རྔ་བ་ཀུན་བཟང་།
སུ་ཞིག་གིས་མཐོང་མ་མྱོང་བའི་ཁྱོད
སུ་ཞིག་གིས་བདག་དབང་མ་ཐུབ་པའི་ཁྱོད་
འདི་ལྟར་ མི་ཡུལ་གྱི་གྲུ་ཟུར་ཆུང་ཆུང་ཞིག་ནས་
ངའི་མི་ལོ་ཉེར་གསུམ་གྱི་ན་ཟུག་རེ་རེའི་བར་ནས་
མཚར་ལོངས་བྱུང་བཞིན་བྱུང་བཞིན་རྒས་སོང་
ངོ་མ་རྒས་སོང་
རྒས་སོང་བའི་བརྩེ་དུངས་ཀྱི་ན་ཟུག་འདི་
སུ་ཞིག་གིས་རྟོགས་ངེས
མི་ཡུལ་ན་གོམ་པ་སྤོ་ཤེས་པ་ནས་བཟུང་
ང་ཁྱོད་ལ་དུངས་ཟིན་ལ
མི་ཡུལ་གྱི་ལོ་རྒྱུས་བཤད་ཤེས་བ་ནས་བཟུང་
ངས་ཁྱོད་ཀྱི་ལོ་རྒྱུས་བཤད་མྱོང་བས་
དེ་རིང་ཡང་ ངས་ཁྱོད་གླེང་གིན་ཡོད་
གླེང་བཞིན་པའི་ཁྱོད་རང་
བདག་གི་རྣམ་ཤེས་ལ་འཐུམ་པའི་བརྩེ་དུངས་ཀྱི་ཨ་ལོང་ཡིན་ལ
གླེང་བཞིན་པའི་ཁྱོད་རང་
བདག་གི་འཇིག་རྟེན་ཆུང་ཆུང་གི་སྒྲོན་མེ་ཡིན་པས་
ངས་ཁྱོད་རང་ཧ་ཅང་དྲན་
བརྩེ་དུངས་
སུས་ཀྱང་བཤད་མི་ཤེས་པའི་བརྩེ་དུངས་
བརྩེ་དུངས་
སུས་ཀྱང་གླེང་མི་ཐུབ་པའི་བརྩེ་དུངས་
ཡོད་ཚད་ནས་ཡོད་ཚད་
བརྩེ་དུངས་ཀྱིས་བསླུ་མྱོང་ལ་
ཡོད་ཚད་ནས་ཡོད་ཚད་
བརྩེ་དུངས་ཀྱིས་བཟུ་མྱོང་པས་
ང་བརྩེ་དུངས་ཀྱི་གྲུ་ཁ་ནས་ཐར་མ་ཐུབ་པས་ཧ་ཅང་སྐྲག་པས་
དེ་རིང་བདག་གི་བརྩེ་དུངས་ཀྱི་ལོ་རྒྱུས་གླེང་།
སྙིང་རྗེ།
མི་ཡུལ་ནི། མི་ཡི་ཡུལ་དང་། ངའི་ཡུལ་སྐད་དུ་མི་ཡུལ་ཟེར་གཞན་གྱི་ཡུལ་ལ་གོ་སྟེ། རང་ཡུལ་སྡུག་ཀྱང་འཛམ་བུ་གླིང་། མི་༼གཞན་༽ཡུལ་སྐྱིད་ཀྱང་གཡེར་མའི་ཐང་། ཞེས་ཟེར་སྲོལ་ཡོད་འདུག
རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན།
རྩེ་དུང་འབྲལ་མི་ཕོད་པའི་ཚོར་བ་ཡི་དྲང་ནས།
གཏིངས་མཐའ་མེད་པའི་འོབ་ནས་ཐོག་མེད་ནས་མ་ཐར།
ད་དུང་སྲེད་པ་འདི་ཡི་འཆིང་ལུགས་ལ་སྟོས་དང།
རོག་ལ་སྲེད་པའི་རྩེ་བ་ཁྱེད་རང་ཙམ་མ་ཡིན།
སྡོམ་ལྡན་རབ་བྱུང་མ་གཏོག་འཇིག་སྟེན་གྱི་ཁམས་འདིར།
སྲོག་ཆག་ཡོད་དགུ་ཕལ་ཆེར་འདོད་ཆགས་གྱིས་གཟེར་ནས།
རང་རང་ཅ་ཅོ་འདོན་བཞིན་རྒྱུག་པ་ལ་སྟོས་དང།
བརྩེ་དུང་ནི་ཚོར་བ་ཞིག་ཡིན་ལ། བརྩེ་བ་དེ་སྡུག་བསྔལ་དང་མིག་ཆུ་སོགས་འདྲེས་ནས་ཡོད། བརྩེ་དུང་གི་ང་ཚོ་དབང་བསྒྱུར་བ་ཡིན་ན་དེ་ནི་སྡུག་བསྔལ་ཡིན་ལ། ང་ཚོས་བརྩེ་དུང་དབང་དུ་བསྒྱུར་ཐུབ་པ་ཡིན་ན་དེ་ནི་བདེ་སྐྱིད་ཞིག་ག་ལ་མིན། བརྩེ་དུང་ཡོད་ན་འཚོ་བ་སྙིང་བོ་ཡོད་ལ། བརྩེ་དུང་ཡོད་ན་མི་ཚེ་ལ་ཁ་དོག་ཡང་ཡོད།
ལ་ལས་བརྩེ་དུང་ནི་ལང་ཚོ་ཡིན་ལ། ཡང་ལ་ལས་བརྩེ་དུང་འབྱོར་བ་ཡིན། གལ་སྲིད་ང་ཚོ་བརྩེ་དུང་འདི་གཉིས་ལས་བརྒལ་མ་ཐུབ་པ་ཡིན་ན་ག་དུས་ཡིན་ཡང་བརྩེ་དུང་ངོས་མི་ཟིན་ལ། མི་དེའི་རིགས་ལ་བརྩེ་དུང་སྤྲད་ཀྱང་རིན་ཐང་མི་ཚོར། དེའི་རྐྱེན་ཀྱིས་བརྩེ་དུང་གཉོར་སྐྱོང་དང་བརྩེ་དུང་ལ་དགའ་ཞེན་བཅས་བ་ཧ་ཅང་གི་གལ་ཆེན་ཡིན། ཁྱོད་ཀྱིས་སྙན་ལ་དུས་རྒྱུན་རོ་མྱོང་བྱེད་གི་ཡོད་སྙན་པོ་འདུག། མུ་མཐུད་དུ་ཡོད་པར་སྨོན
གོང་དུ་དྲ་གྲོགས་རྣམས་ཀྱི་རང་རང་གིས་བསམ་ཚུལ་དང་མྱོང་ཚུལ་རེ་གསུངས་པ་བཀའ་དྲིན་ཆེ་ རྗེས་མ་མུ་མཐུད་དུ་བདག་གི་སྙན་ངག་གི་ཁྱིམ་གཞི་ལ་ཕེབས་པར་དགའ་བསུ་ཞུ།
ཀུན་བཟང་རང་མོ་ལོ་ཉེར་གསུམ་ཡིན་ན་ལོ་ཚད་ཧ་ཅང་གི་ཡག་པོ་རེད། དགའ་རོགས་འགྲིག་ནས་ཚུལ་མཐུན་གྱིས་སྐྱིད་པོ་གཏོང་དགོས་རྒྱུ་གལ་ཆེ། ད་ལྟ་ལྟོས་འཇོག་གིས་སྒོ་ནས་ན་རྒས་ཟེར་རུང་ཙམ་ཡིན་ཡང་སྤྱིར་བཏང་ནས་མོ་གསར་རེད། ཕྱིས་འགྱོད་པ་མི་སྐྱེ་བའི་ཆེད། གྱིག་ཤུབས་སོགས་བེད་སྤྱད་ནས་འཕྲོད་རྟེན་ལ་མི་གནོད་པའི་ངང་དགའ་བ་ལ་རོལ་ཅིག
མེ་དཀར་ལགས།
འཕྲོད་རྟེན་རེད་དམ། འཕྲོད་བསྟེན་རེད།
ཀ་རྡོ་བ་འདི་རྒན་ལ་དྭགས་ལེགས་ལྟ་བུ་ཞུ་དག་རང་བྱེད་མཁན་ཞིག་ཆགས་འདུག་ག
ཧ་ཧ་ཧ་ཧ
བསྟེན་རེད།
ཁྱེད་རྣམ་པ་ཚོ་ཡང་རྫོབ་རྟགས་བསྟན་གྱིན་འདུག། རྫོབ་རྟགས་བསྟན་པ་མང་མེད་ན་ཉུང་མེད། མི་རིགས་འདི་མི་རབས་རྗེས་མར་བརྩི་སྤྲོད་ཡག་པོ་བྱེད་འདོད་ན། རྫོབ་རྟགས་བསྟན་གྱི་མཚམས་འཇོག་རོགས།།
ངས་བཤད་ན་འདོད་པ་དེ་།ཁྱེད་ཚོས་ཐ་ན་ཕོ་མོ་བརྩེ་དུང་ཟེར་བ་འདི་ཡང་ས་སྲེས་རྡོ་སྲེས་བྱེད་ཀྱིན་འདུག།
བརྩེ་དུང་ནི་འགྱིག་ཤུབས་གོན་ནས་བུ་མོའི་སྒང་ལ་རྟ་ཞོན་ཞོན་བྱེད་རྒྱུ་དེ་རེད་དམ། དེ་ཡིན་ན། སྲང་གི་ཁྱི་དང་གླང་དང་སྤྲེལ་བཅས་ཀྱང་མོ་ཡི་རྐུབ་ལ་སྣོམ་སྣོམ་དང་ཐོག་ལ་མཆོང་མཆོང་བྱེད་ཤེས་ཀྱིན་ཡོད་པ་རེད། ཡིན་ན་ཡང་།་ང་ཚོ་མི་ཡིན། མི་ལ་དེ་ལས་བརྒལ་བའི་བརྩེ་དུང་ལ་ལྟ་ཚུལ་དགོས་བ་རེད།
ཡར་ལ་ལྟོས་དང་།་འུ་ཚང་གི་བརྩེ་དུང་ལ་སྤྲད་པའི་གོ་བབས་ཇི་འདྲ་ཞིག་རེད། དེ་ཡི་ཉེར་འབྲས་ཀྱང་ཅི་ཞིག་བྱུང་སོང་། འདི་གཙོ་གཅིག་ནི་མི་ཡི་རིག་གནས་མ་དར་བའི་གནད་འགག་ཅིག་རེད།
མར་ལ་ཅིག་ལྟོས་ན། ཅིག་ཡིན་མདོག་གི་ཁྱེད་ཚོས་བརྩེ་དུང་ལ་འདི་ལྟར་གོ་བ་བླངས་ཏེ་བརྩེ་དུང་གི་སློབ་གསོ་དང་རིག་གནས་ཕ་ཤུལ་བུ་འཛིན་གྱི་སྒོ་ནས་དར་སྤེལ་བྱས་ན། ཇི་འདྲའི་ཉེན་ཁ་ལ་ཨང་།
མི་རབས་འདི་དེ་ལྟར་ཐང་ལ་རྒྱག་བསམ་ན་ད་དུང་མུ་མཐུད་ནས་རྫོབ་རྟགས་སྟོན།།
པད་བཀྲ་བདེན། འོན་ཀྱང་ཕོ་མོའི་བརྩེ་དུངས་ཀྱི་ཕུ་ཐག་གཅོད་ས་དེ་འཁྲིག་ལས་གཞན་འགྲོ་ས་མེད།
བརྩེ་དུང་ནི་འཁྲིག་སྤྱོད་དང་འཁྲིག་སྤྱོད་ནི་བརྩེ་དུང་ཡིན། དེ་གཉིས་ནི་ལྕགས་སྒོར་གྱི་ངོས་གཉིས་ལྟ་བུ་ཡིན། བུད་མེད་ཡོད་ཚད་ཀྱི་བརྩེ་དུང་དེ་མཐར་གཏུག་ན་འཁྲིག་སྤྱོད་ཀྱི་བསིལ་རླུང་གིས་ཁ་ལོ་བསྒྱུར་མི་ཐུབ་པ་གཏན་ནས་མེད། ཡིད་མི་ཆེས་ན་ཚོད་ལྟ་ཞིག་བྱོས་དང་། ཁྱེད་ལ་ངེས་ཤེས་ཟབ་མོ་ཞིག་ཐོབ་ངེས།
བརྩེ་དུང་ནི་འཁྲིག་སྤྱོད་མིན་ལ་དང་འཁྲིག་སྤྱོད་ནི་བརྩེ་དུང་དེ་བས་ག་ལ་་ཡིན།
འཁྲིག་སྤྱོད་ནི་ལུས་པའི་དགོས་མཁོ་དང་བརྩེ་དུང་ནི་སེམས་ཀྱི་དགོས་འདོད་ཡིན།།
ཁྱི་ཕྲུག་ཁྱོད་ཀྱིས་མི་ཡང་གཏུག་གི་གཏུག་གི་དུད་འགྲོ་ཁྱི་ཡི་ཚོགས་ལ་གཏུགས་ཀྱིན་འདུག།
དེ་ན་ཁྱོད་ཀྱིས་བརྩེ་དུང་གི་རྭ་བ་ནས་མི་ལ་བགོ་སྐལ་ཞིག་མ་བྱིན་པ་རེད།ངས་བཤད་དོན་ནི།
ཁྱོད་ཀྱིས་བརྩེ་དུང་གི་མཐར་གཏུགས་འཁྲུག་པ་འཇོག་གིན་ཡོད་ན། འཁྲུག་པ་ཁྱིས་ཀྱང་བྱེད་ཀ་ཨ་རོག་ཁྱི་ཕྲུག་ལགས།།་ཁྱི་ལ་བརྩེ་དུང་མེད།་མི་ལ་བརྩེ་དུང་ཡོད་དགོས། འདི་ངེས་ན་བཟང་གི།
“བུད་མེད་ཡོད་ཚད་ཀྱི་བརྩེ་དུང་དེ་མཐར་གཏུག་ན་འཁྲིག་སྤྱོད་ཀྱི་བསིལ་རླུང་གིས་ཁ་ལོ་བསྒྱུར་མི་ཐུབ་པ་གཏན་ནས་མེད། “ཁྱི་ཕྲུག་ཁྱོད་ཀྱིས་བུ་མོ་ཚང་གི་ན་ཚ་འདི་ངོས་ཟིན་ཡོད་ཀ། འདི་ན་ཚ་ཞིག་རེད། སྤྱི་ཚོགས་ཀྱི་ན་ཚ་ཞིག་རེད། སློབ་གསོ་ཡི་ན་ཚ་ཞིག་རེད། རིག་གནས་ཀྱི་ན་ཚ་ཞིག་རེད། ན་ཚ་འདི་ཡི་རྐྱེན་པས་ང་ཚོ་བུ་མོ་ཚང་གིས་ཀྱང་བརྩེ་དུང་གི་མཐར་གཏུགས་འཁྲུག་སྤྱོད་ལ་བསྟུན་གྱིན་ཡོད་པ་རེད།། ན་ཚ་འདི་སེལ་ཐབས་སུ་ ང་ཚོ་ཀུན་ལ་འགན་ཡོད། འདི་གཅིག་རེད།།
གཉིས་།་ངས་ཁྱོད་ལ་འདི་ལྟར་དྲི་བ་ཞིག་དྲིས་ན། ཁྱོད་རང་གཞང་ཚོང་མའི་སྒང་ལ་རྟ་ཞོན་དུས། ཁྱོད་ལ་ཅི་ཞིག་ཚོེར་བ་ཡོད་ཀི། དེ་ཁྱི་ཕག་གླང་སོགས་དུད་འགྲོའི་འཁྲུག་པ་ལས་བརྒལ་མི་ཐུབ། དེ་ལ་བརྩེ་དུང་མི་ཟེར་བ་ཡང་ཁྱོད་ཀྱིས་ཀྱང་ལོས་ཤེས།
པད་བཀྲ་ལགས། ང་ལ་ཁྱི་ཕྲུག་གསུངས་མོད། དོན་ལ་ངས་ཁྱོད་རང་བསམ་ཚུལ་མི་མཐུན་པ་ཙམ་ལས་མི་སྐད་རྒྱབ་ཡོད། ཁྱེད་ཀྱིས་་་་་་་
པད་བཀྲ་ལགས། དགོངས་དག གོང་དུ་ནོར་སོང་།
བརྩེ་དུངས་དང་འཁྲིག་སྤྱོད་གཅིག་ཚུལ་ཞིག་ཡོད་དམ་་་་དོན་མེད་པའི་སྐད་ཆ་བཤད་ན་སྙིང་པོ་ཅི་་
ཧ་ཧ་ཧ་ ངས་གོང་གི་འཆན་དེ་དག་ རེ་རེད་བལྟ་ཡོང་དུས་ང་ངུ་རྒྱུ་ཡོང་གི གོང་དུ་རྔ་བ་ཀུན་བཟང་སྒྲོལ་མ་ཞེས་པ་ཞིག་གིས་བརྩེ་དུངས་ལས་འཕྲོས་པའི་སྙན་རྩོམ་ཞིག་བྲིས་ཡོང་དུས་ ཁོ་ཚོར་ འུད་ཤོད་ཀྱིས་གཅིག་གིས་གཅིག་ལ་ཁྱོད་བདེན་པ་མིན་ཚུལ་དང་ང་བདེན་པ་ཡིན་ཚུལ་སོགས་བཤད་ཡོང་མོད། དོན་དངོས་སུ་ བརྩེ་དུངས་ཤེས་པ་འཁྲིག་སྤྱོད་ཡིན་མཁན་ཞིག་དང་ སེམས་ཀྱི་ཚོར་སྣང་ཡིན་པ་སོགས་མང་པོ་མང་བོ་ཞིག་བཤད་ཀྱང་ དོན་དངོས་སུ ཕར་ཕྱོགས་ཀྱི་རྩོམ་པ་པོས་ བརྩེ་དུངས་ཀྱི་ན་ཟུག་བསླངས་བ་བྲིས་པ་མ་གཏོགས་ འཁྲིག་སྤྱོད་སྐོར་བཤད་མེད་དུས་ འུད་ཤོད་དེ་འདྲ་མ་བྱས་ན་མི་བཟང་གི་མོད།
སྦྲ་མིང་ཅན་ལགས། ཁྱེད་ངུ་རྒྱུ་འདུག་ན་སྙིང་ཚིམ་པ་ཞིག་ངུ་ཞོགས། ཅི་སྐྱོན་མ་རེད།
སྤྲ་མིང་བ་ངུ་རྒྱུ་ཡོང་ན་སེམས་གཏིང་ནས་ངུས་ཤོག་ལོ། ཁྱེད་ལ་ཁག་མེད་་་དཔའ་བོ་དག་གི་ལུས་ཕུང་མིག་ལ་ཤར་ཡོང་གི་ཡོད་པ་འདྲ་་་
སྦྲ་དཔལ་ལྡན་སེམས་ཅན་ཁྱོད་ཀྱང་། གུ་དོག་དོག་ཅིག་དང་ཞེང་ཆུང་ཆུང་ཅན་ཞིག་ཡིན་པ་ཅི་རེད། ཀུན་བཟང་སྒྲོལ་མ་ཟེར་མོ་ཁོ་རང་གི་དེ་ལྟར་གླེང་ཡོད་ན་ང་ཚོས་ཀྱང་དེ་ལྟར་གླེང་ངགོས་པ་ཨེ་རེད། ད་དུང་ཁྱོད་ཀྱིས་རྩོམ་རིག་ཁྲོད་ཀྱི་རང་དབང་གི་གོ་བ་དེ་རྙེད་མེད་པ་འདྲ།
གལ་ཏེ།ཁྱོད་རང་གིས་དེ་ལྟར་བྱེད་འདོད་ན། སེམས་ཅན་གྱི་ཁ་བཀག་སྟེ་རང་མགོ་བོ་མོ་ཡི་སྐེ་ལ་ཐོགས་ཡ།
གུ་ཡངས་དང་རང་དབང་།་འདྲ་མཉམ་གྱི་སློབ་གསོ་ཆ་ཚང་ཟིག་ཐོབ་མེད་པའི་རྟགས་མཚན་གསལ་བོ་རེད།
བརྩེ་དུང་ནི་སུས་ཀྱང་འགྲེལ་བརྗོད་མི་ཐུབ་པ་ཞིག་སྟེ། མི་རེ་རེས་བརྩེ་དུང་ངོས་འཛིན་སྟངས་མི་འདྲ་བ་དཔེར་ན། ལ་ལས་རང་ཉིད་དགའ་ས་རང་ལ་མ་ཐོབ་ཀྱང་དེ་ལ་ཕན་རིགས་གང་ཐུབ་བྱེད།་ལ་ལས་རང་ཉིད་དགའ་ས་རང་ལ་མ་ཐོབ་ཚེ་དགྲ་བཞིན་ལྟ་ལ་ཕན་ལས་གནོད་པ་བྱེད། ལ་ལས་རང་ཉིད་དགའ་ས་དེ་གསོད་པའང་ཡོད། ལ་ལ་བརྩེ་དུང་གི་ཆེད་དུ་རང་ཤི་རྒྱག་པའང་ཡོད། གང་ལྟར་བཤད་མི་ཤེས་པའི་ཚོར་བ་འཇིག་རྟེན་གྱི་འཚོ་བའི་གསོན་ཤུགས་དང་བྲོ་བ་ཡོད་ཚད་དེ་ཡིན། ཁྱོད་ཀྱི་རང་གི་ལྷད་མེད་རྣམ་དག་གི་བརྩེ་བ་འཇུག་ཡུལ་དེ་ཤོར་སོང་ན་ཁྱོད་ཀྱི་འཚོ་བ་ནི་ཟོལ་བཅོས་ཁོ་ན་ཞིག་ཡིན།
ཤོར་བའི་བརྩེ་དུང།
ཕྱི་རོལ་ན་ཆར་བ་ཤག་ཤག་འབབ་པས་སྒེའུ་ཁུང་གི་ངོས་སུ་ཆུ་ཐིགས་རིལ་མོ་ཐུར་དུ་འགྲིལ་བཞིན་འདུག དེ་ནི། ང་དང་མཛའ་མོ་འབྲལ་ཁའི། མོའི་བཞིན་རས་ཀྱི་མིག་ཆུ་དག་དང་ཀུན་ནས་མཚུངས། ཡིན་ནའང་མོའི་མིག་ཆུ་ནི་ཚོར་བ་གསོན་པོ་ཞིག་གི་གྱེས་གདུང་ཡིན་ལ་བརྩེ་བ་ངོ་མ་ཞིག་གི་ངོ་གདོང་ཡང་ཡིན་པས་རང་བྱུང་གི་ཆུ་ཐིགས་དེ་དག་ཇི་ལྟར་གཙང་ནའང་མོའི་མིག་ཆུ་དེ་དག་གི་བརྒྱ་སྟོང་དང་ཁྲི་འབུམ་གང་གི་ཆར་ཡང་མི་ལོན་ནོ། ནངས་མོ་དེར། མོ་རྟ་ཕོའི་རྨིག་སྒྲ་དང་བསང་གསོལ་གྱི་ཀི་སྒྲའི་ཁྲོད་ནས་ཁོ་མོ་གནས་ལ་ཆས། དེ་ནི་མོས་ཆེས་མི་འདོད་པ་ཞིག་ལ་ཨུ་ཚུགས་བྱེད་བཞིན་པ་ངས་ཤེས་ཡོད། དེ་ནི། མོས་ཀྱང་རང་གི་ཕའི་ཞལ་ཆེམས་དང་མའི་རེ་བ་ལ་ངོ་རྒོལ་མ་བྱས་པ་ཡིན་ལ། ཕ་མའི་དྲིན་ལན་གྱི་ཆེད་དུའང་ཡིན། མོས་ལན་བུའི་གསེབ་ནས་ཕྱིར་བལྟས་ཡང་ཡང་བྱེད་བཞིན་མིག་ཆུ་བཞུར་བའི་གདོང་གི་རྣམ་འགྱུར་དེ། དེར་འདུས་ཀྱི་མི་ཚོགས་ཀྱིས་མོའི་བག་ངུ་ཡིན་པར་མཐའ་གཅིག་ཏུ་འགྲེལ་ནའང་ང་གཅིག་པུས་མོའི་མིག་ཆུའི་གསང་བ་ཤེས་ལ་དེའི་ཚོར་བའི་མངར་སྐྱུར་ཀྱང་ཤེས། ཆར་བ་འབབ་ཐེངས་རེར། ང་ཅི་ཡིན་འདི་ཡིན་མེད་པར་སྒེའུ་ཁུང་གི་འཁྲིས་ལ་ཡང་ཡང་ཡོང་གིན་འདུག་ལ་སྒེའུ་ཁུང་དེ་མཛའ་མོའི་ཞལ་ལ་འཁྲུལ་ནས་ལག་བསྐྱངས་ནས་རེག་པའང་ཐེངས་གཅིག་མིན།
དེ་ནས་བཟུང་། ངས་ཆར་བ་འབབ་ཐེངས་རེར་སྒེའུ་ཁུང་གི་ཤེལ་ངོས་སུ་བལྟས་ཏེ་འདས་སོང་གི་ཚོར་བ་ཞིག་བཙལ་ནས་དེ་ལ་རོལ་མྱོང་བྱས་པ་ཡིན། དེ་ནི་ངའི་གོམས་གཤིས་སུ་གྱུར་བའི་བརྩེ་དུང་གི་རོལ་མྱོང་ཤིག་ཡིན་ལ། མི་ཚེ་འདིར་རོལ་མྱོང་དེ་ཁོ་ན་ལ་བརྟེན་ནས་འདུག་རྒྱུའི་སེམས་ཁམས་ཀྱི་དམ་བཅའ་ཞིག་ཀྱང་ཡིན།
འདི་ངས་གཏོང་ཉེས་བྱས་སོང་དགོངས་དག
གངས་དཀར་རྒྱལ་སྲས་ཀྱིས་བཤད་པ་མོས་མཐུན་ཡོད། བརྩེ་དུངས་ནི་འཚོར་བ་ཞིག་ཡིན་ཞིང་འཚོར་བ་དེ་ཅི་ཞིག་ལ་བེད་སྤྱོད་བཏང་མིན་ནི་མི་དེའི་གཤིས་རྒྱུད་དང་ཁོར་ཡུག གོམས་སྲོལ་དང་རྣམ་དཔྱོད། སློབ་སྦྱོང་གི་ཆུ་ཚད་སོགས་ལ་རེག་ལས་བས་མི་རྣམས་ཀྱིས་བརྩེ་དུངས་ལ་ངོས་འཛིན་བྱེད་སྟངས་མི་འདྲ་བ་ཡོད་ལ། རོལ་མྱོང་བྱེད་སྟངས་དང་འབྲེལ་བ་འཛིན་སྟངས། ལག་ལེན་བསྟར་སྟངས་སོགས་དེ་བས་མི་འདྲ། ཁ་ཤས་དགའ་རོགས་དང་དགའ་སའི་ཆེད་དུ་སྲོག་ཀྱང་བཏང་ལ་ཁ་ཤས་ཀྱིས་དགའ་སའི་འདོད་དོན་ལྟར་ཡོད་ཚད་སྒྲུབ། ཁ་ཤས་ཀྱིས་དགའ་སའི་གྲོགས་པོ་ཚོ་ལ་ཕྲག་དོག་གིས་འཇིགས་སྐུལ་བཏང་ལ། ཁ་ཤས་ཀྱིས་དགའ་སའི་གྲོགས་པོ་ཚོ་ལ་མཐུན་ལམ་བསྒྲིགས། ཁ་ཤས་ཀྱི་དགའ་ས་རང་གི་འདོད་ལྟར་མ་ཡོང་ཚེ་དགྲ་ལྟར་ལྟ་ལ། ཁ་ཤས་ཀྱིས་རང་གི་འདོད་བློ་ལྟར་ཡོང་མིན་ལ་མ་ལྟོས་བ་མོས་གུས་བྱེད། ཁ་ཤས་ཀྱིས་དགའ་ས་དང་འགྲིག་ན་ལྷ་རུ་ལྟ་ལ་མ་འགྲིག་ན་འདྲེ་རུ་མཐོང་བ་སོགས་མིའི་གཤིས་རྒྱུད་དང་ཤེས་ཚད་ལ་སྟུན་པའི་བྱེད་ལས་མི་འདྲ་སྣ་ཚོགས་ཡོད་པ་ནི་མཐོང་ཆོས་རེད།
རང་མྱོང་གི་སྟེང་ནས་བཤད་ན་ཕྲན་ལ་ཧ་ཅང་དགའ་མཁན་གྱི་ཐ་ལེན་གྲུ་ཡི་ལས་གྲོགས་ཤིག་ཡོད་ལ་དུས་རྒྱུན་ཁ་རྩེད་དང་མཚམས་རེ་ལག་རྩེད་བྱེད་སྲོལ་ཡོད། ཉིན་ཞིག་མོའི་འདོད་བློ་ལྟར་ལས་དོན་མ་ཕྱིན་པས་ཅུང་ཁ་རྩོད་ཤོར་སྐབས་མོས་གྲི་འཁུར་ནས་ཁོ་བོའི་སྒང་དུ་ཤོར་ཞིང་མི་གཉིས་གྱིས་བཀག་ཀྱང་མི་ཁོག་བའི་དཀའ་ངལ་མྱོང་། ངས་མོ་ནི་རླུང་རོ་མ་ཞིག་ཡིན་པ་མ་ཟད་དབུ་མེད་ཅིག་རེད་སྙམ་ནས་ཡ་ལེན་མ་སློག སྦྱིན་བདག་གིས་གནས་ཚུལ་དེ་བསྙད་ནས་མོ་ལས་ཀ་ནས་རྩ་དགོངས་བཏང་། རྗེས་སུ་གནས་ཚུལ་དེ་རྒུ་རིའི་སིའི་ངའི་གྲོགས་མོ་ཞིག་ལ་བཤད་སྐབས་མོས་དེ་ནི་མོ་ང་ལ་དགའ་དྲགས་པའི་རྟགས་ཡིན་པས་གཟབ་གཟབ་བྱོས་ཞེས་བསླབ་བྱ་གནང་། སྐབས་དེ་ང་རང་ཧང་སང་ཞིང་དེ་འདྲའི་དགའ་བ་བྱེད་སྟངས་ཤིག་འཇིག་རྟེན་དུ་ག་ལ་ཡོད་སྙམ་ཡང་གཅིག་བྱས་ན་མོས་བཤད་པ་དེ་བདེན་ཤས་ཆེ།
བརྩེ་དུང་ཟེར་དུས་འདི་ལྟར་ཡང་དྲན་ཡོང་།
ཉིན་མོ་དེར་། ཆར་བ་ཇི་ལྟར་བབས་པ་དེ་ད་ལྟ་དྲན་ནམ
ཤག་ཤག་གིས་འབབ ཆལ་ཆིལ་གྱིས་འབབ
“སྙན་ངག་པ་ཞིག་ཡིན་ན་སྐབས་འདི་ནི་མཆོག་གོ””
སྐད་ཆ་དེ་ཁྱོད་ཀྱིས་ད་ལྟ་ཡང་བརྗེད་མེད། ནམ་ཡང་བརྗེད་མི་སྲིད
ཆར་བ་ལ་ཅེར་བའི་ཁྱོད་དང་མོ
སྐབས་དེར ། ཅི་འདྲའི་ཚོར་བ་ཞིག་སེམས་ན་ལྷོག་ལྷོག་ཏུ་ཁོལ་ཨང
ཉིན་མོ་དེར ། ཁྱོད་ཀྱིས་ཅི་ཡང་བཤད་མ་ཐུབ
འོན་ཀྱང་ ། ཁྱོད་ཀྱིས་ཅི་ཞིག་བཤད་ན་སྙམ་བཞིན་པ་དེ
ཁྱོད་ཀྱི་མིག་ཟུང་བརྒྱུད་དེ་མོ་ཡིས་སྙིང་གིས་གོ་བཞིན་ཡོད
ཉིན་མོ་དེར ། མོས་ཀྱང་ཅི་ཡང་བཤད་མ་ཐུབ
འོན་ཀྱང་། མོས་ཅི་ཞིག་ལབ་ན་འདོད་བཞིན་པ་དེ
མོ་ཡི་ངོ་གདོང་བརྒྱུད་དེ་ཁྱོད་ཀྱིས་སེམས་པ་དེ་ཡིས་ཚོར་གྱིན་ཡོད
གང་ལྟར་། ཁྱེད་གཉིས་ལ་ཐུན་མོང་གི་སྐད་ཆ་ཤིག་ཡོད་པ་དེ་ནི
“ང་ཁྱེད་ལ་དགའ་ཨང”་ཟེར་བ་དེ་རེད
ཁྱེད་དང་ཁོ་མོའི་ཁ་མི་གྲག་པའི་ཁ་བརྡ་དེ་ལ
སྙིང་དང་སྙིང་གི་ཁ་གྲག་ཚུལ་སྨྲ་བ་རེད་དམ
སེམས་དང་སེམས་ཀྱི་གླེང་མོལ་བརྗོད་པ་རེད
གང་ལྟར་། བརྩེ་དུང་ཟེར་ན་དེ་འདྲ་ཡིན་པ་འདྲ
ཉིན་མོ་དེར་། ཁྱོད་ཀྱིས་སྙན་ངག་མང་པོ་འབྲི་བཞིན་གདའ
སྙན་ངག་ན་ཆར་བ་དང་ལོ་མ་མང་པོ་མཆིས
བརྗོད་བྱ་ཁོ་མོ་རེད་ལ་ཁ་བྱང་ཡང་ཁོ་མོ་རེད
ཉིན་མོ་དེར་ ། མོས་ཀྱང་ཉིན་ཐོ་མང་པོ་འབྲི་བཞིན་འདུག
ཉིན་ཐོ་ན་སྤྲིན་པ་དང་སྐྱེས་ཤིང་མང་པོ་མཐོང
བརྗོད་བྱ་ཁྱོད་རང་རེད་ལ་ཁ་བྱང་ཡང་ཁྱོད་རང་རེད
གང་ནས་ནམ་དུ་ཡང
ཁྱོད་ཀྱིས་མིག་ཟུང་གིས་ཁོ་མོ་ལུག་འཚོ་འཚོ་བྱེད
མོ་ཡིས་མིག་ཟུང་གིས་ཁྱོད་ལ་མདའ་འཕེན་འཕེན་བྱེད
སྙིང་གསེང་ན་འཁྱུག་པའི་ཚོར་བ་དེ་ཅི་ཞིག
དགའ་བ་མ་རེད་ལ་སྐྱོ་བ་ཡང་མ་རེད
དེ་ནི་བརྩེ་དུང་གི་སེམས་པ་དེ་ཡིན་པ་ཐག་གིས་ཆོད
ཁྱོད་ཀྱིས་རང་ཉིད་ཁོ་མོ་ལ་འཕྲད་པ་དེ
རང་ཉིད་ཀྱི་འཛོམས་པ་ལ་ལྟ
མོ་ཡིས་རང་ཉིད་ཁྱོད་ལ་ཐུག་པ་དེ
རང་ཉིད་ཀྱི་ཆ་ཚང་ལ་ལྟ
ཉིན་མོ་དེ་ནས་གྲོགས་པོ་ཚོས་ཁྱོད་རང་འགྱུར་འདུག་ཟེར
ཉིན་མོ་དེ་ནས་གྲོགས་མོ་ཚོས་མོ་ཡང་འགྱུར་འདུག་ཟེར
དེ་སྲོག་རླུང་དང་ཡང་རླུང་གཉིས་རྫས་སྦྱོར་གྱིས་ཆུ་གྲུབ་པ་དང་མཚུངས
ཡ་ཆུང་སེམས་པ་སྐྱོ་བའི་གནས་སུ་ཆས།
ལུས་ཀྱི་ཕུང་པོ་སྡུག་གིས་ས་ལ་འགྱེལ།
ཡིད་ཆེས་བྱས་པའི་བརྩེ་དུང་གས་ཆག་འདིས།
གནམ་ས་མགོ་ཏིང་སློག་པའི་འཚོ་སྣང་བསྟེར།
སྙིང་གི་ཕར་ཚད་ཤུགས་ཀྱི་གཟེར་ཟུག་གིས།
རྣམ་ཤེས་ཕྲ་མོ་ཡུད་ཀྱིས་དམྱལ་ཁམས་སླེབས།
ལས་ལས་སྡུག་གིས་བསྐོས་པའི་བརྩེ་སེམས་འདིས།
འཚོ་འདི་ཤེས་པ་འཆོལ་བའི་གཟུགས་ཕུང་ཙམ།
བརྩེ་བའི་རེ་བ་ནམ་མཁའི་སྟོང་པ་རེད།
དགའ་བའི་ཡིད་ཆེས་བར་སྣང་མཇའ་མཚོན་འདྲ།
བརྩེ་་དགའི་བདེ་སྡུག་རྨྱ་ངམས་ཐང་ཆེན་འདི།
བསམ་བཞིན་བསམ་ལ་བུ་ཆུང་ཡི་ཐང་ཆད།
བརྩེ་བའི་ལས་བསྐལ་ཆད་པའི་ཉམས་ཆུ་བུ།
སྲིད་འདིར་སྐྱེས་པའི་དགོས་གལ་ཤིན་ཏུ་ཆུང།
ཐམས་ཅད་རྟེན་འབྲེལ་ཡིན་ན་བརྩེ་སེམས་འདི།
ང་ལ་བརྟེན་འཁེལ་མེད་དོན་ཅི་ཡི་ལན།
རྟེན་འབྲེལ་སྟོང་པའི་བཤིས་ལུགས་ངས་ཤེས་ན།
དགའ་བཞི་ཁྱད་པར་འགྲན་ལུགས་ངས་ཤེས་ན།
ཞིང་སྔགས་ལྷན་སྐྱེས་ཕོ་ཉ་ངས་མཇལ་ན།
རིམས་གཉིས་ཕྲ་རག་རྣལ་འབྱོར་ངས་སྒོམ་ན།
ད་ཡིན་ན་འཁྲབ་ཚན་ལྟད་མོ་འདི་ན་འདུག ཁྱི་ཕྲུག་འཕུར་ལ་ཁད་རེད། སྦྲ་དཔལ་ངུ་ལ་ཁད་རེད། ཀུན་བཟང་དགོད་ལ་ཁད་རེད། ཐ་ན་ཆབ་བྲག་ལྷ་མོ་དང་གངས་དཀར་སོགས་ལོ་ལོན་རྒས་འཁོག་དེ་ཚོ་ཡང་བརྩེ་བས་བཟི་ལ་ཁད་རེད།
འོན་ཀྱང་། ང་ཁྱི་ཕྲུག་གི་སྐད་ཆར་རྒྱབ་སྐྱོར་ཡོད། གང་ཡིན་ཟེར་ན་ཁོའི་སྐད་ཆར་ཉན་མ་ཐག་ནས་ཉམས་མྱོང་ཅན་ཞིག་ལོས་ཡིན་འདོད་ནི་ཞིག་རེད།
བརྩེ་དུང་ནི་གང་ལྟར་ཁྱེད་ཀྱིས་གླེང་དགོས་པའི་བརྗོད་གཞི་ངེས་ཅན་ཞིག་ཏེ། བརྩེ་དུང་གི་དྲོད་ཁོལ་ཁོ་ནས་ད་གཟོད་ཁྱོད་ལ་ཚེ་སྲོག་རྒྱས་པ་རེད་ཟེར་ཀྱང་མི་ཆོག་རྒྱུ་ཅི་ལ་ཡོད།
གློ་བུར་འཕུར་བའི་གཏམ་རྒྱུད་ཅིག་གིས་ངའི་ཡོད་ཚད་ལ་སྡོམ་ཚིག་ངར་མ་ཞིག་འཕེན་སོང་། ཉིན་དེར་ངས་ཀྱང་སློབ་ཕྲུག་གཞན་དང་འདྲ་བར་རྒྱུན་ལྡན་གྱི་གླེང་མོལ་འགའ་དང་ལྷན་ཏུ་དུས་ཚོད་འདའ་བཞིན་ཡོད། བར་དེར་ངའི་གྲོགས་པོ་ཞིག་གིས་ང་ཉིད་སུ་ཞིག་གི་སྐད་གཏོང་བཞིན་འདུག་ཅེས་བརྗོད་བྱུང་བས་ངས་ཀྱང་སྣང་འཇོག་ཅང་མེད་པར་ཁོའི་རྗེས་སུ་གཞོལ་བ་ཡིན། མ་གཞི་དེ་ནི་སུ་ཡང་མ་རེད་དེ་ངས་ནམ་རྒྱུན་གང་ཡང་བཤད་མྱོང་བའི་ཁོ་མོ་རེད། འོན་ཀྱང་ཁོ་མོ་ལ་སྔར་གྱི་འཛུམ་མདངས་དེ་མེད་ཐོག། རུམ་དཀའ་བ་ཅི་ཞིག་ཨུ་ཚུགས་ཀྱིས་རུམ་ཡོད་པ་ལྟ་བུའི་རྣམ་་འགྱུར་ཞིག་གིས་ང་ཡང་གློ་བུར་བ་དེར་གང་ཞིག་ཏུ་བརྫངས་སོང་། གནས་ཚུལ་མི་ལེགས་པ་རྟོགས་པས་ངས་ཁོ་མོར་ཁྲིད་དེ་རྩ་ཁང་གིས་བཞེངས་པའི་ཉེ་འགྲམ་གྱི་ཇ་ཁང་ཞིག་ཏུ་ཕྱིན་པ་ཡིན། ངོ་མདངས་སྐྱ་བོ་དེའི་ཁ་འོག་ན་ཅི་ཞིག་བརྗོད་རྒྱུ་ཡོད་པ་ལྟ་བུའི་མིག་ཟུང་དེས་ངའི་སྙིང་གི་འཕར་ལྡིང་ལ་འདྲོག་ཡང་ཡང་སློང་སོང་། འོན་ཀྱང་ངས་ནམ་ཡང་ཁོ་མོ་ནི་ནམ་ཡང་མཛེས་སྡུག་གི་བདག་ཉིད་ཅིག་ཏུ་སྒོམ་བཞིན་པས་ཡོད་ཚད་ལ་སླར་ཡང་མཛེས་སྡུག་དང་འབྲེལ་བ་ཡོད་མེད་ཀྱི་སེམས་ཚོར་སྣ་ཚོགས་ཀྱིས་བཀླུབས་སོང་། བར་དེར་ཡང་ན་ངས་ཇ་ཧུབ་གང་བཏུངས་བའི་བར་གླག་དེ་ནས་ཁོ་མོའི་ཅི་ཞིག་སྐམ་པའི་མཆུ་འདབ་དེ་འགུལ་སོང་། མ་ཞི་ཁྱེད་ཀྱིས་དེར་ཞིབ་ལྟ་མ་བྱེད་་ན་འགུལ་ཡོད་མེད་ཀྱང་ཐེ་ཚོམས་བྱུང་ངེས་ཡིན། གང་ལྟར་དེ་ནི་གཙོ་བོ་མིན་ཏེ་གཙོ་བོ་ནི་ངས་ནམ་ཡང་གོ་མི་འདོད་པ་ལྟ་བུའི་དབྱངས་རྟ་མེད་པའི་ཚིག་འབྲུ་དེ་དག་རེད། ཁོ་མོས་གློ་བུར་དུ་ཅི་ཞིག་བརྗོད་དགོས་པའམ་བརྗོད་མི་དགོས་པ་དེ་བརྗོད་རྗེས་བུད་སོང་། ལག་པས་ངོ་གདོང་གིས་ཡ་ཐོད་བཀབ་ཚུལ་ལ་ལྟས་ན་རང་དབང་མེད་པའི་སེམས་ཚོར་སྐྱ་བོ་དེ་མིག་རྐོང་ནས་བཞུར་བཞིན་པ་འདྲ།
བར་འདི་ནས་ཞུས་རྒྱུར་ངས་གཏམ་རྒྱུད་འདིའི་ཡ་ཁོག་གླེང་མི་འདོད་པས་ཡོད་ཚད་ཀྱི་གཟོད་གཟན་བྱེད་པར་ཞུ། ཡང་གཅིག་བཤད་ན་ཁོ་མོས་སྤྲད་པའི་who will cry when you die?ཞེས་པའི་དཔེ་དེབ་དེ་ད་དུང་ཡང་ངའི་ལག་ཏུ་ཡོད། དཔེ་དེབ་ཀྱི་ཆེས་ཐ་མར་སྙིང་གཏམ་ཞིག་གི་ཚབ་ཏུ་གླེང་པ་ལྟ་བུ་ཡིག་འབྲུ་འགའ་ཆེས་རྒྱུ་ཡོད་ཀྱི་ཡིག་གཟུགས་ཤིག་གིས་i will cry ཞེས་བྲིས་འདུག།
ཆེས་མཐའ་མར་གླེང་དགོས་པ་ནི། ཉིན་དེར་ཁོ་མོ་ཇ་ཁང་དེ་ནས་བྲལ་བ་ནི་ངའི་ཆེས་རིན་ཐང་ཐང་ཆེ་ཆེ་ཞིག་ལ་རྫོགས་ཚིག་བཀོད་པ་ཡིན་པས། ནམ་ཡང་གླེང་གཞིར་གྱུར་བའི་ཁོ་མོས་ངའི་སྙན་ངག་དག་ལ་ཆེས་བཟི་ཁ་བཙན་པའི་ཝུ་ཆང་ཞིག་གཏན་ནས་ལྡུད་བཞིན་འདུག།