ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག དེ་རིང་བོད་ནང་གི་ཚུ་ཆོད་དང་པོ་ཡོལ་ཙམ་ལ། གཙོད་ཁ་སོག་འབྲོང་ལྕེ་སྡེ་བའི་རང་ལོ་ང་བདུན་ཡིན་པ་རྟ་མགྲིན་རྡོ་རྗེ་ལགས་ ༼གུང་ཐང་སྐུ་ཕྲེང་བདུན་པའི་མ་ཡུམ་གྱི་ཨ་ཕ་ཡིན་འདུག༽ ཀྱིས་མདོ་སྨད་གཙོད་དགོན་པའི་མཆོད་རྟེན་ཉེ་འགྲམ་དུ་སྐུ་ལུས་མེར་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་ས་གསན་དེ་ག་རང་དུ་འདས་གྲོངས་སུ་གྱུར་ཡོད་པར་ཆེད་དམིགས་ཞུས་འབྲེལ། འདས་པོ་ཁོང་གི་ཆེད་བསྔོ་སྨོན་མཆོད་འབུལ་དང་། ནང་མི་ཤུལ་ལུས་དག་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་ཞིག་འཆི་མེད་དགའ་ཚལ་གླིང་དུ་འཚོགས་པར། ནོར་གླིང་མི་མང་དང་བཙུན་དགོན་སྒྲོལ་མ་གླིང་གི་བཙུན་མ། འཆི་མེད་དགའ་ཚལ་གླིང་གི་དགེ་འདུན་པ་བཅས་སེར་སྐྱ་མི་མང་སུམ་བརྒྱ་བརྒལ་བ་འདུ་འཛོམས་བྱུང་ཡོད། མཆོད་འབུལ་སྨོན་ལམ་གྲུབ་རྗེས། ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་རྒྱལ་གཅེས་དཔའ་བོ་ཁོང་གི་སྐོར་གསར་གནས་ཁག་ཏུ་བཀོད་ཐོན་རིགས་ཕྱོགས་བསྡུས་ཀྱིས་རྒྱ་ཆེའི་སེར་སྐྱ་མང་ཚོགས་ལ་འགྲེལ་བཤད་དང་། དེ་བཞིན་བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེག་བཏང་བ་དང་། བཙོན་འོག་ཏུ་ཡོད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་མཛད་རྗེས་ལ་གདེང་འཇོག་གི་ངོ་སྤྲོད་ཀྱང་ཞུས་ཡོད་པ་ནས། ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་བོད་ཕྱི་ནང་དུ་ཛ་དྲག་གནས་ཚུལ་ནམ་བྱུང་སྐབས་མར་མེ་ཁྲོམ་སྐོར་དང་། མཆོད་འབུལ་སྨོན་ལམ་སོགས་སྒྲུབ་བཞིན་ཡོད་པ་བཅས་ཀྱི་གསར་གནས་སུ།
ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས།
བཟང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གིས་ཆེད་དུ་ ལས་འགུལ་རེ་སྤེལ་རོགས་ཞུ།
ཡ་གངས་ཅན་པ་ཚོ། ད་མེར་སྲེག་གི་གྲངས་ཀ་བགྲང་བཞིན་སྨོན་ལམ་འདྲ་དང་མར་མེ་ཁྲོམ་སྐོར་རེ་བྱས་ནས་གྱི་ནར་འདུག་བཟོད་ཡོད་ཨེ་ཐལ། བདེན་པའི་མེ་ལྕེ་སྐོར་བསྐྱོད་དེས་ཀྱང་འཛམ་གླིང་གི་གཞུང་དང་མི་དམངས་ལ་ཚོར་བ་དྲག་པོ་ཞིག་སྤྲོད་དེ་བོད་སྐྱོབ་ཀྱི་ལས་དོན་ལ་སྐུལ་མ་ལེགས་པོ་ཞིག་བྱེད་ཐུབ་ཀྱི་མེད་པ་གསལ་པོར་ཆགས་ཟིན་པ་རེད། ད་བྱས་དུས་ངས་བལྟས་ན་ཕྱིས་སྡོད་བོད་མི་ཡོད་དོ་ཅོག་ལོངས་ཤོག ཁ་ཞེ་གཉིས་མེད་ཀྱིས་བོད་དོན་རྒྱབ་སྐྱོར་བ་ཡོད་ནའང་ལོངས་ཤོག ཚང་མས་ཁས་ལེན་བྱས་ནས་ཐོན་ཤོགས། ང་ཚོས་བལ་ཡུལ་དུ་སྒུག་ནས་ཡོད། ཤོགས་དང་ང་ཚོ་མི་འབུམ་གཅིག་ལྷག་ཙམ་བོད་དུ་ལོག་པའི་ལས་འགུལ་ཛ་དྲག་ཞིག་བརྩམས་ནས་མགྱོགས་པོར་བོད་ལ་འགྲོ་མགོ་ཚུགས་ཤིགས། ལྷག་པར་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་པའི་བོད་པ་ཡུལ་དེའི་མི་སེར་བཟོས་ཟིན་པ་རྣམས་དང་འབྱོར་པ་ཅན་ཚོས་ཀྱང་རང་མི་རིགས་ཀྱི་བདེ་སྡུག་དང་རིག་གནས་སྲུང་སྐྱོབ་ལ་རྒྱ་བཅས་ཀྱི་ཆེད་ཡོད་ཚད་ད་རེས་བློས་གཏོང་བྱས་ནས་ཡོང་རོགས། བལ་ཡུལ་མཆོད་རྟེན་བར་ཚང་མས་མི་མངོན་པ་རེ་རེ་ནས་ཐོན་ཤོགས། དེ་ནས་ང་ཚོས་གསང་སྟབས་ཀྱིས་བོད་བསྐྱོད་ལས་འགུལ་འདི་མགོ་འཛུགས་ས་བལ་ཡུལ་མཆོད་རྟེན་དང་འཇུག་བསྡུ་ས་ཨམ་མདོ་རྔ་བའི་དཔའ་བོའི་ཐང་ཆེན་དུ་ཡིན། མི་རེ་ཟུང་གིས་རང་སྲོག་བློས་གཏོང་དང་ཧར་ལོང་ཐད་རྒྱུག་བྱས་ཀྱང་དེ་ཙམ་གྱིས་ཤུགས་རྐྱེན་ཆེན་པོ་དང་གཡོ་འགུལ་ཆེན་པོ་བྱེད་མི་ཐུབ། བོད་མི་ཚང་མ་ལོངས་ནས་ཤོགས་དང་མཉམ་དུ་འགྲོ ང་དང་མཉམ་དུ་འགྲོ བོད་ལ་འགྲོ སང་ཉིན་ནས་འགྲོྲ ཆེས་རླབས་ཆེན་གྱི་ལས་འགུལ་ཆེན་པོ་དེ་འདྲ་ཞིག་སྤེལ་ཐུབ་ཚེ་བལ་དམག་དང་རྒྱ་དམག་གཉིས་ཀྱིས་བཀག་འགོག་བྱ་ཐབས་དཀའ་བས་སྐྲག་མི་དགོས། མཇུག་འབྲས་ནི་དེ་ནས་བཟུང་བོད་ཀྱི་གནད་དོན་དེ་འཛམ་གླིང་གི་ས་སྒང་འདིར་ཆར་བབས་ན་བབས་ཐག་ཆོད་པ་ཞིག་དང་དྭངས་ན་དངས་ཐག་ཆོད་པ་ཞིག་ཡོང་རྒྱུ་ངེས་པ་ཡིན་ལ་ལོ་རྒྱུས་ཀྱི་རི་མོ་ཡང་གསར་པ་ཞིག་མགོ་འཛུགས་བྱེད་ཐུབ། བོད་པ་ཚོ་སྙིང་ལ་རུས་པ་བཅུགས་ནས་ངར་ནས་ལོངས་ཤོགས། སྐྲག་མི་དགོས། སྒུག་ནས་ཡོད།
ནོར་གླིང་གི་མཁྱེན་ལྡན་ཚོ་ རང་ལུས་མེར་སྲེག་གཏོང་མཁན་མང་པོའི་ནང་ནས་ གུང་ཐང་སྐུ་ཕྲེང་བདུན་པའི་མ་ཡུམ་གྱི་ཨ་ཕར་དམིགས་གསལ་བྱེད་དགོས་དོན་ཅི་ཡིན་ནམ།
བོད་ཀྱི་བཙན་པོ་ལགས་ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་བོད་ཕྱི་ནང་དུ་ཛ་དྲག་གནས་ཚུལ་ནམ་བྱུང་སྐབས་མར་མེ་ཁྲོམ་སྐོར་དང་། མཆོད་འབུལ་སྨོན་ལམ་སོགས་སྒྲུབ་བཞིན་ཡོད་པ་དེ་ཁྱེད་ཉིད་མ་མཐུང་བ་དང་མ་མཁྱེན་པ་ཡིན་པའི་རྐྱེན་རེད།
བོད་ཀྱི་བཙན་པ་ལགས།
རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་རྒྱལ་ཁབ་དང་མི་རིགས། ལྷག་པར་དུ་ང་ཚོའི་་ཆེད་དུ་རང་ལུས་མེར་སྒྲོན་བཞིན་པའི་སྐབས་འབོད་སྒྲ་དང་དམིགས་ཡུལ་གཅིག་པ་ཡིན་པས། འདི་གར་ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་དེ་འདྲ་བྱས་པར་གོ་མ་སོང་།