རཱ་ཧུལ་གྱིས།
————-
ལྡི་ ལི་མི་ཇུ་ཀ་ཊི་ལ་བོད་རིགས་སྡོད་གནས་འདི་ནས་མི་རག་རྒྱུ་་དང་མི་མཐོང་ཅི་ཡང་ མེད།་་ཨ་རི་ལ་དང་ཡོ་རོབ་ལ་འགྲོ་མཁན།་་་ཚོང་རྒྱག་མཁན་བོད་རིགས་གཅིག་བུ་མ་ ཡིན་པར་ལ་དྭགས་དང་ཁུ་ནུ་སོགས་མདོར་ན་ཧི་མ་ལ་ཡའི་མི་རིགས་ཀྱང་འདི་ནས་མཐོང་ ཐུབ།
ཕྱི་ རྒྱལ་ཁག་ནས་ཡོང་མཁན་གྱི་མགྲོན་པོ་དང་མནའ་མ་ལེན་མཁན་སོགས་མཐོང་ཐུབ།་་ད་དུང་ སྒོར་མོ་ཡོད་ཚེ་སྨད་འཚོང་མ་རབ་འབྲིང་ཐ་གསུམ་གྱི་བུ་མོ་རིགས་མང་པོ་ཡང་དཀའ་ ངལ་མེད་པར་ཁྱེད་ཀྱི་སྡོད་ཁང་དུ་ཡོང་སྲིད།
གནས་ འདི་ནས་ཁྱེེད་རང་གིས་ཟ་ཁང་དང་མགྲོན་ཁང།་་ཇ་ཁང་དང་ཆང་ཁང་དང་ཚོང་ཁང་སོགས་མ་ རྙེད་པས་དཀའ་ངལ་ཅི་ཡང་མེད།་་ཡིན་ན་ཡང་དཀའ་ངལ་གཅིག་འཕྲད་པ་ནི་འདི་ཕྱོགས་ནས་ འབྲི་དེབ་དང་སྨྱུ་གུའི་རིགས་དང་རྒྱ་གར་དབྱིན་ཧིན་གང་རུང་དུ་ཡོད་པའི་དུས་ དེབ་སྐད་གྲགས་ཆེ་བ་རག་ཐབས་མེད།
ཁྱེད་ རང་གིས་དུས་དེབ་དང་འབྲི་དེབ་ཉོ་དགོས་ན།་རྟ་ཞོན་ནས་ཉིན་ཕྱེད་ལ་འགྲོ་དགོས་ ཀྱི་འདུག་་་གནས་ཚུལ་འདིའི་རྒྱབ་ལྗོངས་ལ་བལྟས་ན་བོད་མི་ཚོ་རང་བཞིན་གྱིས་ སློབ་གཉེར་དང་གསར་འགྱུར་ལ་དོ་སྣང་མེད་པ་མཚོན་ཨེ་ཐུབ།
ཕལ་ཆེར་ཁྱེད་ནས་ཡག་པོ་མ་གཟིགས་པ་རེད་། དེ་གར་བོད་ཡིག་དེབ་སྣ་ཚོགས་ཡོད་པའི་ཚོང་ཁང་གཉིས་ཡོད་རེད་། དེ་བཞིན་དབྱིན་སྐད་ཐོག་ཚགས་པར་ཚོང་མི་ཡང་ཡོང་བཞིན་རེད་།
སྐུ་ཞབས་ལགས། ཁྱེད་ཀྱི་ལྡི་ལི་བོད་སྒར་བསམ་ཡས་གླིང་ལ་མཐོང་ཆུང་དེ་འདྲ་མ་གནང་རོགས། བོད་སྒར་འདི་ན་འབྲི་ཤོག་ཡོད་པ་མ་ཟད་བོད་ཤོག་ཀྱི་འབྲི་ཤོག་སྡེབ་ཚོང་བྱེད་ས་ཡོད། ཤེས་རིག་དཔེ་དེབ་ཚོང་ཁང་དང་། རྒྱལ་བའི་བཀའ་བསྟན་གྱི་གཙོས་ཆོས་དཔེ་སྣ་ཚོགས་བླུ་ཡོན་འབུལ་ས། དབྱིན་བོད་སོགས་ཡིག་རིག་མང་པོའིདཔེ་དེབ་ཚོང་ཁང་མང་ལ་དུས་དེབ་སྣ་ཚོགས་མང་མཐའ་ན་བོད་ནང་གི་དུས་དེབ་ཡང་མང་། ཁྱེད་ཀྱིས་མ་མཐོང་བ་ནི་ཁྱེད་ལ་དོ་སྣང་དང་མ་མཁོ་བས་ཡིད་སྲིད། བོད་སྒར་འདི་ན་ཡོད་པ་ཤིན་ཏུ་མང་ཡང་གཞང་བཙོང་མ་ཡོད་པ་གོ་མ་མྱོང། ཁྱེད་ཀྱི་སྐད་ཆ་དེ་བདེན་པ་ཡིན་ན་སྐུ་ཉིད་གཞང་བཙོང་མ་ལ་དོ་སྣང་གནང་མཁན་དང་གཞང་ཉོ་མཁན་ཞིག་ཡིན་པ་གསལ་པོར་རེད། གཟབ་གཟབ་མ་གནང་ན་ནད་ངན་འགོ་ཡོང། ༼ ཁྱེད་ རང་གིས་དུས་དེབ་དང་འབྲི་དེབ་ཉོ་དགོས་ན།་རྟ་ཞོན་ནས་ཉིན་ཕྱེད་ལ་འགྲོ་དགོས་༽གསུངས་བ་ཇི་འདྲའི་དགོད་བྲོ་ཞིག བོད་སྒར་འདི་ན་རྟ་ཞོན་ཞིག་རིང་བོང་གི་ར་དང་འདྲ། སྐུ་ཞབས་རྭ་ཧུལ་ལགས། ཅིག་བྱས་ན་མཛེས་མའི་རྐུབ་ཀྱིས་སྐུ་ཉིད་བཟུ་བའམ་ལྡི་ལིའི་ཚ་བས་སྐུ་ཉིད་འཁྲུལ་བ་རེད།
ར་ཧུལ་ཟེར་བའི་མི་འདིའི་བོད་ཡིག་བྲིས་སྟངས་ལ་གཞིགས་ན་བོད་པ་དང་འབྲེལ་བ་ཧ་ཅང་ཟབ་པོ་ཡོད་མཁན་ཞིག་ཡིན་པ་ཚོད་དཔག་ཐུབ་ལ་་་་་་་་་་་་་་་་་་་་་་་ མིང་དང་ཡི་གེ་བྲིས་སྟངས་ལས་བོད་པ་མིན་པའམ་ཡིན་ཡང་མ་ཡིན་མདོག་བྱེད་མཁན་གྱི་གཡོ་ཅན་ཞིག་ཡིན་པ་གོ་ཐུབ་་་་་་་་་་་་་་་ ད་འོ་ན་ཁྱོད་རང་བོད་ཡིག་གཏོགས་ཙམ་ཤེས་པ་དེ་ཡང་རྟ་གཞོན་ནས་ཉིན་ཕྱེད་ལ་ཕྱིན་ཕྱིན་ནས་བྱུང་བ་རེད་པས་་་་་་་་་་་ཡང་ན་མ་ཇུ་ཀྲི་ལ་ལ་བསྡད་བསྡད་ནས་ཤེས་པ་རེད་་་་་་་་་་་་་་་་་་ ཁྱོད་ཀྱི་སྐད་ཆ་ལ་ཁུངས་གཏན་ནས་མེད་པའང་མ་རེད་བོད་པ་ལ་ལེགས་བཅོས་བྱེད་དགོས་ཡག་མང་པོ་ཡོད་ལ་མ་འདངས་པའི་གནས་ཚུལ་ཡང་མང་པོ་ཡོད་་་་་་་་་་་་་་་ འོན་ཀྱང་སྒྲོ་འདོགས་དང་སྐུར་འདེབས་ཀྱིས་མ་བརྒྱན་པར་བཤད་རྒྱུ་དོ་གལ་ཆེ་བར་མཐོང་་་་་་་་་