྲོད་ཆད་དེ། ཉེས་ཆད་གཞན་ཞིག་ངོ་བོར་བསྒྱུར་ཐུབ་པའི་གོ་སྐབས་ཤིག་ཡོད་པར་བཤད་མོད། ཁོང་གིས་དམན་ས་ལྟ་བུ་བཟུང་ནས་གྱོད་གླེང་མ་གནངས་ཤིང་། དེའི་ཚབ་ཏུ་ཨ་ཐེན་གྲོང་ཁྱེར་ནས་ཁོང་བར་ཉི་མ་རེར་དམིགས་བསལ་བཞེས་པ་ཐེངས་གཅིག་དང་། རང་གི་འདྲ་འབག་བཞེངས་སྟབས་ཅན་ཞིག་གྲོང་ཁྱེར་གྱི་ཚོང་རའི་དབུས་སུ་བཟོ་སྐྲུན་ཡོང་བའི་ཐུགས་རེ་བཏོན་རྗེས། ཧེམ་ལོག་ཁུ་ཞེས་པའི་དུག་སྡོང་གི་ཁུ་བ་བཞེས་ནས་སྐུ་གཤེགས་འདུག བདག་ཉིད་ཆེན་པོ་ས་ཁུར་ཁྲེ་སི་མཆོག་གིས། དམིགས་བསལ་དཔེ་དེབ་དེ་འདྲ་ནམ་ཡང་བརྩམས་གནང་མ་མྱོང་ལ། ཁོང་གི་གསུང་རྒྱུན་དང་། མཚན་སྙན་གྲགས་ནི་རང་གི་དངོས་སློབ་མཁས་པའི་དབང་བོ་སྐུ་ཞབས་ཕི་ལ་ཁྲོས ( Plato)མཆོག་བརྒྱུད་ནས་བྱུང་བ་ཞིག་རེད། ས་ཁུར་ཁྲེ་སི་ལྟར་ན། དོན་དམ་པའི་བདེ་སྐྱིད་ཅེས་པ་མི་ཚེ་བཟང་བོ་ཞིག་ནས་མགོ་བརྩམས་ཏེ་འབྱུང་དགོས་པ་ཞིག་ཡིན་ཞིང་། དེའང་བཟང་བོ་དང་ངན་པ་ཞེས་པ་དོན་དངོས་ཐོག་ག་རེ་ཡིན་མིན་གྱི་སྐོར་ནི། ཆེས་ཧ་ཅང་དོན་གནད་ཆེ་བའི་དྲི་བ་ཞིག་ཡིན་པར་བཞེད། དགུ་རིག་སྔ་རབས་ཀྱི་མཁས་པ་ཕལ་ཆེར་གྱིས་ཕྱི་དོན་འཇིག་རྟེན་གྱི་ཐོག་བརྟག་ཞིབ་དང་། འགྲེལ་བརྗོད་མང་བོ་ཞིག་གནང་ཞིང་། ཁོང་ནི་དེ་ལས་བཟློགས་ཏེ། ཀུན་སྤྱོད་བཟང་བོ། དྲང་བདེན་དང་བག་ཡོད། ཤེས་རབ་སོགས་གཙོ་བོར་གྱུར་པའི་འཇིག་རྟེན་ཡོགས་གྲགས་ཀྱི་བློ་རིག་ཁྱད་པར་བ་དག་གི་རང་བཞིན་ནམ། མཚན་མཚོན་གྱི་རྣམ་གཞག་ཕྱིན་ཅི་མ་ལོག་པ་ཞིག་རྟོགས་ཐབས་ལ་འབད་བརྩོན་ནན་ཏན་མཛད་འདུག རང་རེས་གསལ་ཞིང་རིག་པ་ཤེས་པའི་མཚན་ཉིད་དང་། རང་གི་འཁོར་སེམས་བྱུང་དང་མཚུངས་བར་ལྡན་པ་སེམས་ཀྱི་འཇོག་བྱེད་དུ་བཞེད་པ་ལྟར། ཁོང་གིས་ཀྱང་འཇིག་རྟེན་གྱི་ཤེས་བྱ་སྤྱི་དང་། ཁྱད་པར་སེམས་ཀྱི་བྱེ་བྲག་སྣ་ཚོགས་པ་འདི་དག་ལ། རང་རང་གི་འཇོན་ནུས་ལ་དཔག་པའི་ངོ་བོ་མི་འདྲ་བ་རེ་རེ་འཇོག་རྒྱུ་ཡོད་པར་འདོད་པ་དང་། ཤེས་བྱ་དེ་དག་གི་ངོ་བོའམ་གནས་ལུགས་རྟོགས་ཐུབ་པའི་ཐབས་ལམ་བཟང་ཤོས་ཀྱང་། འགྲོ་བ་མིའི་རིགས་ཀྱི་ཁམས་དབང་མོས་པའི་ཐོག་དྲི་སྐོར་བསམ་གཞིགས་ཀྱིས། བཟང་ངན་དང་། བདེན་རྫུན་དབྱེ་ཞིབ་བྱེད་པ་དེ་ཡིན་པར་གསུངས་སོ།།
འདི་ངས་ཚོ་བརྟའི་
༄། བཀུར་བར་འོས་པའི་སྐུ་ཞབས་རྔ་པ་རྒྱལ་ཁམས་པ་ལགས་་་་་་་་་་་
ཁམས་བཟང་། ཕལ་ཆེར་ཕྱིར་བལྟ་བྱས་ཚེ་བགྲང་བྱ་བཅུ་ལྷག་ཅིག་གི་སྔོན་ནས་ཁྱེད་རང་། ཕ་ཡུལ་ནས་ཆས་ཤིང་། མ་ཟད་ཤར་གླིང་ནས་ཀྱང་ཐོན་ཏེ་ཐག་རིང་ཐག་རིང་ཞིག་ཏུ་བཞུད་སོང་། ད་ཆ་སྐབས་འགར་ཁྱེད་ཀྱིས་སློབ་ཁྲིད་གནང་སྐབས་སོགས་སུ་ཞལ་གསལ་ཞིང་། དོན་ཟབ་པ། དགོད་བྲོའི་སྒྱུ་རྩལ་ལྡན་ཞིང་། བརྩེ་འདང་དང་ལྷག་བསམ་གྱིས་ཕྱུག་པའི་སློབ་ཚན་ཐུང་ངུ་རེའི་སྣང་བརྙན་དེ་ཡིད་ངོར་ཤར་ཡོང་། ངོ་མ་བྱས་ན་ང་ནི་དེ་སྐབས་ཁྱེད་ཀྱི་སློབ་ཚན་ཁག་ལ་ཉན་རྒྱུའི་གོ་སྐབས་མེད་དེ། དེ་ནི་སྐུ་ཉིད་ང་ཚོའི་འཛིན་གྲྭ་རྒན་རིམ་ལ་སློབ་ཁྲིད་གནང་མཁན་ཡིན་པས་སོ། འོན་◌ཀྱང་། སྐབས་དེའི་ང་ཚོའི་སློབ་རྭའི་ནང་ཁྱེད་ནི་ཕུལ་བྱུང་གི་དགེ་རྒན་ཆེན་མོ་ཞིག་དང་། ཆེས་ཁྱད་འཕགས་ཀྱི་མཁྱེན་ཡོད་དང་། ཁྲིད་རྩལ་འཛོམས་པའི་མཁས་མཆོག་ཅིག་ཡིན་པའི་མཚན་སྙན་རྒྱས་ཤིང་། ད་ཆ་ཡང་ཞིབ་འདང་བརྒྱབ་ཚེ་ངོ་མ་ཁྱེད་ནི་དོན་དམ་གྱི་དགེ་རྒན་ཆེན་མོ་བ་ཞིག་ཡིན་འདུག་པའི་སེམས་ཚོར་དང་ངོས་འཛིན་གཏིང་ཟབ་ཡོང་གི་འདུག ཁྱེད་རང་ལྟ་བུའི་དགེ་རྒན་ཕུལ་བྱུང་ཞིག་དེ་ལྟར་སློབ་གླེང་དེ་ནས་ཞལ་གྱེས་པ་ནི། སློབ་གླིང་དེ་དང་། མི་རིགས་འདིའི་གྱོང་ར྄ྭགུད་ཅིག་ཅི་བས་མིན། གང་ལྟར་ད་དུང་ཡང་། ཁྱེད་ཀྱིས་འདི་ལྟར་གངས་ལྗོངས་དང་ཡུལ་ཐག་རིང་བའི་ནུབ་གླིང་ཞིག་ནས། ཁྱེད་རང་གི་ཕ་ཡུལ་ལ་དང་། ཕ་ཡུལ་གྱི་རིག་གཞུང་ལ་ལེགས་བཤད་ཀྱི་འོད་སྣང་སྦྱིན་པར་དེས། ང་དགའ་ཞིང་། ང་སྤྲོ་བར་བྱས། ངེད་གཉིས་མལ་སེང་མཇལ་བར་དཀའ་ཡང་། ཁྱེད་ཀྱི་གསུང་རྩོམ་འདི་དག་བ༸ཐྲྤཀླགས་པས་ང་ཁྱེད་ལ་མཇལ་ནས་ཉིན་ཞག་ཁ་ཤས་རིང་དོན་ལྡན་གྱི་གླེང་མོལ་བྱས་པ་ལྟ་བུའི་དགའ་སྤྲོ་སྐྱེས།
ངའི་རེ་བར་ཁྱེད་ཀྱི་གཏན་འཇགས་ཞལ་བྱང་ཞིག་རེག་ཚེ། འདི་ནས་ཕྲན་གྱིས་ཉམས་ཞིབ་དང་རྩོམ་སྒྲིག་བྱས་པའི་དཔེ་དེབ་འགའ་འབུལ་ལམ་ཞུ་འདོད་ཡོད་པས་དེ་ལྟར་སྐུ་ཉིད་ཀྱིས་གཤམ་གསལ་ངའི་གློག་འཕྲིན་ཁ་བྱང་ཐོག་འབྲེལ་ལམ་ཞིག་གནང་རོགས།
སྐྱེས་སར་༸ཐྲྤཀླུ་སྒྲུབ་ཀྱིས་ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༣༡ ཉིན་བརྩེ་སེམས་དང་གུས་ཞབས་ཆིག་སྒྲིལ་སྒོས་རྒྱ་གར་གྲོང་གསེབ་རྡ་རམ་ས་ལས་ནས་ཕུལ།
སྐྱེས་སར་ཀླུ་སྒྲུབ་ཀྱི་གློག་འཕྲིན་ཁ་བྱང་།
kyisar@yahoo.com
་་ཨ་ཐིན་འདི་རྟ་རྒན་འཁོབ་ཏོ་ཞིག་ཡིན་ན། ང་རྟ་སྦྲང་ཞིག་ཡིན། ངས་དེ་ལ་གཙགས་ནས་འཚོ་བའི་ནང་འཇུག་པར་བྱེད་་ ཅེས་ཁོང་ནས་གསུངས་པ་ལྟར། དོན་དངོས་སུའང་འཇིག་རྟེན་གྱི་ཕྱིན་ཅི་ལོག་པའི་བྱེད་སྤྱོད་ཚང་མར་གཙགས་རྒྱུ་མང་དྲགས་པས་མཐའ་མཇུག་སྲོག་ཆད་ལ་ཐུག དོན་དངོས་སུ་གཞན་པའི་ངག་ལ་ཉན་ནས་ཨ་ཐིན་ནས་ས་ཆ་གཞན་དུ་ཕྱིན་པ་ཡིན་ན་སྲོག་མགོ་ཐོན་པའི་གོ་སྐབས་ཡོད་ནའང་། ཚེ་སྲོག་ལས་བདེན་པ་བདམས་པ་རེད། དྲང་བདེན་མ་ཡིན་པ་ལ་མགོ་མ་སྒུར་བར་རང་གི་ཚེ་སྲོག་གིས་ངོ་རྒོལ་བྱས་པ་རེད།
ཧ་ལས་པའི་མི་མདོག་ཉེས་པོ། གྲོད་ཁོག་ལུག་ཅིང་མིག་འཇུར་བ། སྣ་ཁུག་ཛོར་པོ་ཅན་གྱི་མི་འདིས་འཇིག་རྟེན་མི་ཡུལ་འདིར་ཆེས་མཛེས་སྡུག་ལྡན་པ་དང་རྐང་རྗེས་ཟབ་མོ་ཞིག་བཞག་ནས་མཐར་རང་གི་མི་ཚེས་ཀྱང་རླབས་ཆེ་བའི་སྡོམས་ཚིག་ཅིག་བཞག་ནས་གྲོངས་འདུག
ཁོ་རང་ནས་ཡིག་འབྲུ་རྡོག་མ་གཅིག་ང་ཚོར་མ་བཞག་པར་ཕྱིན་པ་རེད་ཟེར། ངས་བལྟས་ན་དེ་ནི་ཕལ་ཆེར་ནོར་བ་རེད། ད་ལྟའི་ང་ཚོས་ཀློག་ཏུ་ཡོད་པའི་མཚན་ཉིད་རིགས་པའི་གླེགས་བམ་མཐུག་པོ་དེ་དག་ཁོང་ནས་ང་ཚོར་བཞག་པ་རེད་ཟེར་ནའང་མ་འགྲིགས་པ་ཅི་ལ་ཡོད།
གལ་སྲིད་ཁོང་རྗེས་ཤིག་ཏུ་འཁྲུངས་ཡོད་ན། གལ་སྲིད་ཁོང་བོད་ནང་དུ་འཁྲུངས་ཡོད་ན། ཁོང་གི་རྗེས་འཇུག་པ་ཚོས་བཞེངས་པའི་རྡོ་སྐུ་དེས་མི་ཚད་པར་ང་ཚོས་ཁོང་ལ་ཚར་རྒྱུ་མེད་པའི་སྤྲུལ་སྐུ་ཞིག་བཙལ་ཆོག་མོད།
ཨ་སོ་ཁུར་ཁྲེ་ཟི་དྲིན་ཆེན་དགའ་ལྡན་ནོ། ཁྱེད་རང་སླར་འཇིག་རྟེན་མི་ཡུལ་འདིར་གཅིག་བྱོན་ར། ངའི་འཁྲིས་གི་རྩོད་ར་འདིའི་ནང་ཚིག་གཅིག་སྐྱར་ཟློས་དང་ཡང་ཟློས་བྱས་ནེ་ཙོའི་མགྲིན་པ་ཅན་ཁ་ཤས་འདུག འདིར་ཕེབས་ནས་དེ་ཚོ་ལ་གཅིག་གཙགས་ད།
ཆོས་ལུགས་ཀྱི་གོ་བ་ངོ་མ་དེ་གང་ཡིན་ན།
རྔ་བ་རྒྱལ་ཁམས་པ་མཆོག་གི་ལོ་ཙཱའི་སྙིང་སྟོབས་ལ་གུས་འདུད་དང་རྗེས་སུ་ཡིད་རངས་ཡོད། ད་དུང་ཡང་མི་མཐུད་དུ་འགྱུར་རྩོམ་གང་མང་མང་དྲ་ཐོག་ཏུ་དགོད་རྒྱུ་རེ་བ་སྙིང་ནས་ཞུ།