གནས་ཚུལ་མཁོ་གཏོང་བ། ཨ་མདོ་དབྱངས་འཇོམས།
དེ་རིང་རེས་གཟའ་སྤེན་པའི་ཉིན་བོད་ཡིག་གི་མིང་ཚིག་དག་ཆ་འགྲན་སྡུར་ཞིག་རྒྱ་གར་བྱང་ཤར་ཁུལ་གྱི་རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་གོ་སྒྲིག་འོག རིག་གཞུང་གཅེས་སྐྱོང་ཁང་དེའི་ཚོགས་ཁང་ནང་སྤེལ་ཡོད་པ་དང་། དག་ཆའི་འགྲན་སྡུར་ཁྲོད་འབྲུག་གསང་སྔགས་ཆོས་གླིང་དགོན་པ་དང་། རྡོ་རྗེ་གླིང་དབུས་གཞུང་བོད་ཀྱི་སློབ་གྲྭ། བསོད་ནམས་དར་དབུས་གཞུང་བོད་ཀྱི་སློབ་གྲྭ། སྤོག་རི་སྦོང་སཾ་བྷོ་ཊ་གཏན་སློབ་བཅས་གཏན་སློབ་ཁག་གསུམ་དང་། དགོན་སྡེ་གཅིག་བཅས་མཉམ་ཞུགས་བྱས་འདུག མིང་ཚིག་བརྒྱད་ཅུ་ཅན་གྱི་དཔོད་བྲིས་དག་ཆ་འགྲན་སྡུར་དེའི་ནང་ཨང་དང་པོ་སྤོག་རི་སྦོང་སཾ་བྷོ་ཊ་གཏན་སློབ་ཀྱི་འཛིན་གྲྭ་བཞི་བའི་སློབ་ཕྲུག་སྐལ་བཟང་རྣམ་རྒྱལ་དང་། ཨང་གཉིས་པ་སྤོག་རི་སྦོང་སཾ་བྷོ་ཊ་གཏན་སློབ་ཀྱི་འཛིན་གྲྭ་བཞི་བའི་སློབ་མ་ཀུན་བཟང་ཆོས་འཕེལ་གཉིས་ལ་ཐོབ་ཅིང་། ཨང་གསུམ་པ་གཉིས་བྱུང་བའི་ཁྲོད་སྤོག་རི་སྦོང་སཾ་བྷོ་ཊ་གཏན་སློབ་ཀྱི་འཛིན་གྲྭ་བཞི་བའི་སློབ་ཕྲུག་བདེ་ཆེན་སྒྲོལ་མ་དང་། འབྲུག་གསང་སྔགས་ཆོས་གླིང་གི་དགེ་འདུན་པ་བཤད་སྒྲུབ་རྒྱ་མཚོ་གཉིས་ལ་ཐོབ་པ་དང་། ཐོབ་མཁན་རྣམས་ལ་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ངོས་ནས་བྱ་དགའ་ཕྱག་ཁྱེར་བཅས་སྩལ་ཏེ་བོད་ཡིག་གི་དག་ཆ་འགྲན་སྡུར་དེ་བདེ་ལེགས་ངང་མཇུག་གྲུབ་ཡོད་འདུག འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནི། ཕྱི་ལོ་ ༡༩༨༨ ལོར་ཐོག་མར་དབུ་བརྙེས་ཤིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་གནས་པའི་རིག་གཞུང་བསྟི་གནས་ཤིག་ཡིན་པ་དང་། རིག་གཞུང་གཅེས་སྐྱོང་ཁང་འདིས་བོད་ཀྱི་ཆོས་རིག་མི་ཉམས་རྒྱུད་འཛིན་ལ་དམིགས་ཏེ་ལོ་ལྟར་བྱེད་སྒོ་ཇི་སྙེད་ཅིག་སྤེལ་དང་སྤེལ་བཞིན་པའི་ཁྲོད་ད་རེས་ཀྱི་དག་ཆ་འགྲན་སྡུར་འདི་ཡང་དེའི་ཆ་ཤས་ཤིག་ཆགས་ཡོད་པ་རེད།
རིག་གཞུང་གཅེས་སྐྱོང་ཁང་དེའི་འགོ་འཛིོན་རྣམས་ལ་ཐུགས་རྗེ་ཆེ་ཞུ། ལྷག་པར་བྱ་དགའ་ཐོབ་མཁན་སློབ་མ་རྣམས་དང་། སློབ་ཁྲིད་བྱེད་མཁན་དགེ་རྣམས་ལ་དམིགས་བསལ་ཐུགས་རྗེ་ཆེ།
ཞེ་དྲག་ཡག་པོ་རེད།
འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གཙོ་བྱས་
ལས་འགུལ་སྤེལ་མཁན་དང་ལས་ཞུགས་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ།
བསོད་ནམས་དར་ཟེར་བ Sonada ཡིན་རྒྱུ་རེད། དེས་ན་སོ་ན་ཌ་ལྟ་བུ་ཞིག་བྲིས་རོགས། དགེ་ཆོས་པས་མན་ལུང་ལ་སྨོན་ལུང་དང་། གཡའ་མ་ལུང་ལ་ཡིད་སྨོན་ལུང་སོགས་སུ་བཅོས་པའང་ཡུལ་དེ་གཞན་གྱིས་ངོས་ཟིན་དཀའ་བ་སོགས་ཀྱི་སྐྱོན་ཡོད་པས་མི་ལེགས་སོ།། ཞེས་པ་དང་འདྲ་འོ།།
གསར་སྐྱེས་ཀྱི་སློབ་ཕྲུག་རྣམས་ལ་དེ་འདྲའི་ལས་འགུལ་སྤེལ་ན་བཟང་གི དེང་སང་བོད་རང་བཙན་བཤད་མཁན་ལས་སྐད་ཡིག་གི་རང་བཙན་བཤད་མཁན་ཉུང་རུ་འགྲོ་བཞིན་འདུག་ བྱས་ཙང་འུ་ཚོའི་སྤྱི་ཚོགས་ནང་ལ་དེ་འདྲའི་རིགས་མོང་བོ་དགོས་ཀྱི་འདུག
གོ་སྒྲིག་པར་ཐུགས་རྗེ་ཆེ། སློབ་ཕྲུག་གི་གྲུབ་འབྲས་དགེ་རྒན་ལ་རག་ལས་ཡོད། བྱ་དགའ་ཐོབ་མཁན་གྱི་སློབ་ཕྲུག་དེ་དག་གི་དགེ་རྒན་རྣམས་ལ་ཐུགས་རྗེ་ཆེ། ལས་འགུལ་འདི་འདྲ་བོད་མིའི་གནས་ཡུལ་གང་སར་སྤེལ་ཐུབ་ན་ལེགས།
བོད་སྐད་བརྡ་དག་འགྲན་སྡུར་བྱ་འགུལ་གོ་སྒྲིག་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། འགྲན་སྡུར་གྱི་བྱ་དགའ་ཐོབ་མཁན་རྣམས་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།
པད་ཡག་པོ་རེད། ང་རང་ཞེ་དྲག་དགའ་བོ་བྱུང་།
ཡི་རང་ཡོད། ལས་འགུལ་ཁྱབ་རྒྱ་ཆེ་ཙམ་དང་གྲངས་མང་ཙམ་དགོས་གལ་མཐོང་།
ཧ་ཅང་གི་ཡག་པོ་རེད་་་་འདི་ལྟར་ལས་འགུལ་སྤེལ་ན་མ་འོངས་པར་སློབ་ཕྲུག་ཚོའི་དོ་སྣང་དང་སློབ་སྦྱོང་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད་་་་་དགེ་སློབ་ཚང་མ་ལ་ཐུགས་རྗེ་ཆེ།
འདི་ལྟར་ལས་འགུལ་སྤེལ་བ་ལ་སྙིང་ནས་བཀའ་དྲིན་ཆེ་དེ་དང་ཆ་ཅིག་སློབ་ཕྲུག་ཞལ་དགའ་ལེན་པ་པོ་རྣམས་ལ་སེམས་ཤུགས་དང་ནུས་པ་ཆེ་རུ་འགྲརོ་དགོས་པ་ནི་མ་འོངས་བོད་ཀྱི་བདག་པོ་ཡིན་དྲན་ནས་འབོད་བརྩོན་ཤུགས་ཆེ་རུ་བཏང་རྒྱུ་ཧ་ཅང་གལ་ཆེ་ཡིན་པས་གུས་པས་བཀྲིས་བདེ་ལེགས་ཡོད་ ལས་འགུལ་སྤེལ་མཁན་དང་དགེ་རྒན་སློབ་ཕྲུག་ཚང་མ་ལ་ཐུགས་རྗེ་ཆེ་ཞུ།།
འགྲན་བསྡུར་གནང་ཡ་དེ་ཡག་པོ་ཡིན་རྒྱུ་རེད་དེ་་་་་འགྲན་བསྡུར་ལས་ལྷག་པ་ནི་བོད་ཡིག་གི་གནས་ཚད་ཡག་པོ་ཡོང་ཆེད་དུ་དགེ་རྒན་ཚད་ལྡན་དང་སྒྲིམ་ཁྲིམས་དང་མཐུན་རྐྱེན་དེ་གལ་ཆེ་བ་རེད་མ་གཏོགས་་་་འགྲན་བསྡུར་ནི་འཛིན་རིམ་དང་པོའི་སློབ་ཕྲུག་ལ་ཡང་ཆོག་པ་རེད་ལ་་་ཨང་རིམ་ཡང་་མཐོ་དམའ་ཡོང་ཆོག་པ་རེད་་་་རང་མིང་འབྲི་ཤེས་པ་ཙམ་བྱུང་ན་བཙན་བྱོལ་སློབ་གྲྭའི་བོད་ཡིག་གི་རྒྱུག་འཕྲོད་པ་བཞག་ན་འགྲིགས་ཚད་རེད་ཟེར་ན་ཡང་་་་་་་་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ་སློབ་ཐོན་པ་མང་ཆེ་བ་ལ་ལྟོས་དང་་ཞབས་འདྲེན་གྱི་སྐད་ཆ་མིན་་
བཀའ་དྲིིན་ཆེ་་་་་་་་་་་་་་་ངོ་མ་བཟང་གི་དེ་འདྲ་ཐབས་ལམ་འདྲ་མིན་གྱི་ཐོག་ནས་བོད་ཡིག་ཡར་རྒྱས་བཏང་ཐུབ་ན་བཟང་གི་་་་་་་་་་་་ཐབས་ལམ་ནི་ཐབས་ལམ་རེད་ཆེ་ཆུང་ལ་མ་ལྟོས་པར་སྤེལ་ན་ཕན་པ་ལས་གནོད་པ་ག་ལ་འོང་ཐུགས་རྗེ་ཆེ།་་་་་་་་་་་་་ཨ་རོག་ཁམས་ཕྲུག་ནས་མི་འདོད་པའི་རྣམ་འགྱུར་ངན་པ་ཞིག་བསྟན་འདུག་ཀྱང་ཁོང་གིས་བྲིས་པའི་ནང་དུ་ཡིག་ནོར་ཐེབས་འདུག །
གནས་ཚུལ་མཁོ་གཏོང་བ། ཨ་མདོ་དབྱངས་འཇོམས (འཛོམས་)ཀྱི་དག་ཆ་རེ་གཉིས་མ་གཏོགས་བོད་ཀྱི་སྐྱེས་པ་ཀུན་ལ་ངོམ་ཆོག་པའི་སྐྱེས་མའི་ལ་རྒྱ་འཇོག་པར་བཀྲ་ཤིས་པར་གྱུར་ཅིག དཔོད་བྲིས། ཞེས་པའི་དཔོད་དང། སྤོག་རི་སྦོང་། ཞེས་པའི་སྤོག་དང་སྦོང་གི་དོན་དག་མ་ཤེས།
བཞི་བའི། ཞེས་པར་ཉེ་དུས་དྲ་གྲོགས་ཤིག་ལ། བཞི་པ་དང་། བཞི་བ་ཞེས་པ་གཉིས་ལས་གང་འདེམས་ཟེར་བ་ན། ༴བཞི་བ་ཞེས་བྲིས་ན་ཁུངས་ཐུབ་ཅིག་ཡིན་པར་འདོད། ༴འོ་ན་བཀྲ་ཤིས་འཁྱིལ་གྱི་སྤར་མ། རྒྱལ་ཚབ་རྗེའི་གསུང་འབུམ། པོ་ཏི་ང་པ་ཤོག་གྲངས་༤པའི་རྒྱབ་ཤོག་ཡིག་འཕྲེང་༡་པོ་ན། བཞི་པ། ཞེས་པ་དང་། ཝཱ་ཎ་མཐོ་རིམ་སློབ་གྲྭ་དགེ་ལུགས་པས། སྤར་པ། ཤོག་༥པ་ན་ཡང་། བཞི་པ་ཡོད་པ་གཉིས་ཀ་མ་དག་པ་ཡིན་ནམ་དྲིས་པ་ན། ལན་དུ།༴དེ་དག་མ་དག་པར་འདོད་པ་ཁོ་ན་ཡིན་ཏེ། ཡི་གེ་མཁན་པོ་ཐོན་མུ་ཉིད་ཀྱི་སྐུ་རིང་ལ། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་།། ཞེས་གསུངས་པར་ལྟར་ཡིན་པ་གོར་མ་ཆག་ཅེས་སྨྲའོ།།༴
དེའི་ལན་དུ། བདག་གིས།༴བོད་རིག་གཞུང་འཕེལ་རྒྱས་ལ་ལོ་རྒྱུས་དང་མཐུན་པའི་བློ་གྲོས་དགོས་པ་གལ་ཆེ།༴འདི་ལ་ལན་མ་བྱུང་། དེ་ཡང་ལོ་རྒྱུས་ལྟར་ན། གལ་ཏེ་སུམ་རྟགས་གཉིས་ཐོན་མིའི་གསུང་ཡིན་ན། བུ་སྟོན་དང་། མཁས་གྲུབ་རྗེས་བོད་ལ་ཉེ་བར་མཁོ་བོའི་སྒྲའི་བརྡ་སྤྲོད་ནི། སྨྲ་སྒོ་མཚོན་ཆ་ཡིན་པར་མགྲིན་གཅིག་ཏུ་གསུངས་པ་དང་། གལ་ཏེ་སུམ་རྟགས་གཉིས་ཐོན་མིས་གསུངས་པ་ཡིན་ན། དེ་དག་གོ་སླ་བས་མ་བརླག་པར་ལུས་པ་བཞིན་དུ། ཐོན་མིས་མཛད་པའི་བོད་ཀྱི་བརྡ་སྤྲོད་གཞན་དྲུག་པོ་ཡང་བོད་ཀྱི་བརྡ་སྤྲོད་པས་བདག་པོ་བརྒྱབས་ཏེ། མ་བརླག་པར་ལུས་དགོས་པ་དང་། གཞན་ཡང་ཆོས་རྗེ་ས་པཎ་གྱིས་བོད་སྐད་ལ་བརྡ་སྤྲོད་ཀྱི་གཞུང་ལེགས་པ་མེད་པར་གསུངས་པ་དང་། སྨྲ་སྒོ་མཚོན་ཆའི་ས་བཅད་དང་། ཡི་གེ་སྦྱོར་བ། ཞེས་པ་མཛད། དེ་ན་སུམ་རྟགས་ཀྱི་ཚིགས་བཅད་མང་པོ་ཡོད་པ་དང་། ཐོན་མི་སྦྷོ་ཊའི་སྐོར་ལ་ཟུར་ཙམ་ཡང་གསུངས་མེད། དེ་ལ་བརྟེན་ནས། བོད་ཀྱི་ལོ་རྒྱུས་ལ་མཁས་པ་ཞིག་གིས་སུམ་རྟགས་ཀྱི་ཚིགས་བཅད་མང་པོ་ས་པཎ་གྱི་གསུང་ཡིན་པས། བསྟན་བཅོས་དེ་གཉིས་ཐོན་མིས་བརྩམས་པ་མ་ཡིན་པར་སྒྲུབ། གཞན་ཡང་བོད་པ་དང་བོད་པ་མ་ཡིན་པའི་་མཁས་པ་རྣམས་ཀྱིས་སུམ་རྟགས་གཉིས་ཐོན་མིས་བརྩམས་པ་མ་ཡིན་པའི་སྒྲུབ་པའི་རིགས་པ་གཞན་དག་བཀོལ་བ་མཐོང་། བདག་རང་གི་བསམ་ཚོད་ལ་ཡང་སུམ་རྟགས་གཉིས་ཡོངས་གྲགས་ཆགས་པ་ན། སྨྲ་སྒོ་མཚོན་ཆ་ལ་སློབ་སྦྱོང་བྱེད་པ་ལྟ་ཅི། དིང་སང་བོད་ཀྱི་མཁས་པ་ཕལ་ཆེ་བས་སྨྲ་སྒོའི་དཔེ་ཆ་ཡང་མཐོང་ཡོད་པ་དཀའ།
གཞན་ཡང་འགའ་ཞིག་གིས་བོད་ཀྱི་བརྗོད་པ་དག་ལེགས་པར་འབྲི་མི་ཤེས་པ་ནི། ཐོན་མིས་མཛད་པའི་བརྡ་སྤྲོད་ཀྱི་བསྟན་བཅོས་དྲུག་བརླག་སྟོར་ལ་སོང་བའི་རྐྱེན་ལས་བྱུང་ཟེར་བ་ཡང་བདག་རང་གིས་ཀྱང་དངོས་སུ་ཐོས། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་སྐད་ལ་བརྟེན་ནས་བརྡ་སྤྲོད་བྱུང་བ་མ་གཏོགས། བརྡ་སྤྲོད་ལ་བརྟེན་ནས་སྐད་བྱུང་བ་ཞིག་མེད། ཅེས་པ་བཀླགས། དེ་ཡང་སུམ་རྟགས་གཉིས་ཕལ་ཆེར་བཀའ་བསྟན་སོགས་ཀྱི་སྐད་གཏན་འབེབས་བྱས་པའི་སྐད་དང་མཐུན་པར་མཐོང་། དེའི་དུས་ལོ་ངོ་དྲུག་བརྒྱའམ་བདུན་བརྒྱའི་སྔོན་གྱི་སྲོང་བཙན་སྒམ་པོའི་སྐབས་་ཀྱི་སྐད་དེ་གྱུར་ནས་མཐོང་ཡུལ་དུ་མེད། དེའི་དུས་ཀྱི་སྐད་དང་། ཕྱིས་ཀྱི་ལོ་བརྒྱ་རབས་མང་པོའི་རྗེས་ཀྱི་སྐད་གཉིས་ལ་ཡི་གེའི་སྦྱོར་ཚུལ་ཆེས་ཆེར་མི་མཐུན་པའི་དབང་གིས་ཐོན་མིས་བརྩམས་པའི་བོད་ཀྱི་བརྡ་སྤྲོད་བརྒྱད་ཡོད་པ་ཡང་། ཕྱིས་ཀྱི་བོད་སྐད་ལ་ཉེར་མཁོ་མེད་པའི་དབང་གིས་མེད་པར་སོང་བ་རྗེས་སུ་དཔག མཁས་པ་རྣམས་ཀྱིས་འདི་ལ་དགག་སྒྲུབ་རིགས་པ་དང་མཐུན་པ་ཞིག་མཛད་པའི་རེ་བ་ཡོད།
སུམ་རྟགས་ཀྱི་གོ་དོན་མ་ཤེས་པར་བོད་ཀྱི་ཆོས་སྐད་ལ་བཟོ་བཅོས་བྱེད་པ་ནི་བོད་ཀྱི་ཆོས་སྐད་སྲུང་བར་འདོད་པ་རྣམས་བློ་ཕམ་པའི་གནས་སུ་མཐོང་། བདག་གིས་མཐོང་བ་ལྟར། རྗེ་ཙོང་ཁ་པའི་ལམ་རིམ་ཆེན་མོ་དང་། ཐུའུ་བཀྭན་གྲུབ་མཐའ་སོགས་དེབ་གཟུགས་སུ་བཀོད་པ་ན། སྔར་གྱི་རྩ་བའི་མ་དཔེ་དང་མི་མཐུན་་པ་ནི། གཅིག་ན་སུམ་རྟགས་ཀྱི་གོ་དོན་མ་ཤེས་པ་དང་། གཉིས་ན་རང་གི་ཁ་སྐད་གཙོ་ཆེ་བར་མཛིན་པའི་དབང་གིས་འབྱུང་། །དེས་ན་བོད་སྐད་ལ་གཅེས་པ་དག་གིས་གཟབ་པར་མ་བྱས་ན། བོད་སྤྱིའི་སྐད་མེད་པར་ཆགས་པ་ལ་མངོན་དུ་ཕྱོགས། དེས་ན། སྐད་འདི་ཉིད་ཀྱི་བཀོལ་སྤྱོད་པ་ཚང་མས་ཆོས་སྐད་ཀྱི་དག་ཆ་སོགས་སྲུང་བ་ལ་འབད་དགོས་པ་འདུག ཅེས་སེམས་སོ།། ཡིག་ནོར་དག་ལ་ཞུས་དག་ཀྱང་མཛད་པའི་རེ་འདུན།
རྒན་ལེགས། སྤོག་རེ་སྤོང་ཞེས་པ་Darjeeling གི་ས་གནས་་pokrepong ཞེས་པ་དེ་རེད།
བོད་པ་ཚོ་ད་ངོ་མ་སད་ཡོང་གི་འདུག དགའ་བསུ་ཞུ།
བཀུར་འོས་ལ་དྭགས་རྒན་བློ་བཟང་འཇམ་དཔལ་ལགས། དཔོད་བྲིས་ཟེར་ན། ཁ་ནས་མིང་ཚིག་སྐྱོར་བའི་སྒྲ་ལ་ཉན་ནས་ཚིག་གི་དག་ཆ་འབྲི་བ་ལ་དཔོད་བྲིས་ཟེར། མདོར་ན་མིང་ཚིག་ཉན་འབྲི་དང་དོན་འདྲ། དཔོད་ཅེས་པའི་ཚིག་གཅིག་བུ་དཔོད་ཡ་སྟེ་བག་ལེབ་ཀྱི་དཔོད་ཡ་ཁ་ཚའམ་དེ་བཞིན་མངར་སྐྱུར་ཅི་རིགས་མིན་ནམ།
རྒན་ལ་དྭགས་པ་ལགས། བཞི་འདི་ལ་རྗེས་འཇུག་འ་ཡིག་ཅིག་ཡོད་པ་རེད། དཔེར་ན་བཞིའ་འབྲི་སྲོལ་འདི་ལྟ་བུ་ཡིན་པ་དེ་སྐད་གསར་བཅད་སྐབས་བསྡུས་པ་རེད། དོན་ལ་ཡོད་སྟབས་རྗེས་འཇུག་གི་མོ་ཡིག་གིས་མིང་གཞིའི་མོ་ཡིག་བ་དྲངས་པ་རེད། དེ་ལ་མོ་ཡིས་མོ་ཡིས་མིང་མཐའ་དྲངས་ཞེས་ཟེར། དེར་བརྟན་དཔལ་སྒང་ལོ་ཙཱ་བ་དང་། ཞ་ལུ་ལོ་ཙཱ་བ་སོགས་ཀྱི་ང་འ་ར་ལ་མཐའ་མེད་བ། ཞེས་པའི་དགོངས་དོན་ཡང་དེ་ཡིན་པ་དང་། གོང་གསལ་གནས་ཚུལ་མཁོ་གཏོང་བས་ཀྱང་བཞི་བའི་ཞེས་བྲིས་པ་མཐུག་ས་དེ་ཡིན་པ་རེད།
ཡོད་ཚད་མོ་ཡིས་མོ་ཡི་མིང་མཐའ་འདྲེན་མི་དགོས་ཏེ།
དང་པོ།
གཉིས་པ།
གསུམ་པ།
བཞི་པ།
ལྔ་པ།
དྲུག་པ།
བདུན་པ།
བརྒྱད་པ།
དགུ་པ།
བཅུ་པ།
བཅུ་གཅིག་པ། ལ་སོགས་པ་བཞིན་ནོ།
དེང་སང་འགའ་ཤས་ཀྱིས། བ་ཡོད་སར་ཝ་ཀློག་པ་དང་། པ་དགོས་སར་བ་འབྲི་ཡ་ལ་དགའ་པོ་དེ་འདྲ་ག་ནས་དར་བ་ཡིན་ནམ།
གསར་པ། གསར་བ། གསར་ཤོས། ཚིག་འདི་གསུམ་བསམ་བློ་ཡག་པོ་བཏང་ནས་རྩོམ་དང་མཆན་བུ་འབྲི་རོགས་གནོངས། ཐུགས་རྗེས་གཟིགས།
ཡག་པོ་རེད་། ཡིན་ནའང་མཇུག་སྐྱོང་རྒྱུ་དེ་གལ་ཆེན་པོ་རེད།
སྤྱིར་བཏང་བཤད་ན་ཆ་ལ་པ་ཉིད་ཡང་། དེང་སང་གང་བདེར་སྦྱར་རུང་།
བསྟན་འཛིན་མཆོག་ལ།
བདག་གིས་དཔྱད་པ་ལས་བྱུང་བ། བོད་ཀྱི་སྒྲ་གང་ཡིན་རུང། རྗེས་འཇུག་བཅུ། ད་ཤུལ་ཅན་གསུམ། དབྱངས་ལྔ་སྟེ། ཡི་གེ་བཅོ་བརྒྱད་གང་རུང་གི་མཐའ་ཅན་ཡིན་དགོས།
ང་འ་ར་ལ་མཐའ་མེད་བ། ཞེས་པ་དེ་བྱ་ཚིག་གང་ཡིན་ལ་དེ་འདྲ་ཡིན་དགོས་ཀྱང་། མིང་མཐའ་དང་། ཁྱད་ཆོས་ལ་དེ་ལྟར་འདོད་ན། བཀའ་བསྟན་གསུང་འབུམ་རྣམས་ཀྱི་དག་ཆ་ཀུན་དང་འགལ། དཔེར་ན། འབྱུང་བ། ཞེས་པ་བྱ་ཚིག་དང་། དེ་ཉིད་མིང་དུ་ཡང་འོང་སྟེ། འབྱུང་བ་བཞི་ལྟ་བུ། སྟོང་པ། ལྟ་བུ་ཁྱད་ཆོས་ལ་འཇུག མཐའ་མེད་ཅེས་པ་ལ་བདག་གིས་དབྱངས་མཐའ་ཅན་ཟེར། དཔེར་ན། ཁ། རི། ཆུ། མེ། རོ། ཞེས་པ་ལྟ་བུ། འདི་དག་ལ་འ་ཡིག་རྗེས་འཇུག་ལ་ཡོད་རུང་མེད་རུང་ཕྲད་དང་། མིང་མཐའ་འགོད་ཚུལ་ལ་ཁྱད་མེད། འཆར་བ། ལྟ་བུ་བྱ་ཚིག ར་ཡིག་གི་རྗེས་འཇུག་ཡོད་པས། ཆར་པ། ཞེས་པའི་པ་ཡང་བ་ལ་བསྒྱུར་དགོས་སམ། དེས་ན་མིང་ཚིག་རྣམས་ཀྱི་མིང་མཐའ་ཡིག་གང་ཡིན་བོད་སྤྱིའི་སྐད་དང་བསྟུན་ཏེ་རེ་རེ་བཞིན་སྦྱང་དགོས་ཀྱི། ཀུན་ལ་རིགས་བསྒྲེ་མི་ཆོག་པ་ཡིན་འདུག དགོངས་མངར་འཚལ། ཞེས་སོ།།
བཀུར་འོས་རྒན་ལ་དྭགས་པ་ལགས། ས་པཎ་གྱིས་བུ་དྲུག་ཅན་ལ་འ་མཐའ་སྤང་། ཞེས་དང་། དབྱངས་རྡོར་གྱིས་གུ་གྱེད་བརྩེགས་འདོགས་ཅན་ལ་སྤངས།། ཞེས་པ་གཏན་ནས་སྤངས་དགོས་པ་ཞིག་ག་ལ་ཡིན། དེ་དག་ཐམས་ཅད་ཡིག་ཚོགས་ཉུང་དུ་གཏོང་ཕྱིར་དང་། དོན་ལ་ཡོད་པར་གོ་དགོས། དེ་མེད་ན་ཐུ་མིས་རྗེས་འཇུག་བཅུ་བོ་མ་ཞུགས་ན། མིང་གཞན་སྦྱོར་བ་ཡོད་མི་སྲིད་ཅེས་པ་ལ་འང་གོ་བ་ལེན་མི་ཐུབ། དེ་བརྟེན་བཞིའ་བ་ཞེས་དོན་ལ་ཡོད་པ་དེས་རྟགས་མཚུངས་ཀྱིས་མོ་ཡིག་བ་དྲངས་བའང་སྔོན་གྱི་དྲན་དབང་རྣམས་ཀྱི་དགོངས་པ་དེ་ཡིན། ལ་ལས་མདོ་དབུས་དབར་གྱི་འབྲི་སྟངས་ཤིག་ལ་ངོས་འཛིན་པ་ནི་གནས་ལུགས་རིང་དུ་བོར་བའི་གཏམ་ཁོ་ནའོ།།
བསྟན་འཛིན་ལེགས།
བརྡ་སྤྲོད་ཀྱི་དཔེ་ཆ་དག་ལ་བལྟ་ན། གོ་བ་རྒྱབ་མ་ཤེས་པས་བློ་རྨོངས་པ་ལས་ཆེར་རྨོངས་སུ་འགྲོ་མྱོང་། འོན་ཀྱང་དཔེ་ཆ་རྣམས་ན། བཞི་བ། ཞེས་མ་ཡིན་པར། བཞི་པ། གོང་གསལ་དཔེ་ཆ་གཉིས་སུ་མ་ཟད། དྭགས་པོ་ཐར་རྒྱན། དཔེ་ཆ་གཉིས་དང་། མཁས་གྲུབ་རྗེའི་རྒྱུད་སྡེའི་སྤྱི་རྣམ་རྣམས་སུ། བཞི་པ། ཞེས་པ་ཡོད་པས་དེ་དག་སོགས་སྲུང་བར་འདོད་པས། བཞི་པ་ཞེས་འབྲི་ཞིང་བརྗོད་ཀྱི། བཞི་བ་ཞེས་གཏན་ནས་མི་འབྲིའོ།།
མ་མཐོང་ཕྱིར་ན་མེད་པ་མིན། ཞེས་པའི་ཚིག་དེ་མ་བྲིས་ཕྱིར་ན་མེད་པ་མིན་ཞེས་བཤད་ཀྱང་འོས་ཞེས་ལན་དུ་སྨྲའོ།།